ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་ ” ༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས། བོད་ཀྱི་སྐད་ཡིག་ལ་རང་དབང་དགོས”ཞེས་རང་ལུས་མེར་བསྲེགས་བཏང་བའི་སྐུ་གཤེགས་བསོད་ནམས་དར་རྒྱས་ཀྱི་ཁྱིམ་དུ་རེབ་གོང་ཡུལ་གྱི་དགོན་གྲོང་ཁག་གི་སྐུ་ཚབ་བླ་སྤྲུལ། སྡེ་དཔོན། གཞན་ཡང་མི་སྒེར་ཕོན་ཆེ་འབྱོར་བཞིན་དང་། དེ་བཞིན་རེབ་གོང་དང་ཐག་རིང་ཐུང་གི་ཡུལ་མགོ་ལོག་ར་རྒྱ་དང་རྔ་བ་ཀིརྟི་དགོན་གྱི་གྲྭ་མང་སྐོར་གཉིས་སླེབས་ནས་སྨོན་ལམ་གསུངས་འདོན་གནང་འདུག་པ་དང་། སྨོན་ལམ་གསུངས་འདོན་གནང་སྐབས་འདོན་ཆས་སོགས་རང་འགྲིག་གིས་བསྣམས་ནས་དད་ལྡན་དང་བ་འདྲེན་པ་གནང་འདུག གཞན་རེབ་གོང་ཤ་སྦྲང་སྡེ་བ་འདི་ནས་མཆེད་པའི་མཚོ་ལྷོ་ཐུན་ཏེ་ཤ་སྦྲང་ཚོ་དྲུག་གི་སྡེ་མི་རླངས་འཁོར་ ༡༥ ཙམ་མྱ་ངན་ཞུ་བར་ཡོང་སྐབས་ལམ་བར་དུ་བཀག་འདུག དེ་བཞིན་གཅན་ཚ་དང་དཔའ་ལུང་བཅས་ཀྱི་མི་སྣ་རིམ་འབྱོར་བྱུང་སྟེ། ཟ་འབྲུ་རླངས་འཁོར་ཆེ་བའི་ནང་ཁེངས་པ་ཕུལ་འདུག་པ་མ་ཟད། འདས་པོའི་ཨ་མར་མཇལ་བ་སོགས་ཁོང་གི་ཁྱིམ་དུ་མ་ཤོང་བར་ཁྱིམ་ཚང་གཞན་གཉིས་སུ་སྣེ་ལེན་བྱེད་དགོས་ཆགས་འདུག
གནས་ཚུལ་འདིའི་ཐད་སྐུ་གཤེགས་ཁོང་གི་སྐུ་ཟླ་སྒྲོལ་དཀར་མཚོ་ལགས་སུ་སེམས་གསོའི་བཀའ་མོལ་ཞུས་སྐབས། ཁོ་མོས་སྐབས་དེར” སྤྱིར་བཏང་སེམས་སྐྱོ་ནའང་། རང་གིས་བསམ་བློ་ཞིག་བཏང་། མི་མང་པོས་སེམས་གསོ་གཏོང་སྐབས། འཆི་དགོས་པ་དེ་གཡོལ་ཐབས་མེད་པ་ཞིག་རེད། འཆི་སྟངས་ཀྱང་འདྲ་མི་འདྲ་ཡོང་གི་ཡོད་སྟབས། ཁོང་གི་འཆི་སྟངས་འདི་ནི་(ཙ་ཡ་)རླབས་ཆེན་རེད་འདོད་ཀི”ཅེས་གསུངས་འདུག
