སྒང་ཏོག་གི་བུ་མོ་མཛེས་མ་བསོད་ནམས་པད་ཆོས་ ༢༠༡༢ ལོའི་རྒྱ་གར་རྒྱལ་ཡོངས་མཛེས་མའི་འགྲན་བསྡུར་ Femina Miss India East ཁྲོད་ཀྱི་ཨང་རིམ་གཉིས་པ་ཐོབ་འདུག་པ་དང་། འགྲན་བསྡུར་མཐའ་མའི་རྒྱལ་ཁ་ཐོབ་ཆེད་ཁོང་མོར་་ཟླ ༣ ཚེས ༢༨ ཀྱི་ཉིན་གུང་ཆུ་ཚོད ༡༢ བར་མི་མང་གི་འོས་ཤོག་བླུགས་ཆོག་གི་འདུག་ན་མཛེས་མ་བསོད་ནམས་པད་ཆོས་ལ་བོད་མི་ཚོས་ཁ་པར་ཨང་གྲངས 58888 ཐོག་ pfmi son བྲིས་ཏེ་འོས་ཤོག་འཕེན་ཆོག་པ་དང། གཞན་དྲ་ཐོག་ནས་འོས་ཤོག་འཕེན་ན་དྲ་ཐག་འདིར་http://feminamissindia.indiatimes.com/choose_contestants.cms་ཏེ་མོའི་པར་སྟེང་གི voteསྟེང་ཐད་ཀར་བསྣུན་ན་འགྲིག་གི་འདུག
བསོད་ནམས་པད་ཆོས་ཀྱི་གཟུགས་ཀྱི་རིང་ཚད། ཕི་ཁྲི 5.7
ལོ། 22། ནུ་འཁུར་བྲང་གཞུང་གི་ཚད་ཨིན་ཇི 32། ལྡེམ་ལྡེམ་སྐེད་ཀྱི་ཚད་གཞི་ཨིན་ཇི 25། རྐུབ་ཞེང་ཨིན་ཇི35། འཛིན་རིམ་མཐོ་རིམ་སློབ་གྲྭའི་ལོ་རིམ་གསུམ་པ། ཞོར་དུ་དེང་དུས་སྟོད་གོས་ཁྱབ་བསྒྲགས་བྱེད་བཞིན་ཡོད་འདུག
རྒྱབ་སྐྱོར་ཡོད་དང་ཡོད།
ཚང་མས་འགྲོ་ཞོར་ཏུ་དེར་བསྣུན་རྒྱུ་རེ་བ་ཆེ།
མཛེས་མ་བསོད་ནམས་པད་ཆོས་ལ་འོས་འཕེན་རོགས་གནོངས། པད་ཆོས་རྒྱལ་བར་ཤོགོ །
ཨ་རིག་དགེ་མཐོང་ལགས་ཀྱིས་བསྣུན་རྒྱུ་ཡིན་ནམ།ཧ་ཧ། ཀུ་རེ་ཡིན། རྒྱབ་སྐྱོར་ལོས་བྱེད།
པད་ཆོས་ལ་རྒྱབ་སྐྱོར་ཡོད་དང་ཡོད་ བོད་མི་བོད་ཚད་ཀྱིས་མོ་ལ་རྒྱབ་སྐྱོར་གནང་རོགས་ཞུ། མོ་རྒྱལ་ན་ང་ཚོ་ཚང་མའི་གཟི་བརྗིད་རེད།
གྲོགས་པོ་རྣམས་པ་ངས་པར་ཐོག་ནས་མནན་པ་ཡིན་འོན་ཀྱང་མཆན་འདེབས་ས་ཞིག་ཤར་ཡོང་། ངས་དེར་མཆན་ཞིག་བཏབ་པ་ཡིན་འགྲིག་ཡོད་མིན་མི་ཤེས་འགྲིག་སོང་ན་རྟགས་ཅི་ཞིག་འཆར་གི་རེད་གསལ་པོ་ཞིག་གསུང་རོགས།
