ང་ཚོའི་སྤྱི་ཚོགས་ནང་ལ། མི་གང་ཞིག་གི་ལྟ་སྤྱོད་ལ་མོས་མཐུན་མེད་ཚེ་མི་དེ་ལ་རྒྱ་མིའི་སོ་པ་ཡིན་པའི་དོགས་པ་ཟ་བའི་སྲོལ་རྒྱུན་ཞིག་ཆགས་ཡོད། ལོ་རབས་བརྒྱད་ཅུ་དང་དགུ་བཅུའི་ནང་ལ་རྡ་རམ་ས་ལའི་གཞིས་ཆགས་པ་རྣམས་ཀྱིས་གསར་འབྱོར་པ་ཞིག་གི་ལྟ་སྤྱོད་ཁོང་ཚོའི་བློ་ལ་མ་བབས་ཚེ་རྒྱ་མིའི་སོ་པ་ཟེར་བ་དེ་ནི་ཧ་ཅང་འབོད་སླ་བོ་ཞིག་ཡིན། དེང་སང་སྔོན་མ་ནང་བཞིན་རྒྱ་མིའི་སོ་པ་འབོད་མཁན་མང་པོ་མེད་ན་ཡང་ད་དུང་མཚམས་མཚམས་ལ་གོ་ཐུབ། ཉེ་ཆར་ཁ་བརྡའི་ནང་ལ་ཡང་དེ་ལྟར་འབོད་མཁན་འགའ་རེ་བྱུང་། སྤྱིར་བཏང་རྒྱ་མིའི་སོ་པ་ཞེས་བོས་དུས་དེ་ལ་ཁོང་ཁྲོ་ཆེན་པོ་ཞིག་ལངས་དགོས་ཀྱང་། རྡ་སའི་རྒད་པོ་རྣམས་ཀྱིས་རང་གི་མིག་ལ་མི་བདེ་བའི་གསར་འབྱོར་པ་རྣམས་ལ་དེ་ལྟར་བོས་བོས་ནས་མིང་ཚིག་དེ་ལ་ཁོང་ཁྲོ་སློང་བའི་ནུས་པ་ཡང་མེད་པར་གྱུར་ཡོད། ཡིན་ན་ཡང་དེང་སང་ཁ་བརྡའི་ནང་ལ་མིང་ཚིག་འདི་ཡང་སྐྱར་གྲགས་ཡོང་དུས། དེ་ནི་གོམས་སྟོབས་ཤིག་གིས་འབོད་ཀྱི་ཡོད་པ་མ་གཏོགས་ཡིད་ཆེས་ཤིག་གིས་འབོད་ཀྱི་ཡོད་པ་ལ་ཡིད་ཆེས་བྱེད་མི་ཐུབ། ཁ་བརྡའི་ནང་ལ་ཡོང་མཁན་མང་ཆེ་བ་ནི་བོད་ནས་ཡོང་མཁན་ཡིན་པས་རྒྱ་ནག་གི་གནས་ཚུལ་ཅུང་ཙམ་ཤེས་མཁན་དང་། དྲ་རྒྱའི་ཐོག་ལ་འབུད་ཀྱི་ཡོད་པས་རྒྱལ་སྤྱིའི་ཐོག་གི་གནས་ཚུལ་ཡང་གང་མཚམས་ཤེས་ཀྱི་ཡོད་པ་རེད། ཁོང་ཚོ་དང་ལོ་རབས་བརྒྱད་ཅུའི་ནང་གི་རྒད་པོ་རྣམས་དང་བསྡུར་ས་ཡོད་པ་མ་རེད།
དྲ་གྲོགས་ཁ་ཤས་ཀྱིས་ཁ་བརྡར་རྒྱ་མིའི་སོ་པ་ཡོད་པའི་སེམས་ཁྲལ་བྱེད་ཀྱི་ཡོད་པ་འདྲ། རྒྱ་མིའི་སོ་པ་ཡོང་གི་ཡོད་ན་ཡང་འགོག་ཐབས་ཡོད་པ་མ་རེད། ཨ་རིའི་དམག་སྤྱིའི་ཁང་གི་གསང་རྒྱ་ཧ་ཅང་དམ་པའི་དྲ་རྒྱའི་ནང་ལ་ཡང་རྒྱ་མིའི་སོ་པ་འཛུལ་གྱི་ཡོད་པ་འགོག་ཐུབ་ཀྱི་ཡོད་པ་མ་རེད། ཁ་བརྡ་ལྟ་བུ་མི་སུ་ལ་ཡང་སྒོ་ཕྱེ་ནས་བཞག་ཡོད་པ་ཞིག་ལ་འཛུལ་རྒྱུ་འགོག་མི་ཐུབ་པ་ནི་སྨོས་ཅི་དགོས། རྒྱ་མིའི་སོ་པ་ཞིག་ཁ་བརྡའི་རྩོམ་པ་པོ་ཡི་ནང་ན་ཡོད་པ་ཆ་བཞག་ན། དེ་རིང་རྩོམ་པ་པོའི་གྲས་ནས་ཕུད་ན་སང་ཉིན་མཆན་རྒྱག་པའི་ལམ་ནས་འཛུལ་ཡོང་གི་རེད། དེ་རིང་བཀྲ་ཤིས་ཟེར་ནས་ཡོང་ན་སང་ཉིན་དཔལ་ལྡན་ཟེར་ནས་ཡོང་གི་རེད། འདི་ནི་ཁ་བརྡ་གཅིག་པོ་མ་ཡིན་པར་དྲ་རྒྱ་ཚང་མ་འདི་ལྟར་རེད། རྒྱ་མིའི་སོ་པ་འགོག་དགོས་ན་ཁ་བརྡའི་སྒོ་འབྱེད་ཐུབ་ཡོད་པ་མ་རེད་ལ། སྒོ་ཕྱེ་ནས་འདུག་ཐབས་ཀྱང་ཡོད་པ་མ་རེད།
རང་ཚུགས་ཟིན་ན་རྒྱ་མིའི་སོ་པས་གནོད་གི་མ་རེད། དྲ་གྲོགས་སྐོར་ཞིག་གིས་རྒྱ་མིའི་སོ་པ་ཞིག་ཁ་བརྡའི་ནང་ལ་འཛུལ་ནས་བོད་པ་ནང་དཀྲུག་བྱེད་པར་སེམས་ཁྲལ་བྱེད་ཀྱི་ཡོད། རྒྱ་མིའི་སོ་པས་བོད་པ་ནང་དཀྲུག་བྱེད་ན་ཐང་། ཡིན་ན་ཡང་རྒྱ་མིས་དཀྲུག་ནས་བོད་པ་འཁྲུག་གི་མེད། གལ་སྲིད་བོད་པའི་སྤྱི་ཚོགས་དེ་འདྲའི་འཁྲུག་སླ་བོ་ཞིག་ཡིན་ན་སྔོན་མ་ནས་འཁྲུག་ཚར་བ་རེད། རྒྱ་མིས་ཐབས་ཅི་ཡོད་ཀྱིས་བོད་པའི་སྤྱི་ཚོགས་ད་བར་དུ་དཀྲུག་པ་རེད། ཡིན་ན་ཡང་དཀྲུག་གིན་དཀྲུག་གིན་བོད་པ་སྤྱི་ཚོགས་ཇེ་དམ་དང་ཇེ་དམ་དུ་འགྲོ་བཞིན་པ་ཁ་རྩང་དེ་རིང་གི་ལས་འགུལ་ལས་མཐོང་གསལ་ལྟར་རེད། གལ་སྲིད་རྒྱ་མིའི་སོ་པ་ཞིག་ཁ་བརྡའི་ནང་ལ་འཛུལ་ནས་དྲ་གྲོགས་རྣམས་འཁྲུག་ན་དེས་དྲ་གྲོགས་རྣམས་ལ་རང་ཚུགས་མེད་པའི་མཚང་ཞིག་སྟོན་པ་མ་གཏོགས་གཞན་ཅི་ཡང་མ་རེད། རྒྱ་མིའི་སོ་པ་མེད་ན་ཡང་ཀླན་ཀ་འཚོལ་མཁན་ནི་བོད་པ་རང་གི་ནང་ན་ཡང་ཡོང་གི་ཡོད། ཕུང་དཀྲུག་དང་ཀླན་ཀ་འཚོལ་བ་གང་ཡིན་ན་ཡང་། ཀློག་མཁན་རྣམས་ཀྱིས་དེ་སྣང་ཆུང་དུ་བཞག་ན་དེའི་ནུས་པ་ཇེ་ཆུང་ལ་འགྲོ་རྒྱུ་མ་གཏོགས་ཇེ་ཆེར་འགྲོ་མ་རེད། དེ་ལ་ཡ་ལན་ཞིག་བྱས་དུས་ནང་དཀྲུག་བྱེད་མཁན་དང་ཀླན་ཀ་འཚོལ་མཁན་གཉིས་ཀའི་འདོད་ཐོག་ལ་བབ་པ་རེད། དེ་དུས་ཁྱེད་རང་གིས་སེམས་ཁུར་བྱེད་པའི་ནང་དཀྲུག་གི་འགོ་ཡང་ཚུགས་པ་རེད།
རྒྱ་མིའི་སོ་པ་ཁ་བརྡ་ལ་འཛུལ་ན་དེ་ལ་ཡོན་ཏན་གྱི་ཆ་ཞིག་ཀྱང་ཡོད་པ་རེད། ང་ཚོས་ང་ཚོ་ལ་བདེན་པ་ཡོད། ང་ཚོའི་བདེན་པ་དེ་རྒྱ་མིས་ཉན་གི་མི་འདུག་ཟེར་གྱི་ཡོད། གལ་སྲིད་རྒྱ་མིའི་སོ་པ་ཞིག་ཁ་བརྡའི་ནང་ལ་འཛུལ་ན་དེ་ནི་གཞུང་ལ་སྙན་སེང་ཞུ་བའི་སོ་པ་ཞིག་ནི་ཡིན་རྒྱུ་རེད། དེ་ཡིན་ན་ཁོས་ང་ཚོས་བཤད་པའི་བདེན་པ་དེ་དག་ཞིབ་ཀློག་བྱས་ནས་རྒྱ་གཞུང་ལ་སྙན་སེང་ཞི་གི་ཡོད་ཀྱི་རེད། དེ་ནི་ང་ཚོའི་བདེན་པ་རྒྱ་གཞུང་གི་རྣ་ལམ་དུ་རྒྱུད་ལམ་ཞིག་མ་ཡིན་ནམ།
Comments on ““རྒྱ་མིའི་སོ་པ།””
Comments are closed.
