བྱང་ཆུབ།
ད་ལོར་རྡོར་གདན་ནས་དུས་དབང་ཞུས་རྗེས་མུ་མཐུད་བཀའ་མའི་ལུང་ཉན་བཞིན་ཡུན་རིང་བསྡད། ལུང་འགོ་བཙུགས་ཏེ་ཉིན་ཤས་སོང་བའི་ཉིན་གཅིག ཕྲན་གྱི་གཡོན་ཟུར་ལ་རྒྱའི་བཙུན་མ་དགུང་ལོ་བགྲེས་ཙམ་ཞིག་སླེབས་ཤིང་། རྒྱ་ཡིག་གི་དེབ་ཅིག་ཀློག་བཞིན་བསྡད་སོང་། ཕྲན་གྱིས་མང་འགྱེད་དུ་ཐོབ་པའི་རྙིང་མའི་སྨོན་ལམ་དུས་དེབ་སྟེང་ཨ་ཁྱུག་རིན་པོ་ཆེ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་དང་ཁོང་གི་རྣམ་ཐར་ཐུང་ངུའི་ལེ་ཚན་ཞིག་ཡོད་པ་ཀློག་བཞིན་པའི་སྐབས་ཡིན། ཨ་ནེ་དེས་ཨ་ཁྱུག་རིན་པོ་ཆེ་དང་ཁོང་ག ི་དགོན་པའི་འདྲ་པར་མཐོང་སྟེ། ངས་རྒྱ་སྐད་གོ་གི་མ་རེད་སྙམ་པའི་ངང་། ལུས་ཀྱི་རྣམ་པར་རིག་བྱེད་ཀྱི་ལག་བརྡ་དང་བཅས་རྒྱ་སྐད་ཀྱིས་ག་ལེར་བཤད་རྒྱུར།དེ་ངའི་བླ་མ་རེད།ང་དགོན་པ་དེ་ནས་ཡོང་བ་ཡིན་ཟེར། དེ་དུས་བྱང་ཆ་ཡོད་མིན་ལ་མ་ལྟོས་པར་ངའི་ཁ་ནས་ཀྱང་རྒྱ་སྐད་ཐོན་པ་ན། ཁོ་མོ་དགའ་སྟེ་སྐད་ཆ་མང་པོ་ལབ་འགོ་བཙུགས་སོང་། ཁོ་མོས་ཟེར་ན། ཉིན་ཤས་རིང་ཁོ་མོ་འདུ་ཁང་གི་ཕ་ཟུར་ནས་བསྡད་མོད། རྒྱལ་ཁབ་ཀྱི་ལས་ཀ་བས་༼རྒྱ་གཞུང་གི་སོ་བ། ཁོ་མོས་དེ་ཚོར་ gongzuo zu ཞེས་འབོད།༽ བསྡད་དུ་བཅུག་མ་སོང་ཟེར།
མུ་མཐུད་བརྗོད་རྒྱུར། རྒྱལ་ཁབ་ཀྱི་ལས་ཀ་བ་མང་ཆེ་བ་རྡཱ་སར་ཐོན་སོང་མོད། མི་དྲུག་བདུན་ཞིག་ད་དུང་ཡང་བསྡད་ཡོད། ང་ལ་ལྟ་རྟོག་ཁོ་ནའི་ཆེད་རེད་ཟེར། དེ་དུས་ངས་ཀྱང་ཨེ་བདེན་མི་བདེན་སྙམ། རིམ་གྱིས་དོ་སྣང་བྱས་པ་ན། ང་ཚོའི་གྲལ་བསྟར་གྱི་ཕར་སྣེ་ན་ཡང་། མཚམས་རེར་བོད་པའི་ཕོ་གསར་ཞིག་གི་མཉམ་དུ་དང་། མཚམས་རེར་ཁེར་འགྲོ་ཁེར་འདུག་བྱེད་པའི་མོ་གཞོན་ཞིག་འདུག ངས་ནི་ཉི་ཧོང་བ་ཞིག་ཡིན་ཤག་བྱས་མོད། ཨ་ནེས་དེ་ཡང་རྒྱ་མི་གསང་ཉུལ་བ་རེད་ཟེར། དེ་དུས་ཨ་ནེས་ང་ལ་ཁོ་མོས་ཀློག་བཞིན་པའི་དེབ་དེ་བསྟན་སོང་། དེ་ནི་ཆབ་སྲིད་ཀྱི་དེབ་ཅིག་སྟེ། ལྕམ་ཀྲུའུ་རོས་ (zhu rui) བརྩམས་པའི་ du diu xi zang yi ge zhong go ren de guan dan༼་་་་ཀྲུང་གོ་བ་ཞིག་གི་ལྟ་ཚུལ།༽ཞེས་པ་དེ་རེད་འདུག སུ་ཞིག་གིས་མཆོད་རྟེན་སྐོར་ལམ་གྱི་ཟུར་ཞིག་ལ་བཞག་འདུག་པ་བསྒྲུགས་ནས་ཡོང་བ་ཡིན་ཟེར། ཁོ་མོས་དེབ་དེ་ཀློག་བཞིན་མཚམས་རེར་རྟགས་རྒྱག་པ་དང་། མཚམས་རེར་ཡིག་ཕྲེང་གི་ཟ་ཟུར་རྣམས་སུ་རང་ཉིད་ཀྱི་བསམ་ཚུལ་ཐུང་ངུ་རེ་འགོད།
ངས་ཀྱང་རྒྱ་ཡིག་ཐ་ཐོར་རེ་འགྲོ་བས་མིག་ཟུར་གྱིས་བལྟས་པ་ཡིན། ཐེངས་ཤིག་ཀྲུང་གོའི་ཞིང་ཆེན་ཚང་མའི་ནང་དགོན་པ་འབོར་ཆེན་རེ་བསྐྲུན་ཡོད་ཅེས་བྲིས་སོང་། ཡང་སྐབས་ཤིག་ཀྲུང་གོའི་བརྟན་བརླིང་ཐད་བཙན་བྱོལ་བོད་གཞུང་ལའང་འགན་ཡོད་ཅེས་བྱ་བ་ཞིག་བྲིས་སོང་། དེ་དུས་ང་མོ་ལ་ཡང་དོགས་པ་ཟ་སོང་། དེར་མ་ཟད། ཐེངས་ཤིག་ང་ལ་ཤིང་འབྲས་སྐམ་པོ་ཞིག་སྤྲད་དེ་ན་རེ། འདི་ང་ལ་རྒྱལ་ཁབ་ཀྱི་ལས་ཀ་བས་སྤྲད་སོང་ཟེར། དེ་དུས་དེ་སོ་བས་སྤྲད་པ་ཡིན་ན་ངས་ཟ་གི་མིན་ཞེས་ལན་བཏབས་ཏེ་མ་ཟོས་པ་ཡིན། མོ་རང་ཅུང་ཧང་སངས་ཏེ་ཕྱི་ཐུམ་སྟེང་གི་ཡི་གེ་སྟོན་གྱིན་ཐའེ་ཝན་གྱི་རེད། གཙང་མ་རེད་ཟེར། ངས་ཟས་དེ་གཙང་ན་ཡང་། དེ་སྤྲོད་མཁན་གྱི་མི་དེ་གཙང་མ་མ་རེད། ནང་བསྟན་གྱི་དགྲ་བོ་རྒྱ་གཞུང་གི་སོ་མྱུལ་རེད་པ་ཅེས་ལབ་པར། རྒྱལ་ཁབ་ཀྱི་ལས་ཀ་བ་ཡིན་ན་ཡང་སྡིག་ཅག་མ་རེད་ཅེས་དང་། བཙན་བྱོལ་བོད་གཞུང་གི་སོ་བ་ཡང་འདི་གར་ཡོད་རེད། ཁ་སང་ངའི་རྒྱབ་ནས་གྲྭ་བ་ཞིག་གིས་ང་ལ་ངོ་ནག་པོ་དང་སྒྲ་དྲག་པོས་ང་ཚོ་བོད་རང་བཙན་ཡིན་ཞེས་ཟེར་སོང་། ངས་བལྟས་ན་ཁོང་བཙན་བྱོལ་བོད་གཞུང་གི་སོ་བ་རེད་ཟེར། ངས་བཙན་བྱོལ་བོད་གཞུང་ལ་གསང་བ་ཡོད་མ་རེད། ཕྱི་གསལ་ནང་གསལ་ཡོད་རེད། བོད་གཞུང་གི་འགོ་ཁྲིད་རྣམ་པས་རྒྱ་ནག་པ་སུ་ཡོང་ནའང་། བོད་གཞུང་གི་ཡིག་ཆ་རྣམས་ཀློག་ན་དགའ་བསུ་ཡོད་ཅེས་གསུང་མུས་ཡིན། ཞེས་ལབ་པར་མོས་བསམ་བློ་བཏང་ནས་འདུག གང་ལྟར་ང་གཉིས་ཉིན་གྲངས་ཁ་ཤས་ཤིག་མཉམ་དུ་བསྡད་པའི་རིང་། ངས་གང་ཤེས་པ་ནི་དུས་དབང་སྐབས་སྐུ་མདུན་ལ་མཇལ་ཁ་ཞུས་པ་དང་གསུང་ཆོས་ཉན་པ་དག་གིས་མོའི་བསམ་བློ་འགྱུར་མེད་པ་དེ་རེད།
