༄༅། ། རབ་བྱུང་ ༡༧ ཆུ་འབྲུག་གནམ་ལོ་གསར་བཞད་ཀྱི་ཚེས ༢༤ ཕྱི་ལོ ༢༠༡༢ ཟླ ༣ ཚེས ༡༦ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་བསྩལ་བའི་བཀའ་ལུང།
ཧྲཱི ༧རྒྱལ་ཀུན་མཁྱེན་བརྩེའི་ཡེ་ཤེས་གཅིག་ཏུ་གྱུར།
།ངུར་སྨྲིག་གར་གྱི་རྣམ་སྤྲུལ་དྲིན་ཅན་གྱི།
།རྗེ་བཙུན་བླ་མ་མཐོང་བ་དོན་ལྡན་མཆོག
།སྤྱི་བོར་བདེ་ཆེན་འཁོར་ལོའི་རྒྱན་དུ་སྩོལ། །།
ཀྱེ་ གངས་ལྗོངས་གདོང་ལྔའི་མགྲིན་ཚབ་བྱེད་པོ་རྣམས་ནས་གཟུགས་མེད་ང་གཟུགས་ཅན་གྱི་གནས་སུ་འབོད་པ་ལེགས་ཚོགས་ཆེ། འཛམ་གླིང་སྤྱི་དང་ཁྱད་པར་གངས་ཅན་པའི་གཙུག་གི་ནོར་བུ་མཐོང་བ་དོན་ལྡན་མཆོག་སྐྱེ་འགྲོིའི་དོན་སླད་ཕྱི་ཡི་ཡུལ་གྲུར་ཞབས་སོར་འཁོད་སླད་འགལ་རྐྱེན་མེད་ཅིང་། འོན་ཀྱང་སྐྱེ་འགྲོ་བསོད་ནམས་དམན་པས། རྐྱེན་སེལ་རིམ་གྲོ་སྔོན་སྨྲས་བཞིན་དུ་སྐབས་མཚམས་ནན་ཏན་འབད་ན་ལེགས་ལ། སྐུ་ཁམས་དར་ཕན། མཎྜལ་བཞི་ཆོག་དང་འབྲེལ་ཏཱ་རེའི་བསྟོད་པ་འབུམ་ཐེར། གྲྭ་ཏོག་གསེར་གསུམ། པདྨའི་མནོལ་བསང་འབད་ན་ལེགས་ཚོགས་ཆེ། ངོས་ཀྱི་སློབ་དཔོན་མཐོང་བ་དོན་ལྡན་མཆོག་གིས་དཔལ་ལྡན་དགའ་བ་བརྒྱ་ལྡན་པའི་ཆབ་སྲིད་གསེར་ཀྱི་ཡུ་བ་མང་མོས་ངོས་སུ་གསོལ་སྩལ་གནང་བ་འདི་ནི་བོད་འབངས་ཀུན་ནས་བཀྲིན་འདི་ལ་བསམ་ཤེས་ཀྱིས་སྔོན་ལྷག་ཁུར་འཁྱེར་བྱེད་པོ་རྣམས་ནས་དམ་ཚིག་དར་གྱི་མདུད་བརྒྱ་བརྟན་པོས་རྡོག་ཏུ་བསྒྲིལ་ཏེ་ལས་གང་གི་ཕྱོགས་སུ་ལས་འབྲས་དཔང་པོར་བཟུང་ཏེ་རྒྱབ་མདུན་མེད་པར་བྱ་བཞག་རྣམས་ལ་ཤིན་ཏུ་འབད་གལ་གྱིས་ཤིག འབྱུང་འགྱུར་ཡང་རྒྱ་ཡི་ཕྱོགས་སུ་བདེན་མཐའ་སེལ་ཕྱིར་འབྲེལ་གཏུགས་བགྱིས་ནའང་ངོས་ཀྱི་སློབ་དཔོན་མཐོང་བ་དོན་ལྡན་མཆོག་གི་སྐུ་ཡི་ཚབ་རྣམས་དང་འབྲེལ་གཏུགས་བགྱིས་ན་དོན་དེ་ལེགས་པར་སོམས་ཤིག།
ཁ་བ་ལྗོངས་ཀྱི་བསྟན་འགྲོའི་དོན་ནི་ལྷ་མི་ཟུང་དུ་འབྲེལ་བའི་བྱ་བཞག་ཡིན་ནའང་གཟུགས་ཅན་རྣམས་ནས་ངོས་ཀྱི་སློབ་དཔོན་དོན་ལྡན་མཆོག་གི་མ་འོངས་སྔོན་གཟིགས་ལམ་སྟོན་མཛད་པ་འདི་ལ་རྡོག་ཏུ་བསྒྲིལ་ཤིག། གཟུགས་ཅན་རྣམས་ནས་མཐུན་པའི་གཞུང་བཟང་འཚེ་མེད་ཞི་བའི་ལམ་ནས་རྒྱུན་འཁྱེར་བགྱིས་ཤིག། འདོད་ཁམས་བདག་མོ་གཙོ་བྱས་ཁ་བ་ལྗོངས་ཀྱི་བསྟན་སྲུང་ངེད་རྣམས་ཀྱིས་དབང་དྲག་ལས་ཀྱི་ཁུར་དུ་བགྱི་བགྱི་ནའང། ལྷག་པར་སྤྱི་དོན་བསོད་ནམས་བསགས་པ་ནི་ཤིན་ཏུ་ནས་འགལ་རྐྱེན་ཆེ་ཞིང། རྐྱེན་སེལ་རིམ་གྲོ་སྔོན་དུ་སྨྲས་ཟིན་ནའང་ནན་ཏུ་འཕགས་མཆོག་ཐུགས་རྗེ་ཆེན་པོའི་ཚོགས་མཆོད་དང་འབྲེལ་གཟུངས་སྔགས་ཡི་གེ་དྲུག་མ་འགྲོ་གང་ཆེ་མཆོག་དམན་ཀུན་ནས་འབད་གལ་གྱིས་ཤིག མཧཱ་གུ་རུའི་ཐུགས་དམ་གནད་བསྐུལ། གསུང་བྱིན་བདེན་པའི་རྔ་སྒྲ་ཤིན་ཏུ་འབད་གལ་གྱིས་ཤིག། ལོ་འདིར་དབྱར་གྱི་དུས་སུ་འཕགས་པའི་ཡུལ་གྲུར་ནུབ་བྱང་མཚམས་སུ་འབྱུང་བའི་གནོད་འཚེ་ཡོད་ནའང། དེ་ཕྱིར་བཟློག་སླད། ཨོ་རྒྱན་འབྱུང་བཞི་ལྷ་མོའི་གསོལ་འདེབས། ཐུབ་པའི་མཚན་སྔགས། ༧རྒྱལ་བཀའ་དག་ཐོན། སྲི་བཟློག་ཙཱཀྲབཅུ་གསུམ་ནན་ཏུ་བགྱིས་ན་ལེགས་ལགས།
༼ བཀའ་ལུང་ཡི་གེར་ཅི་ལྟར་བྲིས་པ་བཞིན་ཡིག་ནོར་རེ་འགར་ལག་པ་འཆང་རྒྱུ་ཕར་ཞོག ཚེག་དང་ཤེད་ལྷག་གཅིག་ཀྱང་མ་སྒུལ་རང་སོར་བཞག་ཡོད། ༽
གནས་ཆུང་སོགས་ལྷ་སྲུང་རིགས་ལ་ཡིད་ཆེས་ཡོད། ཡིན་ཡང་བོད་ཀྱི་ཆབ་སྲིད་འདི་མགོ་རྙོག་ཚ་བོ་ཞེ་དྲགས་རེད། བོད་ཀྱི་གནས་སྟངས་འདི་ནི་མི་དང་མིས་ཐག་གཅོད་བྱེད་དགོས་པ་ཞིག་ཏན་ཏན་རེད།
ད་ཆི་གང་ཅིག་མི་ཤེས་ལགས།
འདི་ནི་བོད་པ་ཚང་ཁོ་ན་དང་ལྷ་དང་ཆོས་ལ་ཡིད་ཆེས་བྱེད་མཁན་དག་གི་ལུགས་སྲོལ་ལས་གཞན་སུ་དང་གང་གིས་ཡང་འདི་ལ་བློས་འགེལ་དཀའ་བའི་ཡུལ་ལོ།།དེ་བཞིན་ནམ་ཞིག་གི་དུས་ན་བོད་པ་ཚང་ཡང་འདི་ལ་སྐྱབས་བཅོལ་བྱེད་པའི་མོས་པ་ཡལ་བར་མི་དོར་བའི་མཚན་མ་ནི་གང་ཡང་མེད་དོ།།
དོལ་རྒྱལ་ཕྱོགས་ཁག་ཕུད་པའི་བོད་མི་གནམ་བསྟན་ཡོངས་ཀྱིས་ཆོས་སྐྱོང་ཁྱེད་ཚོར་རེ་བ་ལོ་མང་བཅོལ་ཡང་ད་བར་ཞབས་བརྟན་སྒྲུབ་ཡག་གི་ལས་ཀ་འཕར་མ་སྐུལ་བ་མ་གཏོགས་གཞན་གྱི་ནུས་པ་འདོན་མི་ཐུབ་པ་གང་ཡིན་ནམ། ད་ཁྱེད་ཚོར་ནུས་པ་ཡོད་ན་ནུས་ཤུགས་བཏོན་ཡག་དུས་ལ་བབ་འདུག ང་ཚོའི་མི་རིགས་འདིའི་དཀའ་ངལ་ལ་གཟིགས་དང་། གཅེས་པའི་སྲོག་འགྲོ་བ་ཧ་ཅང་བརྗོད་མེད། རྒན་རབས་རྣམས་རྫོགས་འགྲོ་གི་འདུག ལུང་བསྟན་ཟ་རི་ཟ་རི་རྐྱང་བརྒྱབས་ནས་བཙན་བྱོལ་དུ་མུ་མཐུད་བཞུགས་ཡག་ཡིན་ནམ༽ བོད་ཀྱི་སྲུང་མ་རྣམས་ལོངས་ཤོག བོད་ཀྱི་བདེན་མཐའ་སེལ་ན་བོད་མི་ཚོས་ཁྱེད་ཚོར་གཏང་རག་གང་མང་ཕུལ་ཆོག མའོ་རྩེ་ཏུང་ཤི་ནས་ལོ་མང་ཕྱིན་ཟིན་པས་ཞེད་མི་དགོས། ད་གབ་ནས་མ་སྡོད། མདུན་དུ་ཤོར་ཞིག
གལ་སྲིད་བོད་མི་གདོང་དམར་ཞིག་ཡིན་ན། རྦློ་ཕུགས་དཀོན་མཆོག་གསུམ་ལ་བརྟོད། དེ་ནས་བསམ་དོན་མ་འབྲུབས་ན་ལས་འབྲས་མ་གསུང་རྟགས་མཚན་རེད།
མི་འུ་ཐུག་དུས་ལྷ་ལ་སྐད་ཆ་འདྲི་ཞེས་པ་ལྟར། མིས་མ་འཇོན་ན་ལྷ་ལ་ཡིད་ཆེས་བྱེད་པའི་ལམ་ལུགས་འདིས་སྐྱོང་ཨང་། ཕུང་ཨང་། དེང་བར་གནས་ཆུང་གཙོ་བའི་ལྷ་ཡིས་ནུས་མཐུ་ཁབ་རྩེ་ཙམ་ཡང་མི་ཐོན་པའམ་མི་ཡོང་་ཡང་ད་དུང་བླུན་དད་རྨོང་རིགས་བདག་ཅག་འདིས་སྐྱོ་ཨང་། ཕུང་ཨང་། ད་དུང་ཉང་ས་རེད་མི་རིགས་འདིས། ཀྱེ་མ་ཧུད།
ལྷ་ལ་ཁ་བཏངས་ནས་རྨོང་དད་ལ་འདོད་མཁན་ཚོ། ཁྱེད་ཚོ་ཟེར་བ་ལྟར་ན་གོང་ས་སྐྱབས་མགོན་ཆེན་པོ་བོད་ལ་གདན་འདྲེན་བྱས་ནས་ག་རེ་ཕན། ཁོང་བོད་ལ་གདན་འདྲེན་བྱེད་ཆེད་རང་ལུས་མེ་ལ་བསྲེག་བཞིན་པ་འདི་ཚོས་རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་དགོས། བོད་ལ་ཆོས་སྤྱོད་རང་དབང་དགོས་ཟེར་ཡོང་དུས་དེ་ཚོ་ཆོས་དང་ལྷ་ལ་འབྲེལ་བ་ཡོད་པ་མ་རེད་དམ།
ཀ་དག་ཆོས་དབྱིངས་འདི་རྒྱ་མིའི་སོ་པ་ཞིག་ཡིན་ཐག་ཆོད་རེད། ག་དུས་ཡིན་ན་དཀྲུག་ཤིང་རྐྱང་རྐྱང་
ཆོས་སྲུང་ཁྱེད་འཚོའི་དུས་ཚོད་ཉག་འཕྲེང་ཅན་དང་དཀའ་བསྔལ་ཅན་གྱི་གནས་སྐབས་སུ་མི་ཁོམ་བར་ལ་གསོལ་སྤྱོང་ཞེས་བའི་དཔེ་ལྟར་####བརྒྱ་ཚར་དང་#####དག་སྒྲོག་སོགས་གསུང་ལས་དཀའ་བསྔལ་དེ་ལ་ཐབས་འདི་བཀོད་ནས་འཇུས་འདི་སྟོན་དགོས་སོགས་མེད་པ་ནི་ཅི་ཡིན་ནམ?