བདེན་གི་ཡ། ད་དུང་ཡིན་དཱ། བུ་རྒོད་པོ།
ཁྱོད་རང་གིས་བཤད་པ་དེ་ལ་འདྲ་ཆགས་ཆགས་འདུག་ཡིན་ན་ཡང་ཁྱོད་རང་རྒྱ་མིའི་སོ་ཁ་མིན་པར་ཤོག་གལ་སྲིད་རྒྱ་མིའི་སོ་ཁ་ཡིན་ན་གནས་ཚུལ་གང་ཡིན་ན་དྲང་མོའི་ཐོག་ནས་ཞུས་ན་དེ་ནི་རྒྱ་བོད་གཉིས་ཀྱི་ཆུ་ཡི་བྱམ་པ་བལྟ་བུ་ཞིག་ཆགས་སྲིད་།།།
ཁ་བརྡའི་རྩོམ་སྒྲིག་པ་ལགས། སོ་སོར་ལངས་ཕྱོགས་གཏན་པོར་ཡོད་མཁན་ཞིག་ཡིན་ན། དེ་ལ་དངུལ་དངོས་ཚུན་གྱིས་འགྱུར་ལྡོག་བྱེད་སླ་བོ་ཞིག་མིན། འོན་ཀྱང་བོང་བུའི་ཤ རི་དྭགས་ཀྱི་རྔ་མ་སྟོན་ནས་གཙོང་ན། མང་པོ་ཞིག་གིས་རི་དྭགས་ཀྱི་ཤ་རང་རེད་བསམ་པ་ལས་བོང་བུའི་ཤ་རུ་ངོས་འཛིན་ཐུབ་ཀྱི་མེད། སྐབས་དེ་དུས་ཞེ་ནས་ཟ་ཉན་མི་བྲོ་བའི་བོང་ཤ་ཡང་ཟ་དགོས་ཐུག་ཀྱི་ཡོད། བོང་ཤ་ཟོས་ཀྱང་གོམས་བཤིས་ཀྱིས་སྐྱུགས་མོས་ལངས་པ་རེད་མ་ཏོག་སྐུ་གཟུགས་ལ་གནོད་རབས་མེད། དེང་བཙན་བྱོལ་གྱི་གསར་ཚར་བོད་ཡིག་འབྲི་ཀློག་ཤེས་ཤིང་། བོད་དོན་ལ་དོ་སྣང་ཡོད་རིགས་ཙམ་མ་ཟད། གནད་ཡོད་མི་སྣ་མང་པོ་ཞིག་གིས་བལྟ་ཀློག་བྱེད་སའི་ཁ་བརྡ་དྲྭ་རྒྱའི་རྩོམ་སྒྲིག་པ་ཞིག་གི་མིང་ཞིག་དང་། ལུང་ཚན་གཅིག་པའི་རི་བོང་ཅལ་བྲོས་པ་ཁག་གཅིག་གིས། ཁྱི་ལ་སེང་གེ་བཏགས་པ་ནང་བཞིན། རྩོམ་པ་པོའི་མིང་བཏགས་པ་ཁ་ཤས་ཀྱིས། བོད་དོན་ཡིན་ཟོལ་གྱིས་གནད་དོན་ཆུང་ཚག་ཆེན་པོ་རུ་བཟོས་ནས་བློ་ཆུང་ཡིད་འགུག་པའི་ཕྱོགས་ཞེན་དང་། བོད་ཀྱི་གནད་དོན་ཆེ་རིགས་ཁ་བརྡ་དྲྭ་རྒྱ་འདིར་མི་མངོན་པའི་གྲིབ་ནག་ཏུ་སྦས་པའི་ཐབས་ཇུས་སྣ་ཚོགས་བྱེད་པ་སོགས་ཀྱིས། ཤེས་ཡོན་གྱི་ཆུ་ཚད་ཡོད་མཁན་གྱི་དྲྭ་གྲོགས་ཀུན་ཁ་བརྡ་དྲྭ་བ་ལས་གནས་བྱོལ་དུ་ཕེབས་པ་མངོན་གསལ་རེད།
ཕ་ཀའི་སོ་བ་ཡིན་ནའང་འདྲ་མིན་ནའང་འདྲ། གང་ལྟར་ཁ་བརྡ་དྲྭ་རྒྱའི་རིན་ཐང་དེ། སེམས་ནང་དུ་རླགས་ཚར་སོང་རྒྱུ་མཚན་རྩོམ་སྒྲིགས་པ་ཁ་ཤས་ཀྱིས་བྱས་ཉེས་ཀྱིས་ལོས་ཡིན། ད་དུང་མུ་འཐུད་ནས་དྲྭ་རྒྱ་འདིའི་ལངས་ཕྱོགས་དེ་ད་ལྟའི་གནས་སྟངས་འདི་ཡིན་ན། ཁ་བརྡ་དྲྭ་རྒྱ་འདི་བོད་དོན་ལ་ཕན་པའི་དྲྭ་རྒྱའི་ཚབ་ཏུ། གནོད་པའི་དྲྭ་རྒྱ་ཨང་དང་པོར་འགྱུར་བ་མ་ཟད། མིང་ཐོས་པས་ཀྱང་སྐྱུགས་མེས་ལངས་པའི་དྲྭ་རྒྱ་རུ་འགྱུར་བའི་ཉེས་ཁ་ཆེ། སྔོན་དུས་ཁ་བརྡ་དྲྭ་རྒྱ་འདི། ང་ཚོའི་བོད་ཡིག་འབྲི་ཀློག་ཡར་རྒྱས་གཏོང་སའི་གླེང་སྟེགས་ཙམ་དུ་མ་ཟད། སྤྱི་ཚོགས་དང་མང་གཙོའི་གོ་རྟོགས་སྤེལ་སའི་དགའ་མོས་ཆེ་ཤོས་བྱེད་སའི་དྲྭ་རྒྱ་ཡིན་ཟེར་ཞུས་ཀྱང་མྱོང་། དེ་སྐབས། སྤྱི་ཚོགས་ལ་གོ་ཐོས་ཡོད་པའི་རྩོམ་པ་པོ་རྣམས་ཀྱང་ཞུགས་ཀྱིན་འདུག ཆབ་སྲིད་ལ་དོ་སྣང་ཡོད་པའི་སྤྱི་མཐུས་ཚུན་གྱིས་བལྟ་ཀློག་དང་བསམ་ཚུལ་སྤེལ་གྱིན་འདུག དགོན་སྡེ་ཁག་དང་སློབ་གྲྭ་ཁག་ལ་སློབ་ཁྲིད་གནང་མཁན་རྣམས་ཀྱིས་ཀྱང་བལྟ་ཀློག་བྱེད་པ་དང་བསམ་ཚུལ་སྤེལ་གྱིན་འདུག དེང་སང་། སྤྱི་ཚོགས་ཀྱི་དཀྲུགས་ཐུར་རུ་གྱུར་བའི་མི་བུ་ཁ་ཤས་ཀྱིས། དངོས་མིང་དང་མིང་བརྫུན། བཞི་ལྔ་ཙམ་བེད་སྤྱོད་བྱེད་ནས། སྤྱི་ཚོགས་དཀྲུགས་གཞིའི་བརྗོད་གཞིའི་ཐོག་ལ། སོ་སོས་བཀོད་པའི་བསམ་ཚུལ་ལ་སོ་སོས་མཆན་མིང་གཞན་གྱི་ཐོག་ནས་རྒྱབ་སྐྱོར་བྱེད་ཁུལ་བྱེད་པ་ལས། སྔོན་གྱི་དྲྭ་གྲོགས་དེ་དག་གང་ལ་ཕེབས་སོང་། བྱེད་སྟངས་འདི་དག་གིས། སོ་སོའི་ཀུན་སློང་གཙང་མིན་དེ། དཔྱོད་ལྡན་ཞིག་ཡིན་ནས་ཤེས་གསལ་རེད། དེར་བརྟེན། ཁ་བརྡ་དྲྭ་རྒྱ་ལ་ཞུ་རྒྱུར། ཁྱེད་ཀྱིས་ལངས་ཕྱོགས་དེ་སྔོན་མ་ལྟར་བྱེད་རོག་ཞུ་འདོད་བྱུང་།
སྐད་ཆ་བདེན་པ་འདྲ་བོ་འདུག གསར་འབྱོར་ཚོ་ལ་རྒྱ་མི་གསོ་བ་ལབ་བདེ་བོ་ཡོད་པ་དང་། ་གཞིས་ཆགས་ནང་ཁུལ་ལ་སོ་སོའི་བློ་དང་མ་མཐུན་ཚེ་དེ་སྔ་ལོ་རབས་བདུན་བཅུ་དང་བརྒྱད་བཅུའི་ནང་ཡིན་ན་ཐེ་ཝེན་ཕོགས་ཟན་དང། དེང་སང་དོལ་རྒྱལ་བསྟེན་མཁན་རེད་ཅེས་ལབ་ཆོག་ཆོག་ཡོད་རེད། མཚམས་རེ་སོ་སོ་མ་དགའ་ན། རྙིང་མ་དང་བཀའ་བརྒྱུད་ཆོས་རྒྱུད་ཡིན་མཁན་ལ་དོལ་རྒྱལ་བསྟེན་མཁན་རེད་ལབ་ཡོང་དུས་ཧང་སངས་དགོས་པ་ཆགས་ཀྱི་འདུག གང་ལྟར་དངོས་ཡོད་གནས་ཚུལ་མ་ཤེས་ནས་གང་བྱུང་ལབ་པ་རེད་འདུག
མི་སུ་ཡིན་རུང་དེའི་སེམས་ཁམས་ལ་གནོད་པའི་སྐད་ཆ་ཞིག་ཡིན་ཕྱིན་ཕལ་ཆེར་སྒྲོ་འདོགས་ཀྱི་སླད་ཞུགས་ཡོད་པ་ངེས་གཏན་རེད། འོན་ཀྱང་་འགྱུར་འགྱུར་གྱི་ངན་གཡོ་དེ་ལས་གཡོལ་གང་ཐུབ་བྱ་རྒྱུ་ཧ་ཅང་གལ་ཆེན་རེད། བཙན་བྱོལ་པའི་ནང་བོད་ནས་གསར་འབྱོར་བ་ཧ་ཅང་མང་ཙང་གཞིས་ཆགས་པ་ཚོས་ཁོང་ཚོའི་སེམས་ལ་གནོད་པའི་སྐད་ཆ་སླ་བོ་དེ་རྒྱ་མའི་གསང་མྱུལ་བ་རེད་ཟེར་རྒྱུ་དེ་མཐོ་དམན་ཀུན་གྱི་འགྲིན་པ་རུ་ཡོད་ངེས། དོན་ངོ་མ་བཤད་ན་སྐད་ཆ་འདི་སེམས་ནང་ལ་ལྕི་དྲགས་པའི་སྐད་ཆ་ཞིག་ཡིན་པ་གདོན་མི་ཟ།
དངོས་གནས་རྒྱ་མོའི་སོ་པ་ཞིག་ཡོད་ན་ཤར་ཕྱོགས་ཁུག་རྟ་ཟེར་བ་དེ་རེད་།