ཡིན་ན་ཡང་ཡ་མཚན་པ་ཞིག་ལ། རྒྱ་མིས་བརྩམས་པའི་དེབ་དེ་ཆ་ཚང་ཀློག་ཚར་པ་དང་མོ་རང་གི་བློ་ཁ་རྦད་དེ་འགྱུར་ནས། ད་ངས་ཤེས་སོང་། སྔོན་མ་ཡིན་ན་ང་ཚོས་ཅི་ཡང་ཤེས་མི་འདུག འགྲོ་བ་མིའི་ཐོབ་ཐང་ཟེར་བ་ཞིག་རྩ་ནས་ཤེས་ཀྱི་མེད། ང་ཕྱིར་རྒྱལ་ནང་དུ་སླེབས་ཚེ། ངའི་གཡས་གཡོན་གྱི་མི་རྣམས་ལ་དྲི་བ་མང་པོ་འདྲི་རྒྱུ་འདུག་ཅེས་ཟེར།སྔོན་མ་ངས་ཁྱེད་ཚོ་རྒྱ་ནག་མི་མང་གིས་གནས་ཚུལ་ངོ་མ་ཤེས་ཀྱི་མེད་སྐོར་དང་། རྒྱ་གཞུང་གི་དྲིལ་བསྒྲགས་ཕལ་ཆེ་བ་རྫུན་མ་ཡིན་ཚུལ་ལབ་ན། དེ་ཙམ་ཁས་ལེན་མི་བྱེད་མོད། ད་ནི་ཕྱོགས་ཡོངས་ནས་ཁས་ལེན་བྱེད་ཀྱི་འདུག ངས་མོ་ལ་སྐད་ཆ་དམར་རྗེན་མ་མང་པོ་བཤད་པ་ཡིན་ཏེ།ང་ཚོའི་བླ་ཆེན་རྣམས་རྒྱ་གཞུང་གིས་བསད་ཚར་ཐལ།ང་ཚོས་མཁན་ཆེན་འཇིགས་ཕུན་ཡང་རྒྱ་ནག་གིས་བཀྲོངས་པའི་ཡིད་ཆེས་བྱེད་བཞིན་ཡོད་ཅེས་ལབ་པར་མོས་ཀྱང་དེ་ཡིན་པར་ཡིད་ཆེས་ཟེར། པཎ་ཆེན་རིན་པོ་ཆེ་ཡང་་་་། ཞེས་ལབ་པས། དེ་སུ་རེད་ཟེར་བཞིན་མགྱོགས་པོར་དེབ་ངོ་ལ་བྲིས་སོང་། མོས་ཟེར་ན།མོ་རང་ཨ་ཁྱུག་དགོན་ནས་རང་ཡུལ་རྒྱ་ནག་ཏུ་ཡོད་པའི་རང་༼མོ་རང་གི་བདེ་འཇགས་ཕྱིར།འདིར་ཡུལ་མིང་མི་མིང་སོགས་འགོད་རྒྱུ་མིན།༽ཡུལ་དུ་སོང་བ་ན།སྒོ་ལྕགས་གཏོར་མེད་ན་ཡང་ཁང་མིག་ནང་གི་ཅ་དངོས་ཡར་དཀྲུགས་མར་དཀྲུགས་བྱས་འདུག རྐུ་མ་ནི་བརྒྱབས་མི་འདུག གཞུང་གི་སོ་བས་བྱས་པ་གསལ་ཐག་ཆོད་རེད། ཡང་ཕྱིར་ཨ་ཁྱུག་དགོན་པར་ལོག་པ་ན། ཤག་ནང་གི་དཔེ་ཆ་རྣམས་དཀྲུགས་འདུག་དེ་ཡང་གཞུང་གི་སོ་བ་རེད་ཟེར།མོ་རང་གི་སྐད་ཆར་དཔག་ན།ཨ་ཁྱུག་དགོན་པར་གྲྭ་བཙུན་གྱི་ནང་ན་
ཡང་།རྒྱ་ཡི་སོ་བ་མང་པོ་ཡོད་ཚོད་འདུག ལྷག་པར་བླ་ཆེན་ཁག་གི་ཉེ་གནས་རྣམས་ཀྱི་ནང་ན་ཡང་སོ་བ་ཡོད་ས་རེད་སྙམ་ནས་སེམས་ཁོངས་ལ་སྐྲག་སྣང་ཞིག་ཀྱང་སྐྱེས་སོང་།
ཉིན་ཞིག་ཨ་ནེས་བཀླགས་ཚར་བའི་དེབ་དེ་ང་ལ་སྤྲད་དེ། ཁྱོད་ཀྱིས་ཀློག་ཅིག མི་གོ་ན་ངས་འགྲེལ་བཤད་རྒྱག་ཟེར། ངས་མགོ་ཚོས་ལ་མ་ཚོས་པའི་ངང་རོབ་ཙམ་བཀླགས་ཅིང་།ཕྱིར་ཡང་མོ་ལ་སྤྲད་པ་ཡིན།ཉིན་དེའི་ཕྱི་དྲོར།གོང་གི་རྒྱ་མི་མོ་གཞོན་དེ་དང་བོད་པའི་ཕོ་གསར་དེ།ཕོ་གསར་དེའི་རོགས་པ་གྲྭ་བ་གཉིས་བཅས་ཁོང་ཚོ་ཚ་གདུགས་ལ་གཡོལ་ནས་ང་ཚོ་སྡོད་ས་དང་ཉེ་སར་བཅར་སོང་། ཧང་སངས་པ་ཞིག་ལ། རྒྱ་མི་མོ་གཞོན་དེ་ང་དང་ཐག་ཉེ་སར་བསྡད་ཅིང་།ཅུང་ཙམ་ནས་ཁྱོད་ཀྱིས་ཀློག་བཞིན་པའི་རྒྱ་ཡིག་གི་དེབ་དེ་ངས་གཅིག་བཀླག་ན་འགྲིག་གམ་ཟེར། ངས་དེབ་དེ་ཨ་ནེའི་རེད།མོ་ལ་སྤྲད་ཚར་བ་ཡིན་ལབ་པ་ན།མདུན་ཕྱོགས་ན་ཡོད་པའི་ཨ་ནེའི་སར་བཅར་སོང་།ཡིན་ཡང་ཨ་ནེས་འཛུམ་ཙམ་བྱེད་བཞིན་ཅི་ཞིག་ལབ་སྟེ་གཡར་མ་སོང་། མོ་གཞོན་དེས་ཡ་མཚན་པའི་རྣམ་འགྱུར་ཞིག་བསྟན་ཏེ་ཕྱིར་ཡང་སྔར་གནས་སུ་བསྡད། དེ་ནས་ངས། ཁྱོད་ལ་དེ་ཀློག་འདོད་ཡོད་ན། ངའི་གྲོགས་པོར་ཡོད། ངས་སང་ཉིན་ཁྱེར་ཡོང་ཆོག་ཅེས་ལབ་པ་ན། དེས་ན་མི་དགོས་འདུག དེ་རིང་ཉིན་མཐའ་མ་ཡིན། སང་ཉིན་ང་རྡཱ་རམ་ས་ལར་ཐོན་འགྲོ་གི་ཡོད་ཟེར། རོགས་པ་ཡོད་དམ་ཞེས་པ་ན། མེད། གཅིག་པུ་ཡིན་ཟེར། དེས་ན་ཁྱེད་རང་རྒྱ་གར་ལ་གཅིག་པུ་ཡོང་བ་ཡིན་ནམ་ཞེས་དྲིས་པས། ཡིན་ཟེར། ཁྱོད་བློ་ཁོག་ཆེ་བ་ལ་ལབ་པས་འཛུམ་ཙམ་བྱེད། ཁྱེད་འགྲོ་ན་བྷོམ་བྷེ་ལ་འགྲོ་དགོས་རེད། རྒྱ་གར་གྱི་གྲོང་ཁྱེར་ཆེ་ཤོས་དེ་རེད། དྷ་རམ་ས་ལ་ཆུང་ཆུང་ཞིག་མ་གཏོགས་ཡོད་མ་རེད། ཅེས་ལབ་པ་ན། ང་དེ་ལ་ཡང་འགྲོ་འདོད་ཡོད། ཡིན་ཡང་། དངུལ་མེད། ངའི་དངུལ་ཨ་སྒོར་ ༡༠༠༠ བརླགས་སོང་ཟེར། དངུལ་བོར་བར་ཡིད་ཆེས་མ་སོང་མོད། གང་ཤེས་པ་ནི། སོ་བ་ཡིན་པར་དོགས་པའི་རྒྱ་ནག་པ་དེ་དག་མང་ཆེ་བར་དངུལ་འདང་ཙམ་ལས་ཡོད་ས་མ་རེད་སྙམ་སོང་།