ཕྱོགས་གང་ས་ནས་འབྱོར་ཏེ་སེམས་གསོ་གནང་བ་འདིར་བལྟས་ན དངོས་གནས་སེམས་དགའ་ནི་ཟིག་རེད ཆིག་སྒྲིལ་ཡོང་གི་ཡོད་པའི་རྟགས་ཤིག་རེད། མུ་མཐུད་ནས་འདི་ལྟར་གནང་ན་བསམ་དོན་འགྲུབ་པ་ཐག་རིང་པོ་མ་རེད་བསམ་གི
ངོ་མ་སེམས་འགུལ་ཐེབས་སོང་།
མཐུན་སྒྲིལ་གྱིས་ བོད་པ་ཚོ མཐུན་སྒྲིལ་ནི་ང་ཚོའི་སྟོབས་ཤུགས་ངོ་མ་དེ་ཡིན།
བོད་ཀྱི་ཨ་མ་ཁྱོད་ལ་བུ་སྐྱེས་འདུག་ཨ། བོད་རྒྱལ་ལོ། །
མི་རིགས་ལ་བརྩེ་ཞིང་དུང་བ་དང་། མི་རིགས་ཀྱི་སླད་དུ་ཅི་ཡང་བློས་གཏོང་བྱེད་ཕོད་པའི་ཁོ་ཚོ་བཟའ་མི་གཉིས་ནི་རང་བོད་མི་ཡོངས་ཀྱི་སེམས་ཁོང་གི་མ་བསྐྲུན་རྡོ་རིང་ཡིན།
ཆོལ་གསུལ་ཆིག་སྒྲིལ་་་འདི་དགའ་འོས་པའི་བྱ་བ་གལ་ཆེན་ཞིག་རེད་
མ་འོངས་རྫོགས་ལྡན་གསར་བའི་ཞིང་ཁམས་ལ།།
རེ་སྒུག་ཁྲི་མ་འབུམ་གྱི་ལོ་ཟླ་དག།།
ས་མཐའི་ཡུལ་ནས་སྐྱལ་བ་བདག་སེམས་རྨོངས།།
དུས་དང་ཡུལ་གྱི་ངོ་བོ་འགྱུར་ན་ཡང་།།
ཆོད་སེམས་འགྱུར་མེད་ཡུལ་གྱི་སྤུན་ཟླ་དག།
སྐྱིད་སྡུག་མཉམ་ཁུར་འདི་ཡང་རིན་ཆེན་ཞིག།
འདི་ཐོས་བདག་སེམས་དགའ་བའི་རྒྱུ་རུ་གྱུར།།
ཤ་ཁྲག་གདུང་རྒྱུད་གཅིག་པ་སྤུན་ཟླ་ཚོས།།
མ་བསྐུལ་དང་བླངས་འདི་ཡང་སེམས་ཀྱི་རྟེན།།
འདས་སོང་ལོ་ཟླའི་སྡུག་སྔལ་ཁུར་དུ་ལྕི།།
གཅིག་སེམས་གཅིག་ལ་རྟེན་པའི་སྒམ་པོ་དག།
མི་རིགས་འདི་ལ་ཡོད་པས་གཟི་བརྗིད་ཉིད།།
ངོ་མ་འགག་ལ་ཐུག་དུས་རྡོག་རྩ་ཆིག་སྒྲིལ་འདི་དགའ་འོས་པ་ཞིག་རེད། འདི་མེད་ན་ཚར་ནི་རེད། འདི་ཡོད་ན་དུས་ཡུན་རིང་མིན་ལ་མ་ལྟོས་པར་དམིགས་ཡུལ་འགྲུབ་ཐུབ་ནི་རེད། ཡ་ཡ་སྤུན་ཟླ་ཚོ་རྡོག་རྩ་གཅིག་ཏུ་སྒྲིལ། དཔུང་གདང་མཉམ་དུ་བཤིབ། དམིགས་འབེན་གཅིག་ཏུ་ཟུངས།
ངའི་མིག་གིས་ལྟ་ས་དང་སེམས་ཀྱིས་ཉན་ས་ནི་ཁྱེད་ཅག་ཡིན།