དྲ་གྲོགས་རྩོམ་པ་པོ་རང་གིས་ལྟས་ན་རྒྱ་མིའི་སོ་པ་ལ། སྣང་ཆུང་དང་སྣང་མེད་གཏོང་དགོས་ཚུལ་གསུངས་པ་ལྟར་ན། ཁྱེད་རང་ཡང་རྒྱ་མིའི་སོ་པ་ཡིན་པའི་ཐེ་ཚོམ་ཆེ། ངས་རང་ལ་དྲི་བ་ཞིག་གཏོང་ཡ། གལ་སྲིད་གལ་འགང་ཧ་ཅང་གི་ཆེ་བའི་ཅ་དངོས་རིན་ཐང་བྲལ་བ་དུ་མ་ཡོད་པའི་ནང་ཞིག་ལ། འོ་ན་རྐུ་མ་འཛུལ་ན་དོགས་པ་བྱེད་དགོས་པ་རེད་དམ་མ་རེད། དངོས་པོ་དེ་སྲུང་དགོས་པ་ཞིག་རེད་དམ་མ་རེད། རྐུ་མ་དེ་ནང་ལ་འཛུལ་དགོས་དོན་ག་རེད། གོང་དུ་ཞུས་པའི་དཔེ་དེས་མཚོན་པར་བྱས་ནས། དེའི་དོན་འགྲེལ་བཤད་མི་བྱེད་ལ། ངས་ལྟ་ན་རྒྱ་མི་སོ་པ་ཞིག་ཡིན་ཕྱིན་དེ་དང་དེ་ཡིས་རང་ཅག་བོད་པ་ནང་ཁུལ་ལ་དཀྲུགས་ཤིང་དང་དབྱིན་སྦྱོར་བྱས་པའི་རིགས་ལ་སྣང་མེད་དུ་བཞག་ན། གཅིག་ནས་རང་ཉིད་བོད་པ་ཞིག་ཡིན་པའི་ཆ་ན་བོད་པས་འགན་ག་རེ་འཁེལ་དགོས་མིན་ཤེས་དགོས་པ་དེ་རེད། རང་གི་འགན་ཁྲི་ཆེ་ཤོས་དེ། བོད་རིགས་ནང་ཁུལ་ལ་འཆམ་མཐུན་ཡོང་ཐབས་སུ་ལྡོག་རྩ་གཅིག་སྒྲིལ་གནང་རྒྱུ་དེ་བོད་མི་རེས་ངོས་ནས་འགན་བཞེས་རྒྱུ་དེ་གལ་ཆེན་ནང་གི་གལ་ཆེན་ཡིན་པས། དེ་ཉིད་སྣང་མེད་དུ་གཏོང་ན། རང་རིགས་ལ་ཤ་ཚ་དང་ཞེན་ཁོག་བྲལ་བའི་བོད་པ་ཐབ་ཆག་ཞིག་ཡིན་པ་ཐེ་མི་ཚོམ། སྣང་ཆུང་བྱས་ན་རྒྱ་མིའི་སོ་པ་ཞིག་ཡིན་པས་དེས་ཆེ་ས་ནས་༧གོངས་ས་མཆོག་དང་བཀའ་སྤྱིའི་བར་དང་། བླ་ཆེན་ཕན་ཚུན་བར་དང་། ཆུང་ས་ནས་ཚོགས་པ་དང་ཆོས་བརྒྱུད་ཁག་བཅས་གང་སར་དཀྲོགས་གཏམ་དང་། གཏམ་འཆལ་འདྲ་མིན་སྣ་ཚོགས་སྤེལ་ནས་རང་རེའི་དྲང་བདེན་གྱི་ལམ་དུ་བསྐྱོད་པའི་བོད་མིའི་རྩ་དོན་ལ་ཁེ་ཕན་ལས་ལྡོག་ཏེ་གནོད་པ་ཞིག་སྐྱལ་རྒྱུའི་གནད་དམ་པ་དེ་རྒྱུ་མིའི་གསང་ཉུལ་གྱི་ལས་འགན་ཡིན་པ་ནི་བྱིས་པ་ལོ་བརྒྱད་ཀྱིས་ལོས་བརྟོག། དེ་ཕྱིར་རང་རིགས་ལ་ཁོང་ཚོས་གཡོ་ཁྲམ་སོགས་གང་གིས་དབང་དུ་མ་སོང་བར་འབད་འབུངས་གནང་དགོས་པ་ནི་རྩ་བའི་ཁེ་ཕན་ནོ།
ཁྱོད་ཚོས་བཤད་བསྡད་པའི་མི་ཤར་ཕྱོགས་ཁུག་རྟ་ཟེར་བ་དེ་རྒྱ་མའི་སོ་བ་ཡིན་མིན་མི་ཤེས་དེ་བྱེད་ལུགས་བྱེད་ཚུལ་འདྲ་བོ་རེད། འཚམས་ལན་རེ་སྙིང་རྗེ་བ་འདྲ་ཞིག་ཀྱང་རེད།
དྲ་མཆན་པ་ཚོས་ག་འདྲ་བཤད་རུང་ངས་ནི་ཤར་ཕྱོགས་ཁུག་རྟ་ཟེར་བ་བཙན་བྱོལ་བའི་གཞོན་སྐྱེས་ཁྲོད་ཀྱི་མི་བུ་གལ་ཆེན་ཞིག་ཏུ་བགྲང་གི་ཡོད། མི་བུ་འདིས་གང་ན་འགྲིག་གི་མེད་སར་དམངས་གཙོའི་འགྲོ་སྟངས་སྤྱད་ནས་སྐྱོན་ཀུན་ཐེར་འདོན་བྱེད་ཀྱི་འདུག་ལ་གོང་རིམ་ལ་ཞུ་ཡིག་ཕུལ་བ་དང་དངོས་མཐོང་ཡིག་ཐོག་ཏུ་བསྟར་བ་འབའ་ཞིག་ལ་རྒྱའི་སོ་བ་སྒྲུབ་ཀི་ཡོད་པ་ནི་བསམ་གཟས་ནས་སྒྲོ་བཏགས་པ་ལས་ཞིག་ལས་ཅི་ཡང་མིན་པ་ཁོང་གི་རྩོམ་ཡིག་ཁག་ལས་ཤེས་ཐུབ། འཛམ་གླིང་གི་དམངས་གཙོའི་ལུང་པ་གང་སར་གོང་རིམ་གྱི་བྱས་ཉེས་ལ་རྩོམ་ཡིག་ལམ་ནས་སྐྱོན་བརྗོད་བྱེད་པ་དང་ཁྲོམ་གཞུང་དུ་བུད་ནས་ངོ་རྒོད་སྐད་འབོད་བྱེད་པ་ནི་དམངས་གཙོ་བའི་ཁྱད་ཆོས་ཤིག་ལས་གང་ཡང་མིན་ནོ།
རྒྱ་མིའི་སོ་བ་རྐང་བཙུགས་ནས་བཏང་པ་མིན་རུང་། རྩ་མ་ཚང་པའི་དབང་གིས་དང་། ཕྱི་ནང་མ་ཤེས་པའི་དབང་གིས། རྒྱ་མིའི་སོ་བ་ཆགས་འགྲོ་བ་ཏན་ཏན་ཡོད་ཀྱི་རེད་འདོད་ཀི དེ་བས་ན་མི་མང་པོ་ཞིག་གིས་ཅིག་བཤད་ཀྱི་ཡོད་ན། མི་མང་གི་ཁ་ན་ཡེ་ཤེས་ཀྱི་སྤྱན་ཡོད་ཟེར་བ་ལྟར་ལོས་ཡིན།།
རྒྱ་མི་སོ་པའི་ལས་འགན་ནི། བོད་མིའི་གསང་བའི་གནས་ཚུལ་རྒྱ་གཞུང་ལ་མཁོ་སྤྲོད་བྱེད་དགོས་པ་ཙམ་ལས། ༸གོང་མཆོག་ལ་ཟུར་ཟ་དང་། བཙན་བྱོལ་བོད་གཞུང་དང་ཟམ་གདོང་རིན་པོར་ཆེར་དམའ་འབེབ་དང་། ཡང་ན་། ད་ལྟའི་བཀའ་ཁྲི་བློ་བཟང་སེང་གེ་མཆོག་ལ་ཕྱ་དམོད་བྱ་རྒྱུ་དེ་མ་རེད། དེས་ན་རྒྱ་མིའི་སོ་པ་ལས་ངན་པའི་ལས་ཀར་མ་བཞུགས་ན་ཡག་པོ་ཡོད་རེད་སྙམ་ལགས།
སྐད་ཆ་དེ་རྒྱ་ཆ་རྒྱ་བདེན་པ་རེད། དེ་སང་ང་ཚོ་གཏམ་བརྗོད་་རང་དབང་ཡོད་ཟེར་གི་ཡོད་རེད་ཡིན་ན་ཡང་ཏོག་ཚམ་སྐྱོན་རྗོད་འདྲ་བོ་མཐེོང་དུས་དེ་རྗྱ་མིས་ཉུག་མ་རེད་ཟེར་གི་འདུག། གལ་སྲིད་རྒྱ་གུང་ཁྲན་ལྟ་བུའི་དབང་ཆ་ཞིག་ཡོད་ན་སྐྱོན་རྗོད་བྱས་ཉན་ཚོང་མ་བཙོན་ནང་བཅུག་ཡ་རེད་། རྒྱ་མི་ཉུག་མ་རེད་ཟེར་ནས་ནག་ཉེས་གཙུག་ཡ་རེད།
དྲི་བ་གཅིག་ཡོད། རྩོམ་ཡིག་འདིའི་འོག་ཏུ་འབྲེལ་འདུག ཡེ་རྡོར་ཟེར་བ་ཞིག་གིས་རྡ་སའི་བོད་གཞུང་དང་། གོང་ས་མཆོག་ལ་མཚན་སྨོད་མང་དག་ཅིག་ཞུ་བཞིན་འདུག ཁོང་ལ་རྒྱ་མིའི་སོ་བ་ཞེས་པའི་མིང་འདི་དག་དག་འེ་རེད། ཁོང་རྒྱ་མིའི་སོ་བ་མིན་ན་མིང་གཞན་ཅི་ཞིག་འདོག་དགོས་པ་རེད། རྒྱ་མིའི་རྒྱུགས་ཁྱི་ཟེར་བའི་མིང་འདི་དག་དག་འེ་རེད། གལ་སྲིད་ཡེ་རྡོར་ལ་རྒྱ་མིའི་རྒྱུགས་ཁྱི་ཟེར་བའི་མིང་འདི་དག་དག་ཡིན་ཚེ། རྡ་སའི་རི་ཀློང་ན། བོད་གཞུང་དང་བོད་གཞུང་གི་ལས་བྱེད་ཆེ་ཆུང་ཚང་མར་སྐྱོན་བརྗོད་ཆུ་ལུད་ལུད་བྱེད་མཁན་རྣམས་ཡེ་རྡོར་ལས་ཀྱང་ལས་ཀ་མང་པ་འདུག་པས། ཁོང་ཚོ་ལུང་པ་གཅིག་ཏུ་བཅུགས་ཆོག་པ་འདུག མིང་གཅིག་གི་འོག་ཏུ་བཞག་ཆོག་པ་འདུག དེ་འདྲ་འེ་རེད་དྲ་བདག་ལགས།།