མི་འུ་ཐུག་དུས་ལྷ་ལ་སྐད་ཆ་འདྲི་ཞེས་པ་ལྟར། མིས་མ་འཇོན་ན་ལྷ་ལ་ཡིད་ཆེས་བྱེད་པའི་ལམ་ལུགས་འདིས་སྐྱོང་ཨང་། ཕུང་ཨང་། དེང་བར་གནས་ཆུང་གཙོ་བའི་ལྷ་ཡིས་ནུས་མཐུ་ཁབ་རྩེ་ཙམ་ཡང་མི་ཐོན་པའམ་མི་ཡོང་་ཡང་ད་དུང་བླུན་དད་རྨོང་རིགས་བདག་ཅག་འདིས་སྐྱོ་ཨང་། ཕུང་ཨང་། ད་དུང་ཉང་ས་རེད་མི་རིགས་འདིས། ཀྱེ་མ་ཧུད།
ཁྱེད་ཚོས་གཏམ་དཔེ་ཆ་ཚང་བྲིས་ན།
མི་འུ་ཐུག་དུས་ལྷ་ལ་འདྲི།
ལྷ་འུ་ཐུག་དུས་རྫུན་བཤད།
གང་ཤེས་ཆོས་ཆོས་དང་སྲིད་སྲིད་ལ་བཞག་ན་
༸གོང་ས༸་མཆོག་གིས་ལྷ་ཆོས་མི་ཆོས་དབྱེ་བ་ཕྱེས་ཏེ་མི་དམངས་ལ་གསོལ་རས་བསྩལ་སོང་དེ་མི་དམངས་ཀྱིས་དེ་བེད་སྤྱོད་བྱེད་ཤེས་ཁག་པོ་མིན་ནམ་བསམ།
ཁེ་མཚར། གནས་ཆུང་གིས་དགའ་ལྡན་ཕོ་བྲང་བསྡུ་གསོགས་རྒྱག་ཟིན་པ་ཧ་གོ་མི་འདུག་གྰ།
ལྷ་ལ་ཡིད་ཆེས་དགོས་ཟེར་ན་ངོ་མི་འཕྲོད་པའི་དྲི་བ་མང་པོ་ཞིག་བརྫང་ཡོང་གི མ་གཞི་ལྷ་བ། མོ་བ། རྩིས་པ་གསུམ་ཟེར་ནས་བཤད་ཚུལ་ཞིག་ཡོད་པ་ལ་གོ་རྒྱུ་ཞིག་ལོས་ཡོད། འདི་ལ་གུང་ཐང་བསྟན་པའི་སྒྲོན་མེ་མཆོག་གིས་གསུང་ལུང་ཡ་མཚན་པ་མང་པོ་ཞིག་གསུངས་ཡོད་པ་ཁྱོད་ཚོས་གོ་ཡོད་སྲིད།
ངས་མ་ཤེས་པ་ཡིན་སྲིད་མོད། ཁ་རུ་ཁ་ཐུག་གིས་བཤད་ན། ང་ནི་ལྷ་བ་འདིར་རིགས་ཀྱིས་བཤད་པ་ལ་ཏིལ་འབྲུ་ཙམ་ཡང་ཡིད་ཆེས་མི་ཡོང་གི ལྷ་ལ་གསོལ་བ་འདེབས་པ་དང་། འདྲེ་ལ་ངོ་ལྡོག་རྒྱག་པ་གཉིས་ནི་ལས་འབྲས་ཀྱི་བཤད་ཚུལ་དང་ཅང་མི་མཐུན་པ་མིན་ནམ། འདིར་ཆོས་པ་ཚོས་འགྲེལ་བཤད་ཇི་ལྟར་རྒྱག་གི་རེད། ངོ་མ་ཡིན། ངས་ནི་འདིར་རིགས་ནི་སྐྱག་རྫུན་རང་ལས་མི་ཚོར་གི
་
ཡིད་ཆེས་མི་ཡོང་གི དགོངས་དག སྔོན་མ་ཞིག་ལ་སློབ་དཔོན་པད་འབྱུང་གི་བཀའ་ལུང་གསར་པ་རེད་ཟེར་ནས་བོད་ནང་གི་ས་ཁུལ་མང་པོར་བཀྲམས་སོང་། དེ་ལྟར་ན་ད་ནི་བོད་པ་ཚང་གིས་ཅིག་གྲུབ་ཚར་ཡོད་ངེས་མོད། ད་དུང་ཇེ་སྡུག་ནས་ཇེ་སྡུག་རེད།
སེམས་ཅན་གྱི་ལས་ཟད་ན། སངས་རྒྱས་ཀྱི་ཕྲིན་ལས་རྡུགས། ཟེར་བ་རེད། ཆོས་སྐྱོང་ཡིན་ཡང་ཅི་ཡང་ལས་རྒྱུ་ཡོད་ནི་མ་རེད།
ཡིད་ཆེས། དད་པ། བརྩེ་བ་ཟེར་བ་དེ་ཚོ་ཨུ་ཚུགས་རྒྱག་ནས་འོངས་ཅང་མེད། རིགས་པས་སྒྲུབ་ཐུབ་མོད། གནས་སྐབས་གཅིག་རིང་། དགེ་ཆོས་པས། རི་བོང་རྩ་ཟན་སྤྱང་ཀི་ཤ་ཟན་གཉིས། ། ཞེས་པ་ལྟར་ལགས་པས་དད་ལྡན་པས་དད་པ་བྱེད་དགོས་ཨུ་ཚུགས་དང། དད་མེད་་དད་པ་བྱེད་མི་ཆོག་བཙན་བཀའ་བཏང་བ་རྣམས་སྙིང་པོ་ཅང་མེད། དེ་བས་ན་རང་གི་འདོད་པ་དང་དུ་བླང་བར་གྱིས། ། ཞེས་པར་ལག་ལེན་གནང་རོགས།
ཧཧཧ་་་ལྷ་པ་མོ་པ་རྩིས་པ་གསུམ།།འཇིག་རྟེན་མགོ་སྐོར་རྣམ་གསུམ་རེད།།༢༠༡༠་ལོ་་སྐྱེ་རྒུ་མདོ་ལ་ས་གཡོ་ཆེ་པོ་ཡོང་གི་ཡོད་པ་གནས་ཆུང་གིས་མཐོང་མི་འདུག་ཨ།ད་དུང་བོད་མི་རྣམས་རྨོངས་དད་ཀྱིས་ཁྱབ་འདུག།གནས་ཆུང་གིས་ལུང་བསྟན་རྒྱབ་ཚད་ཐམས་ཅད་གསལ་ཁ་མེད་པ་མ་ཚད་སྐད་ཆ་མགོ་གཉིས་མ་རྐྱང་རྐྱང་བཤད་ཡོད།་་་་་ལུང་བསྟན་གྱི་ནང་དོན་དེ་མ་འགྲུབ་ན་ལེན་པ་ཐམས་ཅད་གང་ཟག་ལ་མར་གཡུགས་ཞག་ཡོད།ད་ལྟའི་བོད་འདི་ལ་༼དོལ་རྒྱལ་གྱིས་གནོད་ཀྱི་ཡོད་མེད་མ་ཤེས་ཀྱང་།གནས་ཆུང་གིས་ཕན་གྱི་མེད་པ་གསལ་པོ་རེད༽
ཞབས་རིམ་ཚད་མེད་སྒྲུབ་ཏེ་བོད་རང་བཙན་མ་ཤོར་བ་ལ་ཕན་མེད་པས།
ཞབས་རིམ་ཚད་མེད་སྒྲུབ་ཏེ་བོད་རང་བཙན་འཐོབ་པ་ལའང་ཕན་པར་དཀའ།
དེར་བརྟེན་ཨ་ཕོ་མི་འཇོན་ན་ཆོག་གོ།
གནས་ཆུང་ལགས་ཁྱེད་ཀྱི་བཀའ་ལུང་གུས་པས་བོད་ནས་ཀྱང་མང་པོ་ཐོས་མྱོང་ཡོད་ད་དུང་དེ་ག་རང་རེད།
ཁྱེད་ཀྱི་སྔོན་མ་བོད་ཉི་མ་ཤར་རྒྱུ་མ་གཏོགས་ནམ་ལངས་ཡོད་ཞེས་བརྗོད་པ་ཡང་ཐོས་བྱུང།
ད་ཉི་མ་ག་དུས་ཤར་་་་་་་་་་་་་་་་་་་་་་་་་་་་་་་་
ཁ་གཡོག་ས་བོད་བསོད་ནམས་དམན་པ་ཞེས་པ་དེ་་་་་་་་་་་་་་་་་་་་་་་
ད་གུས་པ་ཁྱེད་ཀྱི་ལུང་ལ་ཡིད་ཐང་ཆད་སོང་།
ད་དུང་མ་ནི་དང་མ་ཧའ་གུ་རུ་བསགས་ནས་འདོད་རྒྱུ་རེད་དམ།
ད་ཡིན་ན་འུ་འབད་དེ་ཐུགས་སོ་་་་་་་་་་་་་་་་་།
གནས་ཆུང་ཆོས་རྒྱལ་ཆེན་པོས།
་་་་་་་འདོད་ཁམས་བདག་མོ་གཙོ་བྱས་ཁ་བ་ལྗོངས་ཀྱི་བསྟན་སྲུང་ངེད་རྣམས་ཀྱིས་དབང་དྲག་ལས་ཀྱི་ཁུར་དུ་བགྱིད་བགྱིད་ཡིན་ན་ཡང། ་་་་་་་་་་་་་་་་་
ཧཧཧཧ་་་་་་རྣམ་པ་ཚོས་ཡག་པོ་ཞིབ་འཇུག་གྱིས་དང་གནས་ཆུང་གིས་ལུང་བསྟན་རྒྱབ་ཚད་ཐམས་ཅད་ལུང་དོན་གཅིག་པ་གཅིག་རྐྱང་རེད།སྐུ་རྟེན་གྱིས་ལུང་བསྟན་རྒྱབ་དགོས་པའི་ཡི་གེ་དེ་སྔོན་ལ་གྲ་སྒྲིག་བྱས་དེ་་བློ་ལ་བཟུང་ནས་དེ་མར་སྐྱོར་ཡོང་གི་ཡོད་པ་རེད།གཞུང་གིས་ལུང་བསྟན་་ཞུ་ཚད་ལ་གནས་ཆུང་གིས་ལུང་བསྟན་ཡི་གེ་ཁ་གཏན་ཟད་སྒྱུར་ནས་ལུང་བསྟན་རྒྱབ་པ་རེད།ཧཧཧ
གནས་ཆུང་ཆོས་སྐྱོང་ཁོང་རང་ནོར་ལམ་མི་འགྲོ་བའི་ཆེད་དུ་སྐད་ཆ་་སྤྱང་པོ་ཞིག་བཤད་འདུག འོན་ཀྱང་སྐྱེ་འགྲོ་བསོད་ནམས་དམན་པས། ཞེས་པའི་ཚིག་འདིས་དམངས་གི་མགོ་ལ་གཡུག་ཚར་འདུག གནས་ཆུང་ནུས་པ་ཡོད་ན་དུས་ཚོད་སླེབས་འདུག བོད་མི་སུམ་ཅུ་མེ་ལ་བསྲེགས་ཚར་སོང་། གཞིས་ལུས་མང་པོ་ཞིག་བཙོན་དུ་བཅུག་ཚར་སོང་། ད་ནི་དངོས་ནས་གཉིད་ལས་སད་རན་འདུག ཡང་ན་བོད་པས་གསེར་སྐྱེམས་ཆང་རག་འབུལ་མང་དྲག་ནས་བཟི་ན་མ་གཏོགས་ཤེས་ཚོད་རེད་འདུག ལྷ་ཀླུ་གཞི་བདག་རྣམས་ནུས་པ་ཡོད་ན་འདོན་རན་འདུག ནང་དམེ་ལ་གཅིག་ལས་གཅིག་ནུས་པ་ཆེ་རབས་འདུག
མི་མ་ཤེས་ལྷ་ལ་དྲིས། ལྷས་མ་ཤེས་སྐྱག་རྫུན་ལབ། ཀླུ་ཁང་བའི་གསུངས་ལས་དྲངས།
ད་དུང་གནས་ཆུང་གིས་དེང་རབས་ཀྱི་སྐད་ཆའང་བཤད་ཤེས་ཀྱི་འདུག མང་མོས་ལྟ་བུ་དཔེར་མཚོན་རེད།
ད་བོད་རེ་ཁག་པོ་རེད། ད་དུང་ཡང་ལྷ་ཀླུ་རེ་ཞུས། ད་དངོས་གནས་གླན་རྟགས་མ་སྟོན། གུང་ཁྲན་ཏང་དགའ་རུ་མ་བཅུག གནས་ཚུལ་དེ་བེད་སྤྱོད་བྱས་ནས་བོད་འདི་མུན་ནག་དང་གདོད་མི་ཡིན་པ་སྒྲུབ་བྱེད་ཀྱི་ལག་ཆ་རེད།
ཨ་ཨ།འདི་ཆོས་ལུགས་ཀྱི་བྱེད་སྒོ་ལ་དགོས་པ་ཞིག་རེད་མ་གཏོགས།ཆབ་སྲིད་ནང་བསྲེས་ན་ངོ་མ་ངོ་ཚ་སྤྱད་རེད། རྒྱུ་མཚན་དེང་གི་ཆབ་སྲིད་འཐབ་རྩོད་དང་ཁེ་ཕན་ཚང་མ་ལྷ་དང་གཏན་བྲལ་བྱས་ཡོད་པས་སོ།ད་རུང་ཨ ་་་་་་་
རྣམ་དཔྱོད་བསྒྲུན་མེད་མེད་ན་སྐུར་མ་འདེབས།།
རང་འགོ་རང་གི་གཡོགས་པའི་སྐྱེ་བུ་དག།
ལས་ལ་ཡིད་ཆེས་མེད་ན་རང་ཁ་སྡོམ།།
རང་རྟ་འཁྱོགས་འཛིན་ཅན་ཚོ་སྙིང་རེ་རྗེ།།
སྤྱི་ལྷན་འུ་ཐུག་ཐབས་ཟད་དུ་གྱུར་བ་ཐག་གིས་ཆོད་འདུག
བསྟན་པ་ཉམས་པའི་དུས་སུ་བསྟན་སྲུང་ཀྱི་མ་ཕན་ན་ལུང་བསྟན་རྫུན་མ་བཤད་ནས་ཅི་ཞིག་ཕན།