གང་ལ་ཟེར་ན།ཕོར་བ་ཁུག་མའི་ནང་བཅུག་འདུག་ཅིང་།ཉིན་དགོང་གཉིས་ལ་ཆོས་ཞུ་བ་མི་མང་གི་གྲས་སུ་པང་བསྒྲིགས་ཏེ་འབྲས་ལྡ་ལི་ལེན་སར་ཆད་མེད་ལྟ་བུ་རེད། མི་མང་འཛོམས་སར་ཆེད་བཅར་བྱེད་རྒྱུ་དེ་སོ་བའི་དགོས་མཁོ་རེད་ཟེར་ཆོག་ཀྱང་། ཁོང་ཚོའི་ལུས་མདངས་ཞན་ལ། གྱོན་གོས་ཀྱང་སྐྱོ། ཆེས་ཐ་མལ་གྱི་རྣམ་པ་མངོན། ངའི་སེམས་ལ། ཁོ་ཚོ་སོ་བ་ཡིན་ཐག་ཆོད་དེ། མིན་ན། དངུལ་ལྡང་ལ་མ་ལྡང་ངང་། ཁེར་འགྲོ་རྐྱང་འདུག་ངང་། རྒྱང་ཐག་རིང་བའི་འགྲུལ་བཞུད་འདི་དང་དུ་ལེན་སྲིད་དམ་སྙམ། ད་དུང་ཨ་ནེས་ཟེར་ན། འདུ་ཁང་ནང་ལོ་ན་བདུན་ཅུ་དོན་གྲངས་སོན་པའི་རྒྱའི་སོ་བ་རྒན་མོ་ཞིག་འདུག མོས་གྲྭ་ཆས་གྱོན་འདུག་ན་ཡང་རབ་བྱུང་བའི་འགྲོ་སྟངས་འདུག་སྟངས་ཅུང་ཟད་ཙམ་ཡང་མི་ཤེས་འདུག་པས་སོ་བ་མིན་ན་ཅི་ཡིན་ཟེར། ང་ཧང་སངས་བཞིན་དེ་འདྲ་རྒན་འཁོགས་ཀྱང་སོ་བར་ཡོང་གི་རེད་དམ་ཞེས་དྲིས་པ་ན། རེད། རྒྱལ་ཞེན་རང་འཁུར་ནས་ཡོང་བ་རེད་ཟེར། དེ་ནས་ངས་དོ་སྣང་སྤྲོད་དུས། དོ ར་མའི་སྒང་ལ་འགྲིག་མོ་འབྱོར་མོ་མེད་བཞིན་དུ་ཨུ་ཚུགས་ཀྱིས་བཙུན་ཆས་སྤྲོས་པའི་རྒྱའི་བཙུན་མ་རྒན་འཁོགས་གཉིས་མཐོང་།
ཉིན་གཅིག་ཨ་ནེ་དང་ང་གཉིས་ཀྱི་སྐད་ཆ་འཕྲོས་ཏེ་སོ་བའི་གླ་ཆའི་སྐོར་ལ་སླེབས་སོང་། ཨ་ནེས་བཤད་རྒྱུར། དཔེར་ན། སོ་བ་གཅིག་ལ་ལམ་གྲོན་ཕུད་པའི་ཟླ་བ་རེར་རྒྱ་སྒོར་ ༡༠༠༠ རེ་ཡོད་ན། རྒྱ་གཞུང་ལ་མཁོ་བའི་མི་ཞིག་གམ་དོན་གནད་གལ་ཅན་ཅིག་མཁོ་སྤྲོད་ཐུབ་པ་བྱུང་ན། རྒྱ་སྒོར་ ༣༠༠༠ རེ་ཐོབ་སྲིད་པ་རེད་ཟེར། ཡིན་པ་ནི་ཚོང་རེད་མོད། རྒྱ་ནག་པ་དེ་དག་རྒྱལ་ཁབ་ལ་རྨོངས་ཞེན་ཆེ་བ་ལ་སོ་ཟད་རུས་འཐམས་ལྟ་བུར་འདུག
དེ་ནས་ངས་ཕོ་གསར་བོད་པ་དེ་ཁྱོད་ཀྱིས་གང་ནས་ངོ་ཤེས། ཁོས་རྒྱ་སྐད་ཤེས་སམ། ཞེས་དྲིས་པ་ན། དེ་འདི་ག་རྡོ་རྗེ་གདན་རང་ནས་ངོ་ཤེས་གྲོགས་པོ་ཆགས་ཡིན། ཁོས་རྒྱ་སྐད་མི་ཤེས་མོད། ང་གཉིས་ཀྱིས་དབྱིན་སྐད་བཤད་རེས་བྱེད་བཞིན་ཡོད་ཟེར། རྗེས་སུ་ངས་ཤེས་དུས་ཕོ་སར་དེ་དང་གྲྭ་བ་གཉིས་པོ་བཅས་ཁོང་ཚོ་བྱེས་སུ་འཚར་ལོངས་བྱུང་བའི་བོད་མི་སྟེ། ལྡེ་ར་ལྡུམ་ནས་རེད་འདུག དེ་ནས་ངས་རྒྱ་མོ་དེར། དབྱིན་སྐད་གང་ནས་སྦྱངས་པ་སོགས་སྐད་ཆ་མང་པོ་དྲིས་པར། བདེན་མིན་མི་ཤེས་ཡང་གང་དྲིས་ལན་ནི། མོ་རང་སི་ཁྲོན་ཀྱི་མཐོ་རིམ་སློབ་གྲྭ་ཞིག་གི་སློབ་ཕྲུག་དང་། དབྱིན་སྐད་དེ་རུ་སྦྱངས་པ། དགུན་ཁའི་གུང་སེང་གི་དུས་ཚོད་སྤྱད་ནས་འདིར་ཡོང་བ། ཡོང་དོན་ཆོས་ཡིན་པ། སློབ་གྲྭ་ཚོགས་ཉེ་བས་ཉིན་གྲངས་མང་པོ་བསྡད་ཁོམ་མེད་པ་སོགས་བརྗོད། ད་ནི་ཨ་ནེ་མོ་རང་གི་སྐོར་ཏེ། སོ་བ་ཡིན་མིན་དེ་བཤད་ཚོད་མི་ཐུག་མོད། ཨ་ནེ་ངོ་མ་ཞིག་ཡིན་པ་ལ་ཐེ་ཚོམ་མི་འདུག་སྟེ། རྙིང་མའི་ཞལ་འདོན་མང་པོ་ཞིག་བློ་ལ་འགྲོ་ཞིང་། ཉིན་རེ་བཞིན་སྒོམ་ཡང་རྒྱག ཡིན་ན་ཡང་ཕྱིར་སྐྱོད་ལག་ཁྱེར་སྟེང་། སྐྱ་ཆོས་དང་སྐྲ་རྫུན་གྱོན་པའི་པར་འདུག མོས་ཟེར་དོན་ལ་ཡང་། སྐྱ་བོར་བརྫུས་ནས་ཡོང་བ་ཡིན་ཟེར། ཉིན་ཞིག་ཕ་ཡུལ་ཕྱོགས་ཀྱི་ངོ་ཤེས་ཤིག་ནས། ཁྱོད་རྒྱ་གར་ལ་འགྲོ་ན། ལག་ཁྱེར་ཁོ་བོས་བཟོ་ཆོག་ཅེས་བརྗོད་སོང་བས་དགའ་བོས་ཀྱང་ཁས་བླངས་པ་ཡིན། འདིར་ཡོང་དུས། ཁོ་རང་ཡང་རྒྱལ་ཁབ་ཀྱི་ལས་ཀ་བ་རེད། ཁོ་ལ་མི་སུམ་ཅུ་ལྷག་འདུག་ཟེར། སྐབས་ཤིག་མོས་ང་ཁྲིད་དེ་ཨ་ནེ་རྣམས་བཞུགས་ཤག་ཏུ་སོང་། མོ་ན་རེ། ཁོང་ཚོས་ང་ལ་ཁ་གྲག་གི་མ་རེད།
ཨ་ནེ་གཅིག་གིས་ང་རྡུང་གྲབས་ཀྱང་བྱས་སོང་ཟེར། ཁྱད་མཚར་བ་ལ། བོད་པའི་ཨ་ནེ་ཚོ་དང་མོ་རང་གི་བར་ན་སྐད་ཆ་བཤད་རེས་མི་འདུག ཅུང་ཙམ་ནས་བོད་པའི་བཙུན་མ་གཉིས་ཀྱིས་ང་ལ་བཤད་དོན། རྒྱའི་ཨ་ནེ་འདིས་སྐུ་མདུན་གྱི་སྐུ་པར་གྱི་མགོ་ཚང་མ་བཀོག་གི་འདུག དེ་འདྲ་བྱས་ན་སུས་ཀྱང་སྣང་བར་འགྲོ་གི་མ་རེད། སྐུ་མདུན་ཟེར་ན་འཛམ་གླིང་གི་བླ་མ་རེད་པ་ཟེར། དེ་དུས་མོས་ཀྱང་བརྗོད་དོན་ཧ་གོ་ནས་དེབ་དེ་ང་ལ་བསྟན་སོང་། སྐུ་མདུན་གྱི་བདེན་བཞི་ངོ་སྤྲོད་ཀྱི་དཔེ་ཆུང་གྲུ་བཞི་མ་ཞིག་རེད། མདུན་རྒྱབ་གཉིས་ན་སྐུ་མདུན་གྱི་སྐུ་པར་བཞུགས་མོད། མོས་དབུ་རང་མེད་པ་བཟོས་ནས་ལྟ་མི་སྤྲོ་བ་ཞིག་བཟོས་འདུག མོས་བཤད་རྒྱུར། དེབ་འདི་ངས་རང་ཡུལ་ལ་ཁྱེར་རྩིས་ཡིན། རྒྱའི་མཐའ་སྲུང་དམག་གི་ཉེན་ཁ་ལས་མཐར་ཕྱིར་བཀོག་པ་ཡིན་ཟེར། ངས་མོའི་སྐད་ཆ་བོད་སྒྱུར་ཞུས་པ་ཡིན། བོད་པའི་ཨ་ནེ་ཞིག་ན་རེ། དེ་འདྲ་ཡིན་ན། པར་ཆ་ཚང་བཀོག་ན་འགྲིག་གི་རེད་པ། དབུ་གཅིག་པུ་བཀོག་དོན་ག་རེ་རེད། ང་ཚོས་མོ་ལ་སྙིང་རྗེ་ནས། དང་པོ་གང་དགའ་དགའ་བྱས་མོད། མོས་བྱེད་སྟངས་འདི་འདྲ་འདུག་ཟེར། ངས་ཀྱང་མོ་ལ། རེད། བཀོག་ན་ཆ་ཚང་བ་བཀོག་ན་ལེགས་ཞེས་ལབ་མོད། མོས་དེ་མུར་ཉིན་གྲངས་གཉིས་ཙམ་བཞག་སོང་། རྗེས་ནས་པར་ཆ་ཚང་བཀོག་འདུག གང་ལྟར་ཡང་། མོས་དེབ་དེ་མགོ་ནས་མཇུག་བར་འབྲི་དེབ་ཅིག་གི་སྟེང་གཙང་བཤུས་བརྒྱབས་སོང་།