སོ་བ་ལ་རྣམ་གྲངས་མང་པོ་ཡོད་རེད། གཅིག་ན་གསང་བའི་ལས་ཁུངས་ཟེར་བ་ཞིག་ཡོད་རེད། དེས་གསང་བའི་སྒོ་ནས་བོད་དོན་ལ་གཏོར་བརླག་བྱེད་པ་སོགས་བྱ་བ་མང་ཞིག་ཡོད་རེད། གཉིས་ན་འཐབ་ཕྱོགས་གཅིག་གྱུར་ཟེར་བ་དེ་རེད། དེས་མངོན་གསལ་དོད་པོས་སྒོ་ནས་བོད་དོན་ལ་གདོང་ལེན་དང་འཐབ་ཇུས་བྱེད་དགོས་པ་རེད། ད་དུང་གསར་འགྱུར་ཁང་གིས་གསར་འགྱུར་མཁོ་སྒྲུབ་དང་། སྤྱི་ཚོགས་ཚན་རིག་ཁང་དང་། བོད་ལྗོངས་ཤེས་རིག་ཞིབ་འཇུག་ཟེར་བ་སོགས་མང་པོ་ཞིག་ཕར་འབྱར་ཚུར་འབྱར་བྱེད་ནས་ཡོད་འདུག་ལ་དེ་དག་གི་ནང་དུ་ལས་བྱེད། བླ་མ། དཔོན་པོ། ཐ་ན་ཡིག་རྨོངས་པ་ཡང་ཡོད་ཚོད་རེད། ངའི་གྲོགས་པོ་ཞིག་གི་རྩ་ནས་ཤེས་པ་ཡིན།
ཧ་ཧ་སྐད་ཆ་ཆོ་མེད་དེ་འདྲ་གསུང་སྟང་ལ། རྩ་མ་ཚང་བའི་མི་ཚོང་མ་རྒྱ་མའི་ཉུང་མ་ཡིན་རྒྱུ་རེད།
གལ་ཏེ་བཙལ་བྱོལ་ནང་དུ་རྒྱ་མི་སོ་པ་ཞིག་ངོས་འཛིན་དགོས་ན་ཤར་ཕྱོགས་ཁུག་རྟའམ་བློ་བཟང་ཆོས་ཟེར་བ་དེ་ལས་གང་ཟག་གཉིས་པ་བཙལ་ན་མི་རྙེད་པར་སེམས་ཐག་རེད། ཅི་སྟི་བོད་ཀྱི་ཆབ་སྲིད་ལ་གནོད་པའི་གེགས་རྐྱེན་དངོས་ཤུགས་རྒྱུད་གསུམ་གྱིས་ཚོད་མེད་ལས་དོན་གཉེར་མཁར་དང་རྡ་སར་ཚོགས་དུས་གང་ལ་ཟུར་ཉན་དང་ཆད་ལྷག་མེད་པར་འགྲོ་ནས་གནས་ཚུལ་གང་ཡང་དམར་བོ་གཞུང་ལ་རྩིས་སྤྲོད་བྱེད་མཁན་དང་མང་གཙོས་ལམ་ནས་གདམས་ཐོན་བྱུང་བའི་བོད་ཀྱི་བཀའ་ཁྲི་མཆོག་ལ་ནམ་ཉིན་མཚན་མེད་པར་རྒོལ་མཁན་གྱི་མི་དངོས་གསལ་དོད་པོ་ཅན་འདི་རྒྱ་དམར་བོའི་སོ་པ་ལ་ངོས་འཛིན་གནང་ན་བོད་གཞིས་བྱེས་གཉིས་ཀྱི་དོན་ཆེན་གཅིག་ཀྱང་འགྲུབ་པར་སེམས།
བསྟན་འཛིན་ལགས།
ཁྱེད་དེ་ལྟར་རྒྱ་མིའི་སོ་བ་ལ་རྣམ་པ་ག་ཚོ་ཡོད་མེད་ཤེས་པ་ངོ་མ་ངར་བ་རེད། རྒྱུ་མིའི་སོ་བ་དེ་དག་གི་བྱེད་ལས་ལ་ཡང་ཁྱོད་རང་གོམས་ནས་ཡོད་པ་ཐག་གིས་ཆོད། ཁྱེད་ཀྱི་གྲོགས་པོ་ཞིག་བརྒྱུད་ཤེས་རྟོགས་བྱུང་བ་བཤད་ཡོད་པའི་གྲོགས་པོ་དེ་ཡང་ཁྱེད་ཀྱི་གླེང་བཞིན་པའི་འཐབ་ཕྱོགས་གཅིག་གྱུར་ལྟ་བུའི་ལས་ཁུངས་ནང་དུ་ཕྱག་ལས་གནང་བཞིན་པའི་གྲོགས་ཡིན་པ་ཚིག་གིས་ཟུར་ཏུ་ལུས་འདུག་པས་ད་ནི་ཁྱོད་ལ་ཡོལ་ཐབས་གང་ཡང་མི་འདུག རྗེས་ཕྱོགས་ཁྱེད་ཀྱིས་ཚིག་གཅིག་འབྲི་ཡང་རང་ཉིད་ཀྱི་འགན་འཁུར་ཐུབ་པའི་སྐད་ཆ་ཕྲིས་མ་གཏོགས། ཐང་གི་རྡོ་བླངས་ན་རང་གི་མགོ་མི་གཅོག་པའི་ངེས་པ་མི་འདུག
སྤྱིར་མཆན་མཁན་མང་པོ་ཞིག་གིས་རང་ཉིད་ཀྱི་མཆན་མིང་རྫུན་མ་རེད་བཏགས་ནས་སྤྱི་ཚོགས་ལ་འགན་འཁུར་ཁུལ་གྱིས་ཀློག་པ་པོ་དང་རྩོམ་པ་པོ་མང་པོ་ཞིག་གི་སེམས་ཁམས་ལ་ཕོག་ཐུག་གཏོང་གང་ཐུབ་བྱེད་ཀྱིན་ཡོད་ན་དེ་ནི་དགོས་མཚན་གང་ཡང་མ་མཐོང་། སྥྱི་ཚོགས་ལ་ཐེར་འདོན་བྱེད་རྒྱུ་ནི་མིའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ངོ་བོ་ཡིན་ན་ཧ་ཅང་གི་གལ་ཆེན་དུ་མཐོང་ཡང་། ཁྱེད་ཀྱི་སྤྱི་ཚོགས་ཤིག་གི་ལས་དབང་ལ་སེམས་ཁུར་བྱེད་བའི་རྩོམ་ཡིག་འབྲི་ཐུབ་ན་རང་ཉིད་ཀྱི་དངོས་མིང་འགོད་མི་ཐུབ་པ་ཅི་ཡིན་ནམ། ཕྲན་གྱིས་ལྟས་ན་རྩོམ་པ་བ་དང་མཆན་པ་པོ་དག་གིས་བཏགས་མིང་སྣ་ཚོགས་ཤིག་གི་བེད་སྤྱོད་བྱེད་པ་ལས་རང་གི་དངོས་མིང་བེད་སྤྱད་དེ་རྩོམ་ཡིག་སྤེལ་བ་དང་མཆན་བཞག་པ་ཡིན་ན་ཀློག་པ་པོ་རྣམས་ལ་ཡང་བག་ཆག་དང་ཤུགས་རྐྱེན་གང་འཚམས་ཤིག་འཇོག་ཐུབ་ན་དེ་ལས་རིན་ཐང་གཞལ་དུ་མེད། མིང་འདྲ་མི་འདྲའི་འོག་ནས་ཁྱེད་ཀྱིས་སྤེལ་པའི་རྩོམ་ཡིག་དེའི་ནུས་པ་ཤོར་འགྲོ་གི་ཡོད་ན་དེ་ཡང་རྩོམ་པ་པོ་དང་མཆན་མཁན་དག་གིས་དགོངས་པ་ཡངས་པོར་བཞེས་རོགས་ཞུ་གི་ཡོད།
http://feminamissindia.indiatimes.com/photoshow/11777780.cms?curpg=16 སྒང་ཏོག་བུ་མོ་བསོད་ནམས་དཔལ་ཆོས་ལ་འོས་བླུགས་རོགས།
དྲི་བ། If you win Miss India, what would be your first big splurge?
མཛེས་མ་བསོད་ཆོས། A trip to a beautiful destination, maybe Europe, America or Tibet
རྒྱ་མིའི་སོ་བ་ཞེས་པའི་ཐ་སྙད་འདིས་བཙན་བྱོལ་ནང་ནས་བེད་སྤྱོད་མ་བཏང་ས་ཞིག་ཡོད་མ་རེད། སྔོན་མ་ཞིག་ལ་ཟམ་གདོང་རིན་པོ་ཆེ་དང་རྒྱལ་བ་ཀརྨ་པ། ཨ་ལགས་ཙ་ཡས་སོགས་ཀྱང་རྒྱ་མིའི་སོ་བ་རེད་ཟེར་མྱོང་ཡོད་པ་རེད། དེ་ནས་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་རྒྱལ་སོགས་ཀྱང་རྒྱ་མིའི་ལས་ཀ་བྱེད་མཁན་རེད་ཟེར་མྱོང་བ་རེད། སྐུའི་གཅེན་པོ་རྒྱལ་དོན་ཡང་རྒྱ་མིའི་མི་རེད་ཟེར་མྱོང་ཡོད་རེད། རྒྱལ་བ་ཀརྨ་པ་ལ་རྒྱ་མིའི་ལས་ཀ་བྱེད་མཁན་རེད་ཟེར་ནས་རྒྱ་གར་གྱིས་ཀྱང་སྙོན་འཛུགས་བྱས་པ་རེད། མདོར་ན་༧རྒྱལ་བ་རིན་པོ་ཆེ་ལ་ཡང་རྒྱ་མིའི་མངོན་འདོད་སྒྲུབ་མཁན་རེད་མདོག་མདོག་གིས་ཟུར་ཟ་དང་སྙོན་འཛུགས་བྱེད་མཁན་བྱུང་པ་རེད། དེ་དག་ཚང་རང་རང་གི་འདོད་བབ་དང་མ་མཐུན་པ་ལ་བལྟས་ནས་ལབ་བཞག་པ་རེད་མ་གཏོགས་ཚད་འཛིན་དང་རྒྱུ་མཚན་གང་ཡང་མེད་པ་ཚང་མས་ཤེས་གསལ་རེད།
ཡ་མཚན་པ་ཞིག་ལ་རང་ཅག་བཀའ་དྲིན་ཆེས་ཆེ་བའི་༧རྒྱལ་བ་རིན་པོ་ཆེ་དང་ཟམ་གདོང་རིན་པོ་ཆེ་སོགས་ལ་ཁོངས་མེད་ལུང་མེད་གཞི་མེད་སྙོན་འཛུགས་བྱས་པ་མ་རིག་མ་མཐོང་ཁུལ་གྱིས་དྲ་འབུ་ཚང་མ་ཁུ་སིམ་མེར་འདུག་ཀྱང་། བློ་སེང་དང་ཁུག་རྟ་སོགས་ལ་སྐྱོན་བརྗོད་ཚིག་གཅིག་མཐོང་དུས་ཆུ་རུད་ཁ་ཤོར་བ་ནང་བཞིན་གཅིག་རྒྱབ་གཅིག་གིས་རྒྱུ་མཚན་ཡོད་མེད་ཀྱི་ངུ་ཟུག་ལང་བ་གང་འགྲོ་ཡི་འདུག འདི་ལ་བལྟས་ན་འདི་རྒྱའི་སོ་བ་ཞིག་ད་རེད་མི་འདུག འདི་ནང་ཁུལ་གྱི་སོ་བ་དང་དཀྲུག་པ་རེད། ཤེས་སོང་ངས།
