རྒྱལ་གཅེས་དཔའ་བོ་རྟའུ་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་སྤེལ་བའི་དགོས་འདུན་ཡི་གེ། Posted on 2012-03-272012-03-27 By ཁ་བརྡ་ 25 Comments on རྒྱལ་གཅེས་དཔའ་བོ་རྟའུ་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་སྤེལ་བའི་དགོས་འདུན་ཡི་གེ། འཕྲིན་ཡིག
དཔའ་བོའི་མ་ཡིག་ངོ་མ་འདི་མི་གསལ་བ་འདུག་པས་ཡིག་ཕབ་ཅིག་མགྱོགས་པོར་གནོངས་དང་ཐུགས་རྗེ་གཟིགས། ཐུགས་རྗེ་ཆེ། བོད་རྒྱལ་ལོ།།
ཟླ་འདིའི་ཚེས་༢༦ ཉིན་རང་ལུས་མེར་བསྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་འཇམ་དཔལ་་ཡེ་ཤེས་ཀྱིས་ཕྱི་ཟླ་༣ ཚེས་༡༦ འཁོད་པའི་ཁ་ཆེམས་ཡི་གེ་དོན་ཚན་ལྔ་ཅན་ཞིག་བཞག་ཡོད་པ་རེད། ༡ འཛམ་གླིང་ཞི་བདེའི་དེད་དཔོན་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་སྐུ་ཚེ་ཁྲི་ཕྲག་ནས་ཁྲི་ཕྲག་བརྟན་པར་ཤོག བོད་ལ་གདན་འདྲེན་ཞུ་དགོས། ཤ་རུས་གདོང་རྒྱུད་གཅིག་པའི་སྤུན་ཟླ་ཚོ་མཉམ་འཛོམས་བྱས་ནས། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕོ་བྲང་པོ་ཏ་ལའི་མདུན་དུ་འབྲུག་སྒྲ་གྲགས་པ་ནང་བཞིན་སྨོན་ལམ་དང་ཡིད་ཆེས་བརྟན་པོ་ཡོད། ༢ སྤུན་ཟླ་ཚོ་མ་འོངས་བདེ་བ་དང་མདུན་ལམ་བསམ་ནས་ལ་རྒྱ་དགོས། ལ་རྒྱ་ནི་མི་རིགས་ཤིག་གི་བླ་སྲོག་ཡིན། ད་དུང་དྲང་བདེན་འཚོལ་བའི་སྤོབས་པ་ཡིན། མ་འོངས་བདེ་བའི་སྣ་འདྲེན་ཡང་ཡིན། སྤུན་ཟླ་ཚོས་འཛམ་གླིང་མི་མང་འདྲ་མཉམ་འཚོལ་བའི་བདེ་སྐྱིད་བསམ་ན། ལ་རྒྱ་ཟེར་བའི་ཚིག་འདི་སེམས་ལ་འཛིན་དགོས། བྱ་ཆེན་ཆུང་སོགས་ལ་འབད་བརྩོན་གནང་དགོས། སྤྱིར་ལ་རྒྱ་ནི་བདེན་རྫུན་འབྱེད་པའི་ཤེས་རབ་ཡིན། ༣ རང་དབང་ནི་སྲོག་ལྡན་ཡོངས་ཀྱི་བདེ་སྐྱིད་གཞི་མ་ཡིན། རང་དབང་མེད་ན་རླུང་ནང་གི་མར་མེ་འབར་བ་བཞིན། ཡང་བོད་མི་ས་ཡ་དྲུག་གི་ཁ་ཕྱོགས་འདྲ་བོ། ཆོལ་ཁ་གསུམ་གྱི་སྤུན་ཟླ་ཚོས་ནུས་ཤུགས་གཅིག་ཏུ་བསྒྲུབ་པ་ལ་འབྲས་བུ་ཐོབ་པ་ང་ཚོར་ཤེས་གསལ་རེད། སེམས་ཤུགས་མ་ཆགས་རོགས། ༤ གུས་པས་བརྗོད་པ་ནི་བོད་མི་ས་ཡ་དྲུག་གི་གནད་དོན་ཞིག་ཡིན། མི་རིགས་ཀྱི་འཐབ་རྩོད་སྐབས་དགོས་པ་ནི། དཔལ་འབྱོར་ཡོད་ན་བེད་སྤྱོད་གཏོང་བའི་དུས་ཚོད་རེད། ཡོན་ཏན་ཡོད་ན་ནུས་པ་སྟོན་དགོས་པའི་ཛ་དྲག་གི་དུས་ཚོད་སླེབས་པ། སྲོག་ཡོད་ན་རང་སྲོག་བློས་གཏོང་བའི་ཉིན་མོ་རེད་དྲན་གྱི་ཡོད། དུས་རབས་ཉི་ཤུ་རྩ་གཅིག་ནང་ལ་མི་ལུས་རིན་ཆེན་མེ་ལ་ཕུལ་བ་ནི་བོད་མི་ས་ཡ་དྲུག་གི་སྡུག་བསྔལ་དེ་འཛམ་གླིང་མི་མང་ལ། འགྲོ་བ་མིའི་ཐོབ་ཐང་འདྲ་མཉམ་མེད་པའི་རྟགས་མཚན་ཡིན། ཤ་ཚ་སྙིང་རྗེ་ཡོད་ན་ཉམས་ཆུང་བོད་མིར་གཟིགས་རོགས་གནང་། ༥ ང་རང་ཚོའི་ཕ་མའི་ཆོས། རིགས་པའི་གཞུང་ལུགས་དང་སྐད་ཡིག་སོགས་ལ་རང་དབང་དགོས། འཛམ་གླིང་མི་མང་ཐོབ་ཐང་འདྲ་མཉམ་དགོས། འཛམ་གླིང་མི་མང་ང་ཚོའི་རྒྱབ་ཏུ་ལོངས་ཤོག བོད་ཀྱི་བདག་པོ་བོད་མི་ཡིན། བོད་རྒྱལ་ལོ། རྟའུ་འཇམ་དཔལ་ཡེ་ཤེས་ནས་ཕུལ།
རྒྱལ་གཅེས་དཔའ་བོ་ཁྱེད་ཀྱི་རླབས་ཆེན་གྱི་སྙིང་སྟོབས་དང་ཆོད་སེམས་ལ་ཡི་རངས་ཞུ། ཞལ་ཆེམ་འདི་ལ་ཚང་མས་ལྟ་རོགས། བཙན་བྱོལ་བ་གཉིད་ལས་སད་བྱེད་ཀྱི་སྨན་གལ་ཆེན་ཞིག་ཏུ་འགྱུར་ཐུབ་པར་ཤོག
འདི་ལྟར་ཤོག་བུ་དཀྱུས་མ་ཞིག་གི་ངོས་སུ་རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་དགོས་འདུན་དོན་ཚན་ལྔ་ཅན་ཞིག་འདི་བཞིན་རིམ་བསྟར་ལ་ལྟས་ཡོང་དུས། ཁ་སང་གི་དངོས་བྱུང་བརྙན་པར་དག་དང་དེའི་རྒྱབ་ལོག་གི་གནས་སྣང་མང་པོ་ཞིག་ཆུ་མིག་བརྡོལ་བ་བཞིན་སེམས་ཁོང་འདི་ནས་འཚང་ཁ་རྒྱབ་ཡོང་ལ། དངོས་གནས་ཤ་མཆིན་པའི་སྟེང་འོག་བརྗེ་འོང་བ་ཞིག་རེད། ནམ་རྒྱུན་ཚིག་གི་སྡེབ་སྦྱོར་མི་སྙན་པ་དང་དག་ཆ་མེད་པའི་ཚིག་ཚོགས་ལ་ཡི་ག་ལོག་པ་ཞིག་ཡིན་མོད། དེ་རིང་འདི་ནས་རྒྱལ་གཅེས་པ་ཁོང་གི་དགོས་འདུན་དོན་ཚན་ལྔ་པོ་ཤོག་སྨྱུག་དང་ཡིག་གཟུགས་སོགས་ཆེས་སྤྱིར་བཏང་གིས་བྲིས་ཡོད་ཀྱང་ཆེས་དམིགས་བསལ་བ་ཞིག་ཏུ་གྱུར་ཡོད་འདུག་ཨང་། གསེར་ཡིག་སྟོང་གི་རིན་བབ་གྲུབ་པའི་དགོས་འདུན་འདི་ནི་རང་རེ་བོད་མི་ཚོས་དགོས་འདུན་ཙམ་གྱི་ངོ་བོར་མ་བཞག་པར་ལག་ལེན་དང་དམིགས་འབེན་ཞིག་གི་ངོར་འཇོག་ཐུབ་པ་དགོས།
རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལ་གུས་འདུད་ཞུ་ཆེད་ཁོང་གི་ཁ་ཆེམ་འདིར་ཕབ་འབྲི་བྱས་པ་ཡིན། འོན་ཀྱང་ཡིག་འབྲི་རེ་ཟུང་མི་གསལ་པས་ནོར་འཁྲུལ་བྱུང་ཡོད་ན་རྣམས་པ་ཚོས་གུ་ཡངས་གནང་རོགས་ཞུ། ༡འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་མོ་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་སྐུ་ཚེ་ཁྲི་ཕྲག་ནས་ཁྲི་ཕྲག་བརྟན་པར་ཤོག བོད་ལ་གདན་འདྲེན་ཞུ་དགོས། ཤ་རུས་གདུང་རྒྱུད་གཅིག་པའི་སྤུན་ཟླ་ཚོ་མཉམ་འཛོམས་བྱས་ནས། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕོ་བྲང་པོ་ཏཱ་ལའི་མདུན་དུ་འབྲུག་སྒྲ་གྲགས་པ་ནང་བཞིན་ཡོང་བའི་སྨོན་ལམ་དང་ཡིད་ཆེས་ཡོད། ༢སྤུན་ཟླ་ཚོ་མ་འོངས་པའི་བདེ་བ་དང་མདུན་ལམ་བསམ་ན་ལ་རྒྱ་དགོས་ལ་རྒྱ་ནི་མི་རིགས་ཤིག་གི་་བླ་སྲོག་ཡིན། ད་དང་དྲང་བདེན་འཚོལ་བའི་སྤོབས་པ་ཡིན། མ་འོངས་བདེ་བའི་སྣ་འདྲེན་ཡང་ཡིན། སྤུན་ཟླ་ཚོ་འཛམ་གླིང་འདི་སེམས་ལ་བཅངས་དགོས། བྱ་བ་གལ་ཆེན་རྐྱང་བ་ལ་འབད་པར་གནང་དགོས། སྤྱིར་ལ་རྒྱ་ནི་བདེན་རྫུན་འབྱེད་པའ་ིཤེས་རབ་ཡིན། ༣རང་དབང་ནི་སྲོགས་ལྡན་ཡོངས་ཀྱི་བདེ་སྐྱིད་ཀྱི་གཞི་མ་ཡིན། རང་དབང་མེད་ན་རླུང་ནང་དུ་མར་མེ་འབར་བ་ནང་བཞིན། ཡང་བོད་མ་ིས་ཡ་དྲུག་གི་ཁ་ཕྱོགས་འདྲ་བོ།། ཆོལ་ཁ་གསུམ་གྱི་སྤུན་ཟླ་ཚོ་ནུས་ཤུགས་གཅིག་ཏུ་སྒྲུབ་ན་གྲུ་འབྲས་ཐོབ་པ་ང་ཚོས་ཤེས་གསལ་རེད། ༤གུས་པས་བརྗོད་པ་ནི་བོད་མི་ས་ཡ་དྲུག་གི་གནད་དོན་ཞིག་ཡིན། མི་རིགས་ཀྱི་འཐབ་རྩོད་སྐབས་དགོས་པ་ནི་དཔལ་འབྱོར་ཡོད་ན་བདེ་སྤྱོད་གཏོང་བའི་དུས་ཚོད་རེད། ཡོན་ཏན་ཡོད་ན་ནུས་པ་སྒྲུབས་དགོས་པའི་ཛ་དྲགས་ཀྱི་དུས་ཚོད་སླེབས་པ། སྲོག་ཡོད་ན་རང་སྲོག་བློས་བཏང་བྱེད་པའི་ཉིན་མོ་རེད་དྲན་གྱི་ཡོད། དུས་རབས་ཉི་ཤུ་རྩ་གཅིག་ནང་ལ་མི་ལུས་རིན་ཆེན་མེ་ལ་ཕུལ་བ་ནི་བོད་མི་ས་ཡ་དྲུག་གི་སྡུག་སྔལ་དེ་འཛམ་གླིང་མི་མང་ལ་འགྲོ་བ་མིའི་ཐོབ་ཐང་འདྲ་མཉམ་མེད་པའི་རྟགས་ཙམ་ཡིན་ ཤ་ཚ་སྙིང་རྗེ་ཡོད་ན་ཉམ་ཆུང་བོད་མི་ལ་གཟིགས་རོགས་གནང་། ང་རང་ཚོའི་ཕ་མེས་ཚོས་རིག་པའི་གཞུང་ལུགས་དང་སྐད་ཡིག་སོགས་ལ་རང་དབང་དགོས། འཛམ་གླིང་མི་མང་ང་ཚོའི་རྒྱབ་ཏུ་ལོངས་ཤོག བོད་ཀྱི་བདག་པོ་བོད་མི་ཡིན། བོད་རྒྱལ་ལོ། རྟའུ་འཇམ་དཔལ་ཡེ་ཤེས་ནས་ཕུལ།
བཙན་བྱོལ་སྤྱི་ཚོགས་ནང་དུ་བོད་མི་རིགས་ཀྱི་ལ་རྒྱ་སླར་གསོ་ཡོང་གི་ཡོད་པར་དགའ་སྤོབས་ཚད་མེད་སྐྱེ་བཞིན་འདུག འོན་ཀྱང་སེམས་ཤུགས་ཡོད་པའི་བོད་མི་རེ་རེའི་ཚེ་སྲོག་འགྲོ་དུས་བློ་འཕམ་དེ་བས་ཀྱང་ཆེ། བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག བོད་རྒྱལ་ལོ།
རང་ལུས་ལ་ཁབ་རྩེ་ཙམ་གྱི་སྡུག་བསྔལ་བཟོད་མི་ཐུབ་པའི་ཐ་ཤལ་བདག་གིས་རྒྱལ་གཅེས་པ་ཁྱེད་ཉིད་ལ་གུས་འདུད་དང་མྱུར་ཏུ་དྲག་སྐྱེད་ཡོང་བའི་གསོལ་བ་ཕུར་ཚུགས་སུ་འདེགས་རྒྱུ་ཡིན། ཁྱེད་ཀྱི་རླབས་ཆེན་གྱི་ལ་རྒྱ་སྙིང་སྟོབས་ལ་ཆོལ་གསུམ་བོད་མི་རྣམས་ཀྱིས་ནམ་ཡང་བླ་ན་མེད་པའི་གུས་འདུད་ཞུ་བཞིན་ཡོད། ཁྱེད་ཀྱི་སེམས་ཤུགས་རྒྱལ་གྱུར་ཅིག་་་་་ཁྱེད་ཀྱི་ཕུགས་འདུན་རྒྱལ་འགྱར་ཅིག།་་་་་་ཁྱེད་ཀྱི་ལ་རྒྱ་རྒྱལ་གྱུར་ཅིག་་་་་་
རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཁྱེད་ཀྱི་ལྷག་བསམ་དང་ཁྱེད་ཀྱི་བློ་སྟོབས་ལ་བདག་ཅན་པ་ཚོར་དུས་ནམ་བརྗེད་མི་སྲིད།
ཁྱོད་ཀྱི་ཞལ་ཆེམས་བཞིན་ང་ཚོ་ལངས་ནས་ཡོང་ལ། ཁྱོད་ཀྱི་རེ་སྐུལ་བཞིན་ང་ཚོ་མཆོངས་ནས་འོང་། ཁྱོད་ཀྱི་བློ་བདེ་ལ་བབས་ཤིང་ཁྱོད་ཀྱི་སེམས་ལྷོད་ལ་འཁྲིལ་ཆོག རྒྱུ་མཚན། ཁྱོད་ཀྱི་ཡོད་ཚད་མི་ཡུལ་ལ་བཞག་པས་སོ། རྒྱུ་མཚན། ཁྱོད་ཀྱི་ཞལ་ཆེམས་འཛམ་གླིང་ལ་གཏོར་བས་སོ། བདེ་བར་བཞུགས་ཤིག ངའི་དཔའ་རྒོད། ངའི་མགོན་པོ།

ཁམས་རྟའུ་་འཇམ་དཔལ་ལ་འཚམས་འབྲི་ཞུ་དང་ཁྱེད་ཀྱི་སྐུ་སྲོག་ལ་ཉེས་ཁ་མེར་པའི་སྨོན་འདུན་ཞུ་ཁྱེད་ཀྱིས་བཏོང་ཕོད་འདི་གཞན་ཕན་གྱི་སེམས་ནས་ཅི་འདྲ་བྱས་འཁྲུང་སོང་ཁྱེད་ནི་ཧ་ཅང་རླབས་ཆེན་གྱི་བྱ་བཞག་ཞིག་རེད་ཁྱེད་ཀྱིས་སྔོན་ནས་བྲིས་པའི་ཁ་ཆམ་གྱི་ཡིག་འབྲི་དག་གུས་པས་གསལ་ལྷང་ངེར་དྲན་སོས་སོང་ཁྱེད་ཀྱི་ཐུགས་བསམ་ནང་བཞིན་ང་ཚོའི་ཤུལ་ལུས་ཀྱི་རུས་རྒྱུད་དག་གིས་ངེས་པར་དུ་ལག་སོན་ཡོང་བར་བྱེད་དགོས་ཁྱེད་ཀྱི་ཐུགས་འཕྲལ་མ་གནང་མཐོ་རུས་སུ་བདེ་བར་གཤེགས་པར་སྨོན་འདུག་ཞུ་ཞུ།།།
