༧གོང་ས་མཆོག
དང་པོ་གནས་ཚུལ་(རང་ལུས་མེར་བསྲེགས)དེ་བྱུང་མ་ཐག་ངོས་རང་བློ་ཕམ་ཞེ་དྲག་བྱུང་། དེའི་སྐབས་BBCགསར་འགྱུར་འགོད་མཁན་ཞིག་དང་ཁ་ཐུག་རྒྱབ་པ་རེད། ཁོང་གིས་དྲི་བ་བཏང་སོང་། སྐབས་དེར་ངོས་ལབ་ཡིན། ད་དེ་ཞེ་དྲག་བློ་ཕམ་པོ་རེད་ལ་དངོས་གནས་དྲང་གནས་སྙིང་སྟོབས་ཀྱང་ཆེན་པོ་ཞེ་དྲག་རེད། ཡིན་ནའང་། དེ་འདྲ་བྱེད་རོགས་བྱས་ལབ་སྟེ་སེམས་ཤུགས་སྤར་བ་དེ་འདྲ་ཁྱོན་ནས་བྱེད་ཀྱི་མེད། དེ་འདྲའི་གཞི་རྩ་དེས་ནུས་པ་ག་ཚོད་ཐོན་མ་ཐོན་དེ་ཐེ་ཚོམ་རེད། དེ་ལྟར་བཤད་ཡིན། དེ་ནས་བཟུང་ངོས་ནས་དེའི་སྐོར་ལ་ཅང་བཤད་ཀྱི་མེད།
ད་ད་ལྟ་ཁྱེད་རང་གིས་ཟེར་བ་དེ་རེད། ད་ངོས་ནས་རང་སྲེག་བཏང་བ་དེ་ནོར་འཁྲུལ་རེད་ལབ་པ་ཡིན་ན། སྙིང་རྗེ། ཤི་མཁན་དེ་དག་གི་ནང་མི་རྣམས་ཀྱིས་༧རྒྱལ་བ་རིན་པོ་ཆེའི་བློ་ལ་འབབ་མི་འདུག་བསམ་ནས་བློ་ཕམ་བྱེད་ཀྱི་རེད། ད་འགྲིག་གི་རེད་ལབ་ན། ཅི་ལྟར་ལབ་དགོས་པ་རེད་དམ། ལབ་ཐུབ་ཀྱི་མ་རེད། ཁག་པོ་ཞེ་དྲག་རེད། ད་དེ་ལས་ཁ་རོག་བསྡད་ན་ཡག་ཤོས་རེད།
གཉིས་ནས་ད་དེ་ཆབ་སྲིད་ཀྱི་གནས་ཚུལ་ཞེ་དྲག་རེད་འདུག དྲི་བ་འདྲི་མཁན་མང་པོ་ཞིག་གིས་ཆབ་སྲིད་ཀྱི་གནད་དོན་ལ་བསྒྱུར་ཆེད་དྲི་བ་གཏོང་གིན་འདུག་གཱ ད་ངོས་ནས་ཆབ་སྲིད་ཀྱི་ལས་ཀ་བཞག་ཚར་བ་རེད། ད་ངོས་རང་ཁ་བཙུམ་ནས་བསྡད་ན་ཡག་ཤོས་རེད། བྱས་ཙང་ཆབ་སྲིད་ཐོག་ང་ཤི་བ་ནང་བཞིན་འདུག་གི་རེད།