ཉིན་གཅིག་ཨ་ནེས་ཟེར་ན། རྒྱལ་ཁབ་ཀྱི་ལས་ཀ་བ་འདི་ཚོས་ང་རྒྱ་གཞུང་གི་སྲུང་དམག་ལ་རྩིས་སྤྲོད་ས་རེད། ངའི་ཅ་དངོས་ནང་། ཆབ་སྲིད་ཀྱི་དེབ་འདྲ་ལྐོག་ནས་འཇུག་ཉེན་འདུག མོ་རྒྱ་ནག་ཏུ་ནམ་ལོག་རྒྱུའི་ཟླ་ཚེས་རྣམས་ཚང་མ་གསང་ཡོད་ཟེར། མོས་ང་ལ་གནམ་གྲུའི་འཛིན་ཡིག་བསྟན་སོང་། སྤྱི་ཟླ་ ༣ ཚེས་ ༢ ཉིན། ལྡི་ལི་ནས་ཤར་རྒྱག་རྒྱ་ནག་ཏུ་འཕུར་བྱེད་རེད་འདུག
མོ་རང་གིས་སྡོད་གནས་དང་སྡོད་ཤག་སོགས་ཞིབ་ཕྲ་ཤོག་བྱང་སྟེང་བྲིས་ནས་ང་ལ་སྤྲད་མོད། ངས་མོ་ལ་ཡིད་ཆེས་ཆ་ཚང་ཞིག་བྱེད་མ་ཐུབ་པས། ཕ་ཡུལ་ཨ་མདོ་ཡིན་པ་ཙམ་ལས་དེ་མིན་ས་ཕྱོགས་ཙམ་ཡང་མ་ལབ་ཅིང་། རྡོར་གདན་ནས་ནམ་ཐོན་གྱི་སྐད་ཆ་ཡང་བཤད་མེད། ཕྲན་མེ་འཁོར་ལ་བསྡད་དེ་འགྲོ་བཞིན་པའི་སྐབས། བློ་བུར་དུ་ཁ་པར་སླེབས་ཏེ། ཁྱོད་མཐོང་མ་སོང་གང་ན་ཡོད་ཟེར། ང་མེ་འཁོར་ནང་ཡོད་ལབ་པས། ཁྱེད་ཀྱིས་ང་ལ་ཅི་ཕྱིར་མ་ལབ། ཡིན་ན་ཡང་། yi lo pin an ༼ཀློག་ཀླད་དུ་རྒྱ་ཡིག་མེད་བརྟེན་ཕཱིན་ཡཱིན་བྲིས༽ ཟེར།
དངོས་ཡོད་གནས་ཚུལ་ཡིན་མིན་ཐེ་ཚོམ་མེད། འོན་ཀྱང་འདིར་བགོད་ཅི་ཡིན?
དངོས་ཡོད་གནས་ཚུལ་ཡིན་མིན་ཐེ་ཚོམ་མེད། འོན་ཀྱང་འདིར་བགོད་དོན་ཅི་ཡིན?
ད་ལོ་དུས་དབང་སྐབས་སུ་བོད་མི་མང་པོ་དང་བླ་མ་མང་པོ་རྒྱ་མིའི་གསང་ཉུལ་གྲལ་དུ་བཞག་སོང་ཟེར་ནས་སེམས་ཕམ་འདུག དགྲ་གྲོགས་མི་ཤེས་པའི་བསྒྲིགས་འཛུགས་པ་ཚོ་གཟབ་དགོས་པར་འདྲ།
གཉིས་ཀར་ཁག་ཡོད་མ་རེད།
yi lo pin an མ་རེད།
yi lu ping an རེད་གྲོགས་པོ་ལགས།
一路平安
ཁྱེད་ཀྱང་ཉུལ་མ་མིན་པར་ཤོག
རྙོག་ཐག་ཆོད་ཞིག་བྲིས་འདུག དོན་ཡག་པོ་ཞིག་ཧ་གོ་མ་སོང་། ཉུལ་མ་དེ་འདྲ་ངོ་ཤེས་ཆོག་ཆོག་ཞིག་ཡོད་ན་ཀྲུང་གོའི་གཞུང་སྐྱོ་བ་ལ།
བཙུན་མ་དེས་བཤད་སྟེང་ལ་ལྟོས་དང་སྙིང་རེ་རྗེ་འཁྲལ་ལུ་འཁྲུལ་ལེ་་་་་མོ་ཡང་རང་ག་བ་ཞིག་མ་རེད།
རྣམ་རྟོག་དགུ་འགྱུར་བྱུང་པའི་བྱང་མིང་བ།།
ཡ་མ་རླ་ཡི་རྫུན་གཏམ་མང་ཁུར་དེ།།
ཚོད་མེད་བླུན་པོའི་ངང་ཚུལ་ལྷུར་བླང་ནས།།
ཨ་ནེའི་གཡོ་རྒྱུའི་འོག་གི་བུ་རུལ་དེ་སྐྱོ་བ།།
ཉུལ་མ་ལོ་ལོ་བདེ་མོ་སྡོད།། བཙན་བྱོལ་བོད་མིའི་བྱ་བཞག་ནི།། ཕྱི་གསལ་ནང་གསལ་ཆེར་ལེབ་འདྲ།། ཕྱི་ནས་བལྟས་ན་ནང་རིག་ནང་ནས་བལྟས་ན་ཕྱི་རིག་་་་གླེན་རྨོངས་ཀྱི་ངངཚུལ་མ་འཛིན་རབས་ཡིན་ན་རང་གི་ཕ་ཡུལ་གང་ཡིན་པ་དེ་ནས་བདེ་སྐྱིད་ཀྱི་འཚོ་བ་ལ་རོལབཙན་བྱོལ་ནང་ནས་མཆི་རག་བར་དུ་བསྡད་ཡང་གསང་པའི་བྱ་བ་གང་ཡང་མེད་་་་་་ཉུལ་མ་ཡོད་ཚད་ལ་བྲིས།
ངའི་མཆན་བུ་མི་འདུག་་་་་་ཨ་ཁ་ཁ་ཁ་ལྷག་པར་དུ་རྩོམ་དེ་འཕངས་པ་ལ།
ཟླ་འདིའི་ནང་ལྡི་ལི་ཇོ་ནང་མགྲོན་ཁང་ནང་ན་རྒྱའི་གསང་ཉུལ་བ་ཞིག་གིས་ཁང་བ་བླངས་ནས་བསྡད་ཡོད་པ་གོ་སོང་། རྒྱ་མི་དེས་ང་གསང་ཉུལ་ཡིན་ཞེས་གཞན་ལ་བཤད་པ་མ་ཟད་གསང་ཉུལ་བའི་དཔང་ཡིག་ཀྱང་འཛེམ་མེད་ངང་སྟོན་ཀྱིན་འདུག་ཟེར་བཞིན་འདུག
ཡག་པོ་མ་རེད་ད་ཁོ་ཚོ་གསང་ཉུལ་ཡིན་མིན་མི་ཤེས་མོད་ཡིན་ན་ཡང་གསལ་པོར་བཟོས་དགོས་པ་རེད་དོ་
རྒྱ་མའི་སོ་བ་ཅི་ཙམ་ཡོད་ཡང་ཡག་པོ་རེད།་གང་ཡིན་ཟེར་ན་ང་ཚོའི་རེ་བ་དང་དམིགས་ཡུལ་གང་ཡིན་པ་གསལ་བོར་རྟོགས་ཐུབ་ངེས་རེད།
མང་ཐོས་གླེན་པ་ཁྱོད། ས་གནས་རྒྱ་གར་ཉེན་རྟོག་པ་གསང་བརྡ་ཞིག་སྤྲོད་དགོས་པ་ལ་་་་་
ཉུལ་མ་མ་རེད། མྱུལ་མ་རེད། དག་ཆ་གཟོབས་ཤིག
གང་ལྟར་ཁྱེད་ཀྱིས་ལབ་པའི་ཨ་ནི་འདི་ངོ་མ་མིན་པར་ཤོག འདི་ཡིན་ན་རྒྱ་གཞུང་གིས་ཧ་གོ་ཚར་སོང་། གང་ཡིན་ཟེར་ན་གསོ་བ་འདིའི་ཁ་གསལ་ཧ་གོ་བའི་ཕྱིར།
གསོ་བ་མ་རེད་སོ་པ་རེད། །
དག་ཆའི་རྗེས་ལ་ཐལ་ངག་བཀོད། །
གསང་ཉུལ་བ་ཚོ་ལ་དགའ་བསུ་ཞུ་ཁྱེད་རྣམས་ཀྱི་བཙན་བྱོལ་ནང་ནི་དངོས་ཡོད་གནས་ཚུལ་ལ་འཁྱོགས་བརྗོད་མི་བྱེད་པར་ཕར་ལོག་ནས་རྒྱ་དམར་ཚང་ལ་བདེན་གྲང་གི་སྐད་ཆ་དག་མ་ཞིག་བཤད་རོགས་ཞུ། རྒྱ་མི་མིན་རུང་བོད་མིའི་ནང་ལ་གསལ་ཉུལ་བ་མང་རྒྱུ་རེད་་་་་རྣ་འདྲེན་པ་དེ་ཚོ་