ངས་ཐོག་པར་གི་ཐོག་ནས་མནན་ཡོད། དེ་ནས་ནུ་མའི་ཐོག་ནས་མནན་ཡིན། དེ་ནས་བརླ་བར་ནས་མནན་ཡིན། ད་འགྲིག་ཡོད་པྭ།
བསོད་ནམས་པད་ཆོས་ཕ་མ་གཉིས་ཆ་བོད་རིགས་རེད་དམ། ཡང་ན་ཕྱེད་བོད་རིགས་རེད། ལན་གསལ་པོ་ཞིག་གནང་རོགས་གནང་།་གང་ཡིནའང་ངའི་འོས་བླུག་གི་ཡིན། བོད་པའི་སྤྱི་ཚོགས་ནང་ཕ་མ་གང་རུང་ཞིག་བོད་པ་མིན་ན་མཐོང་ཆུང་བྱེད་ཀྱི་ཡོད་རེད། དེ་ནོར་འཁྲུལ་རེད། རྡ་རམ་ས་ལའི་ miss Tibet organizer བློ་བཟང་དབང་རྒྱལ་གྱི་ཕ་རྒྱ་གར་རེད་ཟེར་གྱི་འདུག ངོ་གདོང་ཡང་རྒྱ་གར་འདྲ་བོ་འདུག ཡིན་ནའང་ཁོ་རང་གི་ཕྱག་ལས་ཡག་པོ་གནང་གི་ཡོད་རེད། དེ་དང་དེ་བཞིན་བོད་རིགས་་དང་མི་རིགས་གཞན་འདྲེས་ནས་ནང་ཆོས་དང་བོད་དོན་ཐོག་སེམས་ཤུགས་ཅན་མང་པོ་མཐོང་བྱུང་། གང་ལྟར་མདོར་བསྡུས་ན་ཕ་མ་གཉིས་ཆ་བོད་པ་ཡིན། ཡང་ན་ཕ་མ་གང་རུང་ཞིག་བོད་པ་ཡིན་གསལ་པོ་ཞིག་སོ་སོ་ངོས་ནས་གསལ་པོ་ལབ་དགོས། ཞོར་འཕྲོས་ཡིན།
མི་རྩ་མ་ཚང་བ་རང་རེད། གསུམ་པའི་ཚེས་བཅུ་ལ་རང་ལུས་མེར་བསྲེགས་གཏོང་གི་ཡིན་ལབ་ཏེ་སྐད་ཆེན་པོ་རྒྱབ་སོང་། ད་ཡང་བོད་མི་ཚོ་ཤི་མིན་གསོན་མིན་གྱིས་གནས་སུ་ཡོད་དུས། དབུ་མའི་ལམ་གྱི་ལམ་སྟོན་པས་དམངས་གཙོའི་གྲུབ་འབྲས་ལ་ཁས་ལེན་མེད་པར། རང་ཉིད་ལས་བྱེད་ཀྱི་ཁུངས་ལས་ཕུད་པའི་སྒེར་ནད་ཀྱིས་རང་གཞུང་གི་མི་ལ་སྐད་ཆ་གང་བྱུང་བཤད་སོང་། ད་བཀྲ་མི་ཤེས་པ་འདིས་མཛེས་མ་ལ་འོས་ཤོག་བླུགས་ལབ་ཏེ་སྐད་རྒྱག་གི་འདུག ཁ་བརྡ་དྲ་ཚིགས་ལ་ཁྲིམས་ལུགས་ཤིག་དང་ཚོད་འཛིན་ཞིག་མི་འདུག སྐབས་ཤིག་ལ་རྡོར་དབང་གི་ཕྱོགས་ཞེན་དང་ས་འོག་དར་ཐག་གི་ལས་ཀ་དེ་ཚོ་མཚམས་བཞག་སོང་བསམ་ཡང་། ད་ཡང་བསྐྱར་དུ་རེབ་གོང་བ་ཁ་ཤས་ཀྱི་སྐྱུག་པ་སྐྱུག་ས་ཆག་གྲབས་འདུག བྷི་བྷི་སི་དང་སི་ཨེན་ཨེན་ལ་སོགས་པའི་ཐོག་ཏུ་བོད་དོན་ཐད་ལ་རྒྱབ་སྐྱོར་འོས་ཤོག་འཕེན་ས་ཚོ་མིག་གིས་མ་མཐོང་བར། བཀྲ་མི་ཤིས་པ་ཁ་མི་བྲོ་བ་འདི་ཚོས་མཛེས་མ་གཅིག་པུ་མིག་གིས་མཐོང་ནས་འདུག