ཤར་ཕྱོགས་ཁུག་རྟ་ཡིན་ན་རེད། དེ་ལས་གཞན་པ་ཡིན་ན་རེད། ཡང་ན་གསར་དུ་འབྱོར་པ་དང་། གཞིས་ཆགས་བཅས་གང་ཡིན་རུང་བོད་མིའི་རྩ་དོན་དང་ལང་ཕྱོགས་ལ། གཏོར་ཤིག་སུས་བྱས་ན་དེ་དོན་དམ་པ་དམར་པོ་སྲིད་གཞུང་གི་བསླུས་པའི་ཝ་མོར་སེང་དཔག་གྱོན་པའི་ཕོ་ཡིན་ན་ཕོ་འདྲེ་སྲིན་པོ་དང། མོ་ཡིན་ན་མོ་གདོན་འདྲེ་མོར་ཡིན་པའི་དོགས་པ་གནང་མི་དགོས།
ནམ་ཞིག་ཆོལ་གསུམ་ཁ་འཐོར་དུ་འགྲོ་བའི་དབང་དུ་བཏང་ན། སྐབས་དེར་ཁམས་པ་གྲོགས་མེད་ཁེར་རྐྱང་ཆགས་རྒྱུ་ནི་གདོད་མི་ཟ་བ་ཞིག་རེད། མི་དེ་དག་གིས་གླེན་ཤེད་ཨུ་ཚུགས་རྐྱང་རྐྱང་ཁེ་ཕན་འཚོལ་རྒྱུ་མ་གཏོགས་བོད་སྤྱི་ལ་ལོ་རྒྱུས་ནང་བསམ་བློ་བཏང་ཡོད་པ་མ་རེད། དཔེར་ན་འཇུ་ཆེན་པད་མ་ཆོས་འབྱོར་ལྟ་བུ་བྱེད་གཏེ་ཞེ་གཅིག་རེད། ཁོང་ཚོས་དཔུང་ཁ་སྒྲིག་ནས་བློ་སེང་ལ་སྐྱོན་བརྗོད་བྱེད་དུ་མ་བཅུག་པར་སྐྱོན་བརྗོད་བྱ་མཁན་ལ་རྒྱ་མིའི་སོ་པ་ཞེས་མིང་འདོགས་ཀྱི་ཡོད་པ་རེད། དེ་སྙིང་རྗེ་བ་རང་རེད། ཁམས་པ་ཁ་ཤས་དང་ལྷག་པར་བློ་སེང་གི་ཨབ་ཕྲུག་ཚོར་དེ་འདྲའི་ལྷག་བསམ་ཡོད་པ་ཡིན་ན། ༧རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་ལ་སྐྱོན་བརྗོད་བྱ་མཁན་ལ་ཤར་ཕྱོགས་ཁུག་རྟ་བཞིན་ཁ་གཏད་གནོང་དང་། དེ་མིན་ཁྱེད་ཚོར་དོན་དམ་༧རྒྱལ་བ་རིན་པོ་ཆེ་དང་ལས་འབྲས་མི་དགོས་པ་འདིས། དངོས་གནས་དྲང་ནས་ཆིག་སྒྲིལ་ཟེར་བ་དེ་ཁག་པོ་ཆགས་ཀྱི་ཡོད་པ་རེད། བློ་སེང་ལ་སྐྱོན་བརྗོད་མཁན་ཞེ་གནག་མཁན་ང་ཚོའི་སྤྱི་ཚོགས་ནང་ག་ཚོད་ཡོད་དམ། དེ་དག་ཚང་མ་སོ་པ་རེད་དམ། དངོས་གནས་སྙིང་རྗེ་བོའི་སྐད་ཆ་རང་རེད། རྩོམ་མིང་མེད་པའི་ཡིག་འཁྱམས་འདི་འདྲ་ཁ་བརྡ་དྲ་བའི་བཀོད་པའང་རྒྱུ་མཚན་ཅི་ཡིན་ཤེས་མ་སོང་། གཅིག་བྱས་ན་ཁ་བརྡ་དྲ་བདག་རྣམས་ཀྱང་རྒྱ་མིས་ཉོས་པ་མིན་འགྲོ། ངས་སྔ་མོའི་གངས་ཅན་སྐྱིད་གཤོངས་ཀི་ལས་ཀ་བྱ་སྟངས་རྣམས་དྲན་ཡོང་གི
ཐའེ་ཝན་ཧའོ་ལན་ཚོགས་པས་བློ་བཟང་སེང་གེར་ཨ་རིར་སློབ་སྦྱ་སྐབས་ཨ་སྒོར་གྲངས་མེད་སྤྲད་པ་ཡིག་ཆ་ཁོ་རང་མིག་ལ་སྟོན་རྒྱུ་ཡོད་པ་རེད། དེ་ལ་ཞིབ་འཇུག་བྱས་ན་ང་ཚོས་ག་རེ་ལབ་དགོས་ཀྱི་རེད་དམ། རྒྱ་མིའི་སོ་པ་ཟེར་གྱི་ཡིན་ནམ། དྲང་པོ་དྲང་བཞག་ལས་རྒྱུ་འབྲས་བསམ་བློ་གཏོང་དགོས་པ་རེད།
གཉིས་ནས། ༧གོང་ས་མཆོག་གིས་སྐྱོན་རང་གིས་བརྗོད། ཡོན་ཏན་མི་ལ་བརྗོད་དུ་ཆུགས་གསུངས་ཡོད་པ་རེད། སྐྱོན་བརྗོད་བྱས་ན་རྒྱ་མིའི་སོ་པ་ཆགས་ན། ༧གོང་ས་མཆོག་ཀྱང་ཆགས་ཀྱི་ཡོད་པ་རེད་པཱས། དངོས་གནས་བློ་སེང་དང་བློ་སེང་གི་ཨབ་ཕྲུག་ཁ་ཤས་ཀྱིས་གཟབ་གཟབ་བྱས་ན་དགའ་རྒྱུ་རེད།
གོང་གི་དྲ་བུ་བ་རྣམས་ཀྱིས་རྒྱ་མིའི་སོ་པ་ངོས་འཛིན་བྱེད་ཐུབ་པར་དཀའ་ལས་ཁ་པོ་ཡིན་པའི་བཟོ་འདྲ་འདུག་རྒྱ་མིའི་སོ་པ་ཁུག་ཏ་ཡིན་ན་འདྲ་རྡོ་གསར་འགྱུར་བ་ཡིན་ན་འང་འདྲ་རྡོ་སུ་ཡིན་ན་བོད་མི་རིགས་དང་རིགས་གཞུང་འཆམ་མཐུན་མདུན་ལམ་ལ་གནོད་འཚེ་བྱེད་ཉེན་དེ་རྒྱ་མིའི་སོ་པ་ལ་ངོས་འཛིན་དགོས་དེ་ནི་བོད་པའི་སྤྱི་ཚོགས་ནས་ཕྱིར་འབུད་བཏང་ན་བཟང་བར་མཆིས་དི་ཡི་རིགས་ལ་ཚང་མས་དོ་ཁོལ་བྱེད་པ་གལ་འགང་ཆེ་།།།
ཀླུ་རྒྱལ་དོན་འགྲུབ་ལགས། ཁྱོད་དེ་འདྲར་ངར་དགོས་དོན་ཅི་ཡིན། ངས་གནས་ལུགས་དང་རྒྱུ་མཚན་ཞིག་བཤད་ནས་ཡོད། འདི་ཙམ་ཡང་རྣ་བར་མི་འགྲོ་ན། ཅི་འདྲའི་མི་ཁོག་ཆུང་རང་རེད།
རྒྱ་མིའི་སོ་པ་ཟེར་བ་འདི་དེང་སང་ཐོག་མར་གླེང་མཁན་སྤྱི་འཐུས་ཚོགས་གཙོ་སྤེན་ཚེ་ཡིན། ཁོས་གྲོས་ཚོགས་ནང་ཀླུ་མཁར་བྱམས་དང་ཁ་ཤས་ལ་དོགས་པ་ཡོད་མདོག་མདོག་གསུངས་མྱོང་། དེ་ནས་བཀའ་ཁྲི་བློ་སེང་གིས་ད་ཐེངས་གྲོས་ཚོགས་སུ་གཟབ་གཟབ་བྱ་དགོས་ཚུལ་གསུངས་ཡོད། མདོ་དོན་རང་རང་གི་སྐྱོན་འགེབས་ཆེད། ནག་ཉེས་སྲུང་ཆེད་༧རྒྱལ་བ་རིན་པོ་ཆེས་གནང་བའི་སྲིད་ཁྲི་བེད་སྤྱོད་བྱས་ནས་རུལ་སུངས་ཀི་ལས་ཀ་ལས་བཞིན་པ་གསལ་བོ་རེད། མི་རབས་གསར་བ་དང་ཤེས་ཡོན་ཅན་གྱི་དུས་རབས་སུའང་བོད་མི་ཚོ་འདི་ལྟར་མགོ་བསྐོར་གཏོང་ཐུབ་ཀྱི་ཡོད་པ་རེད།
གཞན་ཤར་ཕྱོགས་ཁུག་རྟ་དང་བཀའ་ཁྲི་མཆོག་གི་བར་དུ་ལྟ་ཚུལ་དང་ལས་དོན་གྱིས་ཉེ་སྔོན་ནས་འགལ་བ་ཕྱིན་ཚར་བ་རེད། མི་ཚང་མས་ཤར་ཕྱོགས་ཁུག་རྟ་ལབ་དུས་བཀའ་ཁྲི་མཆོག་ཡིད་ལ་དྲན་ཡོང་གི་ཡོད་པ་རེད། སྤྱི་ཚོགས་ཀྱིས་དེ་བཞིན་དོ་སྣང་བྱེད་པ་དོན་དག་མེད་པས་ཡོང་གི་མ་རེད། ཤར་ཕྱོགས་པས་མུ་མཐུད་རྩོམ་འབྲི་བ་དང་། བཀའ་ཁྲི་མཆོག་གིས་ཀྱང་འཆར་གཞི་ལྡན་པའི་སྒང་ནས་བོད་པའི་སྤྱི་ཚོགས་ནང་གི་གནོད་ཤུགས་སེལ་ཐུབ་བྱས་ཏེ་ཤར་ཁུག་ལ་དགག་ལན་འབྲི་མཁན་འཆར་འགོད་བྱས་བཞག་པ་གསལ་བོ་རེད།
