རང་སྲེག་བསྟུན་མར་བྱུང་བའི་འགན་རྒྱ་གཞུང་ལ་ཡོད་པའི་རྒྱུ་མཚན་བདུན།
༡། བོད་དེ་རྒྱའི་བཙན་དབང་འོག་མུ་མཐུད་གནས་བཞིན་པ།
༢། ཆབ་སྲིད་ཀྱི་གཉའ་གནོན།
༣། ༧གོང་ས་མཆོག་ལ་མཚན་སྨད་དང་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བ་བོད་མིའི་ཐོག་བཙན་ཐབས་ཀྱིས་སྤེལ་བཞིན་པ།
༤། བོད་མི་ཞི་རྒོལ་བར་མེ་མདའ་བརྒྱབ་སྟེ་དམར་གསོད་བཏང་བ།
༥། དཔལ་འབྱོར་དབྱེ་འབྱེད་དང་བོད་མི་རྣམས་རང་ཡུལ་དུ་གྲངས་ཉུང་མི་རིགས་སུ་འགྱུར་བཞིན་པ།
༦། བོད་ཀྱི་རིག་གཞུང་རྩ་མེད་བཟོ་རྒྱུ་དང་སློབ་ཚན་རྣམས་བོད་ཡིག་ཐོག་ནས་སློབ་ཁྲིད་བྱ་རྒྱུའི་ཐོབ་ཐང་མ་སྤྲད་པ།
༧། ཁོར་ཡུག་ལ་གཏོར་བཤིག
བོད་ནང་རང་ལུས་མེར་སྲེག་གཏོང་མཁན་ཇེ་མང་དུ་འགྲོ་བཞིན་པའི་འགན་འཁུར་དེ་རྒྱ་ནག་གཞུང་ལ་ཡོད་པ་ངོས་ལེན་བྱ་རྒྱུའི་ཚབ་ཏུ་རྒྱ་ནག་གཞུང་གིས་༧གོང་ས་༧སྐྱབས་མགོན་པོ་མཆོག་ལ་འགན་ཁག་དཀྲི་བ་མ་ཟད། ༧གོང་ས་མཆོག་ལ་མཚན་སྨད་དང་མ་ཉེས་ཁ་གཡོག་གི་གཡོ་བྱུས་རྒྱུན་མཐུད་ལག་བསྟར་བྱེད་བཞིན་པ་དེར་བོད་མིའི་སྒྲིག་འཛུགས་ལ་བློ་ཕམ་དང༌། མཐའ་གཅིག་ངོས་ལེན་མེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱུན་དུ་འུ་ཐུག་ཐབས་ཟད་ཀྱི་བྱ་སྤྱོད་དེ་རིགས་མ་སྤེལ་རྒྱུའི་ཐུགས་བརྩོན་མཛད་བཞིན་ཡོད་པ་མ་ཟད། བཀའ་ཤག་ནས་ཀྱང་བྱ་སྤྱོད་དེ་རིགས་མ་སྤེལ་རོགས་ཞེས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་དང་གཞུང་འབྲེལ་བསྒྲགས་གཏམ། དེ་བཞིན་འདི་ལོའི་ཟླ་ ༡ ཚེས་ ༢༦ དང་ཟླ་ ༣ ཚེས་ ༡༠ སོ་སོར་འབོད་སྐུལ་ཡང་ཡང་ཞུས་ཡོད་པ་དེ་ལྟར་ནའང། བོད་མི་ཚོས་རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་དེར་གདོང་ལེན་ཆེད་རང་ལུས་མེར་སྲེག་བཏང་དང་གཏོང་བཞིན་ཡོད།