རྒྱ་ནག་གཞུང་ལལན་འདེབས་ཚོགས་ཆུང་ནས་བུད་ཀྱང་རྒྱ་ནག་ལ་ལན་འདེབས་རྒྱུ་མི་རེ་རེ་ཡི་ལས་འགན་རེད་པས། ད་ལྟ་རྒྱ་ནག་གི་དྲ་ཚིགས་ཁག་ཏུ་ཏཱ་ལའི་རུ་ཚོགས་ལ་དམོད་མོ་ཡི་ཁ་ཕྱོགས་བསྒྱུར་ཏེ་དམོད་ཚིག་གསར་བ་སླེབས་ཀྱང་། ཁ་ཏཱ་ནག་པོས་རྒྱ་ནག་གི་རྩོམ་ཡིག་གི་མ་མཐོང་བར་བཀའ་བློན་ཁྲི་པ་ལ་སྐྱོན་བརྗོད་བྱས། བོད་དོན་རྒྱབ་སྐྱོར་གྱི་འོས་ཤོག་མ་མཐོང་བར་མཛེས་མར་འོས་ཤོག་བླུགས་ཞེས་ཛ་དྲག་གི་གནས་བབ་ནས་བཀྲ་མི་ཤིས་པ་རང་བྱེད་ཀི་འདུག
འདིའི་རིགས་ཀླུ་སྨྱོན་དང་ཨ་རིག་དགེ་མཐོང་གཉིས་ཀྱིས་མནན་གི་རེད།ཁོ་གཉིས་ཀྱིས་མི་གཞན་ལ་འབོད་སྐུལ་ཡང་མང་པོ་ཞུས་ན་འགྲིག་གི་རེད།
ངས་མགོ་ནས་རྐང་མཐིལ་བར་དར་མོར་མནན་ཡོད་་་་ད་འགྲིག་ཡོད་ཁོ་ཐག་ཡིན།
བུ་མོ་བསོད་ནམས་པད་ཆོས་ལགས་ནི། ཆུང་དུས་ནས་བོད་ནས་ཡོང་བ་ཞིག་རེད་ལ། བོད་ཁམས་ཕྱོགས་ནང་ཆེན་གྱི་ཕྱོགས་ནས་རེད། ཁོང་གི་སྤུན་མཆེད་མ་ཞིག་ནི་ད་ལྟའི་ས་སྐྱ་གོང་མའི་གདུང་སྲས་ཤིག་གི་བདག་མོའང་ཡིན། པད་ཆོས་ཀྱིས་འབྲས་ལྗོངས་ཕྱོགས་ཀྱི་མི་ཁུངས་ཐོག་ནས་འཛུལ་བྱས་ཡོད་འདུག་ལ། ཁོ་མོའི་གཉེན་ཉེ་ཡག་པོ་དེ་འདྲ་འབྲས་ལྗོངས་ཕྱོགས་སུ་ཡོད་སྟབས་ཁོ་མོ་སློབ་གྲ་གང་དྲགས་ནང་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་རག་ཡོད་པ་རེད། ཁོ་མོའི་ཕྱོགས་ནས་ཀྱང་སློབ་སྦྱོང་ལ་དོན་གཉེར་ཆེ་བ་དང་། དེ་ལས་ཀྱང་ཉམ་ཆུང་རིགས་ལ་ཧ་ཅང་གི་བྱམས་སེམས་ལྡནཔ་ཞིག་རེད་འདུག་པ་བཅས་སོ། གསར་འབྱོར་བུ་མོ་རྒྱ་གར་མཛེས་པ་སླེབས་ཐབས་ཤིག་ཞུ། རྒྱབ་སྐྱོར་དང་དྲང་བདེན་གྱིས་འཇོན་ན་ཁོ་མོའི་རྣམ་པ་དང་སྐྱེ་གཟུགས་ཀྱིས་གང་ནའང་སླེབས་ཚོད་རེད།
