ཕྱི་ལོ་ ༢༠༡༢ ཟླ་ ༣་ཚེས་ ༡༧ ཉིན་གྱི་བོད་ནང་གི་ཞོགས་པའི་དུས་ཚོད་ ༩ དང་སྐར་མ་ ༤༠ ཡས་མས་ཙམ་ལ། རེབ་གོང་རྫོང་གཉན་ཐོག་ཞང། ཤ་བྲང་སྡེ་བའི་བོན་རྒྱ་ཚོ་བ་ནས་ཡིན་པ་བསོད་ནམས་དར་རྒྱས(གཅེས་མིང་ལ་བསོད་ལོ)༼རང་ལོ་ ༤༤། ཕ་མིང་ལ་ཤ་མོ(ཚེ་འདས)། མ་མིང་ལ་ལྕགས་མོ་རྒྱལ་ལོ་ན་བདུན་ཅུ་དོན་བརྒྱད་རེད་འདུག སྐྱེས་དམན་གྱི་མིང་ལ་སྒྲོལ་དཀར་སྐྱིད། ཁོང་གཉིས་ལ་བུ་གཉིས་དང་བུ་མོ་གཅིག་ཡོད་འདུག༽ ཞུ་བ་ཞིག་གིས་རེབ་གོང་རོང་པོ་རྒྱལ་ཐང་ཞེས་པ་ནས་རོང་པོ་དགོན་ཆེན་ཕྱོགས་སུ་འགྲོ་ལམ་འཁེལ་ཡུལ་གངས་རིའི་མགྲོན་ཁང་དང་ཐོན་མིའི་རིག་གནས་དཔེ་ཁང་གི་ཉེ་འགྲམ་ལམ་གཞུང་ནས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་འདུག་པ་དང་། ཁོང་ནི་ནམ་རྒྱུན་བོད་དོན་ཐད་དོ་སྣང་དང་སེམས་ཤུགས་ཆེ་ཞིང་། ནམ་རྒྱུན་རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་རྒྱུ་ལས་གལ་ཆེ་བ་གཞན་མེད་པར་ཤོད་མཁན་ཞིག་དང་། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་ཐུབ་པ་ཡིན་ན། བོད་ཀྱི་གནད་དོན་ཚང་མ་འགྲིག་འགྲོ་གི་རེད་ཅེས་ཤུགས་ཆེར་གླེང་མཁན་ཞིག ད་དུང་སྡེ་བ་ཕན་ཚུན་བར་གྱི་ནང་འཁྲུག་རིགས་ལ་ནམ་ཡང་ངོ་རྒོལ་བྱེད་མཁན་ཞིག་ཡིན་འདུག ད་ནངས་ཞོགས་པར། མེར་བསྲེགས་ལས་འགུལ་མ་སྤེལ་སྔོན་དེར། དགོན་པའི་འདབས་འབྲེལ་ན་ཡོད་པའི་ཤ་བྲང་སྡེ་བའི་མགྲོན་ཁང་ཞིག་ཡོད་པ་དེ་ནང་ནས་རྒྱལ་བ་རིན་པོ་ཆེའི་སྐུ་པར་ཞིག་གི་མདུན་དུ་མཆོད་པ་ཕུལ་ཞིང་། རང་ལུས་གཙང་མ་ཞིག་བཀྲུས་པའི་རྗེས་ཙམ་ལ་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་སྤེལ་བར་ཕྱིན་འདུག་ཅེས་འབྲེལ་ཡོད་ཅིག་ནས་འགྲེལ་བརྗོད་བྱེད་ཀྱིན་འདུག
མེར་བསྲེགས་གནས་སྟངས་སྐོར་དངོས་སུ་མཐོང་མཁན་ཞིག་གིས་འགྲེལ་བརྗོད་བྱས་པ་ལྟར་ན། “རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས།”ཞེས་སྐད་འབོད་བྱས་ཡོད་འདུག་པ་དང་། ལམ་འགྲོ་བ་དག་གིས་མེ་གསོད་པ་སོགས་ཀྱིས་ཐབས་ཤེས་བྱས་འདུག་ནའང་། མེ་ཤུགས་ཆེ་ཤིང་ལྷག་པར་གྲོད་ཁོག་འབར་འཐོར་གྱི་སྒྲ་ཤུགས་ཆེ་བ་ཞིག་དང་བཅས་དེ་ག་རང་དུ་འདས་གྲོངས་སོང་འདུག་ལ། གཟུགས་པོའི་སྟེང་སྲིང་བལ་དཀྲིས་པའི་སྟེང་ལྕགས་སྐུད་གཟེ་མ་ར་མགོ་ཅན་དཀྲིས་ནས་འཕྲལ་དུ་བཀྲོལ་མི་ཐུབ་པ་བྱས་ཡོད་འདུག་སྟབས། ལྕགས་སྐུད་ཀྱི་གསེང་ན་རྒྱུ་མ་ཕྱིར་དོན་ཡོད་འདུག་པ་དེ་གར་ཡོད་པའི་མང་ཚོགས་ཀྱིས་དངོས་སུ་མཐོང་འདུག