ཕྱི་ལོ་ ༢༠༠༩ ནས་ད་བར་བོད་ནང་བོད་མི་ ༣༠ རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་བཞིན་པའི་དམ་བསྒྲགས་ཅན་གྱི་སྲིད་བྱུས་དེར་ངོ་རྒོལ་དང་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པའི་རེ་འདུན་བཏོན་དང་འདོན་མུས་དེར། རྒྱ་ནག་གཞུང་གིས་ད་བར་རེ་འདུན་དེ་དག་ལ་ངོས་ལེན་བྱ་རྒྱུའི་ཚབ་ཏུ་བོད་མི་ཞི་རྒོལ་བ་ཚོའི་ཐོག་གདུག་རྩུབ་ཆེན་པོས་དྲག་གནོན་དང་བོད་ཀྱི་ས་ཁུལ་ཁག་ཏུ་དྲག་ཆས་དམག་མི་དང་ཉེན་རྟོག་པ་ཕོན་ཆེ་དཔུང་འཇོག་བྱེད་བཞིན་ཡོད། དེར་བརྟེན་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་འདི་ལྟ་བུ་བྱུང་བའི་འགན་འཁུར་ཆ་ཚང་རྒྱ་ནག་གི་དཔོན་རིགས་ཚོར་ཡོད་པ་ཙམ་མ་ཟད། བོད་མིའི་དཀའ་ངལ་དེ་དག་སེལ་རྒྱུའི་འགན་འཁུར་ཡང་ཆ་ཚང་རྒྱ་ནག་གི་དཔོན་རིགས་ཚོར་ཡོད།
༸གོང་ས་མཆོག་གིས་དུས་རྟག་ཏུ་རྒྱ་བོད་མི་རིགས་དབར་འཆམ་མཐུན་སྐྲུན་ཐབས་མཛད་པ་ལས་རྒྱ་མི་རིགས་དང་རྒྱ་ནག་རྒྱལ་ཁབ་ལ་ངོ་རྒོལ་མཛད་པ་དེ་འདྲ་རྩ་བ་ནས་མིན་པ་ཡང་ཡང་བཀའ་སློབ་སྩལ་ཡོད་པ་མ་ཟད། མགོན་པོ་གང་ཉིད་མཆོག་གིས་རྒྱ་མིའི་སྤྱི་ཚོགས་ཀྱི་དཔལ་ཡོན་དང་རྒྱ་མི་རིགས་ཀྱི་ངལ་རྩོལ་བྱ་རྒྱུའི་སྙིང་སྟོབས་ལ་བསྟོད་བསྔགས་མཛད་ཡོད།
ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དེ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་སྐུ་སྒེར་གྱི་གནད་དོན་ཞིག་དང་བོད་མི་ཚོས་རྒྱ་ནག་དང་ཁ་བྲལ་རྩོད་ཀྱི་འདུག་ཅེས་རྒྱ་གཞུང་གིས་རྒྱལ་སྤྱིའི་སྟེང་འཁྱོག་བཤད་བྱས་པ་དེ་དྲང་བདེན་ཞིག་རྩ་བ་ནས་མིན། དོན་དངོས་ཐོག་བོད་མི་ཚོས་གཞི་རྩའི་རང་དབང་དང་༸གོང་ས་མཆོག་བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏཱ་ལར་གདན་ཞུ་བྱ་རྒྱུའི་མངོན་འདོད་མཚོན་བཞིན་ཡོད་པ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་གསུངས་ཡོད།