ཁྱེད་ཀྱིས་འདིར་མ་བཀོད་གོང་ནས་ངས་ལག་འཁྱེར་ཁ་པར་བརྒྱད་འོས་གཅིག་ཕངས་བ་ཡིན། འོན་ཀྱང་ཁ་པར་ནང་ནས་སྒོར་གསུམ་དྲུད་སོང་ཟིག འོས་འཕེན་གླ་ཆེ་ཀི་ཡ། ཧ་ཧ་ཧ་ཧ་ཧ་་་་
འདི་ཚོའི་ལས་འདི་བུད་མེད་ཞིག་མཐོང་དུས་སྨྱོ་ལ་ཁད་་་་བོད་མའི་རྩ་དོན་གྱི་ལས་འགུལ་ཞིག་མཐོང་དུས་སྐྱུག་ལ་ཁད་
གཞིས་ཆགས་པ་ཡིན་ན་རྒྱབ་སྐྱོར་བྱས་ཀྱང་བོད་མི་རིགས་ཀྱི་ཆེད་དུ་ལས་ཀ་ཞིག་བྱེད་བསམ་པའི་བསམ་བློ་ཞིག་ཡེ་ནས་འཁོར་མི་སྲིད་འདི་ང་བཙན་བྱོལ་ལ་འབྱོར་དེ་མཉམ་མྱོང་སྤྱིན་པ་ཞིག་ཡིན་ང་མིན་ཡང་བོད་འབྱོར་བ་མང་པོ་ཞིག་སེམས་ལ་དེ་ལྟར་འདོད་བཞིན་ཡོད་སྲིད།
དབྱིན་སྐད་འཆལ་འཆོལ་ཞིག་རྒྱག་ཤེས་ཀྱི་འདུག དེ་མིན་བོད་སྐད་རྒྱག་ཤེས་མིན་ཐེ་ཚོམ་རེད་ལ། བོད་པ་ཡིན་མིན་དེ་བས་ཐེ་ཚོམ་ཡོད། བོད་དོན་ལ་རྒྱབ་སྐྱོར་བྱ་ངེས་ཡིན་ན་སུ་ཁིམ་གྱི་ཞི་མོ་ཡིན་རུང་འོས་ཤོག་ལྡུག་གི་ཡིན།དེ་མིན་དགོངས་དག་ལབ་ཡ་ཡིན།
འོ་ཡ་ཡིན་ད་ཡིན་་་་་ལན་ག་དུས་སྤྲད་གི་རེད་
སྐྱེ་བ་རྗེས་མར་ཁྱེད་ཀྱི་ཁྱོ་བོ་འམ། །
ནུ་ཁེབ་གསང་དོར་སོགས་སུ་འགྱུར་བར་ཤོག །
དེ་ཡི་སྐལ་བ་མེད་པའི་དུས་སུ་ཡང་། །
ཁྱེད་ཀྱི་རྐང་འོག་འཆི་བའི་གྲོག་མར་ཤོག །
ཨ་ཨ་ཨ། ཀླུ་སྨྱོན་་་་་།
དཔེ་ཡག་པོ་རེད་ང་ཚོས་རྒྱོབ་སྐྱོར་བྱས་དང་བྱས།
ལས་ངན་ཀླུ་མིང་ཅན་ལ་འདོད་ཆགས་སྐྱེས།།
ལས་དང་སྨོན་པའི་ཞིངས་ན་ཉམ་རེ་ཆུང་།།
འཁྲུལ་སྣང་རྨི་ལམ་གྲོང་དུ་གཡམ་རྒྱུགས་བྱས།།
བུད་མེད་མཐོང་ན་འདོད་པའི་བདེ་གཏེར་ཁྱེད།།
གང་ལྟར་བོད་རུགས་གཅིག་ལ་རྒྱལ་ཁ་ཐོབ་ན་བཟང་གི་མ་རེད་པས?