དེ་མུར་ཡར་མར་འགྲུལ་བསྐྱོད་བོད་རིགས་མང་ཚོགས་ཀྱིས་མ་ཎི་དབྱངས་སྒྲོག་དང་ངུ་འབོད་ཀྱི་ཀློང་ནས་ཁོང་གི་སྐུ་ཕུང་དགོན་པའི་མདུན་གྱི་སྒྲོལ་མ་ཐང་ཆེན་དུ་འཁྱེར་འདུག་ལ། སྒྲོལ་མ་ཐང་ཆེན་དུ་འབྱོར་སྐབས་རོང་པོ་དགོན་ཆེན་གྱི་གྲྭ་པ་རྣམས་དང་དམངས་ཚོགས་གང་འཚམ་ཡང་སླེབས་ཏེ། སྨོན་ལམ་འདོན་པ་སོགས་བྱས་འདུག་ཅིང་། དེ་མཚམས་ཤིག་ལ་ཕྱོགས་ཡར་མར་ནས་ཀྱང་གནས་ཚུལ་དེ་ཐོས་པས་རྐྱེན་བྱས་ཏེ། སྟོད་སྨད་གང་ས་ནས་མི་ཚོགས་མང་པོ་དགོན་པའི་ཕྱོགས་སུ་ཆས་ཡོང་འདུག་པར། ཐོག་མའི་ཆར་དམག་མི་དང་ཉེན་རྟོག་པ་ཚོས་ལམ་འགག་དག་ནས་བཀག་འགོག་བྱས་འདུག་ཀྱང་། མི་ཚོགས་ཇེ་ཆེར་སོང་རིམ་བཞིན་དམག་མི་རྣམས་ཕྱིར་འཐེན་ལྟ་བུས། དེ་ཙམ་གྱི་དམ་བསྒྲགས་ཤུགས་ཆེ་བྱུང་མེད་འདུག སྒྲོལ་མ་ཐང་ཆེན་དུ་འཛོམས་ནས་སྨོན་ལམ་གསུང་འདོན་སྐབས་དམག་མི་རླངས་འཁོར་ཁ་ཤས་སླེབས་ཡོད་འདུག་པར། མང་ཚོགས་ཀྱི་ནང་ནས་རིགས་གཅིག་གིས་དམག་མིའི་ཕྱོགས་སུ་ངོ་རྒོལ་རྣམ་འགྱུར་ཤུགས་ཆེ་བསྟན་སྟབས། དེ་མཚམས་དམག་མི་རྣམས་ཕྱིར་འཐེན་བྱས་ཡོད་འདུག
སྒྲོལ་མ་ཐང་ཆེན་ནས་སྨོན་ལམ་གསུང་གྲུབ་མཚམས་དགེ་འདུན་པ་དང་མང་ཚོགས་ཀྱིས་དགོན་པའི་རྒྱབ་རིའི་ངོས་ཀྱི་གདོང་རྒྱ་ཀླད་དམ་གདོང་རྒྱ་ལ་ཁ་ཟེར་ས་དེར་འཁྱེར་ཡོད་ཅིང་། གདུང་རྒྱ་ཀླད་ཟེར་ས་དེ་ནི་དགེ་འདུན་པ་འདས་གྲོངས་ཕྱིན་རིགས་སྦྱིན་སྲེག་བྱེད་ས་ཞིག་ཡིན་ནའང་། དེ་རིང་མི་སྐྱ་ཞིག་གི་ཕུང་པོ་དེར་བསྐྱེལ་བ་ནི་མི་སྐྱ་ཞིག་གི་སྐུ་ཕུང་གནས་འདིར་བསྐྱེལ་བ་ཐོག་མ་ལྟ་བུ་ཡིན་འདུག་པ་དང་། དེ་རིང་གདུང་སེམས་མཉམ་བསྐྱེད་དང་། ཕུང་པོ་སྦྱིན་སྲེག་བྱེད་སར་འཛོམས་པའི་མང་ཚོགས་འདི་འདྲ་ནི། ད་སྔ་ཕན་ལ་ཕལ་ཆེར་བྱུང་མྱོང་མེད་པའི་ཚོད་ཡིན་པར་ཤོད་ཀྱི་འདུག་ལ། མི་མང་སྟོང་ཕྲག་ནདུན་བརྒྱད་ལྷག་ཅིག་འཛོམས་ཡོད་པའི་གནས་ཚུལ་འདུག
ད་ནངས་ཞོགས་པའི་ཆར་དམག་མི་དང་ཉེན་རྟོག་པས་དགོན་པའི་མཐའ་འཁོར་དག་ནས་དམ་བསྒྲགས་ཀྱི་རྣམ་འགྱུར་བསྟན་འདུག་ཀྱང་། རིམ་པས་མི་མང་ཕོན་ཆེ་འཛོམས་ནས་དམ་བསྒྲགས་བྱེད་སྟབས་མ་བདེ་བ་ལྟ་བུས་དམག་མི་དང་ཉེན་རྟོག་པའི་རུ་དཔུང་དང་། ཁོང་ཚོའི་རླངས་འཁོར་རིགས་བཅས་རོང་པོ་དགོན་ཆེན་གྱི་འགྲམ་དུ་ཡོད་པའི་དགེ་ཐོན་སློབ་གྲྭའི་(རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་གཉིས་པ)གཡས་གཡོན་དུ་དམག་མི་བསྡད་འདུག་པ་ལས། དེ་རིང་སྔ་དྲོའི་བོད་ནང་གི་ཆུ་ཚོད་བཅུ་གཉིས་དང་ཕྱེད་ཀ་ཡས་མས་སུ་ནི་དམག་མི་དང་ཉེན་རྟོག་པ་མང་ཚོགས་ཀྱི་ཐག་ཉེར་ཡོང་ནས་དམ་བསྒྲགས་སོགས་ཀྱི་གནས་སྟངས་བྱུང་མེད་འདུག
བོད་ནང་གི་ཆ་ཚོད་ ༡༢ དང་སྐར་མ་ ༥༥ སྟེང་དགེ་འདུན་པ་དང་མང་ཚོགས་ཀྱིས་མུ་མཐུད་དུར་ཁྲོད་རང་དུ་སྨོན་ལམ་གསུང་འདོན་དང་། ཕྱི་དྲོའི་ཆར་རོང་པོ་དགོན་ཆེན་གྱི་གྲྭ་མང་གིས་ཆོས་ལུགས་ཀྱི་ཆོ་ག་གཞིར་བཞག་སྦྱིན་སྲེག་གི་ངོ་བོ་ནས་འདས་པོ་ཁོང་གི་སྐུ་གདུང་སྦྱིན་སྲེག་གནང་ཡོད་འདུག