འདིར་ཀླད་པའི་ནང་རྒྱ་དམར་ཆོས་མེད་སྨྲ་བའི་ལྟ་ངན་གྱིས་ཁེངས་བསྡད་པའི་བོད་མི་འགའ་ལ་བལྡོ་བ།༧གོང་ས་སྐྱབས་མགོན་ཆེན་པོས་ང་ཚོས་ད་སྔ་ཆོས་སྲིད་ཟུང་འབྲེལ་བྱས་ཏེ་མིའི་བློ་ཡུལ་ལས་འདས་པ་ལྷ་ལ་སྐད་ཆ་དྲིས།དེའང་མིས་བསམ་བློ་བཏང་ནས་ཐག་གཅོད་བྱས་བཞག་པར་བསམ་བློ་བཏང་ན་ད་ཕན་གནས་ཆུང་གིས་བསླུས་བཞག་པ་གང་ཡང་བྱུང་མྱོང་མེད་ཅེས་གསུངས་ཡོད་ལ།ཡང་བར་སྐབས་བོད་གཞུང་གི་གཞུང་ཞབས་ཚོས་བརྟན་བཞུགས་སྐབས་ཀྱང་༧གོང་ས་ཆེན་པོས་གནས་ཆུང་སོགས་དྲེགས་པ་དང་ལྷ་ཀླུའི་རིགས་གང་ཡིན་ན་དེ་ཚོའང་སེམས་ཅན་གྱི་རིགས་ཤིག་ཡིན་པ་དང་།དེའི་སྒྲུབ་བྱེད་འཇིག་རྟེན་འདིར་ང་ཚོའི་མཐོང་ཆོས་སུ་སེམས་ཅན་རིགས་སྣ་ཚོགས་ཡོད་པ་ལྟར།ང་ཚོའི་མིག་གི་ནུས་པས་མཐོང་མི་ཐུབ་པའི་སེམས་ཅན་རིགས་ཀྱང་མཐའ་མེད་པ་ཅིག་ཡོད་གྲས་ཡིན་པ་གསུངས་སོང་ང་།
དེ་ཚོ་དངོས་གནས་གཟུར་གནས་ཀྱི་གསུངས་བྱིན་རླབས་ཅན་རེད་ད།མིག་གི་མཐོང་ཆོས་ཁོ་ན་ལས་གཞན་དག་ཚང་མ་རྨོངས་དད་དང་མེད་པར་སྨྲ་བ་ནི་རྒྱ་མི་གོང་བྲན་གྱིས་སྤེལ་བའི་རྨོངས་དད་དང་ཕྱོགས་ལྷུང་གི་ལོག་ལྟ་རེད།
ཀརྨ་ཡེ་ཤེས་ལགས།དགའ་ལྡན་ཕོ་བྲང་བསྡུ་གསོག་བརྒྱབ་པ་གོང་ན་གནས་ཆུང་གིས་༼ངོས་ཀྱི་སློབ་དཔོན་མཐོང་བ་དོན་ལྡན་མཆོག་གིས་དཔལ་ལྡན་དགའ་བ་བརྒྱ་ལྡན་པའི་ཆབ་སྲིད་གསེར་ཀྱི་ཡུ་བ་མང་མོས་ངོས་སུ་གསོལ་སྩལ་གནང་བ་འདི་ནི་བོད་འབངས་ཀུན་ནས་བཀྲིན་འདི་ལ་བསམ་ཤེས་ཀྱིས་སྔོན་ལྷག་ཁུར་འཁྱེར་བྱེད་༽སོགས་གསུངས་འདུག་པ་ཅི་རེད།
བོད་གཞུང་དགའ་ལྡན་ཕོ་བྲང་ལ་བཅོས་རོགས
ཆོས་སྐྱོང་སྲུང་མར་ཁ་མ་གཏོང་ལྟ་ལོགས་ཚོ། ཆོས་སྐྱོང་སྲུང་མའི་ཡེ་ཤེས་ཀྱི་སྤྱན་གྱི་མ་མཐོང་བ་གང་ཡང་ཡོད་པ་མ་རེད། ཆོས་སྐྱོང་སྲུང་མས་ད་ལོར་རྒྱལ་བ་ཡིན་པོ་ཆེར་སྐུ་དགག་འདུག་གསུང་གི་ཡོད་པ་ལས་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་རྒྱུ་རེད་གསུང་ཡོད་པ་མ་རེད།
ལ་སྟོད་བུ་ཡི་བསམ་བློའི་འཁྱེར་ཕྱོགས་ལ་གུས་འདུད་ཡོད།ཆོས་ཆོས་དང་སྲིད་སྲིད་ས་ནས་བཞག་ན་གཙང་མ་ཞིིག་ཡོང་གི་རེད།དེ་མིན་ཆོས་སྲིད་མཉམ་སྡེབ་བྱས་ན་རྫོབ་རྟགས་ཚ་བོ་རེད།
རྡོ་རྗེ་རྒྱལ་མཚན་གསུང་པ་དེ་རེད་།
མཁྱེན་ལྡན་རྣམ་པར་བཀའ་འདྲི་ཞུ་རྒྱུ།
གནས་ཆུང་ཆོས་རྒྱལ་ཆེན་པོ་མཆོག་ད་ལོ་དགུང་གྲངས་ག་ཚོད་ལ་སོན་ཡོད་པ་རེད་དམ། ཤེས་མཁན་ཡོད་ན་གསུང་རོགས། དེ་མིན་ཚོད་དཔག་རེ་གནང་ན་ཡང་འགྲིག
ཁོང་ཡང་སྨྲ་ཤེས་དོན་གོ་བའི་གང་ཟག་ཞིག་ཡིན་པའི་ཆ་ནས་མ་མཐར་ཡང་ཚེ་ཚད་ཅིག་ལོས་ཡོད་སྙམ།
གལ་སྲིད་ཐག་མ་ཆོད་ན་གནས་ཆུང་རང་ཉིད་ལ་བཀའ་འདྲི་གནང་ན་ཆོག
གནད་ལ་ཐུག་དུས་དཀའ་ལས་རྒྱག་མཁན་མི་རེད། རྒྱལ་ཁ་བླངས་དུས་གཏང་རགས་གཏོང་ས་ལྷ་རེད། ང་ཚོ་སྔོན་ནས་དེ་ལྟར་ཡིན་པས་དབང་གིས་རྒྱ་དམག་མཐའ་ནས་འཛུལ་དུས་ལྷ་ས་ནས་རྩམ་པའི་གཏོར་མ་གཡུག་པ་རེད། རྒྱ་དམག་གིས་ང་ཚོ་གཏོར་མ་བཞིན་དུ་བརྫིས་པ་རེད། མཐར་རྩམ་པའི་གཏོར་མ་བཅའ་རྒྱུ་ཕར་བཞག་ནས་རྩམ་པ་རང་གིས་བཟའ་རྒྱུའང་ཁག་པོར་གྱུར་བ་རེད། ད་དངོས་གནས་བྱས་ན་པད་འབྱུང་ཁོ་ཡང་སྔོན་གྱི་ཁས་ལེན་ལ་བསམ་སྟེ་ཁོའི་ཆེས་ངོ་མཚར་བའི་རྫུན་འཕྲུལ་གྱིས་བོད་སྐྱོབས་པའི་དུས་ལ་བབས་འདུག་མོད། ད་ནི་ཁོ་ནུབ་ཕྱོགས་སྲིན་པོའི་ཡུལ་ནས་སྲིན་པོས་ཟོས་པའམ་སྲིན་མོ་མཛེས་མའི་ཚོགས་ལ་རོལ་ནས་བསྡད་ཡོད་མི་ཤེས། ད་པད་འབྱུང་དང་ལྷ་སྲུང་དེ་དག་གི”་ཁ་བཤད་ཆུ་ཡི་ལྦུ་བ་”ལས་ང་རང་ཚོའི་”ལག་ལེན་གསེར་གྱི་ཐིགས་པ”་རང་བཟང་བ་འདུག དཔའ་བོ་རེ་རེའི་རང་ལུས་མཆོད་མེར་ཕུལ་བ་དེ་པད་འབྱུང་དང་གནས་སྐྱོང་ལྟ་བུའི་ནུས་པ་ལས ལྡབ་བརྒྱ་སྟོང་གིས་བརྒལ་ཡོད། ད་བླུན་དད་དེ་མ་བྱེད། བླུན་དད་ཀྱིས་བླུན་པོ་བཟོ་བ་ལས་གར་ཡང་མི་ཕྱིན།
གོང་ས་མཆོག་གིས་སྲིད་ཕྱོགས་ཀྱི་འགན་དབང་མི་རབས་གསར་པར་རྩིས་སྤྲོད་གནང་བ་དེ་ནི་ཆོས་ཆོས་དང་སྲིད་སྲིད་ཀྱི་དབྱེ་མཚམས་ཕྱེས་པའི་མཚོན་རྟགས་གལ་ཆེན་ཞིག་རེད། ད་ཆབ་སྲིད་ལ་ཐུག་དུས་གནས་ཆུང་ལ་བཀའ་འདྲི་གནང་གི་མ་འདུག སྤྱི་འཐུས་ཚོ། མུ་མཐུད་དེ་འདྲ་གནང་ན་རྗེས་མ་ཁྱོད་ཚོར་འོས་ཤོག་ལྡུག་ན་བོང་བུ་ཤ།
༼བོང་བུའི་ཤ༽་ལ་ཟེར་བ་ཡིན།
གནས་ཆུང་ཆོས་རྒྱལ་ཟེར་བ་དེ་ལ་ཁས་མཚར་པོ་ཞིག་འདུག་༸ གོང་ས་མཆོག་གིས་ནམ་རྒྱུན་རྟག་པར་བཀའ་དྲི་ཞི་བཞིན་རེད་དངོས་གནས་བྱས་ན་དེ་འདྲ་ནུས་པ་དང་ཤེས་པ་ཞིག་ཡོད་ན་རང་གི་རྒྱལ་ཁབ་ཀྱི་ཡོད་ཚད་དགྲོ་བོ་རྒྱ་མི་ཡིས་འཕྲོགས་ཟིན་པས་དེ་དུས་གསན་ཆུང་ཆོས་རྒྱལ་གང་དུ་ཕེབས་སོང་གར་སྲིད་ཁྱེད་ལ་ནུས་པ་ཡོད་ན་རྒྱ་མི་ལ་ལེན་ཞིག་བྱས་ན་བཟང་ངོ་དངོས་གནས་ཁྱེད་ལ་མཁྱེན་རྒྱ་ཡོད་ན་སྔ་མོ་ནས་བོད་རྒྱ་མིས་ཟོས་འདུག་དེ་ལས་ཐར་བར་ལམ་མི་གཏོན་གང་ཡིན་ནམ་ཁྱེད་ཀྱིས་གསུང་པ་དེ་བདེན་པ་རེད་དང་རྫུན་མ་རེད་གང་ཡིན་ན་མི་མང་ཡི་མདུན་དུ་གསལ་བཤད་ཞིག་བྱས་ན་བཟང་ངོ་ངོ་མ་ཐུགས་རྗེས་གཟིགས་
དྲ་འབུ་མང་ཆེ་བས་ཉ་ཉོག་ཁོ་ན་བཤད་ཀྱིན་འདུག འོ་ན་ངས་ཁྱེད་ཚོར་དྲི་བ་འགའ་འདྲི། དེ་ལས་སུས་ལན་རྙེད་ན་ངས་མུ་མཐུད་བགྲོ་གླེང་ཞུ་ངེས་ཡིན།
༡ ལྷ་ཡིན་པ་ཙམ་གྱིས་མིའི་དོན་དག་ཐག་གིས་ཆོད་ཀྱི་མ་རེད་ཟེར་ན། མིས་ཀྱང་ལྷ་ཡི་ས་ལ་སྙོབས་ཚད་ཡོད་པ་མ་རེད་དམ། སེམས་ལྡན་སྐྱེ་བ་སྣ་ཚོགས་པར་ཡོད་པ་ནི་རིག་པ་དང་ཚན་རིག་གཉིས་ཀའི་ཁས་ལན་གནང་གི་ཡོད་ན། སེམས་ལྡན་དེ་དག་གིས་ནང་ཕན་ཚུན་དུ་མངོན་ལྐོག་འབྱེད་པའི་རྣམ་དཔྱོད་ལ་ཁྱད་པར་ཡོད་ན་ཅིའི་ཕྱིར་མི་འགྲིག་གམ།
༢ ཆོས་སྲིད་དབྱེ་མཚམས་གསལ་བོ་ཡོད་ནའང། ཆོས་དང་མཐུན་པའི་ཆབ་སྲིད་སྐྱོང་མི་ཆོག་པའི་རྒྱུ་མཚན་ག་རེ་ཡོད་དམ།
༣ གནས་ཆུང་ཆོས་རྒྱལ་ཆེན་པོ་ནི་སྤྱིར་བཏང་གི་ལྷ་ཀླུ་གཉན་གསུམ་འདྲ་བོ་མིན་པ་ལོ་རྒྱུས་ནང་གསལ་བོ་རེད། གནས་ཆུང་གིས་མ་འོངས་སྔོན་གཟིགས་གནང་བཞག་པ་གང་ཞིག་དོན་ལ་མ་གནས་བ་བྱུང་ཡོད་དམ།
༤ གནས་ཆུང་གིས་རྒྱ་རིགས་ཚོར་འབྲེལ་བ་བྱེད་དགོས་པ་དང་། འཚེ་མེད་ཞི་བ། དྲང་བདེན། མངོན་ལྐོག་མེད་པ་གནང་དགོས་ཚུལ་ནན་སྐུལ་གནང་བ་འདི་མིའི་འཚོ་གནས་དང་ཆབ་སྲིད་གང་དུ་ཕན་གྱི་མི་འདུག་གམ།
༥ དོལ་རྒྱལ་ཚོགས་པ་དང་ལས་འབྲས་རྣམ་བཞག་ཁས་མི་ལེན་ན་མ་གཏོགས། གནས་ཆུང་ཆོས་རྒྱལ་ཆེན་པོའི་མཁྱེན་རླབས་ཟླ་བྲལ་ལ་གནམ་འོག་འདིར་དྲེག་པ་སུས་འགྲན་ཕོད་དམ།
༦ ཆོས་ལྟར་ན་སྟོང་ཉིད་མངོན་སུམ་དུ་རྟོགས་ཤིང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་མངའ་བརྙེས་པའི་༧རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་བཞི་པ་དང་། ཆོས་མེད་ལྟར་ནའང་འཛམ་གླིང་ས་ཆེན་པོར་མ་ཤོངས་པའི་ཐམས་ཅད་མཁྱེན་པའི་གོ་འཕང་བདག་གིར་བཞེས་མཁན་ཚད་མའི་སྐྱེས་བུ་ཞིག་གིས་གནས་ཆུང་ལ་ཆོས་དང་ཆབ་སྲིད་གཉིས་ཀའི་གནད་དོན་གལ་ཆེའི་རིགས་ཐག་གཅོད་བྱེད་པར་གྲོས་འདྲི་བ་གནང་བའི་རྒྱུ་མཚན་ཅི་ཞིག་རེད་དམ།