གནས་ཚུལ་དེ་འདིར་བཀོད་པ་ཡག་བྱུང་། བོད་མི་མང་པོ་ཞིག་་གིས་གཟབ་ནན་བྱེད་བདེ་བ་ཡོང་ངེས་རེད། དེང་སྐབས་རྒྱ་མི་སོ་བ་ཁེངས་འདུག གྲོགས་པ་ཞིག་གིས་བཤད་ན། འདི་ལོ་གསུམ་བཅུ་དུས་དྲན་ཉིན་རྡོར་གླིང་བོད་མི་ཚོས་དུས་ཚོད་ཉེར་བཞིའི་རིང་ཟས་བཅད་ངོ་རྒོལ་བྱེད་དུས། ཉིན་རྒྱབ་དུས་ཚོད་གཉིས་པ་ཙམ་རྒྱ་མི་ཕོ་གཉིས་འོང་ནས་ཟས་བཅད་པ་རྣམས་པར་མང་པོ་རྒྱག་བཞིན་པའི་སྐབས། གཞོན་ནུ་ལས་བྱེད་ཅིག་གིས་བོད་དོན་ཁྱབ་བསྒྲགས་དབྱིན་ཡིག་ཐོག་བྲིས་པ་ཞིག་ཁོ་ལ་སྤྲད་ཀྱང་ལངས་མི་འདུག སྐབས་དེར་ལས་བྱེད་དོགས་པ་ཟ་ནས་ཁྱེད་རང་ལུང་པ་གང་ནས་ཡིན་ཞེས་འདྲི་དུས་དབྱིན་སྐད་ཐོག་རྒྱ་ནག་ཅེས་སྐད་ཤུགས་ཆེན་པོ་དང་ངོ་མདངས་དམར་བོས་བརྗོད་ཡོད་འདུག གནས་ཚུལ་དེ་རྐྱེན་པས་གཞོན་ནུ་ཕོ་གསར་ཁ་ཤས་ཀྱིས་རྐང་བཙུགས་ནས་བོད་དོན་ཡིག་ཆ་ཁག་ཅིག་ཁོ་ལ་སྤྲོད་ཐབས་བྱས་ཀྱང་ཁོ་བ་རྒྱང་བཀྱེད་ནས་ལག་པ་གཡུག་གཡུག་བྱས་ནས་ཡིག་ཆ་དེ་གཏན་ནས་བླངས་མི་འདུག ད་དུང་རྒྱ་མིའི་སོ་བའི་གནས་ཚུལ་གོ་རྒྱུ་ཡོད་ཀྱང་བགོད་བདེ་མེད་སྟབས་རེ་ཞིག་འདིར་འཇོག་གི་ཡིན།
བྱང་ཆུབ་མིང་ཅན་ལ་ཐུགས་རྗེ་ཆེ། ཁྱེད་རང་ལྟ་བུ་རྒྱའི་མྱུལ་བར་ཐུག་མཁན་ད་དུང་བོད་མི་ཡོད་ངེས་རེད། ཁྱེད་ཀྱིས་གནས་ཚུལ་འདི་རྣམས་བོད་མི་ཚོས་ཤེསརྟོགས་བྱུང་ན་བསམས་ནས་དཀའ་ལས་ལ་མ་འཛེམས་པར་ཡིག་ཐོག་བྲིས་ནས་བོད་མི་ཚོར་གཟབ་དགོས་པའི་ཉན་བརྡ་བཏང་བ་དེ་ཡག་བྱུང་ཞུ་རྒྱུ་ཡིན། ཐུབ་པ་ལགས། ཁྱེད་རང་གལ་སྲིད་རྒྱའི་གསང་ཉུལ་བ་ཞིག་ཡིན་ན་གནས་ཚུལ་འདི་འདྲ་ཕྱིར་བསྒྲགས་བྱེད་ཀྱི་རེད་དམ། དོན་ངོ་མ་ཁྱེད་རང་རྒྱའི་གསང་ཉུལ་བ་མིན་པར་ཤོག་གནས་ཚུལ་སྤྲད་པར་ཡག་བྱུང་ཟེར་རྒྱུ་མེད་པར།
ཆོས་འཕེལ་དར་རྒྱས་ཞེས་པ་འདིས་ཀྲུང་གོ་ཞེས་པ་དེ་སྲིད་པ་གསུམ་འགྲན་ཟླ་བྲལ་བ་ཞིག་ཡིན་སྙམ་ཡོད་ས་རེད། ངོ་མ་སྡར་མ་རེད། ཀྲུང་གོའི་གླ་ཆ་འདྲ་ཟ་ཡི་བཞིན་མེད་དམ།
གསང་མྱུལ་བ་ཞིག་གི་གནས་ཚུལ་འདི་འདྲ་ཞིག་ཤེས་ཐུབ་པ་དེ་ཤེས་པ་རེད། དེ་ལས་ཤེས་ན་གསང་མྱུལ་བ་མ་ཡིན་པ་མཚོན་ཐུབ། དེ་ཧ་གོ་ན་བཟང་།
གསང་ཉུལ་པ་རེད་བསམ་པ་དེས་གསང་ཉུལ་པ་མིན་པ་ཧ་གོ་ཐུབ་པ་རེད།
རྒྱ་མིའི་གསང་ཉུལ་ཟེར་བ་དེ་འདྲ་ཐབས་སྐྱོ་བ་ལ།
ཨ་ནེ་དེ་ཡིས་གཞན་ལ་དོགས་པ་ལང་། །
བྱང་ཆུབ་ལགས་ཀྱིས་ཨ་ནེར་དོགས་པ་ཟ། །
དྲྭ་པ་ཞིག་གིས་བྱང་ཆུབ་ཉུལ་མར་དོགས། །
འདི་ན་ཐམས་ཅད་གྲུང་པོ་ཤ་སྟག་རེད། །
འདི་ན་རྒྱའི་གསང་མྱུལ་བའི་གཡོ་ཇུས་རབ་རིབ་ཅིག་གལས་འདོན་བྱས་འདུག འདིས་རྗེས་ཕྱོགས་ང་ཚོས་རྒྱ་མི་རིགས་ལ་དོགས་ཟོན་བྱེད་དགོས་པའི་བརྡ་ཞིག་བསྟན་འདུག རྩོམ་ཡིག་འདིའི་དགེ་བ་ཡང་དེ་རེད། ཕྱོགས་གཅིག་ནས་རྩོམ་ཡིག་འདིས་རང་གཞུང་གིས་རྒྱ་ནག་གི་བསམ་བློ་བ་ཚོས་བོད་ཀྱི་གནད་དོན་ཐད་ཀྱི་རྩོམ་ཡིག་དང་དཔེ་དེབ་རིགས་མང་ཙམ་འདོན་སྤེལ་བྱས་ཏེ། ༸གོང་ས་མཆོག་གི་གསུང་ཆོས་སོགས་མི་མང་འཛོམས་སར་འགྲེམ་སྤེལ་ཐུབ་ན། རྒྱ་མི་ཚོས་གནས་ལུགས་ངོ་མ་ཤེས་རྒྱུར་ཕན་ཐོགས་ཡོད་པ་དང་། རྒྱ་མི་རིགས་ཀྱི་བསམ་བློ་འགྱུར་ཚུལ་བཤད་འདུག འདི་ཚོ་ངོ་མ་ང་ཚོས་ཤེས་དགོས་པའི་གནད་རེད། རྩོམ་ཡིག་འདིས་མི་ལ་ལ་ཞིག་ལ་ཕོག་གི་ཡོད་ན། ཕོག་ས་དེ་ཚོར་ཡང་གཟབ་དགོས་པ་ཞིག་རེད། རྩོམ་ཡིག་འདིས་གསང་བ་ཞིག་བརྟོལ་གྱིན་ཡོད་པས་རེད།
ཁ་སང་གྲོས་ཚོགས་ནང་ལའང་བོད་ཡིག་གི་དྲ་ཚིགས་སུ་མཆན་འདེབས་མཁན་ཁྲོད་རྒྱ་མིའི་གསང་ཉུལ་བ་ཡོད་སྐོར་བཤད་འདུག ཐུབ་པ་མིང་ཅན་དང་། སྲིད་འབྱོར་རིགས་གསུམ་མིང་ཅན་འདི་ཚོ་ངོ་མ་ཧོ་གོ་ཤེས་མི་འདུག
ཐུབ་པ་ཞེས་པའི་མི་འདིར་རྒྱ་ཞེན་ཞིག་ཡོད་ཁོ་ཐག
བསྟན་འཛིན་ལགས། དེ་ལ་ཧ་ལས་དགོས་དོན་གང་ཡོད། ཡོད་ནའང་ཡོད་དུ་ཆུག ང་ཚོ་ལ་གསང་དགོས་པ་དེ་འདྲ་གང་ཡང་མེད་རེད། རྒྱ་མིའི་འོག་ལ་སྡོད་གི་ཡིན་ཟེར་གི་ཡོད་རེད། གཞོན་ནུ་མ་གཏོགས་ཚོགས་པ་ཚང་མ་དེ་རང་རེད།
བློ་གྲོས་ལཊ། ཀྲུང་གོའི་དངུལ་གྱིས་བོད་ཡུལ་གྱི་དགོན་པ་ཡོངས་རྫོགས་བཀང་འདུག མཆོད་ཁྲིའི་ཐོག་ན་སྐུ་གསུང་ཐུགས་རྟེན་ལས་ཀྲུང་སྒོར་མང་བ་འདུག དེ་བཞིན་དུ་ཀྲུང་སྒོར་རེ་རེའི་ངོ་ལ་མོ་ཙེ་ཏོང་གི་པར་འདུག དེ་ན་མཆོད་འབུལ་བྱེད་མཁན་དང་མཆོད་འབུལ་བྱེད་མཁན་ཚང་མ་ཀྲུང་གོའི་ཉུལ་མ་ཨེ་རེད།
ཀྲུང་གོ་ཟེར་ན་རྒྱ་ནག་རེད།།