དེང་སྐབས་ཀྱི་རེབ་གོང་གནས་སྟངས་ནི། ཉེ་བའི་ཟླ་བ་ཁ་ཤས་གོང་ནས་གྲོང་སྡེ་དང་དགོན་པ་ཁག་ནང་ལས་དོན་རུ་ཁག་ཟེར་བའི་ལས་བྱེད་པ་མངགས་ནས་དོན་རྐྱེན་རིགས་མི་འབྱུང་བའི་སྲུང་བྱ་ལྟ་བུ་བྱེད་བཞིན་ཡོད་པ་དང་། སྔ་ལོའི་ནང་སློབ་མས་ངོ་རྒོལ་ལས་འགུལ་སྤེལ་བ་དེ་ནས་བཟུང་། སྡེ་བ་གང་ཞིག་ནས་ངོ་རྒོལ་ལས་འགུལ་བྱུང་བ་ཡིན་ན། དེར་སྟངས་འཛིན་བྱེད་པའི་ཞང་ཟེར་བའི་ལས་ཁུངས་ཀྱི་འགོ་གཙོ་ལས་གནས་ནས་གནས་དབྱུང་གཏོང་རྒྱུ་དང་། སློབ་གྲྭ་གང་ཞིག་ནས་ངོ་རྒོལ་ལས་འགུལ་བྱུང་བ་ཡིན་ན། སློབ་གྲྭ་དེའི་སློབ་སྤྱི་ལས་གནས་ནས་གནས་དབྱུང་གཏོང་རྒྱུ་ནི་གོང་རིམ་ནས་ཐག་གཅོད་བྱས་པ་ཞིག་ཡིན་འདུག་པ་དང་། སྔ་ལོའི་ནང་རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་གི་སློབ་མས་ངོ་རྒོལ་ལས་འགུལ་སྤེལ་བའི་རྗེས་ཐོག་ཏུ། སློབ་གྲྭ་དེའི་སློབ་སྤྱི་ལས་གནས་ནས་གནས་དབྱུང་བཏང་བའི་གནས་ཚུལ་ཡང་བྱུང་ཡོད་འདུག དེ་བཞིན་ཉེ་བའི་ཆར་ནས་ལས་ཁུངས་ཁག་གི་ལས་བྱེད་མང་ཆེ་བ་ཁྲོམ་ལམ་ཁག་ཏུ་བཏང་ནས། མང་ཚོགས་ཀྱི་འདུ་འཛོམས་དང་འགྲུལ་བཞུད་ལ་ལྟ་རྟོག་གིས། ངོ་རྒོལ་ལས་འགུལ་རིགས་མི་ཡོང་བའི་སྔོན་འགོག་དང་། ལས་འགུལ་བྱུང་བ་ཡིན་ན། འཕྲལ་དུ་བཀག་སྡོམ་ཀྱི་ལས་དོན་སྒྲུབ་པར་འགྲེམས་འཇོག་བྱས་ཡོད་འདུག་སྟབས། ད་ཆ་ལས་བྱེད་ཚོའི་ནང་དུའང་། འཚོ་བའི་གནས་སྟངས་ཀྱི་དབང་གིས་གཞུང་གི་ལས་ཁུངས་ཀྱི་ཕོགས་འབབ་ཙམ་ལ་བལྟས་བསྡད་ཡོད་པ་ལས། འདི་ལྟར་དུས་ཚོད་རིང་པོ་འཁྱོལ་ཐབས་མེད་པའི་གནས་སྟངས་འོག་ནས། ལས་བྱེད་པས་ལས་མཚམས་འཇོག་པའི་ཚད་དུ་མི་སླེབས་པའི་ངེས་པའང་མེད་པའི་གླེང་སློང་ཡོང་གི་ཡོད་འདུག་པ་བཅས།
ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།

རྒྱལ་གཅེས་དཔའ་བོ་སེམས་ཀྱི་ཟབ་པ་ནས་མིག་ཆུའི་ཐིགས་ཕྲེང་དང་ཡིག་དྲུག་འགྱུར་ཁུགས་ཁྲོད་ཁྱེད་ཉིད་སླང་ཡང་ཁ་བ་གངས་ཅན་ཞིང་ཀྱི་སྤྱན་རས་གཟིགས་གྱི་གདུལ་ཞིང་དུ་སྐྱེ་བ་ཤོག།
སྤུན་ཟླ་ལགས་ཁྱེད་ཀྱི་སྙིང་སྟོབས་ལ་ང་ཚོས་ཡིད་རངས་ཞུ་ཡིན།
ད་ལྟའི་གནས་ཚུལ་འདི་དུས་བབ་ཐོག་ལ་ངེས་བར་དུ་འགོད་རོགས་ཞུ། དུས་བབ་ཚད་ལྡན་གྱི་གསར་ཤོག་ཞིག་ཡིན་སྟབས་རྒྱ་གཞུང་གིས་དོན་སྣང་བྱེད་སྲིད་ལ་ཕྱོགས་ནས་ཀྱང་ངོས་ལེན་བྱེད་སྲིད།
ཨ་ལ་ལ། པར་རིས་མཐོང་ན་དངོས་གནས་ཞེ་སྣང་གིས་ཁེངས་ཡོང་བ་ཞིག་རེད། འདི་དག་ནི་སུ་ཆེད་རེད། ཁོང་ཚོ་ལ་ན་ཟུག་མེད་པ་ཡིན་ནམ། ད་ག་རེ་བྱ་དགོས་རེད། དཀོན་མཆོག་གིས་གཟིགས། གནས་བྲིས་ཞིབ་ཚགས་ཤིང་གྲ་རྒྱས་པོ། ཁ་གསལ་ཞིང་ཁུངས་ཡོད་པ་འདི་འདྲ་ཞིག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འདི་ལྟ་བུའི་གནས་ཚུལ་ཛ་དྲག་རིགས་ཁ་གང་མགྱོགས་མ་བྱས་པར་སྒྲིག་གཞི་ཞིག་འོག་ནས་སྤེལ་བ་ཡིན་ན། གོ་ནོར་མི་ཐེབས་པའི་ཕན་པ་ཆེ་བས། འབྲེལ་ཡོད་པ་དག་གིས་རྗེས་འབྲེལ་བོད་ཆོལ་གསུམ་གང་ནས་བྱུང་བ་ཡིན་ན། དེ་བཞིན་གནང་དགོས་ངེས་ཤིག་ཡིན་པའི་དྲན་སྐུལ་ཡང་ཞུ་འདོད་སྐྱེས། རྒྱལ་གཅེས་དཔའ་བོ་དཔའ་མོ་དག་ལ་མྱ་ངན་གུས་འདུད་ཞུ། ཚེ་རབས་ནས་སྐྱེས་པ་ཐམས་ཅད་དུ། སྤྱན་རས་གཟིགས་ཀྱིས་རྗེས་སུ་བཟུང་ནས་ཁ་བ་གངས་ཅན་པའི་བསྟན་འགྲོའི་དོན་པོ་ཆེ་རྒྱ་ཆེར་སྐྱོང་མཁན་ཤ་སྟག་ཏུ་སྐྱེས་པར་ཤོག འདས་པོ་ཚོར་་་ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།
ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།
ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།་ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།

དཔའ་བོ་ཁོང་གི་བློ་སྟོབས་ལ་རྗེས་སུ་ཡི་རངས་ཞུ། ད་དུང་ང་ཚོས་མཐོང་ཐུབ་པ་ནི་དཔའ་བོ་ཁོང་གི་སྐུ་ཕུང་གི་རྒྱབ་ཏུ་ཡོད་པའི་བོད་ཀྱི་རྒྱལ་དར་དང་༧གོང་ས་མཆོག་གི་སྐུ་པར་སོགས་མང་དག་ཅིག་བཤད་འདུག་པ་དེའི་སྤྱིར་གཞིས་ལུས་བོད་པ་དང་། ནང་དགོས་སུ་རིག་པ་འབྱུང་བའི་གྲོང་ཁྱེར་གྱི་མི་མང་གི་སྙིང་སྟོབས་དང་ལ་རྒྱ་གསལ་འདུག། རིག་འབྱུང་ཡུལ་གྱི་མི་མང་ཚོ་ཁྲི་ལོར་ཤོག།
ནོར་བཅོས། མང་དག་ཅིག་བཤམས་
ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ། བདེ་བ་ཅན་ལ་སྐྱེས་བར་ཤོག
སྙིང་སྟོབས་ཀྱི་གོ་ཆ་མེ་རུ་སྤར་ཞིང་མི་རིགས་ཀྱི་སེམས་དཔའ་ཆེན་པོ་རྒྱལ་གཅེས་པ་སྐུ་ཞབས་བསོད་ནམས་དར་རྒྱས་མཆོག་ལ་མྱ་ངན་གུས་འདུད་ཞུ་བ་དང་ཆབས་གཅིག་ཤུལ་ལུས་ཁོང་གི་སྐྱེས་མ་སྒྲོལ་དཀར་སྐྱིད་དང་བུ་ཕྲུག་གསུམ་ལའང་གདུང་སེམས་མཉམ་བསྐྱེད་ཞུ་ཀི་ཡོད།
དཔའ་བོ་ཁྱེད་ཀྱི་སྙིང་སྟོབས་ལ་རྗེས་སུ་ཡི་རང་ཡོད། དལ་འབྱོར་བརྟན་བཟང་མྱུར་དུ་ཐོབ་པར་ཤོག བོད་རྒྱལོ།
སྐྱེས་བ་ལས་ཤི་བ་གཟི་བརྗིད་ཆེ།
ང་ཚོའི་མི་རིགས་ནི་མཐོང་ཆུང་འོག་ཏུ་འཚོ་མི་དགོས་བའི་བདེན་དཔང་བྱེད་པས་དཔའ་རྒོད་ཁོང་ལ་ཐུགས་རྗེ་ཡི་རང་ཡོད།་འཐབ་རྩོད་ཀྱི་རྒྱུན་སྲིང་ཐུབ་ན་བོད་ལ་རེ་བ་འདུག
དཔའ་བོ་བསོད་ནམས་དར་རྒྱས་ལ་སྙིང་ནས་གུས་འདུད་ཞུ། བོད་པའི་རྩ་དོན་གྱི་ཆེད་དུ་ལུས་སྲོག་ལོངས་སྤྱོད་ལ་འཕངས་པ་མེད་པར་འབུལ་མཁན་དཔའ་བོ་ངོ་མ། དཔའ་བོ་ཆེན་པོས་རང་ལུས་རིན་ཆེན་བོད་དོན་ཆེད་དུ་ཕུལ་ཟིན་པས་དེ་ཡི་འབྲས་བུས་བདེན་མཐའ་མྱུར་དུ་གསལ་བའི་རྒྱུ་རུ་འགྱུར་བར་ཤོག
ཨོཾ་མ་ཎི་པདྨེ་ཧཱུཾ། དཔའ་བོ་ཁོང་གི་རེ་བ་་མྱུར་དུ་འགྲུབ་པར་སྨོན། ད་ཁ་སྟོང་ནང་ཚིག་སྟོང་མི་བཤད།
ཧང་སང་དགོས་པ་ཞིག་རེད་ཁོང་ཚོ་སུའི་ཆད་དུ་རང་སྲོག་དོར་བ་དང་དེ་ཚོའི་ཆད་དུ་རྡ་ས་ནས་སྲིག་གི་ཁ་ཕྱོགས་ག་རེ་སྒྱུར་དགོས་མིན་སོགས་གྲོས་བྱས་ནས་ད་ཕན་ནས་མེ་སྲག་བྱས་མ་འཇུག་རོག་ཐུགས་རྗེ་ཆེ།
དཔའ་རྒོད་ཚོ་མེ་རུ་མ་སྒྲོན་རོགས