བུ་རྒོད་ཚོ།
བོད་པ་ངོ་མ། རུས་རྐང་ལས་རྩམ་དྲི་ཡལ་ཟིན་པའི་བོད་མི་དེ་དག་ལ་མིག་དཔེ་རེ་སྟོན་རོགས།
ཙ་ཡ་རེད།
མྱ་ངན་ཞུ་མི་ཕྱོགས་སོ་སོར་ནས་ཕེབས་བཞིན་པ་འདི་བོད་པའི་ཆིག་སྒྲིལ་ཡར་ཡར་འགྲོ་བའི་རྟགས་ཤིག་རེད།
རྒྱལ་གཅེས་དཔའ་བོ་ཁོང་རྣམས་ཀྱི་བཀའ་དྲིན་དེ། ང་ཚོས་འཇལ་རྩིས་གནང་ཡང་བ་སྤུ་ཁུང་བུའི་སྤུ་ཡག་གཅིག་གི་ཚད་དུ་འཇལ་ནུས་བྲལ་མོད་། ངོ་མ་ང་ཚོས་ཁོང་དག་ལ་དྲིན་གསོའི་མཚོན་བྱེད་དུ་་དཀའ་དྲིན་རྗེས་དྲན་གྱི་རྡོ་རིང་དང་། ཤུལ་ལུས་ནང་མི་ལྷན་རྒྱས་སུ་མཛའ་བརྩེས་སེམས་གསོ་ཞིག་བོད་མི་སྤྱི་བོར་གནམ་བསྟན་ཡོངས་ཀྱིས་མི་རེ་ངོས་རེ་ངེས་པར་གནང་དགོས་ངེས་ཀྱང་། དུས་ཀྱིས་སྐྱེན་པས་དེ་ལྟར་མི་ནུས་པས། དེ་ནི་ཆེས་བློ་ཕམ་དགོས་པ་ཞིག་ལས་མ་མཆིས། འོན་ཀྱང་གཞིས་བྱས་སྤུན་ཟླ་ཡོངས་ཀྱི་སེམས་གཏིང་ནས་ཁོང་རྣམས་ཀྱི་རླབ་ཆེན་གྱི་མཛད་རྗེས་དེ་བརྗེད་མི་སྲིད་ལ། དེ་བས་ཁོང་དག་གི་ཆེད་དུ་སྨོན་ལམ་དང་ཞལ་འདོན་གནང་གལ་ཆེ་བས། ཁོང་རྣམས་ལ་ཕན་པར་མི་ངེས་ཀྱང་། འཇིག་རྟེན་འདིར་ཡ་རབ་དང་བཟང་སྤྱོད་ཀྱི་རྣམ་པ་མཚོན་བྱེད་དུ་། དེ་ང་ཚོས་ཁོང་རྣམས་ལ་དྲིན་ལན་འཇལ་བྱེད་ཀྱི་ལག་ཆ་ཡག་ཤོས་ཤིག་ཡིན་པས་ཐུགས་བསྐྱེད་རྒྱ་མི་ཆུང་བར་གནང་རྒྱུ་གུས་པས་རེ་བ་ཡིན།
འདི་འདྲ་ཞིག་གི་ངང་ལ་རྒྱུན་བསྲིངས་ཐུབ་ན་དོན་ཆེན་ཞིག་གི་ལམ་སྣེ་འཇུས་ཟིན་པ་རེད། ཁྱེད་རང་ཚོའི་མཐུན་སྒྲིལ་ལ་རྗེས་སུ་ཡི་རང་ཡོད།།
བླ་མ་མཁྱེན།
སྲིད་གསུམ་སྡུག་བསྔལ་ཅི་འདྲ་ཁྱེད་ཀྱིས་མཁྱེན།།
དམྱལ་ཚོགས་མེ་དཔུང་ཞི་བར་བགྱིས་ལ་སོགས།།
སེམས་ཅན་དོན་དུ་རྟག་ཏུ་བརྩོན་པ་ལ།།
དམ་པ་རྣམས་ཀྱིས་ནུས་མཐུ་བསྩལ་དུ་གསོལ།།