སྔོན་མ་ནས་ངོས་བཤད་མྱོང་། ངོས་ལ་ལས་འགན་གསུམ་ཡོད་པ་རེད། དེ་མིའི་གཞི་རྩའི་ཡ་རབས་བཟང་སྤྱོད་གོང་འཕེལ་གཏོང་བ་དང་། ཆོས་ལུགས་མཐུན་སྒྲིལ་བྱེད་པ་དེ་ངོས་ནས་མ་ཤི་བར་དུ་བྱེད་ཀྱི་རེད། ཆབ་སྲིད་ཀྱི་གནས་ཚུལ་དེ་དུས་ཚོད་ངེས་ཅན་ཞིག་ནས་ངོས་མཚམས་འཇོག་གི་རེད་ཅེས་ལབ་བསྡད་ཡོད། ན་ནིང་ནས་ངོས་ཆབ་སྲིད་ཀྱི་འགན་ཚང་མ་རྩིས་སྤྲོད་གནང་སྟེ་ཤི་བ་ནང་བཞིན་བསྡད་ཡོད། ད་སྦྲུལ་ཤི་བ་ལྟར་བསྡད་ན་སྐྱོན་ཞིག་གེ་མི་འདུག་གཱ
ཁུག་རྟས་བོད་ཡིག་ཏུ་བསྒྱུར་བ་བཀའ་དྲིན་ཆེ།
ཤར་ཕྱོགས་ཁུག་རྟས་འདི་ཡི་གེ་ཕབས་པར་དགའ་བསུ་དང་ཐུགས་རྗེ་ཆེ་ཞུ། ད་དུང་འདིའི་འཕྲོའི་བཀའ་སློབ་དག་ཧ་ཅང་ལེགས་པས་འདིར་ཡི་གེ་ཕབ་ནས་འགོད་རྒྱུའི་རེ་བ་ཆེ།
ཤ་ཁུག་ཐུགས་རྗེ་ཆེ་དེ་འདྲ་པོ་ཕབས་ལན་བྱས་པ།
དེའི་ནང་ལ་གོང་ས་མཆོག་གིས་ཝན་ཅ་པོ་ཡི་སྐོར་ལ་གཅིག་གསུང་གི་འདུག དེ་ཧ་གོ་མ་སོང་། ཝན་གྱིས་གང་བཤད་ཡོད་དམ།
ཁུག་རྟ་རིན་པོ་ཆེ་ནས་དེ་བོད་ཡིག་ཏུ་ཕབས་པ་བཀའ་དྲིན་ཆེ། ད་དུང་དེའི་མཇུག་ཀྱང་ཕབས་རོགས་ཞུ།
འདི་ནི་ཁུག་རྟས་བོད་ཡིག་ཏུ་བསྒྱུར་བ་མ་རེད་བོད་ཡིག་ཏུ་ཕབ་པ་རེད། ཁྱེད་ཚོས་ཉོན་དང་སྐུ་མདུན་གྱིས་བོད་སྐད་གསུང་གི་འདུག
ཁུག་རྟ་ལགས། ཉིད་ཀྱིས་སྐུ་མདུན་གྱིས་རྒྱ་ནག་གི་སྲིད་བློན་ཝུན་ཅ་པཱའོ་ཡིས་སྐོར་ལ་གསུངས་ཡོད་པ་དེ་ཡིག་ཐོག་ཏུ་མ་ཕབ་པ་ཅི་ཡིན་ནམ།་
གྱོད་ཡས་ཀླད་རྙིང་མཁྲེགས་འཛིན་གྱི་རྣམ་ཐར་བསྐྱངས་ཕྱིན་དེ་ལ་ཅི་བྱ་གཏོལ་མེད་ལས་མིའི་རྣམ་དཔྱོད་ཀྱིས་ཡ་ལན་བཟློག་མེད་ཅིག་རྙེད་པར་དཀའ་ཡང་། གོ་སྐབས་ནི་ནམ་ཞིག་གང་ནས་ཡོང་མིན་ཆ་མི་འཚལ་བས་དུས་དེར་འུ་ཚོའི་སེམས་ན་གྲ་སྒྲིག་ཅིག་ཡོད་དགོས་པ་གལ་ཆེ།
མཁོ་བ་སྦྱིན་དང་སྙན་པར་སྨྲ་བ་དང་།།
འཇིག་རྟེན་དོན་མཐུན་གདུལ་བྱའི་དོན་ལ་སྤྱོད།།
བསྡུ་བའི་དངོས་པོ་བཞི་ཡི་དཔལ་འབྱོར་གྱིས།།