མཆོད་མེ་རྐང་རེ་བཞིན་འབར་བཞིན་པའི་གཏའ་བོའི་སྡེ་བཞུད་ཤུལ་ན མྱ་ངན་དང་སྡུག་ཡུས་ཀྱི་མགོ་བོ་དུད་པའི་གཞིས་བཞུགས་ཕ་མ་སྤུན་མཆེད་དེ་དག ད་དུང་་་་་ སེམས་ཁུང་གི་སྡུག་ཡུས་དང་ན་ཟུག་ནད་ལྟར་ལྕི་བའི་བོད་རིགས་སྤུན་ཟླ་ཚོ ང་ཚོའི་དཔའ་བའི་སྡེ་་་་་ བླ་སེར་གྱི་སྡེ་་་་་ ཤེས་ཡོན་པའི་སྡེ་་་་ ལ་རྒྱ་ཅན་གྱི་སྡེ་་་ དམངས་ཀྱི་སྡེ་་་ འདི་ལྟར་བཙན་དབང་དང་ཕམ་ཉེས་ཀྱི་འོག་ནས་བཞུད་ཚར་དུས ང་ཚོས་སུ་ཞིག་གི་ཆེད་དུ་གསོལ་འདེབས་དང་རེ་སྨོན་བྱེད ཅི་ཞིག་གི་དོན་དུ་རང་དབང་གི་འཐབ་རྩོད་བྱེད ང་ཚོའི་རང་དབང་གི་་འཐབ་རྩོད་ཆེད་དུ་་བོད་མི་རེ་རེ་ཚེ་སྲོག་འདི་ལྟར་ཉིན་རེར་ཤོར་སོང་ན ང་ཚོའི་འབྱུང་འགྱུར་གྱི་གངས་ལྗོངས་ལ་མི་བུའི་སྡེ་འདི་དག་གང་ནས་བཙལ་ཡོང ང་ཚོའི་འདི་ལྟར་རང་ཉིད་ཀྱི་རང་ཉིད་མེད་པ་བཟོས་དུས དགྲ་བོའི་སྙིང་རྗེ་མེད་ལ གཞན་གྱི་གླེན་པར་མཐོང ང་ཚོའི་སྙིང་སྟོབས་དང་ལ་རྒྱ་ཡོད་ཚད་བློ་ཁོག་ལ་ཤོང་དགོས ཁྱེད་ཚོ་འདི་ལྟར་བཞུད་དུས ང་ལ་སྔངས་སྐྲག་སྐྱེས་ཡོང་གི ང་དང་ང་འདྲ་བའི་སྡར་མ་ཚོ་འདི་ལྟར་ཤུལ་དུ་ལྷག་ན འབྱུང་འགྱུར་མི་རིགས་འདིས་ལས་དོན་སུས་སྒྲུབ མ་འོངས་གངས་ལྗོངས་གྱི་བདག་པོ་སུས་བྱེད ཁྱེད་ཚོ་ངེས་པར་དུ་བཞུགས་དགོས གཏན་དུ་བཞུགས་དགོས
དཔའ་རྒོད་ཚོ སྤུན་ཟླ་ཚོ
བོད་མི་དམངས་ཀྱི་མེ་རྒོད་གསར་བརྗེ་ལ་རྒྱལ་ཁ་མྱུར་དུ་ཐོབ་པར་སྨོན།
ཀརྨ་པ་མཁྱེན་ནོ། ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།
ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།་ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།
ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།
ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ། འཕགས་པ་སྤྱན་རིས་གཟིགས་ཀྱིས་ལམ་སྣ་དྲོངས། བདེ་བ་ཅན་དུ་སྐྱེ་བར་ཤོག །
ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ། བདེ་བ་ཅན་ལ་སྐྱེས་བར་ཤོག
བདེན་སྐྱོང་གི་མཐེབ་མོ།
ས་པེ་ཅིན་མཁར་ནང་གི་དཔོན་ངན་སྐྲག་འདར་ཤོར་ནས།།
འདི་འཇིགས་སྐུལ་རིང་ལུགས་པའི་བྱེད་སྟངས་ཡིན་ཚུལ་སྒྲོག་དུས།།
ས་འཛམ་གླིང་མི་མང་རྣམས་གད་མོ་འཚེར་འཚེར་དགོད་ཞོར།།
བདེན་སྐྱོང་གི་མཐེབ་མོ་ནི་བོད་ལ་ཀེར་ནས་བསྟོད་ཀི།
ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།
ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།
ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།
ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།
བྱང་ཆུབ་སེམས་པ་ཆེན་པོ་ལགས་ཁྱིད་ཀྱིས་བཞག་པའི་དྲེན་བརྟེན་དེ་ངེད་ཅག་གིས་དུས་ནམ་ཡང་བརྗེད་མི་སྲིད།། ཁྱེད་ནི་དུས་ནམ་ཡང་བྱང་ཆུབ་སེམས་པ་རེད་ང་ཚོས་ཁྱེད་ཀྱི་རྗེས་སུ་ངུ་ངགས་སྐྱིས་སྨྲེ་སྔགས་འདོན་བཞིན་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
དཔའ་བོ་ཁོང་ལ་མྱ་ངན་གུས་འདུད་ཞུ།