༧ ༧རྒྱལ་བ་རིན་པོ་ཞེས་པའང་རྒྱལ་བ་རིན་པོ་ཆེའི་ཐམས་ཅད་མཁྱེན་པའི་ཡོན་ཏན་གྱི་གོང་བུ་ནས་འཛམ་གླིང་འདིར་ཉི་མ་བཞིན་འཕྲོས་ཀྱི་ཡོད་སྟབས། དེ་འདྲའི་ཡོན་ཏན་གྱི་འོད་ཟེར་རེ་རེ་ལ་ཞིབ་ཏུ་བསམ་བློ་ཞིག་བཏང་ན། ང་ཚོ་གནས་ཆུང་ཆོས་རྒྱལ་ཆེན་པོར་ལོག་པར་སྨྲ་བའི་ལུང་དང་རིག་པ་ཅི་ཞིག་འདུག་གམ།
༨ གནས་ཆུང་ཆོས་རྒྱལ་ཆེན་པོར་ལོག་སྨྲ་བྱས་ཚེ་བོད་སྤྱིའི་བསོད་ནམས་ཆུད་ཟོས་འགྲོ་བས་རྒྱུ་མཚན་ངེས་ཅན་མེད་པར་རི་བོང་ཅལ་འདྲོགས་བཞིན་ཅི་ཞིག་བཤད་ཀྱིན་ཡོད་དམ། མགོ་རྨོངས་གནའ་དེང་གཉིས་ཀྱི་ཤེས་ཡོན་མེད་མཁན་ཚོ་ལགས།
མི་འུ་ཐུག་ནས་ལྷ་ལ་སྐད་ཆ་འདྲི་ ལྷ་འུ་ཐུག་ནས་རྫུན་བཤད་པ་རང་ལས་ཅི།
ངས་ཚང་མར་དྲི་བ་ཞིག་འདོན་ཆོག་པ་ཞུ། གནས་ཆུང་ཆོས་རྒྱལ་གྱིས་གང་གསུངས་པ་སྤྱི་འཐུས་ཚོས་དངོས་སུ་གོ་བ་ཡིན་ནམ་ཡང་ན་གནས་ཆུང་གིས་ཅི་ཞིག་གསུང་སྐབས་སྐད་སྒྱུར་བའམ་ཟིན་ཐོར་འགོད་པ་པོ་ཞིག་ཡོད་པ་ཡིན། སྔོན་ཆད་ངས་དེའི་སྐོར་གྱི་བརྙན་འཁོར་ཞིག་མཐོང་བའི་ནང་གནས་ཆུང་གིས་ཤུ་སྒྲ་འདྲ་ཞིག་འདེབས་ཀྱིན་པ་གྲ་བ་ཞིག་གིས་ཡི་གེར་འགོད་བཞིན་འདུག་པ་ལས་དངོས་སུ་ཅིག་གསུང་གི་ཡོད་པ་ཞིག་མ་མཐོང་བས་ཡིད་ཆེས་དེ་ཙམ་མ་བྱུང་།
ཨ་ར་དཀར་པོ་ལགས། ལྷ་བའི་རིག་གནས་ཟེར་བའི་ཆེད་རྩོམ་མང་པོ་མདོ་སྨད་ཕྱོགས་ནས་ཐོན་ཡོང་གི་འདུག ལག་བརྡ་དང་རྣམ་འགྱུར་བརྒྱུད་ནས་བརྡ་སྤྲོད་་པ་དང་། ལྷ་སྒོ་ཕྱེས་མཚམས་ངག་ནས་སྐད་ཆས་བརྡ་སྤྲོད་པ་སོགས་མང་པོ་ཡོད་མུས་ཐོག དེའང་གོ་དང་མི་གོ་བའི་རིགས་སྣ་ཚོགས་ཡོད་པའང་མངོན་གསལ་རེད། ཁྱེད་ཀྱིས་དེ་ཙམ་མ་གོ་བ་རྒྱུ་མཚན་དུ་བྱས་ནས་ཡིད་ཆེས་མེད་ཟེར་བ་ལས། སྤྱིར་མིས་གོ་རྒྱུ་ཞིག་ཡོད་མེད་དང་ཡིན་མིན་ལ་ཞིབ་འཇུག་བྱས་ནས་རང་གི་ཚོར་བ་གནས་སྐབས་བཞག་ནས་དཔྱད་པ་གཏོང་ཐུབ་པ་ཡིན་ན་དེ་ལ་ཤེས་རབ་ཀྱི་བྲོ་བ་ཞིག་ཡོད་པ་སྨྲས་མ་དགོས་པ་རེད། དེ་བས་ཤེས་ཡོན་པ་དང་བསམ་བློ་བ་རྣལ་མ་དག་གི་རྗེས་སུ་ཕྱོགས་ནས་དཔྱད་པ་གནང་རོགས།
གནས་ཆུང་ཆོས་རྒྱལ་ནམ་མཁའི་དབྱིངས་སུ་བཞུགས།
བོད་ཀྱི་རང་དབང་རྒྱ་མིའི་ལག་ཏུ་ཤོར།
སྔོན་ཆད་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཞིང་ལ་ཕེབས་སྐབས་བོད་ཀྱི་མི་ཕལ་ཆེར་ལྷ་ཀླུ་འདྲེ་སྲིན་ལ་ཡིད་ཆེས་ཡོད་ཀྱང་། གནས་ཆུང་ཆོས་རྒྱལ་གྱི་བཀའ་ལུང་དོན་ཐོག་ཏུ་མ་རྒྱུགས་པར་སྐུ་རྟེན་ལ་ཉེས་པ་ཕོག་པ་དང་།
ཕྱིས་སུ་བོད་ཀྱི་བདེན་དོན་རྩོད་སྐབས་ཀྱང་། དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུའི་ནང་གནས་ཆུང་གིས་བོད་ལ་ལོ་ལྔ་ནས་རང་བཙན་ཐོབ་ངེས་ཟེར་བ་དང་། སྐབས་རེ་སང་ལོ་ལྗང་པ་སྔོ་ཐེང་ངེར་སྐྱེ་སྐབས་རང་བཙན་ཐོབ་ངེས་ཟེར་བ་སོགས་ལུང་བསྟན་གཅིག་ཏུ་མི་ངེས་པ་དང་བརྟན་པོ་མེད་པ་མང་པོ་གསུངས་ནས་བོད་མི་རྒྱལ་གཅེས་པ་མང་པོ་རྒྱ་མིའི་ལག་ཏུ་རྩིས་སྤྲོད་གནང་ཡོད་པ་རེད།
ད་ཆ་དུས་རབས་ཉེར་གཅིག་པར་སླེབས་ནས་རྒྱལ་བ་དོན་གྱིས་བདག་པོས་བོད་གཞུང་དགའ་ལྡན་ཕོ་བྲང་སྒོ་རྒྱབ་པའི་དུས་ལ་བབ་པ་གཟིགས་ནས་མི་མང་དམངས་གཙོའི་གཞུང་གསར་གནང་ཀྱང་། བཀའ་སྤྱི་གཉིས་ལ་ད་དུང་ཡང་གནས་ཆུང་གི་ལུང་བསྟན་མཁོ་བ་འདི་སུས་བཟོས་པ་ཡིན་ནམ།
ཇི་སྲིད་དོལ་རྒྱལ་དང་གནས་ཆུང་ལ་སོགས་པའི་ལྷ་འདྲེ་གདོན་གསུམ་གྱི་རིགས་ཡོད་ཚད་ང་ཚོའི་སྲིད་དོན་གྱི་འཁོར་ཡུག་ལས་མཐར་སྤྲོད་མ་བཏང་བར། ང་ཚོར་རྒྱ་འོག་ནས་རང་དབང་ཐོབ་ཀྱང་དོན་སྙིང་ལྡན་པའི་དམངས་གཙོ་དང་རང་དབང་ཞིག་ཐོབ་མི་སྲིད།
ཟླ་བཀྲས་ཕུན་ཁང་ལགས། ཁྱོད་ཀྱི་རང་ནུས་རིག་སྟོབས་ལ་ལན་འདེབས་ཤིག་རྒྱག་རིས་མི་འདུག་མོད། འོན་ཀྱང་རང་ཅག་རྣམས་ནི་ནང་བ་སངས་རྒྱས་པ་ཞིག་ཡིན་པར་བློ་དོག་ནམ་ཡང་མེད་པས་ཡིན་མདོག་བྱེད་ནས་སྡོད་ཡོད་པ་ཤེས་གསལ་རེད། གལ་ཏེ་ནང་བ་སངས་རྒྱས་པའི་རྗེས་སུ་འཇུག་མཁན་པ་ཞིག་ཡིན་དུ་གྱུར་ན་ནི། །ནང་བསྟན་སྟོན་པའི་སླབ་བྱ་ལས་འགལ་མི་རུང་བར་ང་ཁྱོད་ཚང་མས་ཀྱང་ཤེས་གསལ་རེད། དེ་ལྟར་ཡིན་པས་ན། མདོ་མྱང་འདས་ཆེན་པོ་ལས། སངས་རྒྱས་དག་ལ་སྐྱབས་སོང་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་ཡང་ལྷ་རྣམས་གཞན་དག་ལ། །སྐྱབས་སུ་གསོལ་བར་མི་འགྱུར་རོ། །ཞེས་པའི་དོན་དག་ལས་འཕྲོས་པའི་ནང་ཆོས་ལའང་དད་པ་དང་དག་སྣང་རྒྱང་ཐབས་མི་ནོར་བར་རྣམ་ཀུན་རེམས། གཞན་ཁྱོད་ལ་གནས་སྐབས་འཕྲོད་པའི་སྐད་ཆ་ཞིག་ཤོད་ན་ངལ་བ་འདུག་ན་མ་བཤད་ནའང་དེས་མཐུན།
ཀ་དག་ཆོས་དབྱིངས་ཀྱིས།
ཟླ་བཀྲས་ཕུན་ཁང་ལགས། དེ་འདྲ་ཡིན་ན་གནས་ཆུང་ལ་ལྷ་སྒོ་ཕྱེས་མེད་ཐག་ཆོད་རེད་མི་གོ་བའི་ཁོངས་སུ་ཚུད་འདུག ཡ་མཚན་པ་ཞིག་ལ་གཞན་གྱིས་གོ་མི་ཐུབ་པའི་བརྡ་དེ་སུས་གོ་ནས་ཡིག་ཐོག་ཕབ་ཡིན་ན།
༡ ལུང་ཤར་ཚེ་སྟོབས་ཀྱིས་ལུང་ཚིག་ཅི་བཞིན་འདྲེན་རོགས།
༢ ཀ་དག་ཆོས་དབྱིངས་ཀྱིས་སྐྱབས་སུ་འགྲོ་མི་འགྲོ་སྐད་ཆ་ཞིག་བཤད་ཀྱིན་འདུག དེ་འདིར་འབྲེལ་བ་ག་རེ་འདུག
༣ ཨ་ར་དཀར་པོ་གནས་ཆུང་ཆོས་རྒྱལ་ཆེན་པོ་དང་༧རྒྱལ་བ་རིན་པོ་ཆེའི་བར་གྱི་འབྲེལ་བ་བྱུང་ཚུལ་ཀློག་དགོས་ཀྱི་འདུག གནས་ཆུང་ངོས་ཟིན་པ་གནང་སྟེ་དོགས་འདྲི་བྱས་ན་ཡག་གི་རེད། གཞུང་ལུགས་ལ་སྦྱངས་ནས་དོགས་འདྲི་བྱས་ན་ཡག་གི་རེད་མ་གཏོགས། བྱིས་པས་མཚན་མོར་ཅིག་མཐོང་ནས་” ཨ་ཕ་ལགས། ཁྱེད་ཨ་མ་ཞོན་ནས་ག་རེ་གནང་ག་”ཞེས་དྲི་བ་དྲིས་བ་དང་གཅིག་མཚུངས་རེད།
ངས་བལྟས་ན་གནས་ཆུང་གི་བརྡ་དེ་མ་གོ་ནས་བརྡ་ལོག་ལ་འཁྱེར་བཞིན་ཡོད་ས་རེད། ཡང་མིན་ན་གནས་ཆུང་གིས་ལྟོ་བའི་དོན་དུ་རྫུན་བཤད་བཞིན་འདུག རྒྱུ་མཚན་སྔོན་ཆད་ཀྱི་ལུང་བསྟན་ཁག་ལ་གཟིགས་དང་མཁྱེན་ངེས། དེ་ཙམ་ཡིན་གྲོགས་པོ།
རེད་གནས་ཆུང་ལབ་ཚད་ཉན་ན་བོད་རང་བཙན་ཐོབ་ཚར་བ་རེད། སྔོན་མ་ཕྱི་ལོ་༡༩༩༥ལོར་ག་འདྲ་ལབ་ཡོད། རྒྱ་དང་མཉམ་དུ་ལྷའི་དམག་འཐབ་བྱེད་བཞིན་ཡོད་པས་རིན་པོར་མི་ཐོག་པར་གཞིས་བྱེས་མཉམ་འཛོམ་ཡོང་རྒྱུ་ཡིན་སོགས་ག་འདྲ་བཤད་ཡོད། གེ་སར་སྒྲུང་བཤད་ན་ཁོ་ལ་ཕོག་རབ་སོགས་བཤད་རྒྱུ་མང་པོ་འདུག མ་གཞི་ཁག་མེད་ཁོ་པ་གནམ་ཐིལ་ར་དཀར་སྐྱའི་གནམ་གཤིས་ཡིན་པ་གོ་མྱོང་དེ་ཡིན་ས་རེད། ཧོར་གུར་དཀར་གྱི་བླ་གནས་ཁ་ལ་ཉན་དགོས་ན་ད་འདི་འདྲ་རེད། རངས་རིགས་ག་ཚོད་མེ་ལ་སྒྲོན་སོང་ད་དུང་ལུང་བསྟན་ཡིན་ན་ཅིག་ཧ་ཧ།
གནས་ཆུང་གི་ལུང་བསྟན་ཁ་ཤས་བདེན་པ་ཡོད་རེད། ཁ་ཤས་རྫུན་མ་ཡིན་གྱི་རེད། ་ཁ་མཚོན་གཅོད་པར་དཀའ། གང་ལྟར་བླ་མའི་ཕྱག་མོ་རྒྱབ་པ་ནང་བཞིན་ཡིན་པ་འདྲ།
ད་ཀུ་ཆེ་ང་ཚོ་བོད་པ་མིས་མ་འཇོན་ཙང་མི་མཐོང་བས་ལྷ་ལ་ཆབ་སྲིད་ཀྱི་ཆེད་དུ་སྐྱབས་མ་བཅོལ། ལྷག་པར་སྔོན་མའི་ལོར་གནས་ཆུང་དང་ཚེ་རིང་གཉིས་ཀྱིས་རྡོ་རྗེ་མཁའ་འགྲོའི་སྐོར་རྦད་དེ་ཞབས་འདྲེན་བྱས་ཚར་བ་རེད། ད་ཀུ་ཆེ་བཀའ་ཤག་ཡིན་ན་རེད། སྤྱི་མཐུན་ཡིན་ན་རེད་རྣམ་པ་ཚོས་རྣམ་དཔྱོད་བེད་སྤྱོད་གནང་བ་ལས་ད་དུང་དགའ་ལྡན་ཕོ་བྲང་གི་ལྷ་རྒན་དེ་ལ་བློ་མ་འདྲི་རོགས། བོད་མ་ཤོར་བས་སྔོན་དུ་ཁོང་ཚོར་ལུང་མང་པོ་ཞུས་ཚར་བ་རེད།