འདས་པའི་མི་ལོ་ ༥༠ རིང་༸གོང་ས་མཆོག་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་འཛིན་སྐྱོང་གི་སྒྲོམ་གཞི་དེ་བཞིན་ཡང་དག་པའི་མང་གཙོའི་ལམ་ལུགས་ཐོག་བསྐྱོད་རྒྱུའི་ཐུགས་བརྩོན་ལྷོད་མེད་མཛད་ཡོད།
སྔ་ལོའི་ཕྱི་ཟླ་ ༣ ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་ཆབ་སྲིད་ཀྱི་སྐུ་དབང་སྤྱི་འཐུས་ ༤༤ ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཁང་དང་། བོད་མི་གཞོན་སྐྱེས་ཧར་ཝ་ཌ་གཙུག་ལག་སློབ་གྲྭ་ཐོན་པ་བློ་བཟང་སེང་གེ་མཆོག་གིས་དབུ་ཁྲིད་པའི་འཛིན་སྐྱོང་བཀའ་ཤག་ལ་ཡོངས་སུ་རྫོགས་པ་རྩིས་སྤྲོད་མཛད་པའི་མཛད་བྱུས་དེ་དག་ནི་བྱུང་རབས་ལོ་རྒྱུས་ལྡན་པ་ཞིག་ཆགས་ཡོད།
ཕྱི་ལོ་ ༢༠༠༨ ཟླ་ ༡༠ པའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་གསལ་བ་ལྟར། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་གྲོས་མོལ་གྱི་ལམ་ནས་ཐོབ་ཆེད་བསམ་འཆར་ཡིག་ཆ་དེ་བཞིན་རྒྱ་གཞུང་གི་སྐུ་ཚབ་ཚོར་སྩལ་ཡོད།
བསམ་འཆར་ཡིག་ཆ་དེའི་ནང་བོད་དེ་བཞིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲམས་ཀྱི་སྒྲོམ་གཞིའི་འོག་རྒྱ་ནག་གི་ཆ་ཤས་སུ་གནས་རྒྱུ་དང། སྲིད་བྱུས་དེར་དབུ་མའི་ལམ་གྱི་སྲིད་བྱུས་ཞེས་བརྗོད་བཞིན་ཡོད། བོད་མིའི་སྒྲིག་འཛུགས་ཀྱིས་ལྟ་གྲུབ་དེ་གཞི་རྩར་འཛིན་པའི་ཐོག་ནས་རྒྱ་མི་རིགས་དང་འབྲེལ་བ་བྱེད་བཞིན་ཡོད། འདས་པའི་ལོ་ཤས་ནང་བོད་མིའི་ཕྱོགས་ནས་རྒྱ་ནག་དབུས་གཞུང་དང་འབྲེལ་མོལ་བྱ་རྒྱུའི་འབད་བརྩོན་ཡང་ཡང་བྱས་ཀྱང་། པེ་ཅིང་གཞུང་གིས་ཡར་ལན་མ་བྱས་པའི་རྐྱེན་གྱིས་བོད་རྒྱ་ཞི་མོལ་གྱི་འབྲེལ་ལམ་འགག་པ་རེད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བོད་མི་སྤྱི་དང་ལྷག་པར་འཛམ་གླིང་ཡོངས་ཀྱིས་ཞི་བདེའི་དབུ་ཁྲིད་གཅིག་ལ་ངོས་འཛིན་ཞུ་བཞིན་ཡོད། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་བོད་ནང་ད་ལྟ་འཕྲད་བཞིན་པའི་དཀའ་ངལ་དེ་དག་སེལ་མཁན་ཞིག་ཡིན་པ་ལས་དཀའ་ངལ་བཟོ་མཁན་ཞིག་མིན། གནད་དོན་དེ་པེ་ཅིང་གཞུང་གིས་ནམ་ཞིག་རྟོགས་ཐུབ་ཚེ། རྒྱ་བོད་མི་རིགས་གཉིས་ཀའི་དཀའ་ངལ་སེལ་རྒྱུའི་ཐབས་ལམ་ཞིག་འཚོལ་ཐུབ་པ་ཡོང་ངེས་ཡིན།།