རྒྱ་ནག་བོད་པའི་ཐ་སྙད་རེད།།
ཀྲུང་གོ་རྒྱ་མིའི་ཐ་སྙད་རེད།།
དེ་ཁྱད་པར་ཆེན་པོ་ཡོད།།
གོ་ན་རྣ་བའི་བུ་རམ་གྱིས།།
མ་གོ་རྣ་ཅོག་ལྟབ་ཚིག་རྒྱོབ།།
རྒྱ་ནག་ཟེར་བ་རིཊ་མིན་ནམ།
ཀྲུང་གོ་ཞེས་བའི་རྒྱལ་ཁབས་དེར།
མི་རིགས་ལྔ་བཅུ་བརྒལ་ཚོད་གོ
གོང་ས་མཆོག་གི་གསུང་འཕྲིན་ལས།
ཀྲུ་གོའི་འོག་ནས་རང་སྐྱོང་ཞེས།
ཡང་ཡང་བརྗོད་པའི་དོན་སྙིང་འདི།
བོད་འདི་རྒྱ་རིགས་བྱེད་པར་མིན།
ཆོས་འཕེལ་དར་རྒྱས་ཁྱོད་ལ་རྒྱ་ཞེན་ཞིག་ཡོད་པ་གསལ་བོ་རེད། ཧུ་ཡི་གསང་སྤྱོད་ཁྲུད་དུ་རྒྱུགས།
ཆོས་འཕེལ་དར་རྒྱས་མིང་ཅན་འདིས། ཕག་གི་ཡ་མགལ་དང་ལུག་གི་མ་མགལ་གཉིས་བཙན་སྦྱོར་བྱེད་ཀྱི་འདུག
ཁྱེད་རང་གི་དེ་རིག་པ་ཞིག་རེད་བསམ་གྱི་འདུག་གམ། གད་མོ་ཤོར་བྱེད། ཧ་་་་་་་་་་་་་་་་་་་་་་ཧ།
ཧུ་ཡི་གཙང་སྤྱོད་ཁྱེད་ཀྱི་གཙང་སྤྱོད་ལས་གཙང་ཞིག་ཡོད་པ་ཐག་ཆོད། དེ་ཁྲི་དགོས་ན་སྐྱོན་མེད་ཀི
ཨོ་ལེ་མོ།
ངས་ཁྱེད་རང་དེ་འདྲ་ཞིག་རེད་སྙམ་ཡོད། གཏམ་དྲིས་ན་མི་བཤད་སྒུག་ན་ཤེས་ཟེར་བ་དེ་ཅི་མ་བདེན།
ཨ་ལ་རྩེད་མོ་ཡིན། ང་ཚོ་བོད་པ་ནང་ཁུལ་ཁོག་རྒྱ་ཆེ་དགོས། ཆིག་སྒྲིལ་དགོས། བོད་རྒྱལ་ལོ།
གསང་མྱུལ་བས་རང་ཉིད་གསང་མྱུལ་བ་ཡིན་ཟེར་རྒྱུ་མ་རེད་མོད།་་་་གོང་གསང་མྱུལ་སྐོར་རབ་རིབ་ཅིག་བསྟན་པ་དེ་ལྟར་བཤད་མོད།་་་་གང་བདེན་གང་རྫུན་བཤད་ཚོད་མ་ཐིག་ཀྱང་གསང་བའི་ཕྱོགས་ཡར་མར་ལ་མྱུལ་ནས་ལས་དོན་བྱེད་མཁན་ཡིན་ན་ངེས་པར་དུ་རང་ཉིད་ཀྱི་ཐོབ་ཐང་གང་ཡིན་པ་དེ་མི་གཞན་ལ་བཤད་སྲོལ་ནི་ཡོད་རྒྱུ་མ་རེད་བསམ་པས་ཨ་ནེ་དེ་ཡིན་ཀྱང་ཆོག་་་་དེ་མིན་པའི་རྒྱ་རིགས་དེ་ཚོ་ཡིན་ཀྱང་ཆོག་་་་ང་ཚོས་མཐའ་གཅིག་ཏུ་གསང་མྱུལ་བ་རེད་ཟེར་ནས་བརྗོད་ནུས་པའི་རྒྱུ་མཚན་ཡང་དག་ཅིག་ཡོད་པ་མཐོང་མི་འདུག་་་་་ཁ་དཔེར་་་་་བཤད་བཤད་ཐམས་ཅད་ཉན་རྐྱང་མིན།།བྱིན་བྱིན་ཐམས་ཅད་ཟ་རྐྱང་མིན་ཟེར་བ་ནང་བཞིན་རེད།
དེ་ཡང་བོད་འདི་རྒྱ་ལས་རྒྱལ་དགོས་བའམ་ཡང་ན་ཀྲུང་གོ་ལས་རྒྱལ་དགོས་ཧ་གོ་དགོས་བར་སྣང་། དེ་མིན་བོད་ལ་བདེ་སྐྱིད་ལྡན་པར་ཤོག
སྤྱིར་རྒྱ་མི་གསང་མྱུལ་བ་ཡོད་པ་ནང་བཞིན་བོད་མི་ནང་རུལ་པའམ་བོད་མི་གསང་མྱུལ་བ་ཡང་གང་མང་ཡོད་པ་བཤད་མ་དགོས་པ་རེད།་་་་ཡིན་ན་ཡང་རྒྱ་མི་གསང་མྱུལ་བ་ནི་བོད་མིའི་མིག་ནང་ནས་མཐོང་ཆོག་ཆོག་ཡོད་ནའང་།་་་་བོད་མི་ནང་རུལ་པ་དེ་ཚོ་ནི་ཁྱེད་དང་ང་།་་་ཁོང་ཚོ་ཚང་མའི་ཟ་ཟུར་ཐམས་ཅད་ལ་ཁེངས་ནས་ཡོད་ཀྱང་ང་ཚོས་མཐོང་ཆོག་ཆོག་ཡོད་པ་མ་རེད།་་་་ནང་རུལ་བ་ཁོང་ཚོ་ནི་དངོས་གནས་བོད་མི་རིགས་ཀྱི་ཞབས་འདྲེན་དང་།་་་་ཕ་མའི་རྐང་འདྲེན་དྭངས་མ་དེ་ཡིན་ཀྱང་ཁོང་ཚོས་ད་རུང་གཟི་བརྗིད་ཅིག་དང་འཇོན་མདོག་བྱེད་ཀྱི་ཡོད་པ་ནི་ང་ཚོའི་ལོ་རྒྱུས་སྒང་ནས་ཐེར་འདོན་བྱས་ཏེ་རྒྱང་ཕུད་དུ་གཏོང་དགོས་པ་རེད།་་་་དེ་ལ་གུ་ཡངས་དང་བཟོད་བསྲན་བྱེད་མི་འོས་པ་ནི་འདས་པའི་བྱུང་རབས་ཀྱི་སྟེང་ནས་ཤེས་གསལ་རེད།་་་་དེ་བས་ང་ཚོས་གོང་གི་རྒྱ་མི་གསང་བའི་སྐོར་རབ་རིབ་ཅིག་བསྟན་པ་དེ་ལས་གསལ་ཞིང་གསལ་བའི་བོད་མི་ནང་རུལ་བའམ་གསང་མྱུལ་བ་དེ་ཚོ་ཡང་ཐེར་འདོན་བྱེད་དགོས་པའི་དྲན་བརྡ་བཏང་པ་ཡིན་པས་དྲ་གྲོགས་བྱང་ཆུབ་ལགས་ཀྱིས་གསལ་སྟོན་འདི་བརྒྱུད་ནས་བོད་མི་ནང་རུལ་བའམ་གསང་མྱུལ་བས་ནང་དཀྲུགས་དང་གནས་ཚུལ་བརྒྱུད་ལོན་བྱེད་པ་ལ་གོ་སྐབས་རྩ་བ་ཉིད་ནས་སྤྲོད་ཉན་གྱི་མ་རེད།་་་ཚང་མས་གཟབ་གཟབ་སྒོས་བདེན་མིན་དང་ཡིན་མིན་ཐག་གཅོད་ནན་མོ་བྱེད་དགོས་པ་ལགས།
གསང་ཉུལ་བ། གསང་བའི་བྱ་བ་ལ་རྒྱུས་མེད་པར་ཀུན་ལ་དོགས་པ་ཟ་བ་དེ་རང་ལ་ཤེས་རབ་ཆུང་བ་དང་། གཞན་ལ་ནག་ཉེས་འགེལ་བ་ཡིན་པས་གང་བྱུང་ཏུ་སྨྲ་མི་རུང་། སྤྱིར་གསང་ཉུལ་ཟེར་བ་དེ་ལོ་སུམ་ཅུའི་སྔོན་ལྟ་བུ་པར་རེརྒྱག་རྒྱུ་ཨེ་རྙེད་ལྟ་བ་དང་། སྲིད་འཛིན་མི་སྣའི་ཡོངས་ཁྱབ་ཀྱི་སྐད་ཆ་དང་། པར་ཏུ་བསྐྲུན་ཟིན་པའི་་དེབ་རེ་ལྐོག་ཁྱེར་ལྟ་བུའི་ལས་ཀ་ཕྲ་མོ་གཉེར་མཁན་ཞིག་མ་རེད། དེ་དག་དྲ་བ་དང་པར་བསྐྲུན་ཁང་སོགས་ནས་རྙེད་སླ་བས་འགྲོ་སོང་བཏང་ནས་ཆེད་ཏུ་མི་ཞིག་གཏོང་རྒྱུ་མ་རེད། གསང་ཉུལ་ཤེས་པར་འདོད་ན་རྒྱབ་ལྗོངས་ལ་བལྟ་རྒྱུ་གལ་ཆེན་པོ་རེད། དེ་རྒྱལ་ཁབ་སྟོབས་ལྡན་ཁག་གི་གསང་ཉུལ་དང་འབྲེལ་བ་མེད་ན་ཤེས་དཀའ་མོ་རེད། གསང་ཉུལ་འཛུལ་སའི་སྡེ་ཚན་ནི། གཞུང་གི་ལས་ཁུངས་ཆེ་ཁག། མི་སྣ་ཆེ་རིགས། དགོན་སྡེ་ཆེན་པོ། ཁྱད་པར་ཏུ་དཔལ་འབྱོར་དང་བདེ་སྲུང་། དམག་དོན་ལས་ཁུངས་སོགས་ཀྱི་གསང་བའི་ཡིག་ཆ་དང་། ནང་གྲོས་ཆེད་འཚོལ་བྱེད་རྒྱུ་རེད། ལས་གནས་ཀྱི་ངོ་བོ་ནས། ས་གནས་རང་གི་ཚོགས་པ། མི་སྣ་གནད་ཡོད་ཁག་གི་སྦྱིན་བདག