ཟླ་བཀྲས་ཕུན་ཁང་ལགས།
དེ་ལྟར་ན། སྔོན་ལ་ཁྱེད་ཀྱིས་དོན་ཚན་ ༤ པར་གནས་ཆུང་གིས་རྒྱ་རིགས་ཚོར་འབྲེལ་བ་བྱེད་དགོས་སྐོར་སོགས་ཀྱི་ལུང་ཚིག་ཇི་བཞིན་འདྲེན་མི་དགོས་པ་ཅི་ཡིན།
གཞི་ནས་ཁྱོད་གནས་ཆུང་ལ་དད་པ་དང་ཡིད་ཆེས་ཡོད་མདོག་དང་། མ་ཟད་གནས་ཆུང་གི་སྐོར་གང་ཙམ་ཤེས་མཁན་ཞིག་ཡིན་རབས་འདུག་ཀྱང་། གནས་ཆུང་གི་ཡོངས་གྲགས་ལུང་བསྟན་རྣམས་མི་ཤེས་པ་ཡ་རེ་མཚན།
གནའ་མི་བོད་ཀྱི་གཏམ་དཔེ་ལ།
ལྷ་རེ་བབ་ན་འདྲེ་རེ་འཁོར།
མོ་བརྒྱ་བརྒྱབ་ན་འདྲེ་བརྒྱ་དོན།
མི་འུ་ཐུག་ནས་ལྷ་ལ་དྲིས། ལྷ་འུ་ཐུག་དུས་སྐྱག་རྫུན་བཤད།
ཕུན་ཁང་པད་ཤག་རྫོགས་དུས་སྤྲེལ་ལད་འཁྲབ།
དྲ་འབུ་འདི་ཚོ། ཅུང་གླེང་སྟེ་ནང་དུ་འགྲོ་འགོ་ཚུགས་མ་ཐག་ལམ་འཁྱོག་ནས་པེད་ཤག་དང་རྒྱ་མིའི་སོ་པ། དོལ་རྒྱལ་པ་ལ་སོགས་སྨྲ་དགོས་པ་འདི་ཅི་འདྲའི་གླེན་རྟགས་སྙིང་རྗེ་བ་ཞིག་མ་རེད་དམ།
ངས་ཡིན་ལུགས་མིན་ལུགས་རྒྱུ་མཚན་གྱི་ལམ་ནས་འཚོལ་ཞེས་སྨྲས་ན་སྤྲེལ་ལད་དུ་འགྱུར་འགྲོ་ན། འཇིག་རྟེན་ན་བདེན་པ་ཟེར་བ་ཞིག་གང་དུ་ཡོད། ངས་གནས་ཆུང་གིས་རྒྱ་རིགས་ཚོར་འབྲེལ་བ་བྱ་དགོས་ཚུལ་གསུངས་པའི་ཚིག་ཅི་བཞིན་པ་ནི་ ( འབྱུང་འགྱུར་ཡང་རྒྱ་ཡི་ཕྱོགས་སུ་བདེན་མཐའ་སེལ་ཕྱིར་འབྲེལ་གཏུགས་བགྱིས་ནའང་ངོས་ཀྱི་སློབ་དཔོན་མཐོང་བ་དོན་ལྡན་མཆོག་གི་སྐུ་ཡི་ཚབ་རྣམས་དང་འབྲེལ་གཏུགས་བགྱིས་ན་དོན་དེ་ལེགས་པར་སོམས་ཤིག།) ཞེས་པ་འདི་ཡིན།
དང་པོ་ཡིན་མདོག་སྨྲ་བའི་ལུང་ཚེ་དེ།།
རྒྱུ་མ་ཕུ་འདེད་བྱས་ན་ཉམས་ཆུང་བས།།
སྡུག་སྐད་ཇོ་འཛིང་བུ་མོའི་ཚིག་འབྱིན་པ།།
བསམ་ཞིང་བསམ་ན་རིག་པའི་གླེང་རོགས་མིན།།
མི་སྙན་ལྷ་ཀླུ་གང་ལའང་བཤད་དོན་མེད།།
འཇོན་ན་རང་གི་སྐལ་དུ་བཞག་འདུག་པས།།
རྒྱུ་མཚན་འཚོལ་བའི་ཤེས་རབ་ཅན་གྱི་བུར།།
ཚིག་ངན་དམོན་མོ་འབྱིན་པའི་དུས་སྐབས་མེད།།
སྲང་འཁྱམ་ཁྲོམ་གྱི་གཏམ་ལ་ཡིད་གནས་པས།།
དངོས་གནས་ཅི་བཞིན་རྟོགས་པ་འགག་འགྱུར་ན།།
བཤད་སོང་ཐོས་སོང་ཙམ་ལ་མི་རེ་བར།།
རང་གི་ཤེས་རབ་བློ་མིག་རང་གིས་འཚོལ།།
མདོར་ན་དགའ་བ་བདེ་ན་སྡུག་ཀྱང་བདེ།།
མཁྱེན་པ་མི་ལ་ཡོད་ན་ལྷའང་བཞིན།།
གནས་ལུགས་རིག་པས་དྲིས་ན་གསལ་ངེས་སྟབས།།
སྲང་བར་གཏམ་གྱིས་མི་ཚེ་མ་བསྐྱལ་ཅིག།
ང་ཡིས་གོ་ཐོས་ལ་མི་མང་པོ་ཞིག་གིས་ཁ་ནས་འདི་ལྟར་གོ་ཡོང་གི་འདུག
ཆོས་ཆོས་ཀྱི་ས་དང་སྲིད་སྲིད་ཀྱི་ས་མཚམས་སྔོན་ལོར་མ་འོངས་སྔོན་གཟིགས་མཁྱེན་པའི་བདག་པོ་༸གོང་ས༸་མཆོག་ནས་སོ་སོར་དབྱེ་གནང་ཚར་དུས་ཡང་ཆོས་སྲིད་མཉམ་བསྲེས་གནང་འདོད་པ་ནི་རྒྱལ་པའི་དགོངས་པ་མ་རྟོགས་པ་རང་རེད།
ད་དུང་མི་སྣང་བའི་ལྷ་འདྲེ་ལ་ཡིད་ཆེས་སྐྱབས་བཅོལ་ཏེ་ཉིན་མ་ཁྱོལ་ཐབས་བྱེད་པ་ནི། བཀའ་སྤྱི་གཉིས་ལ་སྔར་ལས་ལྷག་པའི་བོད་དོན་བསྒྲུབ་ཐབས་མེད་ཙང་ལྷ་ལ་ཁག་གཡར་པ་ཙམ་ལས་ལུང་བསྟན་ལ་ཡིད་ཆེས་ཡོད་པའི་རྒྱུ་མཚན་གང་ཡང་མ་རེད།
བོད་ཁམས་བསོད་ནམས་དམན་པས་རེད་ཟེར།
གྷུ་རུའི་འབུམ་ཚོགས་བརྒྱ་ཕྲག་མང་པོར་བཏང། གྷུ་རུའི་གསེར་སྐུ་སྟོང་ཕྲག་མང་པོར་བཟོས།
སྐྱབས་བཅོལ་གྱི་གནས་སྟངས་ཡ་ང་བའི་འོག་ནས་རང་གི་བཟའ་མ་ཕོད་འཐུང་མ་ཕོད་ནས་གསེར་སྐུ་འབུམ་ཚོགས་སོགས་ལ་འགྲོ་གྲོན་བཏང་ཟིན་ནའང་ད་དུང་བསོད་ནམས་དམན་པ་གང་གསུང་གི་ཡོད་དམ།
རྒྱ་མི་ཚོས་སྨན་རག་ཚོགས་གཏོར་ཐེབ་ལོང་ཙམ་ཅིག་ཕུལ་བ་མེད་ཀྱང་ད་དུང་རླུང་རྟ་ཡར་འགྲོ་སྟོབས་ཆེན་རྒྱལ་ཁབ་ཆགས་འགྲོ་བ་འདི་ལ་ལྟ་དུས་ལན་གང་འདྲ་བྱེད་དེ་རྒྱབ་དགོས་མིན།
ཟླ་བཀྲས་ཕུན་ཁང་ནས་ལན་ཞིག་ཡོད་ན་གནང་རོགས། ང་ལ་མི་མང་པོ་ཞིག་གིས་དྲི་བ་གཏོང་གི་འདུག
དེ་མིན་མི་མང་པོ་ཞིག་དེ་རིགས་ལ་ཡིད་ཆེས་བརླག་འགྲོ་ཉེན་འདུག
དོལ་རྒྱལ་འདྲེ་ཕོ་དང་ཨ་ཕྱི་འདྲེ་མོ་ཚོ་མཆོད་པ་ལས་༧གོང་ས་མཆོག་གིས་གནས་ཆུང་གདམས་འདུག་པ་བཞིན་ང་ཚོ་བོད་པས་གནས་ཆུང་ཆོས་སྐྱོང་མཆོད་ན་བཟང་ཡང་། ལྷ་བབས་མཁན་ཚོ་ལ་ཡིད་ཆེས་མི་འདུག རྫུན་བཤད་ཀི་འདུག རྫུན་བཤད་ན་ལྷ་མི་སུ་ཡང་ཡག་པོ་མ་རེད།
དྲ་གྲོགས་ཚོ་དེང་སོང་ལྷ་དང་གཞན་ལ་སྐུརའདེབས་ཀྱང་ཀྱང་བྱེད་ནས་མི་འགྲིག་པ་སོ་སོར་ངོས་ནས་བོད་མི་རིགས་དང་བོད་ཀྱི་བདེན་མཐའི་ཆེད་དུ་ལས་དཀའ་གང་བྱེད་ཡོད་མེད་ལ་བསམ་བློ་ཞིབ་པ་གཏོང་རོགས་གནང་།
དེང་སོང་ལྷ་དང་བླ་མ་སོགས་ལ་སྐྱོན་གཏོང་རྒྱུ་ལ་དགའ་བ་འདི་ནི་བསྟན་པ་ཉམས་པའི་རྟགས་མཚན་ཞིག་མ་རེད་དམ།
༡ ཆོས་དང་ཆབ་སྲིད་ཀྱི་ས་མཚམས་སྔ་ལོར་ཕྱེས་པ་ཞིག་མ་རེད ། ༧གོང་ས་མཆོག་གིས་ཆོས་དང་མཐུན་པའི་ཆབ་སྲིད་བསྐྱངས་པ་དང་། ཆོས་ཀྱི་དགོངས་དོན་ལ་སོང་བའི་ཆབ་སྲིད་ཀྱི་སྲི་ཞུ་སྒྲུབ་པ་ནི་” བོད་དོན་སྒྲུབ་པ་ཉམས་ལེན་”ཞེས་པ་འདི་སྔོགས་ཤིང་བཙལ་ན་ཤེས་ནུས། དེ་བས་གནས་ཆུང་སྤྱན་འདྲེན་ཞུས་པས་ཆོས་དང་ཆབ་སྲིད་དཀྲུག་བཞག་པ་གང་ཡང་ཡོད་པ་མ་རེད། ལྷག་པར་ཆོས་ལོག་པར་སྤྱད་དེ་ཆབ་སྲིད་ནང་རང་རྒྱལ་གཞན་ཕམ་གྱི་རྣམ་ཐར་བསྐྱངས་པ་ཏིལ་འབྲུ་ཙམ་ཡང་མེད་པས། ཆོས་སྲིད་ཟུང་འབྲེལ་ཟེར་བའི་ནུབ་ཕྱོགས་ཀྱི་ཐ་སྙད་འཇིགས་སུ་རུང་བ་དེ་དང་། དེ་བཞིན་དེར་རྒྱ་ནག་གིས་བཤད་ཡམས་སྤྲས་པའི་ཆོས་སྲིད་ཟུང་འབྲེལ་ཟེར་བ་སོགས་ཀྱི་ངན་སྨོད་བྱ་སྟངས་ནི་ང་ཚོ་བོད་ལ་ཐད་འབྲེལ་མེད་ལ། སྐབས་འདིའི་གནས་ཆུང་སྤྱན་འདྲེན་ལ་དེ་བས་ཀྱང་འབྲེལ་བ་སྤུ་ཙམ་མེད། དེ་འདྲ་སོང་ཙང་ལ་སྟོད་བུ་ནས་རྣ་ཐོས་ཙམ་ལ་དེ་འདྲའི་ཡ་མཚན་འཛིན་དགོས་དོན་ཨེ་ཡོད་བསམས།
༢ ཡིད་ཆེས་སྐྱབས་བཅོལ་ཏེ་ཟེར་བ་འདི་ལ་ཁུངས་ལུང་མི་འདུག གནས་ཆུང་གིས་བཀའ་ལུང་བྱིས་པའི་གཉིད་བཤད་འདྲ་བ་ཕེབས་མྱོང་མེད་པ་དང་། བཀའ་སྤྱི་གཉིས་ཀའང་གང་གསུངས་དེ་བཞིན་ནོ་ཟེར་མཁན་ཞིག་ཁྱོན་ནས་ཡིན་དོགས་མེད་པས། ལ་སྟོད་བུ་ལ་ཡོད་པའི་འཆར་སྒོ་དེ་བཞིན་མི་མང་པོ་ཡོད་ཆོག་གི་རེད།
༣ རྒྱ་མིའི་རླུང་རྟ་ཡར་འགྲོ་བཞིན་པའི་གནས་སྟངས་རྒྱུ་མཚན་གང་ན་ཡོད་དེ་མི་འདུག རླུང་རྟ་ཡོད་ན་རྒྱ་ནག་ལ་ཆ་འཇོག་བྱ་མཁན་དང་མི་སྤུས་ཡག་པོ་བརྩི་མཁན་འཛམ་གླིང་ནས་བོད་པ་ལས་ཞེ་དྲག་ཉུང་ཉུང་རེད།
༤ བསོད་ནམས་མ་དམན་པའི་རྒྱུ་མཚན་ལྷ་སྐུ་མང་པོ་ཞིག་བཟོས་པ་རྒྱུ་མཚན་དུ་བཀོད་ནས་ངོམ་རྫིག་བྱེད་པ་དེའི་བསོད་ནམས་ཀྱང་ཅི་ཡིན་གསལ་ཤེས་ལྟ་བུར་སྣང་བས། སྤྱི་མཐུན་བསོད་ནམས་གོང་དུ་འཕེལ་བ་ལ་དང་པོ་ལས་འབྲས་ཀྱི་རྣམ་བཞག་ནས་འཆད་དགོས་པ་འདྲ་ལ། མ་མཐར་ད་ལྟའི་བོད་ཀྱི་གནས་བབ་འདི་ཕྱི་ནང་གསང་གསུམ་གྱི་རྐྱེན་གང་ལ་བརྟེན་ནས་བྱུང་བ་ཡིན་ནམ་བསམས་ནས་བཙལ་སྟེ། དེའང་རྒྱུ་གང་ཞིག་གི་འབྲས་བུ་སྨིན་པ་དང་འབྲེལ་བ་ཡོད་མེད་ཀྱང་ཞིབ་ལྟ་བྱས་ན་ས་ད་གཟོད་བསོད་ནམས་གོང་མཐོར་གཏོང་དགོས་གསུངས་པའང་ར་འཕྲོད་པ་ཞིག་ཡོང་ངེས་རེད།