ང་ད་འགོ་འཐོམ་གི་འདུག འཚམ་འཚམ་སེང་གེ་བཀའ་ཤག་གི་ལས་དོན་འགྲིག་གི་མ་འདུག་གསུང་གི་སྲོལ་འདྲ་བོ། འཚམའཚམ་སེང་གེ་མཆོག་གི་བཀའ་ཤག་ཅེས་བསྟོད་རེ་གཏོངགི་ཡོད་པ་འདྲ་བོ།། དོན་དངོས་དགའགི་ཡོད་པ་དང་སྨོད་ཀི་ཡོད་རེད།།
དབུས་གཞུང་གིས་ལན་འདེབས་གནང་བར་ཡི་རིང་དང་གུས་བཀུར་ཡོད། རྒྱུ་མཚན་དེ་དག་གི་དོན་ཚན་ལྔ་བ་ ( དཔལ་འབྱོར་དབྱེ་འབྱེད་དང་བོད་མི་རྣམས་རང་ཡུལ་དུ་གྲངས་ཉུང་མི་རིགས་སུ་འགྱུར་བཞིན་པ།)ནི་རྒྱ་ནག་གིས་ཆེད་དུ་འཆར་གཞི་དང་གོ་རིམ་ལྡན་པའི་སྒོས་བསྒྱུར་བཞིན་པ་ཞིག་ལས་དུས་དང་གནས་བབ་སོགས་མང་པོ་ཞིག་གི་དབང་གིས་འགྱུར་བཞིན་པ་མ་ཡིན་པ་ནི་དོན་དངོས་ཡིན་ན་ཚིག་ལ་ཁྱད་པར་ཡོད་པས་དེ་ལུགས་དགོངས་འཇགས་འཚལ།
བློ་ཆོས་ཀྱི་གཡོ་རྒྱུ་རེད། ནམ་ཡང་ཁ་ཡག་མི་ཤོད། མི་ངན་ཁོ་ལ།
རྩོམ་འདིའི་འོག་ཏུ་མཆན་མ་འགོད་རོགས།
ཁུགས་རྟ་ལགས་ཐུགས་རྗེ་ཆེ་ཁྱེད་ཀྱི་རྒྱལ་ཞེན་དང་ཕབ་རྩོམ་ལ་སྔགས་བརྗོད་ལོས་ཞུ། སྐྱོན་ལ་སྐྱོན་དང་ཡོན་ཏན་ལ་ཡོན་ཏན་དུ་ངོས་འཛིན་བྱ་རྒྱུ་ནི་ང་ཚོ་མིའི་རིགས་ལ་མེད་མི་རུང་བའི་ཡོན་ཏན་ཞིག་ཡིན་མུ་མཐུད་ནས་ཕྱག་ལས་དེ་ལྟ་བུ་གནང་རོགས། ཕྱོགས་ཞེན་པས་གང་བཤད་ཀྱང་ཁྱད་པར་ཅང་མེད་དོ།།
རྩོམ་ཡིག་འདིའི་གཤམ་དུ་དོན་མེད་ངང་མཆན་བུ་མ་བཏབ་ན་ལེགས། གོང་གི་དྲ་གྲོགས་ཀྱི་བསམ་འཆར་ལ་གོ་རྒྱུ་འདུག
བློ་གཟུ་བོར་གནས་ན་བཟང་སྐྱོན་གཉིས་ཆར་ལྟ་དགོས་པ་རེད་ལ། ཁུག་རྟས་ཀྱངང་བལྟས་པ་འདི་རེད།
མཆན་འགོད་ན་སྐྱོན་གང་ཡོད་དམ། རྒྱུ་མཚན་མེད་ན་སྨྱོན་པའི་ཚིག་དང་མཚུངས་པས་རྒྱུ་མཚན་ཡང་དག་ཤོས་ཤིག ་་སྙིང་རྗེ་་་དེ་འདྲའི་ཕྱོགས་ཞེན།།