གནད་དོན་འདི་༧རྒྱལ་བ་རིན་པོ་ཆེས་ཀྱང་གསལ་བོ་མཁྱེན་གྱི་ཡོད་པ་རེད། བཙན་བྱོལ་བོད་གཞུང་གནད་ཡོད་ཚང་མས་དམིགས་བསལ་དོ་སྣང་གནང་གི་ཡོད་པ་རེད། འདི་འདྲའི་ཁོར་ཡུག་ཅིག་གི་ཁྲོད། བཀའ་ཁྲིའི་ཕྱོགས་ཁག་གིས་ཤར་ཁུག་ལ་རྒྱ་མིའི་སོ་པ་རེད་ཟེར་རྒྱུར་ཇུས་འཐེན་པ་ནི་ཡག་པོ་རེད་དམ་མ་རེད། དྲང་པོ་རེད་དམ་མ་རེད། འདིས་ཆོལ་ཁ་དང་གནད་ཡོད་མི་སྣའི་བར་དུ་འཐབ་རྩོད་ག་ཚོད་ཆགས་ཀྱི་རེད་དམ། དེ་གསལ་བོ་རེད།
གཉིས་ནས་ཤར་ཁུག་༧རྒྱལ་བ་རིན་པོ་ཆེས་ངོས་འཛིན་ཡོད་པ་ཞིག་དང་ཟམ་གདོང་རིན་པོ་ཆེས་མཉེས་པོ་གནང་ས་ཞིག་རེད། བཀའ་ཁྲི་མཆོག་བཤད་མ་དགོས་པ་རེད། མི་མང་གིས་འདམ་པ་རེད། དེ་ན་གཉིས་ཀའི་རྩ་དོན་གླེང་སྐབས། དོན་མེད་སྐུར་འདེབས་བྱས་ན་ཚད་ལྡན་ཁྱོན་ནས་མ་རེད།
གལ་སྲིད་རྒྱ་མིའི་སོ་པ་ཟེར་བ་དེ་ཁོང་གཉིས་སུ་ཡིན་མིན་ལ་ལྟ་དགོས་ན། ཐའེ་ཝན་ཧའོ་ལན་ཚོགས་པ་ཟེར་བས་ཨ་སྒོར་གྲངས་མེད་བཀའ་ཁྲི་མཆོག་ལ་འགྲོ་སོང་བཏང་བ་དེ་ཆབ་སྲིད་ཐོག་འགྲེལ་བཤད་རྒྱབ་ན་ག་རེ་ཆགས་ཀྱི་རེད་དམ། ཤར་ཁུག་གིས་ད་བར་རྒྱ་མིའི་པེད་ཤག་ཟོས་པ་གླེང་སློང་ཙམ་ཡང་མེད་པ་རེད། དེའི་ཆ་ནས་སོ་པ་ངོ་མ་སུ་ཆགས་ཀྱི་འདུག་གམ། དེས་ན་དངོས་གནས་ཐབས་སྐྱོ་བོའི་སྐད་ཆ་འདི་འདྲ་བཤད་ན། རྩ་དོན་ལ་དངོས་གནས་ཕན་ཐོག་གི་མ་རེད།
གནས་ཆུང་གི་བཀའ་ལུང་དུའང་ཆིག་སྒྲིལ་ཟེར་བ་དེ་ངས་ལྟོས་ན་བཀའ་ཁྲི་མཆོག་དང་ཤར་ཁུག་ཕྱོགས་ཁག་གཉིས་མཐུན་དགོས་པ་དེ་རེད་བསམས་ཀྱིན་འདུག
ད་བྱས་དུས། ཨ་མདོ་བ་དྲག་གྲས་ཚང་མ་ཉུལ་མ་ཡིན་རྒྱུ་རེད། དབུས་གཙང་པ་རྣམས་པེད་ཤག་ལ་འཁོར་ནས་མགོ་བདེ་བོར་ལྟོ་གོས་འཐམས་ནས་བསྡད། ཨ་མདོ་བ་ཞིག་མགོ་འབུར་མ་བཅུག བཙན་བྱོལ་ནང་གི་ལས་སྣེ་ཚང་མ་ཁམས་པ་ཕྱོགས་རིས་ཅན་ཁ་ཤས་ཀྱིས་ངན་རུལ་གྱིས་བཟུང་བ་ཡིན་ན། ད་བོད་སྤྱི་དོན་ཟེར་བ་ཚར་སོང་བ་རེད། ང་ལྟ་བུ་ཞིག་ཡིན་ན། གནས་སྟངས་དེ་གསལ་བོ་ཆགས་སོང་ན། རྒྱ་ནག་གི་འོག་ནས་འདུག་དགོས་ཀྱང་འགྱོད་པ་ཁྱོན་ནས་མེད།
ཁྱོད་ཚོའི་འདིར་ཕྱོགས་ཞེན་ཕྱོགས་ཞེན་ཟེར་ནས་མང་པོ་ཞིག་བཤད་བཞིན་འདུག ང་ལའང་ཕྱོགས་ཞེན་བྱས་སོང་ཟེར་ནས་སྐད་ཆ་ཞིག་བཤད་རྒྱུ་ཡོད། གལ་སྲིད་འདིར་བྲིས་པ་ཡིན་ན་གོང་གི་འགལ་ཟླར་སོང་བ་ཚང་མས་དཔུང་བསྒྲིལ་ཏེ་ངའི་ཐོག་ཏུ་རྒྱ་མིའི་སོ་བ་ཟེར་ནས་མཆོང་འོང་བ་ཐག་གིས་ཆོད། ད་མི་བཤད། ང་ཁྱོད་ཚོ་དང་ཁྱོད་ཚོའི་སྟོབས་ཤུགས་ལ་ཞེད་པ་མིན། རྒྱ་མིའི་སོ་བ་ཟེར་བར་དེ་བས་མི་སྐྲག འོན་ཀྱང་དབྱར་གཞུང་འདིར་ཁ་བ་བབས་ན་མང་པོ་ཞིག་ལ་གནོད་འགྲོ་བས་བཤད་མི་འདོད།
དངོས་ནས་རེད ། ཕྱོགས་ཞེན་ལ་ཆོ་མི་འདུག བཀའ་ཁྲི་མཆོག་གིས་འཆར་གཞི་ལྡན་པའི་ངང་ཤར་ཕྱོགས་ཁུརྟ་ནག་པོ་བཟོས་ན་ལས་རྒྱུ་འབྲས་གང་ནས་འགྲོ
ཤར་ཁུག་གི་མིང་རྫུན་འོག་གིས་མཆན་དེས་ཤར་ཁུག་བཀའ་བློན་ཁྲི་བར་ཆེད་གསོད་བྱེད་པའི་དམིགས་ཡུལ་གཙོ་དེ་གསལ་རྗེན་དུ་སྟོན་མ་སོང་ངམ། སྔོན་རྒྱ་གར་གྱི་མི་ཁ་ཤས་ཀྱིས་སོ་སོའི་མིང་ཡག་སྡུག་ཅི་རིགས་ངོས་ནས་སྤྱི་ཚོགས་ནང་དུ་གོ་རྒྱུ་ཡོད་པ་བཟོ་ཆེད་༧་གོང་ས་སྐྱབས་མགོན་ཆེན་པོར་བཀུར་འདེབས་སྣ་ཚོགས་བྱས་པ་ཞིག་ཐོས་སོ།
ངས་ཕྱོགས་རིས་རྩ་ནས་མིན་ད་གིན་ནས་ཞུས་ཟིན་པ་ཡིན། ཁྱེད་རང་ཚོ་གནོ་བསམ་ཡག་པོ་ཞིག་ཐོང་དང་། རྒྱ་མི་སོ་པ་ཡིན་མིན་དོན་ལ་གཟིགས་རོགས། ཕར་ངོས་སྐྱོན་བརྗོད་གནང་སའི་མི་དེས་བོད་ཀྱི་རྩ་དོན་དང་འགལ་མིན་ལ་གཟིགས་རོགས། དེ་མིན་ཆོལ་ཁ་དང་ཁམ་པ་དང་ཨམ་དོའི་སྐོར་མ་བཤད་རོགས། གཅིག་བྱས་ན་སྐབས་རེ་བཀའ་ཁྲིས་ནོར་འཁྲུལ་ཙག་ཙིག་སངས་རྒྱས་མིན་ཕྱིར་ཡོད་སྲིད་པས། ཁོང་ནི་དེང་དུས་ཀྱི་མཁས་དབང་ན་གཞོན་ཁྱེད་དུ་འཕགས་པ་ཞིག་སོང་ཙང་སྔ་ནོར་ཕྱིས་བསྡོམ་གནང་བ་སྨྲོས་མེད་ཡིན་པས་འུ་ཅག་ཚོས་ཚུལ་མཐུན་དང་། ཁོང་གི་གནས་བབས་ལ་དཔག་པས་རེ་བསྐུལ་འདྲ་བྱས་ན་ཁོང་གིས་གནས་ལུགས་དེ་དག་གི་སྐོར་ལན་ཁ་གསལ་ཞིག་རང་རིགས་ལ། དོགས་པ་ཡོང་རྫོགས་སེལ་ནུས་པའི་གནས་ལུགས་ཡག་པོ་འགའ། ངོས་སྤྲོད་རྣལ་མར་གནང་སྲིད་པས། དེ་དུས་བཀའ་ཁྲི་ཁོང་ལ་ཁུག་རྟ་སོགས་སྐྱོན་རྗོད་གནང་མཁན་རྣམས་ཀྱང་ད་བཟོད་བཀའ་ཁྲི་ཁོང་ལ། ཆབ་སྲིད་ཀྱི་གོ་རྟོགས་སྤེལ་བ་དང་། དག་སྟེར་གནང་བས་མི་བཟང་འགའ་ཡིན་པ་གཅིག་བྱས་ན་། ང་ཚོས་དངོས་སུ་ངེས་ཤེས་འདྲེན་པའང་ཡོད་སྲིད།
ཧུ་ཧུ་ཧུ་་་་་་དཔྱད་རྩོམ་ཁ་ཆགས་སྣ་རུལ་དང་རྗེས་འདེད་མཁན་སྐྱགས་སྤྲང་འཚུབ་མ་འདི་དག
དོན་དངོས་ལ་དོར་མ་ཕུད་ནས་རྟུག་དྲི་གཏོང་མཁན་རང་རེད། འདི་འདྲིའི་མནོ་བསམ་ཞིག་ལས་གཏོང་མ་ཤེས་ན་དྲ་མྱུལ་བྱེད་དོན་ཞིག་འདུག་གམ།
ཧུ་ཧུ་ཧུ་་་་་དཔྱད་རྩོམ་ཁ་ཆགས་སྣ་རུལ་དང་རྗེས་འདེད་མཁན་སྐྱགས་སྤྲང་འཚུབ་མ་འདི་དག དོན་གྱི་དོར་མ་ཕུད་ནས་རྟུག་དྲི་གཏོང་མཁན་རང་རེད།