༥ ཡིད་ཆེས་ཟེར་བ་དེ་རྣ་ཐོས་ལྡོམ་པོ་སྲང་བར་གྱི་གཏམ་ལ་གཞི་འཛིན་ན་ནི། ཡིད་ཆེས་དེ་འདྲ་ཞིག་མི་མཐོང་གནས་ཆུང་ཆོས་རྒྱལ་ཆེན་པོ་ཕར་ཞོག མཐོང་བའི་མི་ཁྱེད་དང་ང་འདྲ་བ་དག་ལ་གཏན་ནས་མཁོ་བ་ཞིག་མིན་པས་ཚད་མས་དྲངས་པའི་ཡིད་ཆེས་འཚོལ་ལ་རེམས་ཤིག་བཅས་ཕན་པས་ཀུན་ནས་དཀྲིས་ཏེ་ཕུལ།
ཨཨཨཨཨཨཨ་་མཱམཱམཱམཱམཱ ་་ ད་ཡིན་ན་ང་་མགོ་བོས་སོང་་
དེང་སང་ཁ་བརྡ་ཚང་དུ་དོན་དམ་གྱི་བགྲོ་གླེང་བྱ་མཁན་ཉུང་དུ་ཕྱིན་འདུག རེ་ཤོས་ཡོད་པ་རྣམས་ཚོར་བས་བཟི་བསྡད་པ། གནད་འགག་ལ་ཐུག་དུས་སེམས་རྩ་མི་བརྟན་པ་རྐྱང་རྐྱང་རེད། དཔེར་ན། ཉེ་སྔོན་མཁས་དབང་དགེ་འདུན་རབ་གསལ་གྱིས་འགྱུར་མ་ངོ་སྤྲོད་དང་འབྲེལ་ཏེ་ནང་འདྲེན་རིག་པའི་བློ་མིག་དགོས་ཚུལ་གདམས་ཀྱང་། གླེན་ནག་རེ་ཤོས་ངུས་ནས་སྐད་ཤོར་སོང་། དེ་བཞིན་ཀླུ་སྨྱོན་དང་ཤར་ཕྱོགས་ཁུག་རྟ་གཉིས་ལའང་བསམ་ཚུལ་བཤད་མི་ཆོག་སོགས་གླེན་བཤད་རྒྱབ་སོང་། འདི་དག་སྤྱིར་ཡིད་སྐྱོ་བ་འོས་པ་ཞིག་དང་སྒོས་སུ་བཙན་བྱོལ་བོད་མིའི་ཡི་གེ་འབྲི་མཁན་དག་གི་ཆ་ཤས་ཤིག་ཡིན་སྟབས་བསམ་བློ་གཏོང་དགོས་པ་ཞིག་རེད། བོད་ནང་ཛ་དྲག་ཅི་ལྟར་བྱུང་ཡང་རང་རང་སོ་སོའི་ངོས་ནས་ཅུང་ཙམ་བསམ་གཞི་ཞིག་ཡོད་པ། ཚོད་ཅུང་ཙམ་ཐུག་པ་གནང་རྒྱུའི་སློབ་སྦྱོང་རྣལ་མ་ཞིག་མ་གནང་ཚེ་ཁུངས་འཁྱོལ་རྒྱུ་ཁེག་སེ་འདྲ་ཞིག་འདུག་པས་བསམ་ཚུལ་དུ།
མ་རིག་ཆུ་འཛིན་སྟུག་པོ་ལས་འོངས་པའི།།
སྒོ་གསུམ་ཉེས་ཚོགས་ནག་པོ་བསགས་པ་རྣམས།།
ཆ་ཤས་ཙམ་ཡང་མ་ལུས་བཤགས་བགྱིད་ན།།
བཟོད་པར་བཞེས་ལ་མཐུན་པའི་དངོས་གྲུབ་སྩོལ།།
ཧཱུམ་དམན་རག་གཏོར་མ་མཆོད་པའི་ཚོགས་རྣམས་དང་།།
བླ་རྡོ་སྲུང་འཁོར་ཕྱི་ནང་གསང་བའི་རྫས།།
དམ་རྫས་འདུ་བའི་རྫས་ཀུན་བཤམས་ལེགས་ན།།
དྲེག་པའི་སྡེ་དཔོན་ཐུགས་དམ་བསྐང་གྱུར་ཅིག།
ལྷ་ལ་ལུང་བསྟན་ཞུ་བ་འདི་ཆོས་ལ་དད་པ་ཡོད་ཙང་་མ་རེད། རྨོངས་པའི་བླུན་དད་ཆེ་ཙང་་རེད། རང་ལ་ཐབས་ཤེས་མེད་པར་འུ་ཐུག་པའི་ལས་ཀ་ཅིག་རེད།
རྒྱལ་ཁབ་ཅིག་གི་རྩ་དོན་གི་ལས་དོན་གལ་ཆེན་ཁག་རྣམས་གཟུགས་མེད་སེམས་ཅན་ཁ་ལ་ཉན་པ་འདི་ནི་མདོ་དོན་རྟགས་ག་རེ་བསྟན་གི་ཡོད་རེད་ཟེར་ན། རྩ་དོན་ལ་བསམ་བློ་གཏོང་འདོད་མེད་པ་དང་དཀའ་ལས་རྒྱག་འདོད་མེད་པ་བསྟན་པ་རེད། ་མི་རིགས་གཞན་ལ་ཞུ་བ་བྱེད་པ། རྒྱལ་ཁབ་གཞན་ལ་རེ་བ་རྒྱག་པ། མཉམ་འབྲེལ་རྒྱལ་ཚོགས་ལ་ངུ་སྐད་འདོན་པ་རྣམས་ཚང་མ་དཀའ་ལས་རྒྱག་མ་དགོས་པར་རྩ་དོན་ལས་སླ་བོར་འགྲུབ་འདོད་པ འི་གཞན་རྟེན་རང་ལུགས་པའི་བསམ་ཚུལ་རེད།
ག་ཚད་ལྷ་ཡི་ཁ་ལ་ཉན་ན་དེ་ཙམ་རྩ་དོན་སེལ་རྒྱུར་བར་ཐག་རིང་དུ་འགྲོ་སྲིད། ཅིག་བྱསན་་་མཁའ་ལམ་བཞིན་མ་ཡིན་པའི་ངེས་པའང་མེད།
༄།། ཞབས་བརྟན་ཇི་ལྟར་སྒྲུབ་ཚུལ།
༢ མང་པོ་ཞིག་བཤད་དང་མ་བཤད་གང་ཡང་མེད། མིའི་ལས་དོན་ལྷ་ཁོ་ནར་བཅོལ་ན་འགྲུབ་ཐབས་གང་ནས་ཡོང་། ལྷ་ལ་ཡིད་ཆེས་ཀྱང་ལྷས་ལུང་བསྟན་པ་ཁག་དག་དག་མ་བསྒྲུབས་ན་ནུས་པ་གང་ནས་ཐོན། སྤྱིར་གནས་ཆུང་གིས་བསྟན་པའི་ཐབས་ཤེས་རྒྱ་སྒྲུབ་སྟོང་སྒྲུབ་བྱས་པ་ལས་དཔའ་བོ་རེ་རེའི་ཚེ་སྲོག་མེ་ལྕེར་ཕུལ་བ་དེ་ནུས་པ་ཆེ་བ་མངོན་གྱུར་རེད།
༡ སྔགས་དང་དཀྱིལ་འཁོར་ཟབ་མོ་ལ་བརྟེན་ནས་གནས་སྐབས་མཐར་ཐུག་གི་ལས་དོན་སྒྲུབ་པའི་ཐབས་ཤེས་ཤིག་རྒྱུད་གཞུང་རྣམས་སུ་གསུངས་པ་དེ་ནི། དབང་ལུང་ཁྲིད་གསུམ། བསྙེན་སྒྲུབ་ལས་གསུམ་མཐར་ཕྱིན་པའམ་ཡང་ན་མྱོང་བ་གང་ཙམ་ཐོན་ཟིན་པའི་གང་ཟག་དག་གིས་ནུས་པ་སྟོན་ཐུབ་པ་ཞིག་ལས། སྡུས་གྲྭའི་ཆོས་སྐད་ཤེས་པ་ཙམ་དང་། ནང་པའི་གྲལ་དུ་ཚུད་པ་ཙམ། མ་ཎི་ཡིག་དྲུག་འདོན་ཤེས་པ་ཙམ་ཞིག་གིས་སྒྲུབ་ཐུབ་རྒྱུ་མིན་པ་ཕྱི་གསལ་ནང་གསལ་རེད།
༣ བོད་མིའི་ཞབས་རིམ་ཡིན་ཟེར་ནས་རྒས་གཅོང་རྣམས་མཉམ་འཛོམས་ཀྱིས་སྒྲོལ་བསྟོད་གསོགས་སྒྲུབ་བྱས་པ་ཙམ་གྱིས་གནས་ཆུང་གིས་ལུང་བསྟན་པའི་སྒྲོལ་མ་བསོགས་སྒྲུབ་ཀྱི་གོ་གང་ནས་ཆོད། བོད་མིའི་ཞབས་རིམ་ཡིན་ཟེར་ནས་སྔགས་ཀྱི་དབང་ལུང་ཁྲིད་གསུམ་དང་། བསྙེན་སྒྲུབ་ལས་གསུམ་གང་ཡང་མེད་པའི་དགོན་ཆེན་རྣམས་སུ་སྒྲོལ་མ་འུར་འདོན་བྱེད་བཅུག་པ་ཙམ་གྱིས་ཞབས་རིམ་གྱི་གོ་གང་ནས་ཆོད། དེ་ཚོ་ལ་བསྙེན་སྒྲུབ་ལས་གསུམ་ལ་ཉམས་མྱོང་དང་། བསྐྱེད་རྫོགས་ཀྱི་གདམས་པ་ཟབ་མོ་གོ་ཐོས་ཙམ་ཡང་མེད་པ་གསལ་པོ་རེད།
༤ དེ་ནས་ལྷ་ལ་ཡིད་ཆེས་ཤིང་དེས་ལུང་བསྟན་པའི་ཞབས་རིམ་དོན་ལྡན་ཞིག་སྒྲུབ་འདོད་ཡོད་ན། རང་མཐོང་དོར་ཏེ་བློ་གཟུ་བོར་གནས་པའི་སྒོ་ནས་སྔགས་ཀྱི་སྙེན་སྒྲུབ་ལས་གསུམ་ལ་ནུས་པ་གང་ཙམ་ཐོན་ཟིན་པ་རྣམས་ལ་རེ་བཅོལ་རྒྱུ་ཧ་ཅང་གལ་ཆེན་རེད། རང་ཉིད་ལྷ་དང་ལས་འབྲས་ལ་ཡིད་ཆེས་མེད་ཀྱང་ཆོས་དད་ཆེ་བའི་བོད་མི་བྱིངས་རྣམས་མགོ་བོ་འཁོར་བའི་ཆེད་དུ་ལྷ་འབེབས་ལུང་བསྟན་གནང་བཞིན་པ་ཡིན་ན། ཞབས་རིམ་ཡང་མིང་ཐོགས་པ་ཙམ་གྱིས་ལོས་ཆོག
རྗེ་མི་ལས། ལྷ་པ་མོ་པ་རྩིས་པ་གསུམ། འཇིག་རྟེན་ཁམས་ཀྱི་རྫུན་པ་གསུམ། ཞེས་གསུངས་འདུག། མ་གཞི་སྟོན་པའི་རྗེས་འབྲངས་རྣལ་མ་ཞིག་བྱེད་མཁན་ཡིན་ན་ལྷ་འདྲེ་ལ་སྐད་ཆ་འདྲི་དོན་རྩ་བ་ནས་མེད་པ་རེད་ལ། སྲིད་ཕྱོགས་ལ་ལྷ་འདྲེ་ལ་སྐད་ཆ་འདྲི་བ་ནི་དངོས་ཐོག་བདེན་འཚོལ་དང་འགལ་བ་རེད་ལ་དུས་རབས་ཉེར་གཅིག་འདིར་ཆབ་སྲིད་ལྷ་འདྲེ་ལ་སྐད་ཆ་དྲིས་བསྡད་མཁན་སུ་ཡང་ཡོད་པ་མ་རེད། དེས་ན་ཆབ་སྲིད་ཚོགས་པ་ངེས་པར་དུ་དགོས་པ་རེད་ལ་ཆབ་སྲིད་ཚོགས་པ་ཕན་ཚུན་གྲོ་གླེང་ཡག་པོ་བྱས་ནས་ཆབ་སྲིད་བསྐྱངས་དགོས་པའི་གནད་དོན་རེད།
གནས་ཆུང་ཡང་འཇིག་རྟེན་པའི་དྲེགས་པ་ཞིག་ཡིན་པས་སྐབས་རེར་ལུང་བསྟན་ནོར་བའང་ཡོད་སྲིད་པ་ཞིག་རེད། འོན་ཀྱང་བོད་དོན་འགག་རྩར་ཐུགས་སྐབས་ནམ་ཡང་བསླུས་མེད་པས་ཡིད་རྟོན་འཕེར་བ་ཞིག་ཡིན། ལུང་བསྟན་ཇི་བཞིན་མ་ཡོང་བ་ཅམ་གྱིས་རྫུན་མ་ཡིན་མི་དགོས། དཔེར་ན། གོང་ས་སྐུ་ཕྲེང་བཅུ་གསུམ་པའི་ཆུ་སྤྲེལ་ཞལ་གདམས་ནང་མ་འོངས་པའི་གནས་ཚུལ་གང་བྱུང་རྒྱུ་ཡིན་པ་ཚང་མ་བཀོད་ཡོད། མ་ཟད་རྐྱེན་ངན་ལས་གྲོལ་ཐབས་སོགས་གསུང་ཡོད་མོད་ང་ཚོས་ཏག་ཏག་གཅིག་མ་བྱས་ཙང་ཆག་སྒོ་འདི་དག་བྱུང་བ་རེད། བཅོམ་ལྡན་འདས་ཀྱིས་དགེ་བ་སྒྲུབ་ན་བདེ་བ་དང་མ་ིདགེ་བ་བྱས་ན་སྡུག་བསྔལ་ཡོང་གསུང་ཡོད། འོ་ན་ང་ཚོས་ཚོགས་བསོག་མང་པོ་བྱས་ཀྱང་ད་དུང་གྲུབ་འབྲས་གང་ཡང་མ་ཐོན་པར་རྒྱ་མཚན་བྱས་ནས་སངས་རྒྱས་ཀྱིས་རྫུན་གསུང་བར་བརྩིས་རྒྱུ་ཡིན་ནམ། དེ་ཡང་ད་ལྟའི་ང་ཚོས་མྱངས་བཞིན་པའི་དཀའ་སྡུག་དེ་རྣམས་ནི་བོད་སྤྱིའི་ལས་ངན་ཚབས་ཆེན་བསག་པའི་འབྲས་བུ་རེད། ལོ་རྒྱས་ལ་ཕྱིར་བལྟས་བྱས་ཚེ་ཤེས་ཐུབ། ང་ཚོས་ཆོས་ལུགས་ཀྱིི་མིང་ཐོགས་ནས་ཆོས་ལུགས་གཞན་བར་སྡེ་གཟར་ག་ཚོད་བྱས་ཡོད་། རྒྱལ་མཆོག་ཚངས་དབྱངས་ལ་འོ་བརྒྱལ་ཇི་ཙམ་ཆེན་པོ་བཟོས་འདུག རྒྱལ་མཆོག་13པའི་ཞལ་འདམས་དང་རླབས་ཆེན་གྱི་དམངས་གཙོ་བཅོས་བསྒྱུར་གྱི་དགོངས་བཞེས་སོགས་ལ་བརྩིས་མེད་བྱས་པ་དང་ཡ་ལན་གང་འདྲ་སློག་འདུག། དེ་ཚོར་བལྟས་ན་ཤེས་ཡོང་། ལྷག་པར་དོལ་ཚོགས་སོགས་ནས་གུ་རུའི་སྐུ་བརྙན་ག་ཚོད་གཏོར་བཤིག་བཏང་བ་དང་ཆུར་སྐྱུར་འདུག