རྩོམ་འདི་དང་འདི་འདྲ་བའི་ཤར་ཁུག་གི་རྩོམ་རྙོག་དག་གི་འོག་ཏུ། དཀྲུགས་ཤིང་དང་གཏོར་གཤིག་ལ་དགའ་མཁན་ཚོས་མཆན་གང་མང་བཀོད་རོགས།
དེ་རིང་ལྡི་ལི་ནས་བོད་མི་རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ཀྱིས་རང་ལུས་མེར་བསྲེགས་གཏོང་ཡོད་ཀྱང་།བོད་གཞུང་གི་དེ་རིང་གི་བརྙན་འཕྲིན་གསར་འགྱུར་ནས་གཅིག་ཀྱང་སླེབས་མ་སོང་། དེ་ཧ་སངས་དགོས་པ་ཞིག་རེད། དགོས་པ་མེད་པར་རྣམ་དོག་ཟ་རྒྱུའི་སྨན་རྩིས་ཁང་གི་ཚེས་ཤར་བསྟན་ནས་དུས་ཚོད་གཏོང་གི་འདུག རང་གི་མི་རྒྱ་གར་ནས་ཤི་བ་བརྙན་གསར་ནང་མི་སྟོན་ན་འཐབ་རྩོད་གེ་རེད། ཤར་ཁུགས་ཀྱིས་སོ་འདེབས་སྟངས་ཡག་པོ་རེད།
མཆན་འདེབས་པ་པོ་རྣམས་བཙན་འོག་ཏུ་མེད་ན།མཆན་་འདེབས་་མ་་འདེབས་རང་དབང་ཡིན་པ་ཤེས་པར་བྱོས་ཤིག།
༼འགྱུར༽་མ་རེད་”བསྒྱུར”་རེད།
ཤར་ཕྱོགས་ཁུག་རྟ་མཐོང་དུས་ཨ་རིག་བླ་རྒན་གཙོས་མང་པོ་ཞིག་ལ་ཕྲག་དོག་གི་ན་ཚ་ལངས་དེ་སྡོད་ཚུགས་ཀྱི་་མེད་པ་འདྲ།
མཆན་འདེབས་དང་མི་འདེབས་རང་དབང་རེད་རང་རྟ་འཁྲེགས་འཛིན་ཅན་ཚོས་མ་འདེབས་ཟེར་ན་དགོད་ཁ་ཤོར་གྱིན་འདུག
ཟླ་འདའི་ཚེས་ ༢༤ ཉིན་ཀྲུང་གོའིབོད་ཀྱི་གསར་འགྱུར་དྲ་ཚུགས་ཟེར་བའི་རྒྱ་གཞུང་གི་གཞུང་འབྲེལ་དྲ་རྒྱའི་ཐོག་ལ། རྒྱ་གཞུང་གིས་ “ཏཱ་ལའི་ཡིས་རྐང་བཙུགས་ནས་པའི་རང་སྲེག་རྒྱུད་སྐུལ་བྱས་པ་ལ་དྲི་བ་བདུན་”ཟེར་བའི་རྩོམ་ཡིག་ཅིག་བཀོད་ཡོད། རྩོམ་ཡིག་འདིའི་ནང་དུ་༧རྒྱལ་བ་རིན་པོ་ཆེའི་ཆེས་མཐོའི་རང་སྐྱོང་ནི་རྒྱ་མི་རྣམས་བོད་ཁུལ་ནས་ཕྱིར་འབུད་བྱེད་ཐབས་ཤིག་ཡིན་པ་དང་། དེ་ནི་དམག་ཆེན་གཉིས་པའི་སྐབས་ཀྱི་སྨྱོ་ཧམ་ཅན་གྱི་ནཱ་ཚའི་ཤོག་ཁག་གིས་འཇེའུ་མི་རིགས་རྩ་མེད་གཏོང་བ་དང་འདྲ་མཚུངས་ཡིན་ཚུལ་བརྗོད་ཡོད། དྲི་བ་བདུན་ལས་དྲི་བ་གཅིག་ད་རེས་ཀྱི་མེ་སྲེག་ལ་གི་དོན་དག་རེད། གཞན་པ་རྣམས་དོན་དག་གི་ཆ་ནས་འཆར་ཅན་རྒྱལ་བ་རིན་པོ་ཆེ་ལ་མཚན་སྨད་ཞུས་བསྡད་པ་དང་འདྲ་མཚུངས་ཡིན་ན་ཡང་། ཚིག་རྗོད་ཀྱི་ཆ་ནས་སྔར་ལས་ཀྱང་ཇེ་རྩུབ་ལ་སོང་ཡོད་པའི་ཚོར་བ་ཞིག་སྐྱེས། ཚེས་ ༢༥ ནེའུ་ཡོག་གི་དུས་བབ་ཐོག་ “རྒྱ་གཞུང་གིས་གློ་བུར་དུ་དྲ་རྒྱའི་ཐོག་ནས་རྒྱལ་བ་རིན་པོ་ཆེ་རྒོལ་བ་”ཟེར་བའི་རྩོམ་ཡིག་སྤེལ་ནས་གོང་གསལ་གྱི་རྒྱ་གཞུང་གི་རྩོམ་ཡིག་དེ་ལ་དཔྱད་བརྗོད་བྱས་འདུག
གོང་གི་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ལན་འདེབས་བྱ་ཡུལ་ཡང་འདི་ཡིན་ནམ། ལན་འདེབས་ན་འདེབས་ས་ཞིག་དགོས་རྒྱུ་ལ། དེ་ཁ་བརྡའི་ཐོག་ན་མི་འདུག དེ་ནས་ངས་བོད་གཞུང་དྲ་རྒྱའི་ཐོག་ལ་སོང་ནས་བལྟས་པ་ཡིན། དེ་ན་ཡང་འདིར་བཀོད་པ་ཇི་བཞིན་ལས་གང་ཞིག་ལ་ལན་འདེབས་ཀྱི་ཡོད་པ་མི་གསལ། ལན་འདེབས་ཤིག་ཡིན་ན་ལན་འདེབས་སའི་གཏམ་དེ་སུས་བཤད་འདུག གང་དུ་བཤད་འདུག དུས་ནམ་ཞིག་ལ་བཤད་འདུག ཅི་ཞིག་བཤད་འདུག་བཅས་ཀྱི་གཞི་རྩའི་གནས་ཚུལ་ཞིག་དགོས་མོད་དེ་ཙམ་ཡང་མེད་ན་ལན་གང་ལ་འདེབས་པར་ཆ་འཇོག་བྱེད་དཀའ།
ལན་འདེབས་འདི་གནད་ལ་འཁེལ་ཞིང་དངོས་པོའི་གནས་ཚུལ་ཇི་བཞིན་པ་བརྗོད་འདུག །རྒྱ་གཞུང་གིས་ག་དུས་ཡིན་ཡང་གོང་ས་མཆོག་ལ་བསྟོད་པ་ཚིག་གཅིག་བྱས་མྱོང་མེད་ལ། སྨ་འབེབས་རྐྱང་རྐྱང་བྱས་བ་དེ་ཆབ་སྲིད་ཀྱི་གཡོ་སྒྱུ་དང་འདྲེས་བ་གསལ་བོ་རེད། བོད་ཕྱི་ནང་གང་ས་ནས་ཛ་དྲག་ཇེ་ཆེར་འགྲོ་བ་དང་ལྷག་པར་བོད་མིའི་ན་གཞོན་མང་པོ་རང་བཙན་གྱི་ལྟ་བ་ཤུགས་ཆེ་རུ་འགྲོ་བ་འདི་དག་ཚང་མ་བློ་ཚབ་ཀྱི་རང་བཞིན་རེད།
ང་ཚོའི་ཕྱོགས་ནས། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་གྲོས་མོལ་གྱི་ལམ་ནས་ཐོབ་ཆེད་བསམ་འཆར་ཡིག་ཆ་དེ་བཞིན་རྒྱ་གཞུང་གི་སྐུ་ཚབ་ཚོར་སྩལ་ཡོད། ད་དུང་། སྲིད་བྱུས་དེར་དབུ་མའི་ལམ་གྱི་སྲིད་བྱུས་ཞེས་བརྗོད་བཞིན་ཡོད། ཅེས་བཀོད་འདུག