ཁམས་རྟའུ་་འཇམ་དཔལ་ལ་འཚམས་འབྲི་ཞུ་དང་ཁྱེད་ཀྱི་སྐུ་སྲོག་ལ་ཉེས་ཁ་མེར་པའི་སྨོན་འདུན་ཞུ་ཁྱེད་ཀྱིས་བཏོང་ཕོད་འདི་གཞན་ཕན་གྱི་སེམས་ནས་ཅི་འདྲ་བྱས་འཁྲུང་སོང་ཁྱེད་ནི་ཧ་ཅང་རླབས་ཆེན་གྱི་བྱ་བཞག་ཞིག་རེད་ཁྱེད་ཀྱིས་སྔོན་ནས་བྲིས་པའི་ཁ་ཆམ་གྱི་ཡིག་འབྲི་དག་གུས་པས་གསལ་ལྷང་ངེར་དྲན་སོས་སོང་ཁྱེད་ཀྱི་ཐུགས་བསམ་ནང་བཞིན་ང་ཚོ་ཤུལ་ལུས་ཀྱི་རུས་རྒྱུད་དག་གིས་ངེས་པར་དུ་ལག་སོན་ཡོང་བར་བྱེད་དགོས་ཁྱེད་ཀྱི་ཐུགས་འཕྲལ་མ་གནང་མཐོ་རུས་སུ་བདེ་བར་གཤེགས་པར་སྨོན་འདུན་ཞུ་ཞུ།།།
ཨོཾ་མ་ཎི་པདྨེ་ཧཱུཾ། དལ་འགྲོའི་རྟེན་བཟང་མྱུར་ཐོབ་ཤོག ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།
རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱི་ལྷག་བསམ་དང་རྒྱལ་གཅེས་སེམས་ཤུགས་ལ་བོད་མི་ཡོད་དོ་ཅོག་ནས་གུད་བཏུད་དང་བདེན་མཐའ་གསལ་བ་ཤོག། ཨོ་མ་ཎི་པདྨའི་ཧུ།
༄། བདག་དང་བདག་འདྲ་བའི་ཁ་བདེ་སྙིང་ཆུང་དག་གིས་རྒྱལ་གཅེས་དཔའ་པོ་དཔའ་མོ་ཁྱེད་ཅག་གི་བླ་མེད་ཀྱི་སྤོབས་པ་དང་རང་བརྗེད་ཀྱི་སྙིང་འདིར་བསྟོད་ར་དང་ཡི་རངས་ཞུ། ཁྱོད་ཚོས་ང་ཚོ་རྒྱ་ཆེ་བའི་བོད་མི་རྩམ་གཟན་ཡོངས་ཀྱི་འདས་བའི་ལོ་རྒྱུས་ཀྱི་བྱུང་བ། ད་ལྟའི་ཤི་གསོན་གྱི་འཚོ་བ། མ་འོང་འབྱུང་འགྱུར་གྱི་སྡུག་ཟད་བདེ་ཐོབ་ཀྱི་དོན་དུ་དམིགས་ནས་གཅེས་བའི་ལུས་ཀྱང་མེ་ལ་སྒྲོན་ནས་ན་ཟུག་དང་འཇིགས་སྣང་སྤུ་ཙམ་མེད་པར་བདེན་དོན་གྱི་ཁ་གཡང་སྒྲོག་བཞིན་མེ་དཔུང་གི་ཀློང་ན་ཚྭ་བའི་མེ་དབལ་ལ་རྒྱའི་གྲོགས་སུ་སྤྱོད་པ་འདི། མཐོང་ན་མིག་བཙུམ་པ། གོ་ན་རྣ་འགེབས་པ། བསམ་ན་སྙིང་འདར་བའི་ང་ལྟ་བུའི་སྤྱོད་ཡུལ་ལས་འདས། བོད་རྒྱལ་ལོ།།
བོད་མི་རིགས་ཀྱི་དཔའ་བོ། རྒྱལ་གཅེས་པ་འཇམ་དཔལ་ཡེ་ཤེས་མཆོག་ལ་གུས་འདུད་གྲངས་མེད་ཞུ་བ་དང་ཆབས་ཅིག ཉིད་ཀྱི་ཞལ་ཆེམས་ནང་ལྟར་ལག་བསྟར་ཐད་ལ་ཉི་མ་ད་ནས་ཤུགས་གསར་པ་ཞིག་རང་གཞན་ཚང་མས་རྒྱག་དགོས་ཀྱི་འདུག མ་ཟད་ལྟོ་ནང་དང་སྒོ་ང་ཕྱི་ལྟ་བུ་འདི་རིགས་མི་འབྱུང་བ་ལ་ཚང་མས་འབད་དགོས་ཀྱི་འདུག ནམ་རྒྱུན་དྲ་བའི་ནང་དེ་ལྟར་ཡོང་གི་ཡོད་པ་དངོས་ཡོད་རེད།
སྤུན་ཟླ་ཁྱེད་ཀྱི་དེ་ལྟའི་སྙིང་སྟོབས་ལ་ཁོ་བོ་བདེན་པའི་རྒྱབ་ལངས་ནས་ཡི་རང་ཤིན་ཏུ་ཆེ། ཁྱེད་དང་ཁྱེད་མཚུངས་ཀྱི་རང་རེའི་མི་རིགས་སྤུན་ཟླ་ཡོངས་ཀྱིས་རིང་ནས་སྙིང་དུ་གནག་པའི་འདོད་དོན་གང་མྱུར་སྒྲུབ་པ་ཞིག་སྟོན་པ་རིན་པོ་ཆེ། སློབ་དཔོན་རིན་པོ་ཆེ། འཕགས་མཆོག་མིག་མི་འཛུམ་བཅས་ནས་ཅིས་ཀྱང་གནང་བ་ཞིག་སྨོན་ལམ་འདེབས་རྒྱུ་ཡིན། འོན་ཀྱང་སྐབས་འདིར་ཞུ་འདོད་པ་ཞིག་ལ་རང་རེ་གངས་ཅན་པ་ཡོངས་ནས་རང་ལུས་ལ་བཅེས་པོ་གནང་རོགས། གང་ལགས་ཟེར་ན་རྟག་པ་མཐའ་བཟུང་གི་དབང་དུ་གལ་སྲིད་བོད་མི་ཡོངས་ནས་དེ་ལྟར་ལུས་སྲེག་གནང་ཚེ། གཅིག་ནས་བོད་ལ་འགྲོ་བ་མིའི་ཐོབ་ཐང་ཐོབ་སྐབས་ཀྱི་གྲུབ་འབྲས་སམ་དམིགས་ཡུལ་འདི་ཡིན་ནམ་ཟེར་ན་མ་རེད། གཉིས་ནས་རྒྱུ་ཡོད་ན་དཔལ་འབྱོར་འགྲོ་གྲོན་བཏང་སྟེ་ཕ་སྐད་ཡི་གེའི་ཆེད་སློབ་ཡོན། སྤྱ་ཁྲལ་ཞལ་འདེབས། དབུས་དང་འབྲེལ་ཅན་འབྲེལ་མེད་ཚོགས་པའམ་སྤྱི་ཚོགས་ཀྱི་ཕན་བདེའི་བྱ་བཞག་ཁག་ལ་བཏོང་རྒྱུ་སོགས་དང་། དེ་བཞིན་སློབ་སྦྱོང་ཡོད་ན་བེད་སྤྱོད་བཏོང་རྒྱུའི་དུས་ཚོད་སླེབས་པ་བཅས་བདེན་པ་རེད་དེ་ད་ལྟ་འཚོ་སྡོད་བོད་མི་ཡོངས་ནས་ལུས་སྲེག་མང་པོ་བཏོང་རྒྱུ་མེད། གསུམ་ནས་བྱ་ཐབས་འདི་སྤྱད་པས་དམར་པོའི་གཞུང་ལ་འགྱུར་བ་ཅང་མི་འགྲོ་ཁོ་ཐག་རེད། རང་རེའི་སྲིད་འཛིན་གྱིས་བཤད་པ་ལྟར་”རྒྱལ་ཚོགས་དེ་ནུས་ཤུགས་ཆེ་་ཤོས་མ་རེད་ཟེར་ན་ཡིན་པའི་ཚུལ་དང་ཡིན་ཟེར་ན་མ་རེད།” དེ་ལྟར་བཤད་པ་དངོས་ཡོད་གནས་ཚུལ་རེད། གང་ཡིན་ཟེར་ན་རྒྱལ་ཁབ་ཉི་བརྒྱ་ལ་ཉེ་བའི་རྒྱལ་ཚོགས་དེའི་ནང་ཁ་བཏད་ཕྱོགས་ལ་བརྒྱ་ཆ་སུམ་བཅུ་དང་། བཏང་སྙོམས་པ་བཞི་བཅུ་ཞེ་ལྔ། དེ་འཕྲོས་བརྒྱ་ཆ་ཉི་ཤུ་ལྷག་ཙམ་མ་གཏོགས་བོད་དོན་རྒྱབ་སྐྱོར་བྱེད་འཁན་མེད། དེ་ལྟའི་ཚོགས་པ་ཞིག་གིས་མགུལ་སྐྱོད་བཏོང་ཆེད་ལུས་སྲེག་བགྱིས་ཚེ་དམར་པོ་ལ་ཁ་བཏད་བཅག་ཐུབ་རྒྱུ་བཞག་སྟེ་ཁོ་པ་ཚོའོ་འདོད་དོན་ཏེ། གྲངས་ཉུང་མི་རིགས་རྩ་གཏོང་བཟོ་རྒྱུའི་རྒྱལ་ཁ་ལོན་གྱིན་ཡོད། དེ་སྲིད་ཕྱོགས་ནས་རེད། ཆོས་ཕྱོགས་ནས་བཤད་ན་རང་སྲོག་རང་བཅོད་ལྷ་བསད་པ་དང་མཚུངས་པ་སོགས་ཤོད་སྲོལ་ཡོད། མདོར་ན་ཁོ་བོའི་རེ་བ་ལ་རང་སྲོག་བཏོང་འཁན་མང་པོ་མི་ཡོང་བ་གྱིས། ལ་རྒྱ་དགོས། ཕ་སྐད་ཡི་གེ་སྦྱོང་། བདེན་དོན་མཐའ་བསལ་ཆེད་ཕྱོགས་ཡོངས་ནས་ཤུགས་གནོན་རྒྱག་དགོས། ལྷག་པར་དུ་དྲང་མོ་ཤོད་དགོས་པ་ཞིག་ལ་བཞིས་ཆགས་ནང་སྐྱེས་པ་ཚོས་ལྷག་པར་དུ་བོད་དོན་ལ་རྟོག་ཞིབ་བྱེད་རོགས། ང་རང་༡༩༩༧ ལ་བོད་ནས་ཡོང་སྐབས་ལོ་བརྒྱད་པ་ཡིན། འོན་ཀྱང་ད་ལྟའི་འཛིན་གྲྭ་བཅིུས་ཐོན་པའི་བྱེས་ཕྲུག་ལས་བོད་དོན་རྟོགས་སད་ཆེ་བ་ཡོད་ཅེས་བཤད་ཀྱང་ཐལ་ཆ་མེད། ད་དུང་དབུས་གཙང་པ་རྣམས་ལའང་དེ་རང་ཞུ་རྒྱུ་ཡི། ད་དེ་ཙམ་ཡིན། ཡང་ཁོས་མང་པོ་ཞིག་བྲིས་འདུག་ཅང་གོ་རྒྱུ་མིན་འདུག་ཟེར་འཁན་དང་ཡང་དོགས་པ་བྱེད་འཁན་འདྲའང་ཡོང་སྲིད། འོན་ཀྱང་ཁོ་བོས་དྲང་མོ་ཡིན་ཕྱི་གསལ་ནང་གསལ་ཡིན། ཁ་ཅིག་གིས་དྲང་མོ་ཡིན་ཚད་ཡག་པོ་མིན་པར་སེམས་འཁན་ཡང་ཡོད་ན་མ་ཕོག་ཅིག བདེན་རྒྱབ་ནས།
རྒྱལ་གཅེས་དཔའ་བོ་ཁྱེད་ཀྱི་བྱས་རྗེས་དང་སྙིང་སྟོབས་ལ་ཡི་རང་ཞུ་རྒྱུ་དང་། ཁྱེད་ཀྱི་སྟོན་པའི་དགོས་འདུན་རྣམས་རང་ངོས་ནས་གང་ཐུབ་གྲུབ་ཀྱི་ཡིན། དེ་བཞིན་བོད་མི་གཞན་རྣམས་ཀྱི་ཀྱང་དེ་ལྟར་གནང་ངེས།
དཔའ་མཛངས་ཀྱི་སྙིང་སྟོབས་དང་། ལར་རྒྱའི་ཆོད་སེམས་ལ་ཡིད་རང་བསྔགས་བརྗོད་གྲངས་མེད་ཞུ། ཁྱེད་ཀྱི་ཞལ་ཆེམས་བཞིན་ལག་ལེན་ཅི་ཐུབ་གང་ཐུབ་ཅིག་རང་ཉིད་ནས་འགོས་བཟུང་ནས་བྱ་བར་ངེས།
ཉེ་ཆར་མདོ་སྨད་འཛམ་ཐང་དུ་རྒྱལ་གཅེས་དཔའ་བོ་སྣང་གྲོལ་ལཊ་ཀྱི་ཞལ་ཆེམས་ཡི་གེ་ལག་བསྟར་གྱི་ལས་འགུལ་སྤེལ་བ་ལྟར། དེ་རིང་ནས་རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱི་དགོས་འདུན་ཡི་གེའི་ནང་གསལ་བ་རྣམས་བོད་རིགས་ཡོངས་ཀྱིས་ལག་ལེན་བྱ་བའི་རིགས་ཤིང་། མ་ཟད་ཞལ་ཆེམས་ཡི་གེ་དེ་རྣམས་ལོ་རྒྱུས་ཀྱི་ཡིག་ཚང་དུ་ཉར་བའི་རིན་ཐང་བླ་མེད་ལྡན་ཡོད་པར་སེམས།
རྒྱལ་གཅེས་ཀྱི་དཔའ་བོད་དག་གིས་བྱས་རྗེད་ལ་གུས་པས་སྙིང་ཐག་ནས་གུས་འདུད་ཞུ་ཡིན་ན་ཡང་རང་གིས་རང་ལ་ཡོད་ཚད་མེ་རུ་ཕུལ་ན་ཡང་རྒྱལ་སྤྱི་དང་རྒྱ་མིའི་སྲིད་གཞུང་དག་གིས་རྣ་བར་ལ་ཡང་མི་འཛིན་བ་ཚང་མས་མཁྱེན་གསལ་རེད་དེ་ཡི་རྒྱུ་སྐྱེན་གང་ལ་བརྟེན་ནས་བྱུང་བ་རེད་ལབ་ན་རྒྱ་མི་དང་རྒྱལ་སྤྱི་ལ་གྱོང་གང་ཡང་མི་རེག་པ་རེད་དེ་འདྲ་ཡིན་ཙམ་ཁས་ཅི་ཡང་བཤད་མི་འདོད་པ་རེད་ང་ཚོ་བོད་མི་དག་ལ་རྒྱ་མི་བཅུ་ཤི་བ་དང་བོད་མི་གཅིག་ཤུ་བ་གྱོང་ཆེ་དེ་འདྲ་ཡིན་ཙམ་བོད་མི་ཚོས་རང་གིས་རང་ལ་བློས་མ་གཏོང་རོགས་ཞུ་གར་སྲིད་བོད་ཀྱི་རྩ་དོན་ཆེད་དུ་བློས་གཏོང་གནང་བ་ཡིན་ན་མིག་དཔེ་ཕྱི་ཡི་རྒྱལ་ཁབ་དག་ལ་ལྟ་ནས་རང་ཉིད་ཤི་བ་མཉམ་དུ་རྒྱ་མི་འཁྲིགས་བཟུང་བྱེད་ཉེན་དཔོན་རྒན་དག་ཀྱང་འཆི་ཐོབ་པ་ངེས་པར་དུ་བཟོ་དགོས་པ་རེད་དཔེར་ན་སྦེལ་ལ་དེན་དང་ས་དམ་ཧུ་སྲིན་ནང་གཞིན་མ་ནུས་ན་ཡང་དེ་འོག་བལྟར་ངེས་པར་དུ་བྱེད་དགོས་དེ་འདྲ་བྱེད་ཐུབ་ན་སྐྱེ་བ་བརླབས་ཆེ་ལ་འཆི་བ་གཟི་བརྗེད་ཡང་ཆེ་རྒྱལ་སྤྱི་དང་རྒྱ་མིའི་སྲིད་གཞུང་དག་གིས་དོ་སྣང་མ་བྱས་རང་བྱས་ཞིག་བྱུང་སྲིད།།།
ངོ་མས་མི་རིགས་འཐབ་རྩོད་ཀྱི་དཔའ་བོ་རང་རེད། ཞལ་ཆེམས་ལ་ལྟོས་དང་་་་ཁ་ཙམ་མ་ཡིན་པར་ལག་ལེན་དངོས་སུ་གནང་འདུག་པར་གུས་པས་སེམས་ཁོང་ནས་གུས་བཀུར་དང་་་་་ནམ་ཡང་ཁྱེད་དང་མཉམ་དུ་རང་གི་ཚོད་ཀྱིས་ཡོད་ཡོད་པ་ཡིན། དཔའ་བོ་ལགས་་་་ངས་འདི་ནས་ཁྱེད་ཀྱི་ཞལ་ཆེམས་དྲོན་པོ་སེམས་ཁུང་དུ་ཉལ་བཞིན་ཉིན་རེ་བཞིན་ལག་བསྟར་ཅི་ཡོང་གང་ཡོང་བྱེད་ངེས་ཡིན་ཞེས་ཁས་ལེན་བྱེད་ཆོག དཔའ་བོ་ལགས་ག་ལེར་ཕེབས་་་་དཔའ་བོ་ཁྱེད་རྣམས་པའི་རླབས་ཆེན་གྱི་མཛད་རྗེས་ལས་འུ་ཚང་བོད་ཆོལ་ཁ་གསུམ་ལ་བདེ་སྐྱིད་ཀྱི་ཉི་མ་ཞིག་ཤར་གྱིན་ཡིད་ཆེས་ཡོད། དཔའ་བོ་ལེགས་་ག་ལེར་ཕེབས། ཆོལ་གསུམ་བོད་མིའི་རང་དབང་ཆེད། ། ལུས་སྲོག་བློས་བཏང་མཛད་པ་ཡི། ། ངེས་དོན་དཔའ་བོ་ཁྱེད་ཅག་ལ། ། རུས་པའི་གཏིང་ནས་གུས་བཀུར་ཡོད། །
དཔའ་བོའི་མ་ཡིག་ངོ་མ་འདི་མི་གསལ་བ་འདུག་པས་ཡིག་ཕབ་ཅིག་མགྱོགས་པོར་གནོངས་དང་ཐུགས་རྗེ་གཟིགས། ཐུགས་རྗེ་ཆེ། བོད་རྒྱལ་ལོ།།