མ་ཟད་ཚོགས་ཕུལ་བ་ཙམ་གྱིས་གྲུབ་འབྲས་མི་ཐོན། དེ་ཡང་རང་སྐྱོན་རང་གིས་ཤེས་པར་བྱས་ནས་འགྱོད་བཤགས་སྤངས་བླངས་ཚུལ་བཞིན་བྱས་ན་ད་བཟོད་རེ་དོན་རྣམས་བདེ་བླག་ངང་འགྲུབ་ཡོང་།
ད་དུང་ཞུ་རྒྱུ་ཞིག་ལ། དེ་ལྟའི་ཞབས་རིམ་གལ་ཆེན་སྨིན་སྒྲུབ་ཞུ་སྐབས་ཁྱེད་རྣམ་པ་མཎྀ་དང་སྒྲོལ་མ་དག་འདོན་གནང་དུ་ཕེབས་མྱོང་ཨེ་ཡོད
ལྷ་འདྲེ་མི་གསུམ་སྤྱོད་པ་གཅིག་ཟེར་བ་ལྟར། ཁོང་རྣམ་ལ་ཕར་ཇི་ཙམ་ཡིད་ཆེས་ན་དེ་ཙམ་གི་ཚུར་ཡང་འཕྲིན་ལས་སྩོལ་བ་དང་ཕར་གནམ་གང་མ་བརྩིས་ན་ཚུར་ཡང་ཚེས་གཅིག་རྩིས་རྒྱུ་མིན་པའང་ཤེས་པར་གྱིས་ཤིག
སྐད་ཆ་དེ་འདྲ་ལྷ་ལ་ལུང་བརྟག་ཞུ་ཀི་རེད།རྒྱུ་མཚན་བཅའ་ཁྲིམས་ནང་གི་ཆོས་སྲིད་ཟུང་འབྲེལ་ཟེར་བ་ད་དུང་རང་འཇགས་བསྡད་ཡོད་པ་རེད་ད།ཁ་ཤས་ནས་གུ་རུའི་སྐུ་བརྙན་བཞེངས་པ་ལ་ཟུར་ཟ་བྱེད་ཀྱི་འདུག་མོད།དོན་དངོས་སུ་དེ་༧རྒྱལ་བ་རིན་པོ་ཆེར་ཟུར་ཟ་དང་མཐོང་ཆུང་གཏོང་གི་ཡོད་པ་རེད།གུ་རུའི་སྐུ་བརྙན་དང་གུ་རུ་འབུམ་ཚོགས་སོགས་ཁོང་གི་དགོངས་གཞི་ཡིན་པ་མང་ཚོགས་ལ་ཐེངས་མང་གསུངས་མྱོང་ཡོད་པ་མ་ཟད།
བར་ལམ་རྡ་སར་གུ་རུ་འབུམ་ཚོགས་ལ་དགེ་ལུགས་པའི་ཨ་ནེ་དགོན་པ་ཁ་ཤས་མ་ཡོང་བར་༧རྒྱལ་བ་རིན་པོ་ཆེས་དངོས་སུ་བཀའ་བཀྱོན་དང་དེ་བོད་སྤྱི་དོན་ཡིན་པ་གསལ་བཤད་ཀྱང་གནང་སོང་ང་།
དེ་བཞིན་ཡང་༧རྒྱལ་དབང་མཆོག་གིས་དེ་སྔ་བོད་མ་ཤོར་གོང་དུའང་སྔ་འགྱུར་གྱི་བླ་ཆེན་འཇམ་དབྱངས་མཁྱེན་བརྩེ་སོགས་ཀྱི་བཀའ་དགོངས་བཞིན་ལྷ་ས་གཙུག་ལག་ཁང་དུ་གུ་རུ་པདྨའི་སྐུ་བརྙན་བཞེངས་ཐུབ་ཡོད་ན།དེང་སང་བོད་ལ་ཁ་སྟབས་འདི་ལས་དྲག་ཙམ་ཡོད་པ་ཐེངས་མང་གསུངས་སོང་བས།དེ་ཚོ་༧གོང་ཆེན་པོའི་དགོངས་པ་ཡིན་སྟབས།གོང་ནས་གནས་ཆུང་དང་གུ་རུ་པདྨ་སོགས་ལ་སྣ་ཚོགས་བཤད་མཁན་ཚོས་དོན་གྱིས་སུ་ལ་ཟུར་ཟ་བྱེད་བཞིན་པ་མཆན་བུ་པ་ཚོས་ཤེས་ན་དགའ།
དབང་འདུས་ལགས་ནས་རིག་པའི་གཞུང་ལུགས་ཡོད་པ་བཀའ་མོལ་གནང་འདུག དེ་ཁུངས་འཁྱོལ་བ་རང་རེད།
དྲ་འབུ་ཚོ་སུ་དང་སུའི་བཀའ་བཀོད་ཡོད་མེད་ལ་མ་ལྟོས་པར་དོན་དངོས་བགྲོ་གླེང་བྱ་འདོད་ཡོད་ན་སྐུར་འདེབས་ཚིག་བཙོག་པ་གཡུག་ནས་གནས་ལུགས་རེ་རེ་གླེང་སློང་གྱིས་དང། ང་ཚོ་དོན་དངོས་གང་ཞིག་གསལ་བོ་ཆགས་འགྲོ་ཡི་རེད། གནས་ལུགས་གླེང་རྒྱུར་ངས་སྒུག་ནས་བསྡད་ཡོད། ཕེབས་ཤོག
གནས་ཚུང་དང་ཚེ་རིང་སོགས་ཀྱིས་ལུང་བསྟན་རྡོ་རྗེ་མཁའ་འགྲོའི་སྐོར་གནང་ཚར་རེད་། ད་བཀའ་ཤག་ཡིན་ན་རེད། སྤྱི་མཐུན་ཡིན་ན་རེད། སོ་སོར་འཛམ་བུ་གླིང་གི་མི་གཞན་པས་སྲིད་སྐྱོང་བ་ལྟར་ལས་ད་ལྷ་རྒན་ལ་ལུང་མ་འདྲི་རོགས། བོད་མ་ཤོར་པས་སྔོན་དུ་ལུང་བཞུས་པ་རེད
ལྷ་ཀླའི་རིགས་ལ་གསོལ་མཆོད་འབུལ་དགོས་ན་བོད་མི་ལས་མཆོད་སྟོབས་ཆེ་བ་ཞིག་མ་མཐོང་ཀྱང་། མགོན་སྐྱབས་བོད་མི་རྣམས་ལ་ཆུང་ཤོས་བྱེད་ཀྱི་ཡོད་སྣང་ཚུལ་དེ་ནི། སྔོན་གྱི་གཏམ་དཔེར། རྕྭ་ཉིན་ལ་བཟས། ལྕི་བ་གྲིབ་ལ་གཏོང་ཞེས་པ་དེ་དང་ཨ་ན་མ་ན་རེད་མི་འདུག་གམ།
ཞབས་བརྟན་ཞུས་པ་ཙམ་གྱིས་བོད་དོན་གསལ་བ་ཞིག་ཡོད་ན་ད་གསལ་ཚོད་ཡིན་མོད།ད་དུང་འདི་ལྟར་སྨག་རིམ་དུ་ལྷག་འདུག
གང་ལྟར་ང་རང་འགྲོ་བ་མིའི་ལས་དོན་ལ་མིའི་ཞབས་ཏོག་ཞུས་པ་ལས་ལེགས་ཞིག་གང་ན་ཡོད།སྔོ་ཐོན་ཤེས་ལྡན་མི་སྣ་དག་གི་སྤྱན་སྔར་ཞིག་ཕུལ་དང།
དུས་རབས་ཉེར་གཅིག་པའི་བོད་པ་རྣམས་ཀྱིས་ཀྱང་ལྷའི་ལུང་བསྟན་ལ་མགོ་བོ་དུད་ནས་འདུག་རྩིས་ཡིན་ནམ།ལྷ་ལས་ང་ཚོ་ལ་བོད་མིའི་ལམ་ཁ་ཐད་གཅོད་བྱེད་ཆོག་པའི་ཐོབ་ཐང་མེད་པ་རེད་དམ།བོད་མི་མང་ཤོས་དཀོན་མཆོག་ལ་ཡིད་ཆེས་ཡོད་པ་བདེན་པའང་ཡིན་ལ་འོས་པ་ཞིག་ཡིན།དེ་མིན་ལྷ་ལ་བློས་འགེལ་བ་ནི་་་་་་་་་་་་བླ་མ་ཙོང་ཁ་བས༼བོད་མི་ཚོར་ཐམས་ཅད་མཁྱེན་པ་ལས་མོ་བ་ཞིག་རྩིས་ཆེ་འདུག༽གསུང་བའི་རྗེས་སུ་མི་འགྲོ་བའི་ངེས་པ་ནི་མེད་དོ།།
རྗེས་ལུས་རིང་ལུགས
ཤ་ཁྲག་ཆང་རག་ག་ཚད་ཕུལ་ཡང་བཞེས།།
དགོས་པའི་དུས་སུ་བཅོལ་བའི་འཕྲིན་ལས་མེད།།
དགྲ་གཉེན་དབྱེ་བ་ཟློག་ནས་བྱེད་པ་ཡི།།
ང་ཚོའི་སྲུང་མ་དེ་ཚོར་ཞེན་པ་ལོག།
ལྷ་བླའི་ལུང་བསྟན་ཟེར་བ་དེ་བཀའ་སྲུང་ཅི་འགྲུབ་རྒྱས་བཏབ་པ་ཞིག་དགོས་པ་ལས། ལུང་བསྟན་གནང་བ་ཙམ་གྱི་དོན་ཡོངས་འགྲུབ་པ་ག་ནས་ཡིན། ངས་འབུམ་ཚོགས་ལ་འགྲོ་དུས་ཁྱེད་ཀྱི་བལྟས་མོ་བལྟ་གིན་བསྡད། ཁྱེད་ཀྱི་མཎྀ་དུང་བསྒྲུབ་བྱས་དུས་ངས་ཉལ་བསྡད་ན་དོན་དག་གང་ཡང་མི་འགྲུབ་བོ།
ད་གནས་ཆུང་གིས་རང་ཉིད་ལོག་ལམ་མི་འགྲོ་བའི་ཆེད་སྦྲུལ་ལྕེ་ལྟ་བུའི་ཁ་དམར་ཤ་སྟག་རྒྱབ་ན་ཕན་ཐོགས་ཅི་ཡོད། དེང་སང་སེམས་ཅན་བསོད་ནམས་ཟད་ནས་ཁོས་ཅི་ཡང་བྱེད་མི་ཐུབ་པར་ཆགས་ཀྱིན་ཡོད་ས་རེད། མ་གཏོགས་བོད་པས་གསེར་སྐྱེམས་དང་མཆོད་པ་འབུལ་ཚོད་ལ་ལྟས་ན། ད་དུས་ཚོད་སླེབས་རན་ཡོད། གཞིས་ལུས་བོད་མི་མང་པོ་ཞིག་མེ་བསྲེགས་སོང་ལ་བཙོན་ཡང་བཅུག་སོང་། དེ་ལ་ཆ་་ཚང་སེལ་མ་ཐུབ་ན་ཡང་ཏོག་ཙམ་ཕན་བཏགས་དགོས་ས་རེད། ངེད་ཚང་བོད་པ་རྣམས་ལྷ་ཀླུ་གཞི་བདག་ཅི་འདྲ་གསོལ་ཀྱང་མི་རིགས་དང་རྒྱལ་ཁམས་ལ་ཅི་ཡང་ཕན་ཐོག་གི་མི་འདུག མི་དགོས་པར་ཏོག་ཙམ་གསེར་སྐྱེམས་དང་མཆོད་པ་ཆད་སོང་ན་སྦྱིན་བདག་ལ་གནོད་པ་དང་། བོད་མི་ནང་ལོག་གནོད་པ་སྐྱེལ་དགོས་ན་ནུས་པ་ཆེ་ཤོས་གྲས་རེད་འདུག བོད་ཀྱི་གཏམ་དཔེ་ལ། ཕྱི་འཇམ་ནང་རྩུབ་གྲོ་རེ་སྤུ་ཞེས་པ་ཆགས་མི་འདུག་གམ།