གྲོགས་པོ། གྲོགས་མོ། སྐད་སྒྱུར། བློ་འདོན་པ། སློབ་མ་སོགས་ཀྱི་རྣམ་པས་རྒྱུན་ཏུ་སིམ་འཛུལ་བྱེད་པ་དང་། དེ་དག་གིས་ཐོབ་པའི་གསང་བ་དེ་ཡུལ་སྐོར་ལམ་ཁྲིད་པ། ཡང་ན་སྤྲང་བོ། ཚོང་པ་སོགས་བརྒྱུད་ནས་མཁོ་སྤྲོད་བྱེད་རྒྱུ་རེད། དེ་འགོག་ཐབས་ལས་ཀ་གང་ཡིན་ཀྱང་ཕྱི་ནང་གསང་གསུམ་ཞིག་ཡོད་པའམ། ཡང་ན་གསང་བ་གཏན་ནས་མེད་པ་ཞིག་དགོས། སྤྱིར་གསང་བ་མིན་ཀྱང་བྱ་བའི་སྔ་ཕྱིའི་གོ་རིམ་གྱི་གསང་བ་ཞིག་མེད་པ་གཏན་ནས་མི་སྲིད། དེ་མ་འགྲུབ་བར་ཏུ་རང་ཉིད་མི་རིགས་དེའི་འགན་ཁྲི་ཡོད་པ་ཞིག་དང་། ཆོས་ལུགས་ཀྱི་དམ་བཅའ་ཡོད་པ་ཞིག་ཡིན་པ་དང་། མི་རབས་རྗེས་མའི་ཞབས་འདྲེན་ཏུ་མི་འགྱུར་པ། ངོ་ཚ་ཤེས་ཤིང་ཁྲེལ་ཡོད་ཞིག་བྱེད་དགོས་པ་དང ། མི་རིགས་ཀྱི་དཔའ་བོ་རྣམས་ཀྱིས་ཚེ་སྲོག་བློས་གཏོང་བྱས་ཚུལ་ལ་བསམ་དེ་གསང་བ་སྲུང་དགོས། རྒྱུ་ནོར། བུད་མེད། མདུན་ལམ། ལུས་སྲོག་གི་ཉེན་ཁ་ལ་བསམ་བློ་གཏོང་མི་རུང་། རྒྱ་ནག་གི་གསང་ཉུལ་བའི་ལོ་རྒྱུས་དཔེར་བརྗོད་ན། སྔོན་ཆད་ཧྥ་རན་སིའི་གཞུང་ཚབ། ལོ་སྔོན་མར་གོ་རི་ཡའི་གཞུང་ཚབ་ཁང་་སོགས་སུ་བུད་མེད་མཛེས་མ་བཏང་སྟེ་སྔ་མ་ལ་ལོ་བཅུ་དང་ཕྱི་མ་ལ་ལོ་ཉི་ཤུར་གྲོགས་མོའི་ཟོལ་གྱིས་གསང་བ་བླང་པ་རེད། ཧྥི་ལི་པིན་དང་། ཐེ་ལན་ཌི་སོགས་སུ་དཔལ་འབྱོར་རོགས་སྐྱོར་པའི་ཟོལ་གྱིས་རྒྱུན་ཏུ་བསྡད་དེ་གསང་བ་ཁྱེར་བ་རེད། ཧིན་དྷུ་ཉི་ཤི་ཡ་དང་། ཏོས་པེ་སོགས་སུ་དང་ས་གནས་དེར་སྐྱེས་ཤིང་རྒྱ་ནག་ཏུ་སློབ་སྤྱོང་ཐོབ་པའི་བུད་མེད་སྐད་བསྒྱུར་བེད་སྤྱོད་བཏང་སྟེ་གསང་བ་བཏོན་པ་རེད། ལོ་སྔོན་མར་ཐེ་ཝན་ཏུ་ལན་གཉིས་ཙམ་ཏུ་ཡིག་ཆ་རེ་ལ་དངུལ་འབོར་ཆེན་བཏང་སྟེ་དམག་དཔོན་ཆེན་པོ་གཉིས་ཉོས་ནས་ཨ་རིའི་གནམ་གྲུ་་ཐེ་ཝན་ཏུ་ཡོད་པ་དང་། མེ་ཤུགས་འཕུར་མདའི་གསང་བ་ཤོར་བ་རེད། ཡང་ཉི་ཧོང་གི་ཚོང་པ་ཞིག་རྒྱ་ནག་ཏུ་ཡོད་པའི་ནང་མི་རྣམས་འཛིན་བཟུང་དང་། བཟོ་གྲྭ་གཞུང་བཞེས་སོགས་ཀྱི་འཇིགས་བསྐུལ་འོག་རང་གི་རྒྱལ་ཁབ་ཚོང་མཁན་གྱི་གསང་ཉུལ་བ་བྱས་པ་རེད། བྱང་ཀོ་རི་ཡའི་བུ་མོ་ཞིག་ལྷོ་ཀོ་རི་ཡ་ལ་འཛུལ་ཏེ་རང་ཉིད་ཆབ་སྲིད་ཉེས་ཅན་ཡིན་ཁུལ་དང་། ནང་མི་ཚོ་བཙོན་ཏུ་ཡོད་ཚུལ་གྱིས་བྱང་ཀོ་རི་ཡ་ལ་སྐྱོན་བརྗོད་ཤ་སྟག་བྱས། བྱང་ཀོ་རི་ཡས་ཀྱང་ཁྲམ་པ་འཁྲབ་ཏེ་མོའི་ནང་མི་རྣམས་ལ་གསར་འགྱུར་བརྒྱུད་ལམ་ནས་ཁྲིམས་གཅོད་བྱེད་ཁུལ་ཀྱིས་སྐྱིད་ས་ཞིག་ལ་ཉལ་ནས་བཞག ལོ་ཁ་ཤས་ལ་གསང་བའི་ལས་དོན་གང་མཚམས་བསྒྲུབས། ཉིན་གཅིག་ལྷོ་ཀོ་རི་ཡའི་གསང་ཉུལ་གྱིས་མོའི་གཡོ་སྒྱུ་ཤེས་ཏེ་བཙོན་ཏུ་བཅུག ན་ཉིན་ལོ་བར་བཙོན་ཁང་ཏུ་ལོ་བཅུགཅིག་ལ་བསྡད་པ་རེད། འདི་ལྟ་བུའི་གནས་ཚུལ་ཤིན་ཏུ་མང་། ངས་གསང་ཉུལ་ཕྱོགས་ལ་ཞིབ་འཇུག་གི་ཚོད་དཔག་ལྟར་ན་གོང་གི་དེ་གསང་ཉུལ་པ་ཞིག་གཏན་ནས་མ་རེད། དེ་བས་གཞུང་གི་ལས་བྱེད་ཚོའི་འགྲམ་གྱི་མི་དང་། བླ་ཆེན་ཚོའི་ཞབས་གྲྭས་ནང་ན་ཁ་ནས་རྒྱལ་གཅེས་གླེང་བཞིན་ཕ་བླ་བཙོང་ནས་སྡོད་མཁན་མེད་མི་སྲིད་པ་མ་རེད། གོང་ཏུ་བཤད་པ་ལྟར། དེང་དུས་སྤྲང་པོ་ལས་ཕྱུག་པོ་གསང་ཉུལ་པ་ཆོད་ཆེ། རྒྱ་ལས་བོད་པ་གསང་ཉུལ་པ་འགོག་དཀའ་བ་ལགས། ངའི་གང་བཤད་པ་ཞིབ་འཇུག་གི་དཔྱད་གཞི་ལས་སྒེར་བ་སུ་ལ་ཆེད་དུ་བརྗོད་པ་མིན་པས་དགོངས་པ་མི་ཚོམ་པར་ཞུ། །
དྲི་མེད་ལགས་ཀྱིས་བྲིས་པའི་བརྗོད་དོན་གོ་སོང་། ཐུགས་རྗེ་ཆེ་ཞུ།
ཆོས་འཕེལ་དར་རྒྱས་ཟེར་བའི་ཁྱི་སྡོམ་དེས།།
རྒྱ་སྐྱག་ཟོས་ནས་རྒྱ་རྐུབ་བལྡག་བཞིན་དུ།།
རྒྱ་གདོན་སྙིང་ལ་ཞུགས་པའི་ལས་བྱེད་པས།།
དྲ་གྲོགས་རྣམ་པས་ནམ་ཡང་ཡིད་གཟབ་མཛོད།།
གསེར་མདོག་གི་ཉི་མ་འདི་པེ་ཅིན་ནས་ཤར་བ་མ་རེད་དམ།