ཀླུ་སྨྱོན་གྱི་ངག་གི་སྒྱུ་རྩལ་དེ་ནི་བྱ་ལེན་མའི་ཟློས་གར་ནང་རྒྱལ་པོས། “རྣམ་པར་འཕྲུལ་བའི་བལྟ་བ་དང་བཅས་བསྐྱོད་ཅིང་བསྐྱོད་པའི་ལུས་ཅན་ལུས་ལ་རེག་བྱེད་ཅིང་། །ཉེ་བར་འཁོར་ནས་རྣ་བའི་དྲུང་དུ་གསང་བའི་གཏམ་བཞིན་འཇམ་པའི་དབྱངས་དག་བླངས་བྱས་ཏེ། །ཀུན་ནས་མྱོས་བྱེད་དམར་བའི་མཆུ་སྒྲོས་མ་ལུས་ཆང་གི་ཉིང་ཁུ་ལ་ནི་འཐུང་བྱེད་པ། །ཀྭ་ཡེ་རེ་འབྲས་རྫོགས་པའི་བུང་བ་དོན་དམ་བསམ་ན་ཁྱོད་ཀྱིས་ཁོ་བོ་བསད་པ་ཉིད། །”ཅེས་པའི་རྗེས་སུ་བསྙེགས་འདུག
ངས་དང་པོ་ནུ་མ་གཉིས་ཀ་ཚུར་འཐེན་ནས་ཕར་མནན་པ་ཡིན། སྙི་མོ་སྙི་མོ་ཞིག་རེད། དེའི་རྗེས་བརླ་ངོས་ལ་བྱིལ་བྱིལ་བྱེད་ཞོར་ཐལ་ལྕག་གིས་བརྒྱབ་པ་ཡིན། མཁྲེགས་པོ་མཁྲེགས་པོ་ཞིག་རེད། གང་ལྟར་འོས་ཤོག་བླུགས་སོང་བསམ་བསམ་ཞིག་དྲན་སོང་། ད་འགྲིག་ཡོད་པ འོས་ཤོག་བླུགས་སྟངས་དེ་འདྲ་ཨེ་རེད
གཞན་ཁུགས་རྟར་ཞུ་རྒྱུར། ཁྱོད་ཀྱི་གློག་འཕྲིན་ཁ་བྱང་ང་ལ་བསྐུར་རོགས་གནང་། ངའི་ཁ་བྱང་འདི་ཡིན། mijang888@yahoo.com
ཤར་ཕྱོགས་ཁུག་རྟས་མཛེས་མ་ཚོ་རིག་མི་ཉན་ནོ་འདི་ཀླུ་སྨྱོན་དང་འདྲ་བ་ལ། མ་གཞི་ནས་ཨ་ལགས་སྤྲུལ་སྐུ་འདི་ཚོ་དེ་འདྲ་ཞིག་ཡིན་ས་རེད། གལ་སྲིད་ཀླུ་སྨྱོན་དང་ཁུག་རྟ་གཉིས་བརྗེ་བོ་རྒྱག་ས་འགྲོ་ས་ཀླུ་སྨྱོན་ལ་མཛེས་མ་ཚེ་རིང་སྐྱིད་ཀྱི་བརྩེ་བ་ཐོབ་ཡོད་སྲིད། ཧཧཧཧ མཛེས་མ་ཐམས་ཅད་ཁུག་རྟའི་མ་རེད་གདའ།
ས་དེ་ན་ལ་བཅོས་རོགས། ང་ཚོའི་བཀའ་ཁྲི་བློ་བཟང་སེང་གེ་འདིའང་ཀླུ་སྨྱོན་ལྟར་མཛེས་མ་ཟེར་ན་ཤི་འགྲོ་མཁན་ཞིག་ཡིན་སྐད་འདུག དཔོན་པོ་ཆེན་པོ་འདི་ཚོའང་མཛེས་མ་མཐོང་ན་ཤི་འགྲོ་བ་འདི་ག་རེ་ཡིན་ནམ།