རྒྱལ་གཅེས་པ་ཁྱོད་དུས་རྟག་ཏུ་རྒྱལ་ལོ།
ཟླ་འདིའི་ཚེས་༢༦ ཉིན་རང་ལུས་མེར་བསྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་འཇམ་དཔལ་་ཡེ་ཤེས་ཀྱིས་ཕྱི་ཟླ་༣ ཚེས་༡༦ འཁོད་པའི་ཁ་ཆེམས་ཡི་གེ་དོན་ཚན་ལྔ་ཅན་ཞིག་བཞག་ཡོད་པ་རེད།
༡ འཛམ་གླིང་ཞི་བདེའི་དེད་དཔོན་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་སྐུ་ཚེ་ཁྲི་ཕྲག་ནས་ཁྲི་ཕྲག་བརྟན་པར་ཤོག བོད་ལ་གདན་འདྲེན་ཞུ་དགོས། ཤ་རུས་གདོང་རྒྱུད་གཅིག་པའི་སྤུན་ཟླ་ཚོ་མཉམ་འཛོམས་བྱས་ནས། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕོ་བྲང་པོ་ཏ་ལའི་མདུན་དུ་འབྲུག་སྒྲ་གྲགས་པ་ནང་བཞིན་སྨོན་ལམ་དང་ཡིད་ཆེས་བརྟན་པོ་ཡོད།
༢ སྤུན་ཟླ་ཚོ་མ་འོངས་བདེ་བ་དང་མདུན་ལམ་བསམ་ནས་ལ་རྒྱ་དགོས། ལ་རྒྱ་ནི་མི་རིགས་ཤིག་གི་བླ་སྲོག་ཡིན། ད་དུང་དྲང་བདེན་འཚོལ་བའི་སྤོབས་པ་ཡིན། མ་འོངས་བདེ་བའི་སྣ་འདྲེན་ཡང་ཡིན། སྤུན་ཟླ་ཚོས་འཛམ་གླིང་མི་མང་འདྲ་མཉམ་འཚོལ་བའི་བདེ་སྐྱིད་བསམ་ན། ལ་རྒྱ་ཟེར་བའི་ཚིག་འདི་སེམས་ལ་འཛིན་དགོས། བྱ་ཆེན་ཆུང་སོགས་ལ་འབད་བརྩོན་གནང་དགོས། སྤྱིར་ལ་རྒྱ་ནི་བདེན་རྫུན་འབྱེད་པའི་ཤེས་རབ་ཡིན།
༣ རང་དབང་ནི་སྲོག་ལྡན་ཡོངས་ཀྱི་བདེ་སྐྱིད་གཞི་མ་ཡིན། རང་དབང་མེད་ན་རླུང་ནང་གི་མར་མེ་འབར་བ་བཞིན། ཡང་བོད་མི་ས་ཡ་དྲུག་གི་ཁ་ཕྱོགས་འདྲ་བོ། ཆོལ་ཁ་གསུམ་གྱི་སྤུན་ཟླ་ཚོས་ནུས་ཤུགས་གཅིག་ཏུ་བསྒྲུབ་པ་ལ་འབྲས་བུ་ཐོབ་པ་ང་ཚོར་ཤེས་གསལ་རེད། སེམས་ཤུགས་མ་ཆགས་རོགས།
༤ གུས་པས་བརྗོད་པ་ནི་བོད་མི་ས་ཡ་དྲུག་གི་གནད་དོན་ཞིག་ཡིན། མི་རིགས་ཀྱི་འཐབ་རྩོད་སྐབས་དགོས་པ་ནི། དཔལ་འབྱོར་ཡོད་ན་བེད་སྤྱོད་གཏོང་བའི་དུས་ཚོད་རེད། ཡོན་ཏན་ཡོད་ན་ནུས་པ་སྟོན་དགོས་པའི་ཛ་དྲག་གི་དུས་ཚོད་སླེབས་པ། སྲོག་ཡོད་ན་རང་སྲོག་བློས་གཏོང་བའི་ཉིན་མོ་རེད་དྲན་གྱི་ཡོད། དུས་རབས་ཉི་ཤུ་རྩ་གཅིག་ནང་ལ་མི་ལུས་རིན་ཆེན་མེ་ལ་ཕུལ་བ་ནི་བོད་མི་ས་ཡ་དྲུག་གི་སྡུག་བསྔལ་དེ་འཛམ་གླིང་མི་མང་ལ། འགྲོ་བ་མིའི་ཐོབ་ཐང་འདྲ་མཉམ་མེད་པའི་རྟགས་མཚན་ཡིན། ཤ་ཚ་སྙིང་རྗེ་ཡོད་ན་ཉམས་ཆུང་བོད་མིར་གཟིགས་རོགས་གནང་།
༥ ང་རང་ཚོའི་ཕ་མའི་ཆོས། རིགས་པའི་གཞུང་ལུགས་དང་སྐད་ཡིག་སོགས་ལ་རང་དབང་དགོས། འཛམ་གླིང་མི་མང་ཐོབ་ཐང་འདྲ་མཉམ་དགོས། འཛམ་གླིང་མི་མང་ང་ཚོའི་རྒྱབ་ཏུ་ལོངས་ཤོག བོད་ཀྱི་བདག་པོ་བོད་མི་ཡིན།
བོད་རྒྱལ་ལོ།
རྟའུ་འཇམ་དཔལ་ཡེ་ཤེས་ནས་ཕུལ།
རྒྱལ་གཅེས་དཔའ་བོ་ཁྱེད་ཀྱི་རླབས་ཆེན་གྱི་སྙིང་སྟོབས་དང་ཆོད་སེམས་ལ་ཡི་རངས་ཞུ། ཞལ་ཆེམ་འདི་ལ་ཚང་མས་ལྟ་རོགས།
བཙན་བྱོལ་བ་གཉིད་ལས་སད་བྱེད་ཀྱི་སྨན་གལ་ཆེན་ཞིག་ཏུ་འགྱུར་ཐུབ་པར་ཤོག
འདི་ལྟར་ཤོག་བུ་དཀྱུས་མ་ཞིག་གི་ངོས་སུ་རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་དགོས་འདུན་དོན་ཚན་ལྔ་ཅན་ཞིག་འདི་བཞིན་རིམ་བསྟར་ལ་ལྟས་ཡོང་དུས། ཁ་སང་གི་དངོས་བྱུང་བརྙན་པར་དག་དང་དེའི་རྒྱབ་ལོག་གི་གནས་སྣང་མང་པོ་ཞིག་ཆུ་མིག་བརྡོལ་བ་བཞིན་སེམས་ཁོང་འདི་ནས་འཚང་ཁ་རྒྱབ་ཡོང་ལ། དངོས་གནས་ཤ་མཆིན་པའི་སྟེང་འོག་བརྗེ་འོང་བ་ཞིག་རེད། ནམ་རྒྱུན་ཚིག་གི་སྡེབ་སྦྱོར་མི་སྙན་པ་དང་དག་ཆ་མེད་པའི་ཚིག་ཚོགས་ལ་ཡི་ག་ལོག་པ་ཞིག་ཡིན་མོད། དེ་རིང་འདི་ནས་རྒྱལ་གཅེས་པ་ཁོང་གི་དགོས་འདུན་དོན་ཚན་ལྔ་པོ་ཤོག་སྨྱུག་དང་ཡིག་གཟུགས་སོགས་ཆེས་སྤྱིར་བཏང་གིས་བྲིས་ཡོད་ཀྱང་ཆེས་དམིགས་བསལ་བ་ཞིག་ཏུ་གྱུར་ཡོད་འདུག་ཨང་། གསེར་ཡིག་སྟོང་གི་རིན་བབ་གྲུབ་པའི་དགོས་འདུན་འདི་ནི་རང་རེ་བོད་མི་ཚོས་དགོས་འདུན་ཙམ་གྱི་ངོ་བོར་མ་བཞག་པར་ལག་ལེན་དང་དམིགས་འབེན་ཞིག་གི་ངོར་འཇོག་ཐུབ་པ་དགོས།
རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལ་གུས་འདུད་ཞུ་ཆེད་ཁོང་གི་ཁ་ཆེམ་འདིར་ཕབ་འབྲི་བྱས་པ་ཡིན། འོན་ཀྱང་ཡིག་འབྲི་རེ་ཟུང་མི་གསལ་པས་ནོར་འཁྲུལ་བྱུང་ཡོད་ན་རྣམས་པ་ཚོས་གུ་ཡངས་གནང་རོགས་ཞུ།
༡འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་མོ་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་སྐུ་ཚེ་ཁྲི་ཕྲག་ནས་ཁྲི་ཕྲག་བརྟན་པར་ཤོག