༄༅། ། ནང་གཏམ་ཆུ་སྐྱུགས་མ་ཞེས་བྱ་བ། ཁ་བརྡ་དྲ་བ་འདི་རང་དབང་རེད། རླབས་ཆེན་ཀྱི་མཛད་པ་མང་པོ་ཡོད། སྐྱོན་ཡང་རེ་གཉིས་མེད་པ་མིན། དགེ་སྐྱོན་བསྡུར་ན་དགེ་ཁ་ཆེ། དེ་ཕྱིར་ལགས་སོ་དང་ཐུགས་རྗེ་ཆེ་ཞུ། དྲ་བ་ཚང་མར་བླ་ཆེན་ཚོའི་ཕྱག་གཉེར་དང་། མི་ཆེན་ཚོའི་ཕྱོགས་གཏོགས་པས་གནོན་ཤུགས། དཔལ་འབྱོར་ཀྱིས་འཇིགས་བསྐུལ་ཡོད་པ་ལས་ཀ་བྱེད་མཁན་ཚོས་ཡང་ཡང་གསུང་མྱོང་། དེ་བདེན་པ་རེད། ཡུས་བསྔོ་རྒྱུ་མེད། བོད་ཀྱི་སྤྱི་ཚོགས་ཆུང་ཆུང་རེད། བོད་ཡིག་འབྲི་མཁན་ཕལ་མོ་ཆེ་གྲོགས་པོ་རེད། སྐྱོན་བརྗོད་རེ་གཉིས་ཡོང་པ་ཀུ་རེ་རེད། དྲ་བ་གཉེར་མཁན་ཚོར་དཀའ་ངལ་སྤྲད་ན་ཁོང་ཚོར་མཆན་གསུབ་རྒྱུ་ལས་གཞན་ཐབས་ཤེས་མེད་པ་རེད། སོ་བ་ཟེར་བ་དེ་ལས་སླ་བོ་མ་རེད། ཁུངས་ལུང་ཡོད་ན་གླེང་དགོས་པ་རེད། ནོར་འཁྲུལ་ཡོད་ན་བརྗོད་དགོས་པ་རེད། དེ་དམངས་གཙོའི་གཞུང་གིས་ཁྱད་ཆོས་རེད། མཐོན་པོ་ཞིག་གིས་གང་ཟེར་ལ་ལེགས་སོ་དང་། དེའི་ལྟ་བ་དང་འགལ་བ་ཞིག་བྱུང་མ་ཐག་སོ་ཉུལ་ལམ། དོལ་རྒྱལ་གྱི་གྲྭལ་དུ་གཡུག་རྐྱང་བྱེད་པ་ནོར་འཁྲུལ་རེད། དེ་དང་ལྷན་དུ་དམངས་གཙོ་ཐལ་བར་བརླག་པ་རེད། དམངས་གཙོ་ལ་ཁ་གཡར་ནས་འཁོན་འཛིན་གྱིས་སྐྱོན་འཛུག་བྱེད་པ་ཤིན་ཏུ་ཐ་ཆད་རེད། རྒྱུ་མཚན་མེད་པའི་སྐྱོན་བརྗོད་མ་གནང་རོགས། ལྷག་པར་ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་འགལ་མ་གླེང་ན་བཟང་། ཆུང་ངུ་ཆེན་པོ་ཆགས་ན་དོན་ཀྱིས་བོད་པ་ཕམ་པ་རེད། གཞུང་གི་འཛིན་སྐྱོང་སོགས་ལ་འགྲིག་མ་འགྲིགས་གླེང་སློང་དགོས་པ་རེད། བགྲོ་གླེང་རྒྱུ་མཚན་ལྡན་པ་གནང་ན་ལེགས། ཁུངས་མེད་ལུང་མེད་ཀྱིས་འུར་མ་སློང་རོགས། རང་གིས་ཐག་བཅད་པ་དེའི་འདོད་ཕྱོགས་ཁོ་ན་ལས་གཞན་དག་དཀར་པོ་བྱུང་ཡང་བདེན་ཀ་མི་སྤྲོད་པ་གླེན་པ་ཨུ་ཚུགས་ཅན་གྱི་ལས་ཀ་རེད། ནོར་བ་ངོས་ལེན་བྱེད་མཁན་དཔའ་བོ་རེད། སྤྱི་དོན་ཞིག་སྒྲུབས་མཁན་ཡིན་ཚེ་རང་སྐྱོན་ངོས་ལེན་གྱི་སྤོབས་པ་མེད་མི་རུང་། ནོར་འཁྲུལ་བསྒྱུར་བཅོས་ཐུབ་པ་མཁས་པ་རེད། བཅོས་ཟིན་པ་ལ་སྐྱོན་ཆ་སྐྱར་བཀློགས་བྱེད་ན་ལྐུགས་པ་རེད། དེ་འཁོན་འཛིན་ཞི་མ་ཐུབ་པའི་བདེན་དཔང་རེད། དེ་འདྲའི་རིགས་བློ་ཀུ་དོག་པོ་ཡོད་པས་སྤྱི་མི་ག་ལ་རུང་། སྤྱི་དོན་སྒྲུབས་པ་ལ་བློ་རྒྱ་ཡངས་དགོས། མདོར་ན་མཐུན་སྒྲིལ་དགོས། མཐུན་སྒྲིལ་རྩ་བ་འཁོན་འཛིན་མི་རུང་། བདེན་པ་ཡོད་ན་དགྲ་ལའང་དག་སྟེར་དགོས། སོ་ཉུལ་ཟེར་བ་ཆེད་ལས་ཞིག་རེད། བོད་ཀྱི་སྤྱི་ཚོགས་ལ་སོ་ཉུལ་ཆེན་པོ་མི་དགོས་པ་བདེན་པ་རེད། གཙོ་བོ་ནང་འཁྲུགས་ཐུབ་མཁན་ཞིག་དང་། ཀུན་ཀྱིས་ཁ་ལོ་བསྒྱུར་ནུས་པའི་མི་ཞིག་གསོ་སྐྱོང་ཐུབ་ན་དེས་འགྲིགས་པ་རེད། དེས་ཆུ་ཡུར་བར་དྲངས་པ་བཞིན་ལོ་སུམ་བཅུའི་རྗེས་ནས་བོད་པ་ཕྱེད་ཙམ་བརླགས་ཚར་བ་རེད། ལོ་བརྒྱ་ནས་ནུས་པ་མེད་པའི་ཤི་འཕྲོ་ལྷག་དུམ་ཞིག་ལས་མེད་པ་ཁོ་ཐག་ཆོད། བོད་རིགས་གཅེས་ན་མི་རེས་བོད་ཕྲུག་བཅུ་རེ་བཟོ་ཨེ་ཐུབ་ལྟོས། མུ་མཐུད་དུ་རིགས་བརྒྱུད་སྤེལ། སྤྲང་པོ་ཡིན་ཀྱང་སྐྱོན་མེད། བོད་མི་ས་ཡ་ཉི་ཤུ་ལོངས་ཚེ་གང་འདོད་སྒྲུབས་ཆོག་ཆོག་རེད། གཞུང་གི་ལས་བྱེད་ཡིན་ན་བུ་བཅུ་རེ་སྐྱེ་དགོས་པའི་ཁྲལ་ཞོག བོད་ཀྱི་བླ་སྤྲུལ་ཡིན་ན་བུ་གསོ་བའི་འགན་ཁུར། ༧སྐྱབས་རྗེ་རྣམས་ཀྱིས་བྱིས་པ་སྟོང་རེ་གསོ་ཐུབ་དགོས། དགོན་བདག་རེའི་བརྒྱ་རེ་གསོས། མཁན་སྤྲུལ་ཆུང་རིགས་རྣམས་ཀྱིས་བཅུ་རེ་གསོས། ཚོང་པ་ཆེ་འབྲིང་ཅུང་གསུམ་ལའང་དེའི་ཁྲལ་དགོས། ནང་གཏམ་ཆུ་སྐྱུགས་མ་རྫོགས་སོ། །
རྩོམ་ཡིག་འདི་ལ་རྒྱབ་སྐྱོར་བརྒྱ་ཐམ་པ་ཡོད། ངས་ཀྱང་འདི་འདྲ་ཞིག་འབྲི་དགོས་བསམ་ནས་ཡོད། དུས་ཚོད་བྱུང་ན་ཅིག་འབྲི་རྒྱུ་ཡིན། ངོ་མ་རེད།
མིང་མེད་རྩོམ་ཡིག་འདི་ཅི་ཡིན་ཤེས་མ་སོང་། གང་ལྟར་འདིས་ཀྱང་ནང་འཁྲུག་གང་འཚམ་ཞིག་སླང་འདུག ད་དུང་མི་མང་གི་ཁ་ལ་ཡེ་ཤེས་ཀྱི་སྤྱན་ཡོད་མེད་མི་ཤེས་ཏེ་འདིའི་ནང་གི་མཆན་འགོད་པ་ཁ་ཤས་ཀྱི་ཁ་ལ་ཡེ་ཤེས་ཀྱི་སྤྱན་ཡོད་ཐག་ཆོད་རེད་འདུག
་བཙན་བྱོལ་དུ་སླེབས་ནས་ང་ཚོ་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་བོད་ཡོངས་རྫོགས་མོང་དོན་མཚུངས་པའི་རང་སྐྱོང་ཞིག་འཐོབ་པའི་འབད་བརྩོན་བྱེད་ཀྱི་ཡོད། དེར་ང་ཚོ་ཚང་མ་དཔུང་པ་མཉམ་གཤིབས་བྱེད་དགོས། ང་རང་བསམ་ཚུལ་ལྟར་ན་བོད་ཆོལ་ཁ་གསུམ་པོ་མི་རིགས་་གཅིག་རེད། སྐད་དང་ཡི་གེ་གཅིག་རེད། ཆོས་དང་རིགས་གཞུང་གཅིག་རེད། ཟ་མ་དང་ཆས་གོས་གཅིག་རེད། ཁྱད་པར་ཡོད་མ་རེད། གང་ལྟར་སྡོད་ས་་སྟོད་སྨད་བར་གསུམ་གྱི་ཁྱད་པར་ཙམ་རེད།
ཡང་པར་མཇེས་པུ་གུ་བཟོ་དགོས་ཟེར་འདུག་ག འབྲེལ་མེད་མ་བཤད་ལོ།
སྤྱི་འཐུས་གྲོས་ཚོགས་སྐབས་བཅོ་ལྔ་པའི་ཚོགས་དུས་གསུམ་པའི་མཐའ་མའི་མཇུག་བསྡོམས་གཏམ་བཤད་གསུང་ལ་ཉེ་བའི་སྐབས་ཚོགས་གཙོ་མཆོག་གིས་ཚོགས་འདུའི་འགྲོ་སྟངས་ལྟར་འཕྲོས་ལྷག་ཡོད་མེད་ཀྱི་སྐོར་ལ་བཀའ་འདྲི་གནང་བར་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས་ཡོད་པའི་བརྡ་ལན་བྱས་ཏེ་ཡར་བཞེངས་སོང། ཡིན་ནའང་ཁོ་ལ་ཡོད་པའི་དྲི་བ་ནི་དོན་མེད་ཀྱི་ཟུར་སའི་ཚིག་རྙོག་སྟེ། ཁོའི་འདོད་འགྲུབ་མ་བྱུང་བའི་རྒྱུ་མཚན་གྱིས་འཆོལ་གཏམ་ཞིག་ཡིན་པ་ནི་ཁོའི་དྲི་བའི་ཟུར་ལས་མངོན་ཡོང་གི་འདུག དེ་ནི་རྒྱ་དམར་གཞུང་ལྟར་གཅིག་བསྡུས་རིང་ལུགས་དང། བསམ་བློ་གཅིག་བསྒྱུར། གོམ་སྟབས་གཅིག་བསྒྱུར་ཡིན་དགོས་པའིབཙན་གནོན་གྱི་གཞུང་ཞིག་མ་ཡིན་པའི་ཁྱད་ཆོས་མངོན་ཡོང་གི་འདུག་ཀྱང། གྲོས་ཚོགས་ལ་ཆེ་མཐོང་དང། བརྩི་བཀུར། ཡ་རབས་བཟང་སྤྱོད་གཅིག་ལས་བལྟས་ན་དངོས་གནས་ཡིད་སྐྱོ་དགོས་པ་ཞིག་རེད་འདུག་
སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་ཀརྨ་ཆོས་འཕེལ་གྱི་དྲི་བར་ལན་འདེབས་མཛད་སྐབས་ཁོའི་ངོ་གདོང་སྡིག་པ་ར་ཛའི་སྟེང་གཅིན་པ་བཏང་བ་ལྟར་དམར་པོར་གྱུར་ཅིང། ཚོགས་གཙོས་མཇུག་བསྡོམས་གཏམ་བཤད་མ་ཚར་བའི་གོང་ནས་ཁོ་གྲོས་ཚོགས་ཀྱི་རྭ་བ་ནས་ཐོན་སོང་བས། འདིར་བཞུགས་བཀའ་བློན་ལྷན་རྒྱས་གཙོས་གྲོས་ཚོགས་ཀྱི་འཐུས་མི་དང། དྲུང་ཆེ། གསར་འགོད་པ། ཟུར་ཉན་པ་ཚང་མར་མི་བདེ་བའི་ཚོར་བ་ཞིག་བྱིན་སོང་། ལྷག་པར་དུ་གྲོས་ཚོགས་རྭ་བ་དེར་ཟུར་ཉན་བྱེད་ཐུབ་པའི་དགའ་སྤྲོས་ཁེངས་པའི་བདག་ལྟ་བུ་ལ་མཚོན་ན་ཀརྨ་ཆོས་འཕེལ་ལ་འཁང་ར་དང་ལྷན། ཁོའི་དེ་སྔོན་གི་ནག་ཉེས་རྣམས་ཡིད་ལ་འཁོར་ཏེ། རྒྱུ་མཚན་ཅི་ཞིག་གིིས་སླར་ཡང་ཁོ་བཀའ་བརྒྱུད་ཀྱི་སྤྱི་འཐུས་ལ་བདམས་པ་ཡིན་ནམ་སྙམ་བྱུང།
གྲོས་ཚོགས་ནི་མང་གཙོའི་ཀ་བ་གསུམ་གྱི་ནང་ནས་གལ་གནད་ཆེ་ཤོས་ཤིག་ཡིན་པ་མ་ཟད། གྲོས་ཚོགས་ལ་གུས་བཀུར་མེད་པ་ནི་ཚོགས་གཙོ་ལ་བརྩི་བཀུར་མེད་པ་ཙམ་གྱིས་མི་ཚད་པར་གཞུང་ལ་གུས་བཀུར་མེད་པ་མཚོན་གྱི་ཡོད། དེ་ལྟ་བུའི་གཞུང་ལ་བརྩི་བཀུར་མེད་པའི་མི་ཞིག་སྤྱི་འཐུས་ཀྱི་སྡིངས་ཆའི་སྟེང་སླེབས་པ་དེ་ཁོར་འོས་བླུག་མཁན་ཚང་མས་འགན་ཁུར་ལ་བསམ་བློ་བཏང་མེད་པའི་སྐྱོན་ལས་བྱུང་བ་ཞིག་རེད། དབྱིན་གཏམ་ཞིག་ནང་”ཚབ་བྱེད་ཐུབ་ཀྱང་འགན་འཁུར་མི་ཐུབ”ཟེར་བ་ལྟར་ཁོས་བཀའ་བརྒྱུད་ཀྱི་སྐུ་ཚབ་བྱེད་ཐུབ་ཀྱང་འགན་ཁུར་ཐུབ་ཀྱི་མི་འདུག ཁོ་དེ་སྔོན་སྤྱི་འཐུས་ཚོགས་གཙོའི་ལས་འཁུར་སྐབས་ཚོགས་ཆེན་ལ་མ་སོང་བར་ཆང་རག་ཁང་ནང་མགོ་འཁོར་བའི་གནས་ཚུལ། ཁོ་བཀའ་བརྒྱུད་ཀྱི་སྤྱི་འཐུས་བདམས་རྗེས་སླར་ཡང་ཁོས་རྙོག་གྲ་མང་པོ་བསླངས་སྐད། དེ་རིང་ཡང་ཁོས་གྲོས་ཚོགས་ལ་བརྩི་བཀུར་མེད་པར་ཐོན་སོང།
ཀ་དག་ཆོས་དབྱིངས་ཟེར་བ་འདིས་བྲིས་བཞག་པ་རིགས་ལ་ཞེད་སྣང་ཚ་བོ་འདུག
རྒྱ་མིའི་སོ་བ་ཅིག་ཡིན་ན་ཁོ་ཆེ་ཆུང་ལ་མ་བལྟས་པར་ང་ཚོའི་སྤྱི་ཚོགས་སུ་ལྡོག་ཕྱོགས་ཀྱི་ནུས་པ་ཞིག་ཐོན་གྱི་ཡོད་ཡོད་པ་རེད། དེ་བས་དེ་ལ་དོགས་སོན་དང་འགོག་རྒོལ་བྱེད་དགོས་ངེས་ཅིག་རེད་འདོད་གི གཞན།
ད་རྒྱ་མིའི་སོ་བ་ཡིན་མིན་གང་ལྟར་བོད་པའི་སྤྱི་ཚོགས་ཕུ་དཀྲུག་འདའ་དཀྲུག་གི་བསམ་ངན་ཞིག་འཆང་ཡོད་པ་ཐག་གིས་ཆོད་སོང་བ་རེད། དེ་རིང་འཆན་བུ་འདི་འདྲ་བ་མང་པོ་ཕྱོགས་དང་རིས་སུ་ཆད་པའི་དོན་གང་ནས་བྱུང་བ་རེད། གྲོགས་པོ་ཤེས་ན་བསམ་བཞིན་དུ་འདི་འདྲ་བ་ཡོང་ཐབས་ལ་འབད་པ་བྱེད་མཁན་ཤར་ཁུག་གིས་བྱས་རྗེས་རེད། མི་འདི་འདྲ་བ་ཡིན་ན་རྒྱ་མིའི་གསང་ཉུལ་བརྒྱ་ལས་ཀྱང་སྡུག་པ། རྒྱ་མའི་གསང་ཉུལ་ལ་ཉུལ་ཡོང་བ་ཞིག་ཅི་ཡང་མེད་པ། ང་ཚོ་བོད་གཞུང་ཕྱི་གསལ་ནང་གསལ་རེད། རྒྱ་མིའི་གསང་ཉུལ་ཞིག་གིས་འདི་འདྲ་ཞིག་དཀྲུག་ཐུབ་གི་མ་རེད། ཤར་ཁུག་གིས་མངོན་འདོད་ངོ་མ་དེ་བོད་མི་ཆེན་དང་བླ་ཆེན་ཐམས་ཅད་ཀྱི་བར་དུ་དཀྲུག་ཤིང་འཕེན་རྒྱུ་དེ་རེད།
རྩོམ་ཡིག་དེ་ཆེད་དུ་གཉེར་ནས་གཞིས་ཆགས་པ་དང་གསར་འབྱོར་བ་གཉིས་དབར་ལ་དཀྲུག་པའི་ཆེད་དུ་བྲིས་པ་ཞིག་ཏུ་ངོས་འཛིན་བཞིན་ཡོད། ངོ་མ་བོད་ནས་སླེབས་པ་རྣམས་ཀྱིས་གཞིས་ཆགས་པ་ལ་དེ་འདྲ་སྡང་སེམས་བྱེད་དགོས་དོན་ཅི་ཡིན་ནམ་བསམ་ནས་ཁ་བརྡ་དང་དུས་བབ་དྲ་རྒྱ་ཁ་ཕྱེ་ནས་མཆན་དང་གསར་འགྱུར་ཀློག་མ་ཐག་ཏུ་དེ་ལྟར་དྲན་བཞིན་འདུག །གསར་འབྱོར་བ་རྣམས་ཀྱིས་གསར་འབྱོར་བ་ལ་རྒྱའི་ཉུལ་མ་ཟེར་བའི་མིང་འདོགས་བྱེད་པ་ལ་ཁོང་ཁྲོ་གིན་མེད་ན། གཞིས་ཆགས་པ་རྣམས་ཀྱིས་དེ་ལྟར་བྱེད་པ་ལ་ཁྲོ་དགོས་དོན་ཅི་ཡིན་ནམ།
ལར་ནས། གསར་འབྱོར་བ་མང་བའི་གདན་ས་ཁག་དང་བུ་ཁྱིམ་སློབ་ཁག་སོགས་ཀྱི་ས་གནས་ཁག་ཏུ་གཞིས་ཆགས་པའི་ཐོག་ལ་བལྟ་ཚུལ་དང་གཞི་མེད་ཀྱི་སྐྱོན་བརྗོད་དང་མཐོང་ཆུང་དང་ཁྱད་གསོད་ཇི་འདྲ་བྱེད་ཀྱིན་ཡོད་མེད་འབྲི་དགོས་ན་གྲངས་ཀྱིས་མི་ལང་བ་ཡོད། ཡིན་ན་ཡང་། དེ་ལྟར་བྲིས་ན་ཆིག་སྒྲིལ་ལ་གནོད་ཀྱི་དོགས་པས་དགོས་དོན་ཆེར་མིན་འདུག །བྱས་ཙང་ཕྱིས་འབྱུང་རྩོམ་བྲིས་སྐབས་གཟབ་རོགས་གནང་།
སྔོན་མ་ཞིག་ལ། རྡ་ས་ནས་མི་ཞིག་གིས་མི་ཞིག་ལ་”ཟ་ཁང་ནང་ལ་མི་འདུག་གམ” ཞེས་པར། ལན་དུ་”གསར་འབྱོར་ཁ་ཤས་མ་གཏོགས་མི་མི་འདུག་” ལབ་པ་རེད། ཡང་སྐབས་ཤིག་ཕ་མ་ཚོས་སོ་སོའི་ཕྲུ་གུས་ཁ་ལ་མ་ཉན་ན་”གསར་འབྱོར་པ་ལ་སྤྲད་ཀྱི་ཡིན་ད་”ཟེར་ནས་ཞེད་སྣང་སྐུར་བའི་དུས་ཚོད་ཅིག་ཀྱང་བྱུང་བ་རེད། དེ་ནས་སྐབས་ཤིག་ལ་གསར་འབྱོར་བ་སྤྱི་ཡོངས་ལ་ཀ་ཅ་ཞེས་པའི་མིང་ཞིག་མཐོ་དམན་བར་གསུམ་གྱིས་བེད་སྤྱོད་བཏང་པ་རེད། ད་དེང་སང་རྒྱ་མིའི་སོ་བ་ཞེས་པའི་ཐ་སྙད་དེ་ཁ་ནང་ཡོང་ཡོང་ལ་བེད་སྤྱོད་གཏོང་གི་འདུག
རྩོམ་འདིར་མཆན་སྒོ་བརྒྱབ་ཡོད།
ཁ་བརྡ་རྩོམ་སྒྲིག་པས།
khabdha@gmail.com
http://www.khabdha.org