བུ་ཡི་མིག་ལ་བུ་མོ་མཛེས་ བུ་མོའི་མིག་ལ་བུ་ཚོ་མཛེས། བུ་མོ་མཛེས་མ་དག་ལ་ཀུན་ཀྱང་དགའ།
འོས་འཕེལ་རྒྱུའི་གོསྐབས་ཡོད་ན་བོད་མི་ཡིན་རུང་མིན་རུང་དངོས་ཡོད་ལ་བལྟ་ནས་ལས་ཀ་བྱེད་དགོས་པ་ནི་བོད་རིགས་བཟང་པོ་འོས་འགན་ཡིན།
ཨ་ཨ་ཨ་་་དྲྭ་གྲོགས་འདི་ཚོ་གཅིག་ལ་བལྟས་ན་གཅིག་མཛེས་མ་ལ་དགའ་བ་ལ།་་་དེ་རིང་ལྡི་ལི་ཇན་དྷར་མན་དྷར་ནས་བོད་མི་འཇམ་དཔལ་ཡེ་ཤེས་རང་ལོ་ཉེར་བདུན་པ་ཡིན་པ་ཞིག་གིས་རང་ལུས་མེ་བསྲེགས་བཏང་འདུག་པའི་སྐོར་ལ་སེམས་གསོ་ཚིག་ཙམ་ཡང་མི་འདུག་པར་མཛེས་མ་རྐྱང་རྐྱང་བཤད་ནས་འདུག་་་ངོ་མ་ཁྱེད་ཚོ་ལ་ལར་ཞེན་དང་སྙིང་རྗེ་ཟེར་བ་ནི་གང་ན་ཡོད།་་་སེམས་སྐྱོ་བ་ལ།
ཞི་ལི་འདི་ཚོ་རིག་ན་ངོ་མས་སྙིང་རྗེས་ནས་ངུ་ན་འདོད་ཀི
ངོ་དེབ་ཐོག་ཏུ་བོད་དོན་དང་འབྲེལ་བའི་འོས་ཤོག་ལྡུག་པར་སྐད་ག་ཚོད་བརྒྱབ་ཀྱང་ཡོང་མཁན་མི་འདུག
ཞི་མོ་ཟིག་རིག་དུས་འདོད་ཆགས་མེ་རི་བཞིན་འབར་གྱིན་འདུག
དེ་ལས་ཚང་མས་བོད་མི་རིགས་ཀྱི་དཔའ་བོ་དཔའ་མོ་ཚོའི་འདྲ་པར་དང་གསར་འགྱུར་བཅས་བརྒྱུད་ལམ་དག་ལ་བཏང་ན་ཡག་པོ་མི་འདུག་གམ།
མཛེས་མ་ཡིན་ཟེར་ན་འགྲིག་ས་རེད་རྒྱབ་སྐྱོར་ཡོད། འོན་ཀྱང་མཛངས་མ་ཡིན་ཟེར་ན་དཔྱད་གཞི་རེད།
འདོད་པའི་བདེ་བ་སྐད་ཅིག་ཙམ།།ཆགས་པའི་ན་ཟུག་གནས་སྐབས་ཞིག།ཕ་བཟང་བུ་ལ་སེམས་ཡོད་ན།།བདེན་པ་ཆགས་པས་སླད་མ་འཇོག།
བསོད་ནམས་པད་ཆོས་ལ་བཀྲ་ཤིས་བདེ་ལེགས་ཡོད། ཁྱེད་རང་གིས་བསམ་དོན་འགྲུབ་པའི་སྨོན་མདུན་ཞུ།
ཁྱེད་རང་རྒྱ་ཀར་རྒྱལ་ཡོངས་ནང་ལ་མཛེས་མའིརྒྱལ་ཁབས་ཐོབས་པའི་ཡིད་ཆོས་ཡོད། སྒང་ཐོག་གི་ན་གཞོན་མཛེས་མ་བསོད་ནམས་པད་ཆོས་ལ་ཆོལ་གསུམ་བོད་མའི་ཡོང་ཀྱི་ཚབས་བྱས་ནས་བཀྲིས་བདེ་ལེགས་གྲངས་མེད་ཞུ་ཞུ་ཞུ།།