བོད་ལ་གདན་འདྲེན་ཞུ་དགོས། ཤ་རུས་གདུང་རྒྱུད་གཅིག་པའི་སྤུན་ཟླ་ཚོ་མཉམ་འཛོམས་བྱས་ནས། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕོ་བྲང་པོ་ཏཱ་ལའི་མདུན་དུ་འབྲུག་སྒྲ་གྲགས་པ་ནང་བཞིན་ཡོང་བའི་སྨོན་ལམ་དང་ཡིད་ཆེས་ཡོད།
༢སྤུན་ཟླ་ཚོ་མ་འོངས་པའི་བདེ་བ་དང་མདུན་ལམ་བསམ་ན་ལ་རྒྱ་དགོས་ལ་རྒྱ་ནི་མི་རིགས་ཤིག་གི་་བླ་སྲོག་ཡིན།
ད་དང་དྲང་བདེན་འཚོལ་བའི་སྤོབས་པ་ཡིན། མ་འོངས་བདེ་བའི་སྣ་འདྲེན་ཡང་ཡིན། སྤུན་ཟླ་ཚོ་འཛམ་གླིང་འདི་སེམས་ལ་བཅངས་དགོས། བྱ་བ་གལ་ཆེན་རྐྱང་བ་ལ་འབད་པར་གནང་དགོས། སྤྱིར་ལ་རྒྱ་ནི་བདེན་རྫུན་འབྱེད་པའ་ིཤེས་རབ་ཡིན།
༣རང་དབང་ནི་སྲོགས་ལྡན་ཡོངས་ཀྱི་བདེ་སྐྱིད་ཀྱི་གཞི་མ་ཡིན། རང་དབང་མེད་ན་རླུང་ནང་དུ་མར་མེ་འབར་བ་ནང་བཞིན།
ཡང་བོད་མ་ིས་ཡ་དྲུག་གི་ཁ་ཕྱོགས་འདྲ་བོ།། ཆོལ་ཁ་གསུམ་གྱི་སྤུན་ཟླ་ཚོ་ནུས་ཤུགས་གཅིག་ཏུ་སྒྲུབ་ན་གྲུ་འབྲས་ཐོབ་པ་ང་ཚོས་ཤེས་གསལ་རེད།
༤གུས་པས་བརྗོད་པ་ནི་བོད་མི་ས་ཡ་དྲུག་གི་གནད་དོན་ཞིག་ཡིན། མི་རིགས་ཀྱི་འཐབ་རྩོད་སྐབས་དགོས་པ་ནི་དཔལ་འབྱོར་ཡོད་ན་བདེ་སྤྱོད་གཏོང་བའི་དུས་ཚོད་རེད། ཡོན་ཏན་ཡོད་ན་ནུས་པ་སྒྲུབས་དགོས་པའི་ཛ་དྲགས་ཀྱི་དུས་ཚོད་སླེབས་པ།
སྲོག་ཡོད་ན་རང་སྲོག་བློས་བཏང་བྱེད་པའི་ཉིན་མོ་རེད་དྲན་གྱི་ཡོད། དུས་རབས་ཉི་ཤུ་རྩ་གཅིག་ནང་ལ་མི་ལུས་རིན་ཆེན་མེ་ལ་ཕུལ་བ་ནི་བོད་མི་ས་ཡ་དྲུག་གི་སྡུག་སྔལ་དེ་འཛམ་གླིང་མི་མང་ལ་འགྲོ་བ་མིའི་ཐོབ་ཐང་འདྲ་མཉམ་མེད་པའི་རྟགས་ཙམ་ཡིན་
ཤ་ཚ་སྙིང་རྗེ་ཡོད་ན་ཉམ་ཆུང་བོད་མི་ལ་གཟིགས་རོགས་གནང་། ང་རང་ཚོའི་ཕ་མེས་ཚོས་རིག་པའི་གཞུང་ལུགས་དང་སྐད་ཡིག་སོགས་ལ་རང་དབང་དགོས། འཛམ་གླིང་མི་མང་ང་ཚོའི་རྒྱབ་ཏུ་ལོངས་ཤོག བོད་ཀྱི་བདག་པོ་བོད་མི་ཡིན། བོད་རྒྱལ་ལོ།
རྟའུ་འཇམ་དཔལ་ཡེ་ཤེས་ནས་ཕུལ།
བཙན་བྱོལ་སྤྱི་ཚོགས་ནང་དུ་བོད་མི་རིགས་ཀྱི་ལ་རྒྱ་སླར་གསོ་ཡོང་གི་ཡོད་པར་དགའ་སྤོབས་ཚད་མེད་སྐྱེ་བཞིན་འདུག འོན་ཀྱང་སེམས་ཤུགས་ཡོད་པའི་བོད་མི་རེ་རེའི་ཚེ་སྲོག་འགྲོ་དུས་བློ་འཕམ་དེ་བས་ཀྱང་ཆེ། བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག བོད་རྒྱལ་ལོ།
རང་ལུས་ལ་ཁབ་རྩེ་ཙམ་གྱི་སྡུག་བསྔལ་བཟོད་མི་ཐུབ་པའི་ཐ་ཤལ་བདག་གིས་རྒྱལ་གཅེས་པ་ཁྱེད་ཉིད་ལ་གུས་འདུད་དང་མྱུར་ཏུ་དྲག་སྐྱེད་ཡོང་བའི་གསོལ་བ་ཕུར་ཚུགས་སུ་འདེགས་རྒྱུ་ཡིན།
ཁྱེད་ཀྱི་རླབས་ཆེན་གྱི་ལ་རྒྱ་སྙིང་སྟོབས་ལ་ཆོལ་གསུམ་བོད་མི་རྣམས་ཀྱིས་ནམ་ཡང་བླ་ན་མེད་པའི་གུས་འདུད་ཞུ་བཞིན་ཡོད།
ཁྱེད་ཀྱི་སེམས་ཤུགས་རྒྱལ་གྱུར་ཅིག་་་་་ཁྱེད་ཀྱི་ཕུགས་འདུན་རྒྱལ་འགྱར་ཅིག།་་་་་་ཁྱེད་ཀྱི་ལ་རྒྱ་རྒྱལ་གྱུར་ཅིག་་་་་་
རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཁྱེད་ཀྱི་ལྷག་བསམ་དང་ཁྱེད་ཀྱི་བློ་སྟོབས་ལ་བདག་ཅན་པ་ཚོར་དུས་ནམ་བརྗེད་མི་སྲིད།
ཁྱོད་ཀྱི་ཞལ་ཆེམས་བཞིན་ང་ཚོ་ལངས་ནས་ཡོང་ལ། ཁྱོད་ཀྱི་རེ་སྐུལ་བཞིན་ང་ཚོ་མཆོངས་ནས་འོང་།
ཁྱོད་ཀྱི་བློ་བདེ་ལ་བབས་ཤིང་ཁྱོད་ཀྱི་སེམས་ལྷོད་ལ་འཁྲིལ་ཆོག
རྒྱུ་མཚན། ཁྱོད་ཀྱི་ཡོད་ཚད་མི་ཡུལ་ལ་བཞག་པས་སོ།
རྒྱུ་མཚན། ཁྱོད་ཀྱི་ཞལ་ཆེམས་འཛམ་གླིང་ལ་གཏོར་བས་སོ།
བདེ་བར་བཞུགས་ཤིག ངའི་དཔའ་རྒོད། ངའི་མགོན་པོ།
ཁྱོད་ཀྱི་ཞལ་ཆེམས་བཞིན་ང་ཚོ་ལངས་ནས་ཡོང་ལ། ཁྱོད་ཀྱི་རེ་སྐུལ་བཞིན་ང་ཚོ་མཆོངས་ནས་འོང་།
ཁྱོད་ཀྱི་བློ་བདེ་ལ་བབས་ཤིང་ཁྱོད་ཀྱི་སེམས་ལྷོད་ལ་འཁྲིལ་ཆོག
རྒྱུ་མཚན། ཁྱོད་ཀྱི་ཡོད་ཚད་མི་ཡུལ་ལ་བཞག་པས་སོ།
རྒྱུ་མཚན། ཁྱོད་ཀྱི་ཞལ་ཆེམས་འཛམ་གླིང་ལ་གཏོར་བས་སོ།
བདེ་བར་བཞུགས་ཤིག ངའི་དཔའ་རྒོད། ངའི་མགོན་པོ།
ཁམས་རྟའུ་་འཇམ་དཔལ་ལ་འཚམས་འབྲི་ཞུ་དང་ཁྱེད་ཀྱི་སྐུ་སྲོག་ལ་ཉེས་ཁ་མེར་པའི་སྨོན་འདུན་ཞུ་ཁྱེད་ཀྱིས་བཏོང་ཕོད་འདི་གཞན་ཕན་གྱི་སེམས་ནས་ཅི་འདྲ་བྱས་འཁྲུང་སོང་ཁྱེད་ནི་ཧ་ཅང་རླབས་ཆེན་གྱི་བྱ་བཞག་ཞིག་རེད་ཁྱེད་ཀྱིས་སྔོན་ནས་བྲིས་པའི་ཁ་ཆམ་གྱི་ཡིག་འབྲི་དག་གུས་པས་གསལ་ལྷང་ངེར་དྲན་སོས་སོང་ཁྱེད་ཀྱི་ཐུགས་བསམ་ནང་བཞིན་ང་ཚོའི་ཤུལ་ལུས་ཀྱི་རུས་རྒྱུད་དག་གིས་ངེས་པར་དུ་ལག་སོན་ཡོང་བར་བྱེད་དགོས་ཁྱེད་ཀྱི་ཐུགས་འཕྲལ་མ་གནང་མཐོ་རུས་སུ་བདེ་བར་གཤེགས་པར་སྨོན་འདུག་ཞུ་ཞུ།།།
