ས་ཁྲ་ཆེན་པོར་གཟིགས་ན། བོད་ཡིག
དབྱིན་ཡིག
ས་ཁྲ་འདི་ལ་ཆད་ལྷག་ཡོད་ཚེ་མཆན་དུ་གསུངས་རོགས་གནང་། ས་ཁྲ་འདི་ནི་གནས་ཚུལ་བྱུང་རིམ་བཞིན་དུ་ཁ་གསབ་བྱེད་ཀྱིན་འདུག རང་བཙན་མཐུནཚོགས་ཀྱི་དྲ་རྒྱ་འདི་རེད།
ས་ཁྲ་ཆེན་པོར་གཟིགས་ན། བོད་ཡིག
དབྱིན་ཡིག
ས་ཁྲ་འདི་ལ་ཆད་ལྷག་ཡོད་ཚེ་མཆན་དུ་གསུངས་རོགས་གནང་། ས་ཁྲ་འདི་ནི་གནས་ཚུལ་བྱུང་རིམ་བཞིན་དུ་ཁ་གསབ་བྱེད་ཀྱིན་འདུག རང་བཙན་མཐུནཚོགས་ཀྱི་དྲ་རྒྱ་འདི་རེད།
ས་ཁྲ་འདི་དངོས་གནས་ཡག་པོ་ཞིག་བཟོས་འདུག འདི་གསར་འགྱུར་ལས་རིགས་ཆེ་ཁག་རྣམས་ལ་གཏོང་ཐུབ་ན་དེ་བས་ཀྱང་ཡག་པ།
༡ ས་གནས་དེར་དཔའ་བོ་ག་ཚོད་ཅིག་གིས་རང་ལུས་མཆོད་མེ་ཕུལ་ཡོད་པ། ༢ མི་ག་ཚོད་བསད་ཡོད་པ། ༣ མི་ག་ཚོད་ཡར་ལངས་བྱས་ཡོད་པ། ༤ ས་ཆ་གང་དང་གང་ཛ་དྲག་ཡིན་པ་སོགས་ཁ་གསལ་ཞིག་འགོད་ཐུབ་ན་གཞུང་དང་གཞུང་འབྲེལ་མ་ཡིན་པ། གསར་འགྱུར་འགོད་མཁན་རྣམས་བོད་ནང་དུ་བསྐྱོད་པའི་ཚེ་ཕན་ཐོག་ཆེན་པོ་ཡོང་ས་རེད། །
བཙན་གནོད་འོག་གི་བོད་མི་རིགས་ཀྱི་ས་ཁྲ་མེ་ལྕེ་དང་ཁུ་ཚུར་རེ་རེས་འབྱུང་འགྱུར་གྱི་བདེ་སྐྱིད་ལ་རེ་བས་ཁེངས།
ཡོད་ཚད་རྒྱ་དམར་གྱི་བཟུང་བའི་ངེད་མི་རིགས་འདི་དཔའ་མཛངས་ཀྱི་ཞིང་ཁམས་སུ་གྱུར།
བོད་ནང་དུ་མེར་སྲེག་གི་ངོ་རྒོལ་སུམ་བཅུ་གྲངས་ཀར་སླེབས་ནས་ཧ་ཅང་གི་ཛ་དྲག་ཇེ་ཆེར་གྱི་གནས་སུ་ལྷུང་ཡོད་ནའང་རྡ་སའི་ཟློས་གར་ཚོགས་པས་སྤྲོ་སྐྱིད་ཀྱི་ཟློས་གར་ཉིན་བདུན་རིང་རོལ་བཞིན་པ་འདི་ངོ་མ་ཡ་མཚན་ཞིག་རེད། གལ་སྲིད་ཁོང་ཚོས་དངུལ་འཁོར་སྒྲུབ་བྱེད་དགོས་ཀྱི་ཡོད་ཚེ་སློང་མོ་རྒྱབ་ན་འགྲིག་གི་མེད་པ་ཡིན་ནམ།
ས་ཁྲ་འདི་ཧ་ཅང་ཡག་པོ་འདུག འདི་དང་འབྲེལ་བའི་བསམ་ཚུལ་ཞིག་ཡོད་པ་ནི། འདི་དང་མཉམ་དུ་མེར་བསྲེགས་གཏོང་མཁན་དག་གི་མིང་དང་། ལོ། ག་དུས་བསྲེགས་མིན་སོགས་རེ་རེ་བཞིན་གསལ་བཤད་ཀྱི་ཚུལ་དུ་འགོད་ཐུབ་ན་ཡག་པོ་འདུག་སྙམ། བོད་མི་རིགས་ནམ་ཡང་སྤོབས་པས་གནས་ཆོག་པར་བཟོ་བའི་དཔའ་བོ་དེ་དག་གི་མིང་དང་ལོ། བསྲེགས་པའི་ལོ་ཟླ་ཚེས་གྲངས་སོགས་ནམ་ཡང་ང་ཚོའི་ཡིད་ངོར་འཇགས་དགོས། དེར་བརྟེན་དོ་སྣང་དང་དུས་ཚོད་ཡོད་མཁན་དག་གིས་དཀའ་ལས་བརྒྱབ་ཏེ་དྲ་ཚིགས་སོགས་སུ་བཏོན་དགོས་པ་གལ་ཆེན་པོ་རེད། གཞན་རྔ་བ་ནས་མི་བཅུ་དགུས་མེར་བསྲེགས་བཏང་ཡོད་པ་རེད། འདི་གར་བཅོ་བརྒྱད་མ་གཏོགས་མི་འདུག