རྒྱ་གཞུང་ཕྱོགས་ནས། ཡིག་ཆ་ཞིག་འཁྱེར་ཡོང་བ་རེད། ཁོང་ཚོས་ད་དུང་ཡང་དེའི་ལན་ལ་སྒུག་བསྡད་ཡོད་ཟེར་གི་ཡོད་པ་རེད། ཡིག་ཆ་དེ་དེ་དུས་ནས་ཕྱིར་སློག་ཟིན་པ་རེད། ཅེས་བཤད་ཀྱི་ཡོད་པ་རེད།
དབུ་མའི་ལམ་གྱི་སྲིད་བྱུས་ཡིན་པའི་ཡིག་ཆ་དེ་ཕྱིར་སློག་བྱས་ཡོད་པ་ཡིན་ན། ད་ང་ཚོས་དབུ་མའི་ལམ་མ་ཡིན་པའི་སྲིས་བྱུས་ཤིག་ཁོང་ཚོར་སྟོན་དགོས་ཀྱི་ཡོད་པ་རེད་དམ་ཅི་རེད། རིང་མིན་དམིགས་བསལ་ཚོགས་ཆེན་འཚོག་འཆར་དེ་ཡང་གཅིག་བྱས་ན་འདི་ཚོའི་སྐོར་ནས་ཡིན་སྲིད།
ལན་འདེབས་འདི་སྡེ་བོད་གཞུང་གི་ཕྱི་དྲིལ་དྲུང་ཆེས་གཞུང་འབྲེལ་ཐོག་གནང་བ་ཞིག་རེད་འདུག བོད་ཀྱི་དུས་བབ་ན་དེ་ལྟར་གསལ་ཀྱང་། དངོས་གནས་ལན་འདེབས་འདི་འདྲ་རེད་དམ། སེམས་སྐྱོ་བ་ལ།
རང་སྲེག་བསྟུན་མར་བྱུང་བའི་འགན་རྒྱ་གཞུང་ལ་ཡོད་པའི་རྒྱུ་མཚན་བདུན་ནི།
༡༽ བོད་དེ་རྒྱའི་བཙན་དབང་གིས་བོད་མི་ས་ཡ་གཉིས་དང་ཚེག་གཉིས་སྲོག་སྐྱོན་བཏང་བ།
༢༽ རྒྱ་རིགས་མའོ་ཙེ་ཏུང་ཀླ་ཀློས ཆབ་སྲིད་ཀྱི་གཉའ་གནོན་དུས་ད་ལྟ་ཡང་བྱེད་བཞིན་པ།
༣༽ ༧གོང་ས་མཆོག་ལ་མཚན་སྨད་དང་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བ་བོད་མིའི་ཐོག་བཙན་ཐབས་ཀྱིས་སྤེལ་བཞིན་པ།
༤༽ ཆ་བ་སྲིད་བཙོན་པར་དུག་རྩུབ་དང་། བོད་མི་ཞི་རྒོལ་བར་མེ་མདའ་བརྒྱབ་སྟེ་དམར་གསོད་བཏང་བ།
༥༽ དཔལ་འབྱོར་དབྱེ་འབྱེད་དང་བོད་མི་རྣམས་རང་ཡུལ་དུ་གྲངས་ཉུང་མི་རིགས་སུ་གཡོ་བྱུས་ཀྱིས་བསྒྱུར་བཞིན་པ།
༦༽ བོད་ཀྱི་རིག་གཞུང་རྩ་མེད་བཟོ་རྒྱུ་དང་སློབ་ཚན་རྣམས་བོད་ཡིག་ཐོག་ནས་སློབ་ཁྲིད་བྱ་རྒྱུའི་ཐོབ་ཐང་མ་སྤྲད་པར་རྒྱ་ཡིག་ལྐུགས་པའི་ཡི་གེ་དེ་བོད་མིར་བཙན་ཤུགས་ཀྱིས་སློབ་འཁྲིད་བྱེད་བཞིན་པ་དང་བདུནོ། །
༧། ཁོར་ཡུག་ལ་གཏོར་བཤིག་དང་། མི་རབས་རྗེས་མའི་འཚོ་སྡོད་ལ་མི་སེམས་པར་གཏེར་ཁ་རྔོག་གདོན་བྱས་ཚད་མི་མང་ལ་ཕན་པ་ཆུང་ལ་གནོད་པ་ཆེ་བ་དང་། ད་དུང་རྒྱ་གཞུང་མ་རབས་ཀྱི་གཞུང་ས་བརྟན་ལཁོ་ནར་འགྲོ་སོང་གཏོང་བཞིན་བཅས་རེད།
བདེན།