ཁམས་རྟའུ་་འཇམ་དཔལ་ལ་འཚམས་འབྲི་ཞུ་དང་ཁྱེད་ཀྱི་སྐུ་སྲོག་ལ་ཉེས་ཁ་མེར་པའི་སྨོན་འདུན་ཞུ་ཁྱེད་ཀྱིས་བཏོང་ཕོད་འདི་གཞན་ཕན་གྱི་སེམས་ནས་ཅི་འདྲ་བྱས་འཁྲུང་སོང་ཁྱེད་ནི་ཧ་ཅང་རླབས་ཆེན་གྱི་བྱ་བཞག་ཞིག་རེད་ཁྱེད་ཀྱིས་སྔོན་ནས་བྲིས་པའི་ཁ་ཆམ་གྱི་ཡིག་འབྲི་དག་གུས་པས་གསལ་ལྷང་ངེར་དྲན་སོས་སོང་ཁྱེད་ཀྱི་ཐུགས་བསམ་ནང་བཞིན་ང་ཚོ་ཤུལ་ལུས་ཀྱི་རུས་རྒྱུད་དག་གིས་ངེས་པར་དུ་ལག་སོན་ཡོང་བར་བྱེད་དགོས་ཁྱེད་ཀྱི་ཐུགས་འཕྲལ་མ་གནང་མཐོ་རུས་སུ་བདེ་བར་གཤེགས་པར་སྨོན་འདུན་ཞུ་ཞུ།།།
ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། དཔའ་བོ་གྲོངས་ཟིན་པའི་སྐད་ངན་གོ་སོང་།
ཨོཾ་མ་ཎི་པདྨེ་ཧཱུཾ།
དལ་འགྲོའི་རྟེན་བཟང་མྱུར་ཐོབ་ཤོག །
ཨོཾ་མ་ཎི་པདྨེ་ཧཱུཾ།
ཨོཾ་མ་ཎི་པདྨེ་ཧཱུཾ།
ཨོཾ་མ་ཎི་པདྨེ་ཧཱུཾ།
རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱི་ལྷག་བསམ་དང་རྒྱལ་གཅེས་སེམས་ཤུགས་ལ་བོད་མི་ཡོད་དོ་ཅོག་ནས་གུད་བཏུད་དང་བདེན་མཐའ་གསལ་བ་ཤོག། ཨོ་མ་ཎི་པདྨའི་ཧུ།
རྒྱལ་གཅེས་དཔའ་བོ་རྟའུ་འཇམ་དཔལ་ཡེ་ཤེས་ལགས། ཤིི་གསོན་གང་ཡིན་གནས་ཚུལ་གསལ་པོ་གསུངས་རོགས་གནང།
༄། བདག་དང་བདག་འདྲ་བའི་ཁ་བདེ་སྙིང་ཆུང་དག་གིས་རྒྱལ་གཅེས་དཔའ་པོ་དཔའ་མོ་ཁྱེད་ཅག་གི་བླ་མེད་ཀྱི་སྤོབས་པ་དང་རང་བརྗེད་ཀྱི་སྙིང་འདིར་བསྟོད་ར་དང་ཡི་རངས་ཞུ། ཁྱོད་ཚོས་ང་ཚོ་རྒྱ་ཆེ་བའི་བོད་མི་རྩམ་གཟན་ཡོངས་ཀྱི་འདས་བའི་ལོ་རྒྱུས་ཀྱི་བྱུང་བ། ད་ལྟའི་ཤི་གསོན་གྱི་འཚོ་བ། མ་འོང་འབྱུང་འགྱུར་གྱི་སྡུག་ཟད་བདེ་ཐོབ་ཀྱི་དོན་དུ་དམིགས་ནས་གཅེས་བའི་ལུས་ཀྱང་མེ་ལ་སྒྲོན་ནས་ན་ཟུག་དང་འཇིགས་སྣང་སྤུ་ཙམ་མེད་པར་བདེན་དོན་གྱི་ཁ་གཡང་སྒྲོག་བཞིན་མེ་དཔུང་གི་ཀློང་ན་ཚྭ་བའི་མེ་དབལ་ལ་རྒྱའི་གྲོགས་སུ་སྤྱོད་པ་འདི། མཐོང་ན་མིག་བཙུམ་པ། གོ་ན་རྣ་འགེབས་པ། བསམ་ན་སྙིང་འདར་བའི་ང་ལྟ་བུའི་སྤྱོད་ཡུལ་ལས་འདས། བོད་རྒྱལ་ལོ།།
བོད་མི་རིགས་ཀྱི་དཔའ་བོ། རྒྱལ་གཅེས་པ་འཇམ་དཔལ་ཡེ་ཤེས་མཆོག་ལ་གུས་འདུད་གྲངས་མེད་ཞུ་བ་དང་ཆབས་ཅིག ཉིད་ཀྱི་ཞལ་ཆེམས་ནང་ལྟར་ལག་བསྟར་ཐད་ལ་ཉི་མ་ད་ནས་ཤུགས་གསར་པ་ཞིག་རང་གཞན་ཚང་མས་རྒྱག་དགོས་ཀྱི་འདུག མ་ཟད་ལྟོ་ནང་དང་སྒོ་ང་ཕྱི་ལྟ་བུ་འདི་རིགས་མི་འབྱུང་བ་ལ་ཚང་མས་འབད་དགོས་ཀྱི་འདུག ནམ་རྒྱུན་དྲ་བའི་ནང་དེ་ལྟར་ཡོང་གི་ཡོད་པ་དངོས་ཡོད་རེད།
སྤུན་ཟླ་ཁྱེད་ཀྱི་དེ་ལྟའི་སྙིང་སྟོབས་ལ་ཁོ་བོ་བདེན་པའི་རྒྱབ་ལངས་ནས་ཡི་རང་ཤིན་ཏུ་ཆེ། ཁྱེད་དང་ཁྱེད་མཚུངས་ཀྱི་རང་རེའི་མི་རིགས་སྤུན་ཟླ་ཡོངས་ཀྱིས་རིང་ནས་སྙིང་དུ་གནག་པའི་འདོད་དོན་གང་མྱུར་སྒྲུབ་པ་ཞིག་སྟོན་པ་རིན་པོ་ཆེ། སློབ་དཔོན་རིན་པོ་ཆེ། འཕགས་མཆོག་མིག་མི་འཛུམ་བཅས་ནས་ཅིས་ཀྱང་གནང་བ་ཞིག་སྨོན་ལམ་འདེབས་རྒྱུ་ཡིན། འོན་ཀྱང་སྐབས་འདིར་ཞུ་འདོད་པ་ཞིག་ལ་རང་རེ་གངས་ཅན་པ་ཡོངས་ནས་རང་ལུས་ལ་བཅེས་པོ་གནང་རོགས། གང་ལགས་ཟེར་ན་རྟག་པ་མཐའ་བཟུང་གི་དབང་དུ་གལ་སྲིད་བོད་མི་ཡོངས་ནས་དེ་ལྟར་ལུས་སྲེག་གནང་ཚེ། གཅིག་ནས་བོད་ལ་འགྲོ་བ་མིའི་ཐོབ་ཐང་ཐོབ་སྐབས་ཀྱི་གྲུབ་འབྲས་སམ་དམིགས་ཡུལ་འདི་ཡིན་ནམ་ཟེར་ན་མ་རེད། གཉིས་ནས་རྒྱུ་ཡོད་ན་དཔལ་འབྱོར་འགྲོ་གྲོན་བཏང་སྟེ་ཕ་སྐད་ཡི་གེའི་ཆེད་སློབ་ཡོན། སྤྱ་ཁྲལ་ཞལ་འདེབས། དབུས་དང་འབྲེལ་ཅན་འབྲེལ་མེད་ཚོགས་པའམ་སྤྱི་ཚོགས་ཀྱི་ཕན་བདེའི་བྱ་བཞག་ཁག་ལ་བཏོང་རྒྱུ་སོགས་དང་། དེ་བཞིན་སློབ་སྦྱོང་ཡོད་ན་བེད་སྤྱོད་བཏོང་རྒྱུའི་དུས་ཚོད་སླེབས་པ་བཅས་བདེན་པ་རེད་དེ་ད་ལྟ་འཚོ་སྡོད་བོད་མི་ཡོངས་ནས་ལུས་སྲེག་མང་པོ་བཏོང་རྒྱུ་མེད། གསུམ་ནས་བྱ་ཐབས་འདི་སྤྱད་པས་དམར་པོའི་གཞུང་ལ་འགྱུར་བ་ཅང་མི་འགྲོ་ཁོ་ཐག་རེད། རང་རེའི་སྲིད་འཛིན་གྱིས་བཤད་པ་ལྟར་”རྒྱལ་ཚོགས་དེ་ནུས་ཤུགས་ཆེ་་ཤོས་མ་རེད་ཟེར་ན་ཡིན་པའི་ཚུལ་དང་ཡིན་ཟེར་ན་མ་རེད།” དེ་ལྟར་བཤད་པ་དངོས་ཡོད་གནས་ཚུལ་རེད། གང་ཡིན་ཟེར་ན་རྒྱལ་ཁབ་ཉི་བརྒྱ་ལ་ཉེ་བའི་རྒྱལ་ཚོགས་དེའི་ནང་ཁ་བཏད་ཕྱོགས་ལ་བརྒྱ་ཆ་སུམ་བཅུ་དང་། བཏང་སྙོམས་པ་བཞི་བཅུ་ཞེ་ལྔ། དེ་འཕྲོས་བརྒྱ་ཆ་ཉི་ཤུ་ལྷག་ཙམ་མ་གཏོགས་བོད་དོན་རྒྱབ་སྐྱོར་བྱེད་འཁན་མེད། དེ་ལྟའི་ཚོགས་པ་ཞིག་གིས་མགུལ་སྐྱོད་བཏོང་ཆེད་ལུས་སྲེག་བགྱིས་ཚེ་དམར་པོ་ལ་ཁ་བཏད་བཅག་ཐུབ་རྒྱུ་བཞག་སྟེ་ཁོ་པ་ཚོའོ་འདོད་དོན་ཏེ། གྲངས་ཉུང་མི་རིགས་རྩ་གཏོང་བཟོ་རྒྱུའི་རྒྱལ་ཁ་ལོན་གྱིན་ཡོད། དེ་སྲིད་ཕྱོགས་ནས་རེད། ཆོས་ཕྱོགས་ནས་བཤད་ན་རང་སྲོག་རང་བཅོད་ལྷ་བསད་པ་དང་མཚུངས་པ་སོགས་ཤོད་སྲོལ་ཡོད། མདོར་ན་ཁོ་བོའི་རེ་བ་ལ་རང་སྲོག་བཏོང་འཁན་མང་པོ་མི་ཡོང་བ་གྱིས། ལ་རྒྱ་དགོས། ཕ་སྐད་ཡི་གེ་སྦྱོང་། བདེན་དོན་མཐའ་བསལ་ཆེད་ཕྱོགས་ཡོངས་ནས་ཤུགས་གནོན་རྒྱག་དགོས། ལྷག་པར་དུ་དྲང་མོ་ཤོད་དགོས་པ་ཞིག་ལ་བཞིས་ཆགས་ནང་སྐྱེས་པ་ཚོས་ལྷག་པར་དུ་བོད་དོན་ལ་རྟོག་ཞིབ་བྱེད་རོགས། ང་རང་༡༩༩༧ ལ་བོད་ནས་ཡོང་སྐབས་ལོ་བརྒྱད་པ་ཡིན། འོན་ཀྱང་ད་ལྟའི་འཛིན་གྲྭ་བཅིུས་ཐོན་པའི་བྱེས་ཕྲུག་ལས་བོད་དོན་རྟོགས་སད་ཆེ་བ་ཡོད་ཅེས་བཤད་ཀྱང་ཐལ་ཆ་མེད། ད་དུང་དབུས་གཙང་པ་རྣམས་ལའང་དེ་རང་ཞུ་རྒྱུ་ཡི། ད་དེ་ཙམ་ཡིན། ཡང་ཁོས་མང་པོ་ཞིག་བྲིས་འདུག་ཅང་གོ་རྒྱུ་མིན་འདུག་ཟེར་འཁན་དང་ཡང་དོགས་པ་བྱེད་འཁན་འདྲའང་ཡོང་སྲིད། འོན་ཀྱང་ཁོ་བོས་དྲང་མོ་ཡིན་ཕྱི་གསལ་ནང་གསལ་ཡིན། ཁ་ཅིག་གིས་དྲང་མོ་ཡིན་ཚད་ཡག་པོ་མིན་པར་སེམས་འཁན་ཡང་ཡོད་ན་མ་ཕོག་ཅིག བདེན་རྒྱབ་ནས།
རྒྱལ་གཅེས་དཔའ་བོ་ཁྱེད་ཀྱི་བྱས་རྗེས་དང་སྙིང་སྟོབས་ལ་ཡི་རང་ཞུ་རྒྱུ་དང་། ཁྱེད་ཀྱི་སྟོན་པའི་དགོས་འདུན་རྣམས་རང་ངོས་ནས་གང་ཐུབ་གྲུབ་ཀྱི་ཡིན། དེ་བཞིན་བོད་མི་གཞན་རྣམས་ཀྱི་ཀྱང་དེ་ལྟར་གནང་ངེས།
དཔའ་མཛངས་ཀྱི་སྙིང་སྟོབས་དང་། ལར་རྒྱའི་ཆོད་སེམས་ལ་ཡིད་རང་བསྔགས་བརྗོད་གྲངས་མེད་ཞུ།
ཁྱེད་ཀྱི་ཞལ་ཆེམས་བཞིན་ལག་ལེན་ཅི་ཐུབ་གང་ཐུབ་ཅིག་རང་ཉིད་ནས་འགོས་བཟུང་ནས་བྱ་བར་ངེས།
ཉེ་ཆར་མདོ་སྨད་འཛམ་ཐང་དུ་རྒྱལ་གཅེས་དཔའ་བོ་སྣང་གྲོལ་ལཊ་ཀྱི་ཞལ་ཆེམས་ཡི་གེ་ལག་བསྟར་གྱི་ལས་འགུལ་སྤེལ་བ་ལྟར། དེ་རིང་ནས་རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱི་དགོས་འདུན་ཡི་གེའི་ནང་གསལ་བ་རྣམས་བོད་རིགས་ཡོངས་ཀྱིས་ལག་ལེན་བྱ་བའི་རིགས་ཤིང་། མ་ཟད་ཞལ་ཆེམས་ཡི་གེ་དེ་རྣམས་ལོ་རྒྱུས་ཀྱི་ཡིག་ཚང་དུ་ཉར་བའི་རིན་ཐང་བླ་མེད་ལྡན་ཡོད་པར་སེམས།
རྒྱལ་གཅེས་ཀྱི་དཔའ་བོད་དག་གིས་བྱས་རྗེད་ལ་གུས་པས་སྙིང་ཐག་ནས་གུས་འདུད་ཞུ་ཡིན་ན་ཡང་རང་གིས་རང་ལ་ཡོད་ཚད་མེ་རུ་ཕུལ་ན་ཡང་རྒྱལ་སྤྱི་དང་རྒྱ་མིའི་སྲིད་གཞུང་དག་གིས་རྣ་བར་ལ་ཡང་མི་འཛིན་བ་ཚང་མས་མཁྱེན་གསལ་རེད་དེ་ཡི་རྒྱུ་སྐྱེན་གང་ལ་བརྟེན་ནས་བྱུང་བ་རེད་ལབ་ན་རྒྱ་མི་དང་རྒྱལ་སྤྱི་ལ་གྱོང་གང་ཡང་མི་རེག་པ་རེད་དེ་འདྲ་ཡིན་ཙམ་ཁས་ཅི་ཡང་བཤད་མི་འདོད་པ་རེད་ང་ཚོ་བོད་མི་དག་ལ་རྒྱ་མི་བཅུ་ཤི་བ་དང་བོད་མི་གཅིག་ཤུ་བ་གྱོང་ཆེ་དེ་འདྲ་ཡིན་ཙམ་བོད་མི་ཚོས་རང་གིས་རང་ལ་བློས་མ་གཏོང་རོགས་ཞུ་གར་སྲིད་བོད་ཀྱི་རྩ་དོན་ཆེད་དུ་བློས་གཏོང་གནང་བ་ཡིན་ན་མིག་དཔེ་ཕྱི་ཡི་རྒྱལ་ཁབ་དག་ལ་ལྟ་ནས་རང་ཉིད་ཤི་བ་མཉམ་དུ་རྒྱ་མི་འཁྲིགས་བཟུང་བྱེད་ཉེན་དཔོན་རྒན་དག་ཀྱང་འཆི་ཐོབ་པ་ངེས་པར་དུ་བཟོ་དགོས་པ་རེད་དཔེར་ན་སྦེལ་ལ་དེན་དང་ས་དམ་ཧུ་སྲིན་ནང་གཞིན་མ་ནུས་ན་ཡང་དེ་འོག་བལྟར་ངེས་པར་དུ་བྱེད་དགོས་དེ་འདྲ་བྱེད་ཐུབ་ན་སྐྱེ་བ་བརླབས་ཆེ་ལ་འཆི་བ་གཟི་བརྗེད་ཡང་ཆེ་རྒྱལ་སྤྱི་དང་རྒྱ་མིའི་སྲིད་གཞུང་དག་གིས་དོ་སྣང་མ་བྱས་རང་བྱས་ཞིག་བྱུང་སྲིད།།།
ངོ་མས་མི་རིགས་འཐབ་རྩོད་ཀྱི་དཔའ་བོ་རང་རེད། ཞལ་ཆེམས་ལ་ལྟོས་དང་་་་ཁ་ཙམ་མ་ཡིན་པར་ལག་ལེན་དངོས་སུ་གནང་འདུག་པར་གུས་པས་སེམས་ཁོང་ནས་གུས་བཀུར་དང་་་་་ནམ་ཡང་ཁྱེད་དང་མཉམ་དུ་རང་གི་ཚོད་ཀྱིས་ཡོད་ཡོད་པ་ཡིན། དཔའ་བོ་ལགས་་་་ངས་འདི་ནས་ཁྱེད་ཀྱི་ཞལ་ཆེམས་དྲོན་པོ་སེམས་ཁུང་དུ་ཉལ་བཞིན་ཉིན་རེ་བཞིན་ལག་བསྟར་ཅི་ཡོང་གང་ཡོང་བྱེད་ངེས་ཡིན་ཞེས་ཁས་ལེན་བྱེད་ཆོག དཔའ་བོ་ལགས་ག་ལེར་ཕེབས་་་་དཔའ་བོ་ཁྱེད་རྣམས་པའི་རླབས་ཆེན་གྱི་མཛད་རྗེས་ལས་འུ་ཚང་བོད་ཆོལ་ཁ་གསུམ་ལ་བདེ་སྐྱིད་ཀྱི་ཉི་མ་ཞིག་ཤར་གྱིན་ཡིད་ཆེས་ཡོད། དཔའ་བོ་ལེགས་་ག་ལེར་ཕེབས།
ཆོལ་གསུམ་བོད་མིའི་རང་དབང་ཆེད། །
ལུས་སྲོག་བློས་བཏང་མཛད་པ་ཡི། །
ངེས་དོན་དཔའ་བོ་ཁྱེད་ཅག་ལ། །
རུས་པའི་གཏིང་ནས་གུས་བཀུར་ཡོད། །