ཨོ་ད་ཡིན་ན་དངོས་ནས་ཡག་པོ་རེད། རང་བཙན་མཐུན་ཚོགས་ཚང་དང་། ཁ་བརྡ་ཚང་ལའང་ཐུགས་རྗེ་ཆེ་ཞུ། ང་ཚོས་འདི་ལྟར་རང་རང་གིས་རིག་སྒོ་ལ་བརྟེན་ནས་བོད་དོན་ཐད་ཅི་ཞིག་བསྒྲུབ་ཐུབ་ན། བསྒྲུབ་དགོས་པ་ཡིན། ཁ་སང་དེ་རིང་ལ་འབོར་ར་ཕྱོགས་ནས་ཀྱང་ཡར་ལངས་བྱས་སྐོར་གསལ། གནས་ཚུལ་དེ་ཚོ་འབོར་ར་ཕྱོགས་ཀྱི་བོད་མི་ཚོས་རང་བཙན་མཐུན་ཚོགས་ལ་གནས་ཚུལ་གསལ་བོ་བསྐུར་རྒྱུ་དང་། མདོར་ནས་ས་གནས་གང་དུ་གནས་ཚུལ་ཞིག་བྱུང་ན། གནས་ཚུལ་དེ་བཤད་ཡམས་ཙམ་མིན་པར་ཁུངས་བདེན་དཔང་རྟགས་དང་བཅས་རང་བཙན་མཐུན་ཚོགས་ཀྱི་ས་བཀྲ་འདིའི་ནང་འཁོད་ཐབས་ཡོངས་རྒྱུར་ཚང་མས་མཉམ་རུབ་བྱེད་དགོས། སླར་ཡང་རང་བཙན་མཐུན་ཚོགས་ཚང་ལ་བཀའ་དྲིན་ཆེ་ཞུ།
ཨོ་ད་ཡིན་ན་དངོས་ནས་ཡག་པོ་རེད། རང་བཙན་མཐུན་ཚོགས་ཚང་དང་། ཁ་བརྡ་ཚང་ལའང་ཐུགས་རྗེ་ཆེ་ཞུ། ང་ཚོས་འདི་ལྟར་རང་རང་གིས་རིག་སྒོ་ལ་བརྟེན་ནས་བོད་དོན་ཐད་ཅི་ཞིག་བསྒྲུབ་ཐུབ་ན། བསྒྲུབ་དགོས་པ་ཡིན། ཁ་སང་དེ་རིང་ལ་འབོར་ར་ཕྱོགས་ནས་ཀྱང་ཡར་ལངས་བྱས་སྐོར་གསལ། གནས་ཚུལ་དེ་ཚོ་འབོར་ར་ཕྱོགས་ཀྱི་བོད་མི་ཚོས་རང་བཙན་མཐུན་ཚོགས་ལ་གནས་ཚུལ་གསལ་བོ་བསྐུར་རྒྱུ་དང་། མདོར་ནས་ས་གནས་གང་དུ་གནས་ཚུལ་ཞིག་བྱུང་ན། གནས་ཚུལ་དེ་བཤད་ཡམས་ཙམ་མིན་པར་ཁུངས་བདེན་དཔང་རྟགས་དང་བཅས་རང་བཙན་མཐུན་ཚོགས་ཀྱི་ས་བཀྲ་འདིའི་ནང་འཁོད་ཐབས་ཡོངས་རྒྱུར་ཚང་མས་མཉམ་རུབ་བྱེད་དགོས། སླར་ཡང་རང་བཙན་མཐུན་ཚོགས་ཚང་ལ་བཀའ་དྲིན་ཆེ་ཞུ།
རྩོམ་སྒྲིག་པ་དོན་གྲུབ་བཀྲ་ཤིས་དང་རང་བཙན་མཐུན་ཚོགས་ཟེར་བ་གཉིས་ལ་ཆེད་ཞུ། ས་ཆ་གང་ནས་ངོ་རྒོལ་བྱུང་མིན་ས་ཁྲའི་སྟེང་སྟོན་རྒྱུ་བཟོ་འདོད་པ་དང་བཟོས་པ་སོགས་ཡག་པོ་རེད། ཡིན་ནའང་། འདིའི་ནང་རེབ་གོང་རྫོང་ཟེར་བའི་XXX་སྐད་ཅིག་བྲིས་འདུག་པས། རེབ་གོང་རྫོང་ཟེར་བ་ཞིག་མེད་པས། རང་བཙན་མཐུན་ཚོགས་ཀྱིས་བསམ་བློ་བཏང་ནས་དོན་རྟོགས་པ་དང་འགོ་འཚོས་པ་བྱས་ནས་མིང་འབྲི་རོགས། མིང་ཟེར་བ་འདི་ཅི་འདྲ་ཞིག་ཡིན་མིན། ལྷག་པར་ཏུ་ས་མིང་ཐད་ཁྱེད་ཚོས་གྱ་ཚོམ་མ་བྱེད་རོགས། མདོ་དོན་རེབ་གོང་རྫོང་ཟེར་བ་ཞིག་མེད་པས། རྗེས་མ་ནས་XXX་ལས་XXX་ལས་འདི་འདྲ་མ་གནང་རོགས།