ལས་སྨོན་འབྲེལ་བའི་ཁ་བའི་ལྗོངས་དེར་བལྟམས།
བོད་དོན་ཆེད་དུ་སྐུ་ལུས་དམར་མོའི་མེར།
སྒྲོན་ཞིང་ཀླ་ཀློར་གདུག་པ་རྒྱ་དམར་གདོང་།
འཆོང་ནི་མི་འཇིགས་སྐད་སེང་མཐོ་པོའི་ངང་།
ཞི་བདེའི་དད་དཔོན་བོད་དུ་གདན་འདྲེན་ཕྱིར།
ལྟས་ངན་གདུག་འདྲེ་བོད་ནས་ཕར་རྒྱུག་ཅེས།
ཐེ་ཚོམ་མེད་པར་བོད་མིའི་མངོན་འདོད་ཆེད།
གཅེས་པའི་གཅེས་རང་ལུས་འདོམ་གང་དེ།
བསྟན་སྲིད་དོན་དུ་འཕུལ་ནས་གཤེགས་པ་དེ།
གང་ལྗོངས་ཇི་སྲིད་གནས་པ་དེ་སྲིད་ལ།
ཁྱེད་ཀྱི་ཞབས་རྒྱས་མི་བསྲུབ་བརྟན་པར་ངེས།
འོན་ཀྱང་གང་ཁྱེད་གང་ཅན་ལྗོང་འདི་རུ།
རང་ཅག་གདོང་དམར་རིགས་རུས་གཙང་མའི་བརྒྱུད།
འཁྲུངས་ནས་ཞི་བདེའི་དད་དཔོན་ཆེན་པོ་ཡིས།
རྗེས་སུ་བཟུང་སྟེ་སྐྱེ་བ་ཐམས་ཅད་དུ་།
ཁོང་དང་མི་འབྲལ་རྟག་ཏུ་འགྲོགས་ནས་ཀྱང།
མི་མཉེས་སྐད་ཅིག་ཙམ་ཡང་མི་འབྱུང་ཞིང།
རྣམ་མཁྱེན་རྒྱལ་བའི་གོ་འཕང་མྱུར་ཤོག།
མཛད་རྗེས་རླབས་ཆེན་རེད། མི་སེམས་མང་པོ་ཡོམ་ཡོམ་སྒུལ་སོང་།
ཐུགས་རྗེ་ཆེ་། རྒྱལ་གཅེས་དཔའ་བོ་ཁྱེད། ངས་སྙིང་ཐག་པ་ནས་གུས་འདུད་ཞུ་ལ་མྱ་ངན་ཡངཞུ།
སེམས་དཔའ་ཚོ་འདི་ལྟར་བཞུད་སོང་།
སྙིང་སྟོབས་ཆོད་སེམས་མེ་ལྕེའི་རླབས་དང་བསྡེབས།།
རེ་བའི་སེམས་པས་འབོད་པའི་བརྡ་དང་བཅས།།
ས་ཡ་དྲུག་ལ་བདེ་སྐྱིད་རྫོགས་ལྡན་དཔྱིད།།
འདྲེན་པར་ཆས་ཤིང་ཞུགས་པའི་ངང་ཚུལ་འདིས།།
དུང་ཕྱུར་དྲུག་གི་སེམས་པའི་རི་ལུང་དག།
ལན་གཅིག་མིན་པར་སྒུལ་བའི་སྟོབས་འདི་ཀོ།
ཡི་རང་ཕྱག་དག་བརྩེགས་པའི་གཞི་ཁོ་ན།།
མང་པོའི་དོན་དུ་རང་གི་གཅེས་པའི་སྲོག།
ཕངས་མེད་བཏང་རྣམས་མགོ་ཐོག་བླ་མ་ལྷས།།
ཐུགས་རྗེའི་ཕྱག་གིས་འདྲེན་པ་མི་གཡེལ་མཛོད།།
གདུང་སེམས་མཉམ་དུ་བསྐྱེད་པའི་ཡི་རང་སེམས།།
སྟོང་ཕྲག་ཁྲི་ཕྲག་གཅིག་ཏུ་སྤུངས་པ་ལས།།
ཆིག་སྒྲིལ་པདྨོའི་འདབ་མ་ཡོངས་གྲོལ་ཞིང་།།
དཔའ་བོ་དམའ་མོ་འདའ་ཁའི་ཞལ་ཆེམས་དག།
ཟེའི་འབྲུའི་ཟོལ་གྱིས་བཞད་པའི་དྲི་བསུང་གིས།།
གངས་ཅན་རི་བོའི་ཁོང་གསེང་ཁྱབ་གྱུར་ནས།།
མ་བགྲོས་བསམ་པ་གཅིག་ཏུ་རོལ་བ་ཡི།།
འགྱུར་མེད་མཐུན་ལམ་རླབས་ཕྲེང་ཟེགས་མའི་རྡུལ།།
སྙིང་ཁམས་རྒྱ་མཚོར་བསྐྱིལ་ཅིག་མགོ་ནག་བོད།།
ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ། བདེ་བ་ཅན་ལ་སྐྱེས་བར་ཤོག
དཔའ་བོས་མེ་མཆོད་ཕུལ་ཏེ་རི་བོ་ཏྰ་ལར་བསྐྱོད་སོང་།།
དཔའ་མོས་ཞུགས་མེ་སྒྲོན་ཏེ་གཡུ་ལོ་བཀོད་པར་ཕེབས་ཤག།
དཔའ་མེད་ཝ་རྒན་ཁྱུ་ཚོགས་ཐོབ་འབྱོར་འགྲན་སྡུར་ཁྲོད་དུ།།
དཔའ་སྐད་བྲག་ཅ་སྒྲོགས་བཞིན་བཙན་བྱོལ་ལུང་པར་ལུས་འདུག།
༡བསོད་དཀའ་བསྐལ་པའི་མེ་ཡི་དཀྱིལ་འཁོར་ནས།།
༢ནམ་ཞིག་བདེན་པའི་ཉིན་བྱེད་འདྲེན་པའི་སླད།།
༣དར་ཆེན་གངས་རིར་སེང་གེས་ནོར་འོད་ཅན།།
༤རྒྱས་འགྱུར་མི་རིགས་བསྟན་སྲིད་མཁའ་དབྱིངས་བསྒྲེངས།།