གཞན་དོན་ལྷུར་མཛད་བསྟན་འཛིན་རྒྱ་མཚོར་བསྟོད།།
དྲ་འབུ་རྣམ་པ་ལགས། ཝུན་ཅ་པོའི་སྐོར་ལ་བཀའ་སྩལ་བ་རྣམས་༧ཡིག་ཚང་དུ་སྤྱན་བསྟར་ཆོག་མཆན་གྲུབ་མཚམས་གཟིགས་མོར་བསྟར་ངེས་ཡིན།
ཁུག་རྟ་ལགས་ནས་བོད་ཡིག་ཏུ་ཕབས་པ་ཐུགས་རྗེ་ཆེ། ཡིནའང་དྲི་བ་གཏོང་གིན་འདུག་གཱ མི་འདུག་གཱ ག་གཉིས་ཀྱི་འོག་ལ་འ་ཆུང་རྒྱབ་དགོས་པའི་དོན་ག་རེ་རེད། ལེགས་སྦྱར་གྱི་སྐད་དང་ཡུལ་གཞན་གྱི་སྐད་བོད་སྐད་དུ་ཕབས་ན་མ་གཏོགས་བེད་སྤྱོད་ཡོད་མ་རེད།
ཡོང་ཁྱབ་དུ་གསར་འགྱུར་རྒྱུད་ལམ་ནང་གསུང་འཕྲིན་བརྩལ་བ་ཞིག་ད་ཁྱོད་ཀྱིས་ཆོག་འཆན་ཞུ་དགོས་ཀྱི་མ་རེད་ཤར་ཁུག་ལགས། དེ་མིན་གཞི་མེད་སྐྱོན་འཛུགས་ཀྱི་སྐད་ཆ་དེ་ཚོ་བཤད་དུས་ཆོག་འཆན་ཞུ་རུ་སོང་དང་།
སྐུ་ཞབས་ཤར་ཁུག་ལགས་ནས་བོད་ཡིག་ཏུ་ཕབས་ཏེ་འདིར་བཀོད་པར་བཀའ་དྲིན་ཆེ། ཁ་སྔོན་ཞིག་ལ་་་་་གཟའ་ཉི་མར་རྩོམ་ཡིག་ཅིག་དྲྭ་དངོས་སུ་འཇོག་གི་ཡིན་གསུང་ཡོད་ས་ཡོད་བསམ་སོང་་་་་བརྗེད་སོང་ནི་མིན་ན་་་་ད་རུང་སླེབས་མི་འདུག་་་་་བསྒུགས་ནས་ཡོད།
རང་སེམས་ཕྱོགས་ཞེན་གྱིས་སྒྲིབ་ནས་གཞི་མེད་སྐྱོན་འཛུགས་སུ་སྣང་ན་གཞི་མེད་སྐྱོན་འཛུགས་ཡིན་པའི་ངེས་པ་མེད་ལ།རང་གི་རིགས་གཞུང་ལ་ཞེན་ནས་རང་གཞུང་གི་དབུ་ཁྲིད་རེ་ཟུང་ལ་སྐྱོན་བརྗོད་བྱས་ན་གུང་ཁྲན་གྱི་ཉུལ་མ་ཡིན་པའི་ངེས་པ་དེ་བས་ཀྱང་མེད་ན།ཕྱོགས་ཞེན་ཁོ་ནའི་དབང་དུ་མ་སོང་བར་བློ་རྒྱ་ཆེ་ཙམ་བྱ་རྒྱུ་ནི་ཕོ་རབ་རྣམས་ཀྱི་གལ་འགངས་ཆེ་བའི་དངོས་པོ་ཞིག་ཏུ་ངོས་འཛིན་ཐུབ་ན་དགེ་མཚན་ཆེ་བར་སེམས་སོ།། །།
ཁུགས་རྟ་ལགས་ང་ཡང་གཟའ་ཉིན་མའི་རྩོམ་ཡིག་དེ་བསྒུགས་ནས་ཡོད་ངེས་པར་དུ་་་་་་་་་་་་་་་