རིག་འབྱུང་ལགས་ཀྱིས་ཀྱང་རྗེས་ཕྱོགས་ཁྱི་སྤྱང་ལ་རྣ་ཙོར་མ་འདོག་རོགས། དྲ་ངོར་མ་འགོད་རོགས། རང་བཙན་མཐུན་ཚོགས་ཟེར་བ་བྱུང་ན། ངའི་ཁ་པར་ཨང་གྲངས། ༩༨༨༢༥༣༣༧༧༣ སྤྲད་ནས་སྐད་འདི་གསུངས་རོགས།
རང་བཙན་མཐུན་ཚོགས་ཀྱིས་ས་ཁྲ་འདི་ལྟར་བཀོད་པ་དེ་ཡག་བྱུང་ཟེར་རྒྱུ་ཡིན། ས་ཁྲ་གང་ཞིག་བཟོ་སྐབས་དུས་རྟག་ཏུ་ལུང་མིང་བཀོད་སྟངས་ཐད་མི་ཆ་ཚང་གི་བློ་ལ་བབ་པ་ཞིག་ནམ་ཡང་ཡོང་གིན་མ་རེད། ང་ཚོའི་ལུང་པ་འཁོད་མིན་འདུག་ཁོང་ཚོའི་ལུང་པ་འཁོད་འདུག་ཟེར་བ་སོགས་ནི་ཡོངས་གྲགས་རེད། དེ་ཚོ་ལ་རྣ་བ་གཏད་བསྡད་ན་གྲ་སྒྲིག་རྒྱུ་གང་ཡང་མེད།
མདོ་ཁམས་གླིང་ཚང་གི་ཡུལ་ནས་ཟླ་བ་གཉིས་པའི་ཚེས་ཉི་ཤུའི་ནང་དུ་དགུང་ལོ་བཞི་བཅུ་ནང་ཅན་གྱི་སྐྱེས་པ་ཞིག་གི་རང་ལུས་མེར་སྲེག་གཏོང་པའི་སྐད་ཆ་འདུག་ཀྱང་བསལ་བོ་མ་ཤེས།
ཤར་ཕྱོགས་ཁུག་རྟ་ལགས། རང་བཙན་མཐུན་ཚོགས་ཀྱི་ས་ཁྲ་འདི་ཚོ་བཟོ་མཁན་ང་ཡིན། ཡིན་ནའང་ང་བོད་པ་མིན། བོད་ཡིག་ཡག་པོ་ཤེས་ཀྱི་མེད ཨིན་སྐད་ཐོག་ནས་བྲིས་ཀྱི་ཡིན།
These maps aim to locate and identify resistance events that are presently taking place in occupied Tibet. These maps are frequently updated, though not always on the same day as the event itself. These maps are not free from error and the Rangzen Alliance apologizes for any omissions, mistakes or misspellings, as well as for the time-lag inherent in bringing out accurate maps of contemporary, even immediate events.
We gladly accept comments and information updates. Please feel free to send these and links to any unlisted event at maps@rangzen.net. Thank you for your collaboration.
Kind regards,
Christophe