དངོས་གནས་བོད་ཀྱི་ད་ལྟའི་གནས་བབ་འདི་སེམས་ཀྱིས་ཤེས་ནས་དུང་བས་མྱོང་བཞིན་ཡོད། སྐབས་འདི་འདྲར་སྐད་ཆ་དང་སེམས་ཚོར་ཅི་ལྟར་བཤད་དགོས་པ་མི་ཤེས། གང་ལྟར་ཁྱེད་ཅག་གི་བྱ་བཞག་དག་སེམས་པས་མྱོང་བཞིན་མིག་གི་འཚོས་ནས་ཡོད། ངའི་སེམས་ཁོངས་ཀྱི་དཔའ་བོ་ལགས། ང་ཚོ་ནམ་ཡང་ཁྱེད་ཅག་གི་རྒྱབ་ཏུ་ཡོད་ལགས།
༄༅།། མཐོ་སྒང་གི་བྲེ་སེར་འབྲོང་ཁྱུ། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་གསེར་རྟ་བསོད་ནམས་ཕུན་ཚོགས། དྷ་ས།
གཅེས་སྲོག་ཚེ་འབར་མཆོད་པའི་ཕུ་ནུ་མིང་སྲིང་།། ཆོད་སེམས་དམ་བཅའི་སྙིངས་སྟོབས་ཕྲག་དུ་བཞེང་སྟེ།། ཁ་ལྗོངས་གངས་རིའི་ཁྲོད་ནས་ཟུང་ཁྲག་བཞུར་བཞིན།། བརྗེད་མེད་ཟུང་ཁྲག་དམར་པོའི་ལོ་རྒྱུས་བཞག་ཡོད།། གཅེས་ནོར་དགྲ་ལག་ཤོར་སའི་སྲོང་བཙན་ཁྱིམ་གཞི།། དམར་པོའི་ཇག་ཁྱིམ་བྱས་པ་སྙིང་གི་མ་བཟོད།། རང་ལུས་མེ་བསྲེགས་བྱས་པའི་བདེན་དཔང་བརྩེགས་མ།། རྒྱལ་སྤྱིའི་ཡིག་ཚང་ནང་དུ་བརྡ་ལན་ཕུལ་ཡོད།། འདས་སོང་ཕུ་ནུའི་དུངས་སེམས་ཁ་བ་འཁོར་བཞིན།། རང་ལུས་མེ་བསྲེགས་ཁྲོད་ནས་འབོད་སྒྲ་གཅིག་བསྒྲགས།། ཕ་ཁྱིམ་བསྐྱར་སྦྱང་དགོས་པའི་རེ་བ་ཉག་གཅིག། མཇུག་མཐའི་གཅེས་སྲོག་དམར་པོ་གཏན་དུ་ནུབ་སོང་།། མཐོ་སྒང་བོད་ཀྱི་ཕ་ཡུལ་གཅེས་སྐྱོང་བྱེད་པའི།། སྙིང་སྟོབས་རི་སྟོང་ཁུར་བའི་ཕུ་ནུ་མིང་སྲིང་།། ཚེ་སྲོག་མེ་ལྕེའི་ཁྲོད་ན་བར་མེད་འབར་བཞིན།། རང་བཙན་གཙང་མར་བསྒྲགས་པའི་འབོད་སྒྲ་འདི་རེད།། ཡ་མེད་གངས་རིའི་ཁྲོད་་ཀྱི་དཔའ་རྒོད་ཕོ་མོ།། ཞུམ་མེད་དམ་བཅའ་སྟོང་གི་ཕ་མཁར་བཞེང་སྟེ།། ཆོས་སེམས་གསར་བའི་ལྡེབ་རིས་གྲངས་མེད་བཞག་སྟེ།། ཕྱིར་ཡོང་མེད་པ་ཞིག་ལ་གཏན་དུ་གྱེས་སོང་།། དཔའ་རྒོད་ཁྱེད་ཚོའི་བཞེང་བའི་ལོ་རྒྱུས་རེ་རེ།། སྙིང་སྟོབས་བྲག་རིའི་འཁྲེགས་པའི་ཕུགས་བསམ་རེ་རེ།། ཤུལ་ལུས་སྤུན་ཟླ་བཞག་པའི་སྡོམ་ཚིག་རེ་རེ།། དྲན་ན་སྐྱོ་བའི་གཞི་མ་ཁོག་ནས་ལྡང་བྱུང་།། རླབས་ཆེན་ཁུར་དུ་འདེགས་པའི་ཕྱག་ལས་གྲངས་མེད།། ཚེ་སྲོག་ཐོལ་གྱིས་ནུབ་པའི་ཕང་སེམས་གྲངས་མེད།། ཤར་ནུབ་ཀུན་ན་རྒྱུ་བའི་བོད་རིགས་སྤུན་ཟླས།། སྐྱོ་གདུང་མིག་ཆུའི་ཁྲོད་ན་རྗེས་དྲན་ཞུ་བཞིན།། གངས་རིའི་བདེ་སྡུག་གླེང་བའི་བུ་དང་བུ་མོའི།། འདས་སོང་དཔའ་རྒོད་ཁྱེད་ཚོའི་རྣམ་ཐར་གླེང་སྟེ།། གདུང་དབྱངས་རྦ་རླབས་ཁྲོད་ན་ཤུགས་རིང་འཐེན་བཞིན།། ཚེ་སྲོག་མེ་རུ་བསྒྲོན་པའི་སྙིང་སྟོབས་དྲན་སོང་།།
ནུབ་བདེ་བ་ཅན་དུ་སྐྱེ་བར་ཤོག།
ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།་ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།
ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།
ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ། འཕགས་པ་སྤྱན་རིས་གཟིགས་ཀྱིས་ལམ་སྣ་དྲོངས། བདེ་བ་ཅན་དུ་སྐྱེ་བར་ཤོག །