དེ་ག་རང་རེད་འདུག།རྒྱ་ལས་བོད་མི་གསང་མྱུལ་པས་བོད་མིའི་ཁྲོད་ནུས་པ་ཆེ་བ་འདོན་ཐུབ་ངེས།
པེ་ཅིན་ནས་ཤར་བའི་ཉི་མ་དེ་།བོད་མི་ལ་ཚོན་ན་་ཁྲག་གིས་ཉི་མ་དམར་པོ་རེད་།
བྱང་ཆུབ་ཁྱེད་རང་གི་གསར་འགྱུར་འདི་གོ་རྒྱུ་གང་ཡང་མི་འདུག་ལག་སོ་ཉུལ་ཡིན་ན་གསང་ཉུལ་ཡིན་ན་དེ་འདྲ་རྐུག་པ་ཡོང་གི་མ་རེད་དེའི་སྐབས་ཁྱེད་ལ་སེམས་ཁམས་བདེ་མིན་འདྲ་བྱུང་བ་འདྲ་རྡོ་རྗེ་གདན་ཚ་བ་ཆེ་བའི་ཡིན་པ་འདྲ་རྗེས་སུ་དོན་གདན་བཟོ་རོག་ཞུ་
ཉི་ཧོང་བདེ་སྲུང་ལས་བྱེད་ཀྱི་འགོ་བ་ཞིག་གིས་སྤྱི་འཐུས་སུ་གནང་བའི་གསུང་བཤད་ཏུ། གསང་ཉུལ་པ་ནི་ཆེས་ཉེན་ཁ་ཆེ་བ་དང་། ཆེས་མྱུར་འགྲུབ་དགོས་པའི་ལས་ཀ་ཞིག་ཡིན། དུས་ལས་ཡོལ་ན་གསང་བ་གད་སྙིགས་གྱུར་པ་རེད་ཟེར། གསང་ཉུལ་ཐམས་ཅད་མི་སྣ་ལྔ་ལས་གྲུབ་པ་ཞིག་རེད། འཆར་འགོད་པ། ནང་འདྲེན་པ། སྐྱེལ་འདྲེན་པ། སོ་བ། བདེ་སྲུང་པ། ༡་འཆར་འགོད་པས་རྒྱལ་ཁབ་ལ་མཁོ་བའི་གསང་བ་གང་ཡིན། དེ་ལེན་ཐབས། ཆེད་ལས་ཀྱི་མི་སོགས་གསར་པོ་ངེས་པར་བྱས་ཏེ་གསང་ཉུལ་བར་སློབ་སྤྱོང་སྤྲོད་པའི་ལས་འགན་དང་། ༢་ནང་འདྲེན་པ་ནི་གསང་ཉུལ་བའི་སྐུ་ཚབ་བྱས་ཀྱང་རུང་། གང་དུ་གསང་ཉུལ་གཏོང་དགོས་པའི་ས་གནས་དེའི་གནད་ཡོད་མི་སྣ། དེའི་ཉེ་འཁྲས་ཀྱི་མི། ལོ་རྒྱུས་ཁྱིམ་བརྒྱུད། ཕྱོགས་འགལ་ཚོགས་པ། སྐབས་འཚོལ་པ་སོགས་བེད་སྤྱོད་བྱེད་བདེ་བ་དག་ལ་ལས་འགན་བཅོལ་བ་དང ། དེ་དག་གིས་མི་ཆེན་གཙོ་བོ་རྣམས་ཀྱི་དགའ་་ཕྱོགས་བུད་མེད་དམ། དངུལ་སོགས་གང་ཡིན་རྒྱུས་ལོན་པ་དང་མཐུན་ཕྱོགས་ནས་འཛུལ་རྒྱུ་རེད། ༣་སྐྱེལ་འདྲེན་པ་ནི། གསང་བའི་ཡིག་ཆ་སྐྱེལ་འདྲེན་དང་། མཁོ་ཆས་སྤྲོད་ལེན། ནང་འདྲེན་པའི་གནས་སྟངས་ལ་རྒྱུས་ལོན་བྱེད་དགོས་པ་རེད། ༤་སོ་བ་ནི། ནང་འདྲེན་པ་དང་སྐྱེལ་འདྲེན་པ་གཉིས་གཞན་གྱིས་བསླུ་བྲིད་ཀྱི་འོག་ཏུ་འགྲོ་མིན། འཕོ་ལེན་དགོས་མིན། དགོས་པ་ཆེ་ན་དེ་གཉིས་གསོད་མཁན་རེད། ༢་བདེ་སྲུང་པ། གསང་བ་དང་ཇ་ལག་སོགས་བརྐུ་ཚེ་དེའི་བདེ་འཇག་དང་། ས་རྒྱུས། ཡོ་བྱད་མཁོ་སྤྲོད་པ། རྒྱལ་ཁབ་ཀྱི་མཚན་མཐོང་སྲུང་སྐྱོབས། དམིགས་བསལ་གྱི་དམག་རུ་འགུག་གཏོང་གི་དབང་ཆ་ཡོད་པ་ཞིག་ཡིན། གོང་ཏུ་མི་ཞིག་གིས་རང་ཉིད་གསང་ཉུལ་ཡིན་པའི་དཔང་རྟགས་བསྟན་སོང་ཟེར་བ་ནི་དགོད་བྲོ་བ་ཞིག་རེད། དེང་དུས་གསང་ཉུལ་བར་རང་གི་མིག་དང་ལག་པ། ཨཾ་གྲངས་ཤིག་ལས་དཔག་རྟགས་གང་ཡངདགོས་པ་མེད། གསང་ཉུལ་པའི་ཆ་རྐྱེན་ནི་། རང་གང་ཏུ་འགྲོ་བའི་ཡུལ་དེའི་ཟས་གོས་སྤྱོད་ལམ། ས་རྒྱུས། གནམ་གཤིས། ཆབ་སྲིད་སོགས་རང་གི་ཆེད་ལས་ལ་བྱང་ཆུབ་པ། སློབ་སྤྱོང་ཡག་པོ། རིག་པ་གྲུང་པོ། ཅིར་ཡང་བརྫུ་ནུས་པ་ནི་རྩ་བའི་ཆ་རྐྱེན་རེད། མི་གཤིས་ནི། སྙིང་སྟོབས་ཡོད་པ། རྒྱལ་ཞེན་ཆེ་བ། འཁོན་འཛིན་དམ་པ། འཚོ་འདོད་ཀྱི་བསམ་བློ་ཤུགས་དྲག་ཡོད་པ་ཞིག་དགོས། སྐབས་རེར་་སྙིངསྟོབས་ཆུང་བ། གཡོ་འཕྲུལ་ཚ་བ། འདོད་ཆགས་ཆེ་བའི་རིགས་མཁོ་བའི་དུས་ཀྱང་ཡོད། གསང་ཉུལ་པའི་ལས་ཀ་གཅིག་ནི། རྒྱལ་ཁབ་དེའི་ནང་གི་ཕྱོགས་འགལ་ཚོགས་པ་བེད་སྤྱོད་བྱས། གསར་འགྱུར་རྫུན་མ་བཟོས། ཕྲ་མ་བྱས་ཏེ་གཡོ་འགུལ་གཏོང་རྒྱུ་རེད། སྔོན་ཡུ་རོབ་མི་ཨ་རི་ལ་ཐོག་མར་སླེབ་ཚེ་ཨིན་ཌི་ཡའི་མི་རིགས་བར་འགལ་བ་བསླང་པ་དང་། དབྱིན་ཇིས་ནཻ་པལ་ཏུ་ནང་འཁྲུགས་བསླང་པ། ཨ་རིས་ར་ཤ་ཡ་གཏོར་བ་ལྟ་བུ་རེད། དེ་ལྟ་བུ་ལ་ཕྱོགས་ཀུན་ནས་གཟབ་དགོས་པ་གལ་ཆེ། གྲོགས་པོ་དག་རྒྱ་མི་ཡིན་ཚད་གསང་ཉུལ་པ་མིན་ལ། རྒྱ་ནག་ལ་དམངས་གཙོ་དང་རང་དབང་ལ་དགའ་མཁན་དུང་ཕྱུར་མང་པོ་ཡོད། དེ་བཞིན་བོད་ལ་རྒྱབ་སྐོར་བྱེད་མཁན་ཡང་ཡོད། དེ་ལ་ལེགས་པར་དཔྱད་དེ་མཇལ་སྐོར་བ་ཉམས་ཆུང་སེམས་ཁམས་མི་བདེ་མཁན་སོགས་གསང་ཉུལ་པའི་གྲས་སུ་མི་འཇོག་པར་ཞུ།
དྲི་མེད་ལྷག་བསམ་གྱིས་བཤད་པ་ཡང་བདེན་པ་རེད། ཡིན་ནའང་། བོད་ཀྱི་གནད་དོན་འདི་དམངས་ཁྲོད་ནས་སྟོབས་ཤུགས་རྒྱས་དགོས་པ་ཞིག་རེད། སོང་ཙང་ཁོང་ཚོ་དམངས་ཁྲོད་ལ་ཉམས་ཞིབ་བྱེད་རྒྱུ་དེ་ཁོ་ཚོའི་དགོས་མཁོ་ཞིག་རེད། ལྷག་པར་གཞིས་བྱེས་བར་གྱི་འབྲེལ་འདྲིས་སོགས་ལ། ང་ཚོ་བོད་པའི་གནད་དོན་དང་སྟོབས་ལྡན་རྒྱལ་ཁབ་ཕན་ཚུན་བར་གྱི་གསང་བ་རྣམས་ཕན་ཚུན་གཅིག་ཏུ་ལྟ་ག་ལ་རུང་།