སྲོང་བཙན་གྱི་གདུང་རྒྱུད། མི་རིགས་ཀྱི་སྙིང་སྟོབས་ཁྱེད། བལྟས་ན་མི་བཟོད་པའི་ཚག་སྒྲའི་མེ་དཔུང་གི་དཀྱིལ་དུ། མེ་ལྕེའི་ཁྲོད་ལྷབ་ལྷུབ་ཏུ་འབར་ཞིང་། སེམས་སྐྱོ་བ་ལ། ཁྱེད་ཀྱི་ཡན་ལག་དང་ཉིང་ལག་བཅས་མི་རིགས་ཆེད་དུ་ཕུལ་སོང་། །
ལྷག་བསམ་ཁྲི་མ་འབུམ་གྱི་གཡང་གཟར་ན།།
ཕྱི་མིག་བཙན་པོའི་ལྕག་གི་ཀ་བ་རུ།།
རེ་བའི་བློ་ནི་ནམ་ཡང་ཡོད་མ་མཆིས།།
རྒྱ་དམར་གཏུམ་དྲག་ཆེ་བ་དང་།།
དཔའ་བོ་ཆོད་སེམས་ཆེ་བ་གཉིས།།
དཔའ་བོ་་་་་་་་་་་་་་་་་་་་་་་
རྒྱ་ནག་དབུས་གཞུང་གིས་ཐད་ཀར་སྟངས་འཛིན་བྱེད་ཐུབ་མིན་བཤད་བཀའ་མོད། ས་གནས་ས་ཐོག་གི་ཁུལ་དང་རྫོང་སྲིད་གཞུང་རིམ་པའི་ལས་བྱེད་རྣམ་པ་ལ་ཁྱད་ཡོད་ས་རེད། སི་ཁྲོན་དང་མཚོ་སྔོན་གཉིས་བསྡུར་བ་ཡིན་ན་ཁྱད་པར་ཡོད་ས་རེད། དྲུག་བཞིའི་དོན་རྐྱེན་ཁྲོད་པེ་ཅིན་གནམ་བདེ་སྒོ་མོའི་སློབ་ཕྲུག་བསྡེབས་གསོད་ཀྱི་དམག་མི་རྣམས་སི་ཁྲོན་ནས་ཡོང་བ་རེད་ཅེས་གོ་མྱོང་། རྒྱ་རིགས་ནང་ཁུལ་ལ་ཡང་བོད་དོན་ཐོག་སེམས་ཁྲལ་ཡོད་པ་གང་མང་མང་རེད། རྒྱ་རིགས་ཟེར་དུས་ཡག་སྡུག་གཉིས་ཀ་ཡོད་པ་ཤེས་དགོས་ངེས་རེད།
རང་ལུས་མཆོད་མེར་ཕུལ་མཁན་ཚོའི་ས་སྙིང་སྟོབས་བླབས་ཆེ་སྨོས་མ་དགོས་མོད་། རྒྱལ་བ་རིན་པོ་ཆེ་ཞེས་འབོད་ཚིགས་ཐོན་པ་དེས་ཉེས་པ་་ཉིས་བརྩེགས་དང་ལས་འགུལ་ནུས་མེད་དུ་གཏོང་གི་འདུག་ལ་། དེ་ལ་བརྟེན་ནས་ཉེས་ཁག་ཚང་མ་རྒྱ་གཞུང་གིས་རྒྱལ་བ་རིན་པོ་ཆེའི་སྟེང་དུ་འགེལ་གི་ཡོད་། རིགས་གཞུང་དང་མི་རིགས་གི་འབོད་སྒྲ་ཙམ་བསྒྲགས་ན་དེ་འདྲའི་ཉེས་ཅན་ཞིག་ཏུ་བརྩི་ཐབས་མེད་ལ་ལས་འགུལ་ནུས་པ་གང་འཚམས་ཞོན་སྲིད་། དེ་མིན་རྒྱལ་རིན་པོ་ཆེ་རང་བཙན་སོགས་ལབ་བརྡད་ན་མེ་འབར་ཞོག་ལ་སྣུམ་བླུག་པ་བཞིན་ཇེ་སྡུག་ལས་ཡོད་དཀའ་། སྐུ་ཆེ་མ་བསུབ་རོགས་། སེམས་དཀར་ཡིན་།
བོད་མི་རིགས་ཀྱི་དཔའ་བོའི་དྭངས་མ།་་་་སུའི་ཆེད་དུ་རང་ལུས་མེ་རུ་མཆོད་ནས་འདི་ལྟར་བཞུད་ཀྱི་ཡོད་དམ།་་་སུའི་ཆེད་དུ་འདི་ལྟར་ཚ་སྲེག་དཀའ་སྡུག་ལ་བཟོད་བསྲན་བྱས་ནས་བདེན་དོན་ཞིག་བཙལ་ཆེད་ཕེབས་དགོས་པ་རེད་དམ།་་་་་གངས་རིའི་བུ་བརྒྱུད་རྒོད་པོ།་་་་སྐྱེས་པ་རླབས་ཆེ་ཞིང་།་་་ཤི་བ་གཟི་བརྗིད་ཆེ།་་་ཁྱེད་ནི་ནམ་ཡིན་ཡང་བོད་མི་རིགས་ཀྱི་སེམས་ཁོང་གི་དྲན་ཤིང་རྡོ་རིང་དྭངས་མ་ཞིག་དང་།་་་ནམ་ཡང་བོད་མི་རིགས་ཀྱི་སེམས་ཁོངས་ནས་བསུབ་ཏུ་མེད་པའི་རྡོ་བརྐོས་རི་མོ་བཞིན།་་་ནུབ་པ་མེད་ལ་ཉམས་པ་ཡང་མེད།་་་་གངས་རིའི་རྒྱལ་སྲས་ལགས།་་་་སྐྱེས་པ་ནས་ཚེ་རབས་ཐམས་ཅད་ནས་ཐམས་ཅད་དུ་འཕགས་པ་སྤྱན་རས་གཟིགས་ཀྱིས་རྗེས་སུ་བཟུང་ནས་ནུབ་ཕྱོགས་བདེ་བ་ཅན་དུ་སྐྱེ་བར་ཤོག་་་་་ཨོྃ་མ་ཎི་པདྨེ་ཧཱུཾ།་་་་་་ཨོྃ་མ་ཎི་པདྨེ་ཧཱུཾ།་་་་་་་་ཨོྃ་མ་ཎི་པདྨེ་ཧཱུཾ།