གནས་ཆུང་དྲག་པོའི་ལུང་བསྟན་ནི། །སྦྲུལ་ལྕེ་ལྟ་བུའི་ལུང་མ་བསྟན། །དེང་རབས་སེམས་ཅན་བསོད་ཟད་པས། །གནས་ཆུང་ཁོང་གིས་བྱེད་ཐབས་བྲལ། །མ་ལུས་སེམས་ཅན་སངས་རྒྱས་རྗེས། །གཞིས་ནས་གནས་ཆུང་ནུས་པ་སྟོན། །དེ་ནི་ཕྱིས་པ་ཙམ་ལས་སྔ་རབས་མེད། །དོན་དངོས་གནས་ཆུང་ནུས་ཡོད་ན། །ད་ནི་ནུས་པ་འདོན་རན་འདུག །གཞིས་ལུས་བོད་ཕྲུག་མེས་བསྲེགས་ཐལ། །དེ་ལས་མ་ཚད་བཙོན་ཡང་བཅུག །ལ་བ་གངས་ཅན་སྟོང་གྲབས་འདུག །གཞིས་བྱེས་བོད་མང་ཁྱོད་རང་ལ། །ཅི་འདོད་གསེར་སྐྱེམས་མཆོད་པ་འབུལ། །སྦྱིན་བདག་བཀའ་དྲིན་བསམ་ཤེས་ན། །ད་ནི་དྲིན་ལེན་གསོ་རན་འདུག །ལ་ནི་ངེད་ཚང་བོད་པ་རྣམས། །ལྷ་དང་ཀླུ་དང་གཞི་བདག་སོགས། །རང་གིས་སྲོག་ལས་གཅེས་པར་འཛིན། །ཉིན་མཚན་མེད་པར་གསོལ་འདེབས་དང་། །མཆོད་པའི་དུས་ཡུན་བྲལ་མྱོང་མེད། །ཕར་བཟང་བྱས་ཚུར་དགྲ་བྱས། །དེ་ནི་དམར་པོའི་ལྟ་གཤིས་མཚུངས། །གལ་སྲིད་མཆོད་ཡུན་དུས་ཆད་ན། །དྲག་པོ་དེ་ཚོས་གནོད་རབས་འདུག །ཕྱིར་འཇམ་ནང་རྩུབ་གྲོ་རེ་སྤུ། །དེ་འདྲ་སྤྱོད་པ་མ་གནང་རོགས། །སྦྲུལ་ལྕེ་ལུང་མ་སྟོན་རན་སྐབས། །མགོ་ནས་རྐང་ལུས་འདར་སུག་རྒྱབ། །མགོ་ནག་བོད་པས་རྨོངས་དད་ཀྱིས། །ལག་ཟུང་ཐལ་སྦྱོར་གསོལ་འདེབས་སྦྱོར། །འབྲས་བུ་མེད་པའི་ལུང་སྟོན་སོགས། །ལོ་དང་ཟླ་བའི་བ་གམ་བརྩེགས། །ལ་བ་བོད་མིའི་རེ་སྟོང་ཆད། །ལྷ་ཀླུ་གཞི་བདག་ལུང་བསྟན་རྣམས། །ཡིད་ཆེས་མ་བྱེད་བོད་པ་རྣམས། །རང་ཉིད་རྣམ་དཔྱོད་བེད་སྤྱོད་ནས། །འབྱུང་འགྱུར་ལམ་ལ་འཇུ་འགོད་དགོས། །གནས་ཆུང་རྒོད་པོར་རེ་མ་བཅོལ། །
མ་ཐོགས་ད་ལྟ་ཉིད་དུ་སྒྲུབས་ཤིག་ཀྱེ། །
ཇི་སྲིད་སེམས་ཀྱི་འཇུག་པ་མ་ཟད་བར། །བསམ་ཡས་ཐེག་པའི་གྲངས་མཐར་ཐུག་པ་མེད། ། ཅེས་པ་ལྟར་བྱ་བ་ལེགས་ཚོགས་སུ་བརྩི་བ་གང་ཞིག་སེམས་ཅན་མི་ཉུང་བ་ཞིག་ལ་ཕན་གྱིན་ཡོད་པས་རང་གི་འདོད་བློར་བབས་མ་བབས་ཙམ་གྱིས་ངན་པར་བརྩི་མི་རུང་། སློབ་དཔོན་རིན་པོ་ཆེས་གངས་ཅན་པ་རྣམས་ལ་དྲིན་ཆེན་ཇོ་ཙམ་བྱས་པ་ཤེས་འདོད་ན་ལོ་རྒྱུས་རྣམས་སུ་ལྟོས་དང་། ཁོང་དེས་ལུང་བསྟན་ཡང་མང་པོ་བྱས་ཡོད་པ་རྣམས་རང་ཅག་གིས་ད་ལྟ་ལྟར་ཡིད་ཆེས་མ་བྱས་པས་ལན་པ་ལ་ངོས་ལེན་བྱེད་རྒྱུ་ལྟ་ཞོག ད་རུང་ཁ་བཏང་ན་དེ་ལས་འབྲས་མ་རྩིས་པ་རང་རེད་དམ། གནས་ཆུང་ཡང་དེ་དང་འདྲ་པོ་ཆགས་ཀྱི་འདུག ལུང་བསྟན་གང་བྱས་པ་དེ་ནས་ཞབས་རིམ་ཙམ་མ་གཏོགས་དབུས་སྒྲིག་བཙུགས་དང་གླིང་འདིར་ཁྱད་ཆོས་མང་ལྡན་གྱི་གངས་ལྗོངས་དང་གངས་ཕྲུག་ལ་ལྷག་བསམ་ཟེར་བ་ཐ་ན་དཔྱའ་ཁྲལ་དོད་དངུལ་ཡང་མི་འཇལ་བའི་བྱ་སྤྱོད་ཅིས་མ་ལན། ཟུར་གནས་སྐྱེས་བུས་དཔང་པོ་བྱེད་རོགས། བདེན་རྒྱབ་ནས།
ཞུས་རྗེས། ཇི་སྲིད་སེམས་ཀྱི་འཇུག་པ་མ་ཟད་བར། །བསམ་ཡས་ཐེག་པའི་གྲངས་མཐར་ཐུག་པ་མེད། ། ཅེས་པ་ལྟར་བྱ་བ་ལེགས་ཚོགས་སུ་བརྩི་བ་གང་ཞིག་སེམས་ཅན་མི་ཉུང་བ་ཞིག་ལ་ཕན་གྱིན་ཡོད་པས་རང་གི་འདོད་བློར་བབས་མ་བབས་ཙམ་གྱིས་ངན་པར་བརྩི་མི་རུང་། སློབ་དཔོན་རིན་པོ་ཆེས་གངས་ཅན་པ་རྣམས་ལ་དྲིན་ཆེན་ཇི་ཙམ་བྱས་པ་ཤེས་འདོད་ན་ལོ་རྒྱུས་རྣམས་སུ་ལྟོས་དང་། ཁོང་དེས་ལུང་བསྟན་ཡང་མང་པོ་བྱས་ཡོད་པ་རྣམས་རང་ཅག་གིས་ད་ལྟ་ལྟར་ཡིད་ཆེས་མ་བྱས་པས་ལན་པ་ལ་ངོས་ལེན་བྱེད་རྒྱུ་ལྟ་ཞོག ད་རུང་ཁ་བཏང་ན་དེ་ལས་འབྲས་མ་རྩིས་པ་རང་མ་རེད་དམ། གནས་ཆུང་ཡང་དེ་དང་འདྲ་པོ་ཆགས་ཀྱི་འདུག ལུང་བསྟན་གང་བྱས་པ་དེ་ནས་ཞབས་རིམ་ཙམ་མ་གཏོགས་དབུས་སྒྲིག་བཙུགས་དང་གླིང་འདིར་ཁྱད་ཆོས་མང་ལྡན་གྱི་གངས་ལྗོངས་དང་གངས་ཕྲུག་ལ་ལྷག་བསམ་ཟེར་བ་ཐ་ན་དཔྱའ་ཁྲལ་དོད་དངུལ་ཡང་མི་འཇལ་བའི་བྱ་སྤྱོད་འདིས་ཅིས་མ་ལན། ཟུར་གནས་སྐྱེས་བུས་དཔང་པོ་བྱེད་རོགས། བདེན་རྒྱབ་ནས།
དྲ་ལྟ་ཚོ། ཆོས་སྲིད་ཟུང་འབྲེལ་ཟེར་བ་གོ་ཐོས་འེ་མྱོང་།
རིག་པ་དང་མཐུན་པའི་གཏམ་སྨྲ་མཁན་རྣམས་མྱུར་ཏུ་ཕེབས་ཤོག སྤྲུལ་བའི་བསྟན་སྲུང་ཆོས་རྒྱལ་ཆེན་པོ་མཆོག་ལ་སྐུར་འདེབས་ལོག་ལྟ་བྱས་པས་མ་རྟོག་ལོག་རྟོག་གི་སྒྲིབ་པ་སེལ་འདོད་ཡོད་པ་རྣམས་ཕེབས་དང་། ངས་ཕན་སེམས་འོ་མས་ཁྱེད་ཅག་ལ་ཆོས་རྣམ་འབྱེད་ཀྱི་བློ་མིག་སྩལ་ཆོག བདེན་པ་རྒྱལ་ལོ། རྣམ་དཔྱོད་རྒྱལ་ལོ། ཤེས་རབ་རྒྱལ་ལོ།
གནས་ཆུང་ལ་རེ་བ་ལས་སོ་སོས་རྣམ་དཔྱོད་བེ་སྤྱོད་གནང་ན་དགའ།
ཕུན་ཁང་ཁྱོད་ཤ་རེ་ཚ
གནས་ཆུང་ལ་ཁ་བཏོང་མཁན་ཚོ་ལ་ངས་དྲི་རྒྱུ་ཞིག་ལ། གོང་ས་མཆོག་ནས་གནས་ཆུང་གིས་ནམ་ཡང་བསླུ་མ་མྱོང་བར་གསུང་ཡོད་པ་མ་ཟད། གནས་ཆུང་ལ་ཡིད་ཆེས་གནང་སྟེ་བྱ་བ་གལ་ཆེན་རིགས་རྣམས་ལུང་ཞུ་གནང་བཞིན་འདུག་ན། ད་འོ་ན་ཁྱེད་ཚོ་གོང་ས་མཆོག་ལས་ཀྱང་ལྷག་པའི་རྣམ་དཔྱོད་ཅན་ཞིག་ཡིན་ནམ། འདིར་གནས་ཆུང་ལ་ཁ་གཏོང་མཁན་མང་པོ་ཞིག་གི་སྐད་ཆ་ནི་ཕྱོགས་ཞེན་གྱི་དུག་གིས་གཟི་བའི་ཀླག་བཅོལ་ཙམ་ལས་གང་ཡང་མི་འདུག ད་དུང་འགའ་རེས་གནས་ཆུང་མཉམ་དུ་སློབ་དཔོན་རིན་པོ་ཆེ་ཡང་དྲུད་ཡོང་བ་ནི་དོལ་རྒྱལ་སེམས་གཏིང་ནས་བློས་མི་ཐོང་མཁན་ཚོ་ལོས་ཡིན་འདོད།
ལྐོག་འགྱུར་ཡིན་པས་ང་ཚོའི་ཁ་གཏོང་ན་ཡག་པོ་ཡོད་མ་རེད། ང་ནི་ལྷ་དང་སྲུང་མར་ཡིད་ཆེས་ཡོད་མཁན་གྱི་མི་ཞིག་ཡིན། ལྷག་པར་བོད་ཆོས་ལྡན་གྱི་ཞིང་དུ་སྐྱེས་ཤིང་འཚར་བྱུང་བའི་མི་ཞིག་ཡིན་ལ། དྲིན་ཅན་གྱི་ཕ་མ་རྣམ་གཉིས་ཀྱིས་དུས་ཚོད་ནམ་ཁོམ་ལ་ཆོས་ཀྱི་བསླབ་བྱ་གནང་གི་ཡོད་པས་བག་ཆགས་བཟང་པོ་ཞིག་སེམས་རྒྱུད་ལ་བཞག་འདུག་གོ། དེར་བརྟེན་ནས་ང་ནི་ལྷ་དང་སྲུང་མ་ཡིད་ཆེས་ཡོད་དོ།
འོ་རེད། ཐད་ཀར་བརྗོད་ན་གནས་ཆུང་མི་འགྲིག་ཟེར་འཁན་ཚོས་སྔ་ཕྱི་མ་གཏོགས་༧རྒྱལ་བ་ཡིད་བཞིན་ནོར་བུས་མི་སྒརིག་ཟེར་ངེས། ཅིའི་ཕྱིར་ཟེར་ན་དེ་བསྟེན་པའི་ཕྱིར། དེར་རྟེན་ད་ཁ་རོག་འདུག་ཨེ་གོ
ཞུས་རྗེས། འོ་རེད། ཐད་ཀར་བརྗོད་ན་གནས་ཆུང་མི་འགྲིག་ཟེར་འཁན་ཚོས་སྔ་ཕྱི་མ་གཏོགས་༧རྒྱལ་བ་ཡིད་བཞིན་ནོར་བུས་མི་སྒྲིག་ཟེར་ངེས། ཅིའི་ཕྱིར་ཟེར་ན་དེ་བསྟེན་པའི་ཕྱིར། དེར་རྟེན་ད་ཁ་རོག་འདུག་ཨེ་གོ
དྲ་གྲོགས་དབང་འདུད་ལགས།
དང་པོར། བསྐྱེད་རྫོགས་ཀྱི་གདམས་པ་ཟབ་མོ་གོ་ཐོས་ཙམ་ཡང་མེད་པ་གསལ་པོ་ཡིན་པའི་དགོན་ཆེན་རྣམས་ནས་སྒྲོལ་མ་འུར་འདོན་བྱས་པས་ཞབས་རིམ་གྱི་གོ་མི་ཆོད་པའི་གྲས་ནས་དགོན་ཆེན་གཅིག་གི་མཚན་དངོས་སུ་སྨྲོས་ནས་དཔེ་མཚོན་འཇོག་རོགས། དེ་ནས་འདུས་ཚོགས་ནས་སྒྲོལ་མ་འུར་འདོན་གནང་བས་ཞབས་རིམ་གྱི་གོ་མི་ཆོད་པའི་རྒྱུ་མཚན་ལུང་དང་བཅས་པ་གསུང་རོགས།
གཉིས་པར། བོད་མི་རྒས་གཅོང་རྣམས་མཉམ་འཛོམས་ཀྱིས་སྒྲོལ་བསྟོད་གསོགས་སྒྲུབ་བྱས་པ་ཙམ་གྱིས་གནས་ཆུང་གིས་ལུང་བསྟན་པའི་སྒྲོལ་མ་བསོགས་སྒྲུབ་ཀྱི་གོ་གང་ནས་ཆོད་ཟེར། འོ་ན་གནས་ཆུང་གིས་རྒྱལ་བའི་སྐུ་ཕྱཱ་དང་འབྲེལ་བའི་ཞབས་རིམ་ཕེབས་སྐབས། རྡ་རམ་ས་ལའི་རྒས་གསོ་ཁང་གཙོས་གཞིས་ཆགས་ཁག་གི་སྤྱི་ཁང་སོ་སོར་སྒྲོལ་མ་དང་མ་ཎི་གྲངས་གསོག་བྱེད་དགོས། སྐུ་སྒེར་ཡིག་ཚང་དང་བོད་གཞུང་ཆོས་རིག་ལས་ཁུངས་ནས་ལོ་ལྟར་བཀའ་ཡིག་ཆད་མེད་ཕེབས་ཀྱི་ཡོད་པ་གནས་ཆུང་གི་བཀའ་དང་འགལ་བ་ཡིན་ནམ། འོ་ན་རྒྱལ་བ་རིན་པོ་ཆེས་བཀའ་ཡིག་དེ་ཚོ་མཁྱེན་གྱི་མེད་པ་ཡིན་ནམ། ལར་ནས་གནས་ཆུང་གི་ལུང་བསྟན་མང་ཆེ་བར་བོད་མི་སེར་སྐྱ་ཕོ་མོ་རྒན་གཞོན་ཡོངས་ཀྱིས་རྒྱལ་བའི་སྐུ་ཕྱཱའི་ཞབས་རིམ་གསོག་སྒྲུབ་དགོས་གལ་ཆེ། ཟེར་བ་མ་གཏོགས་གསང་སྔགས་ཀྱི་རྟོགས་པ་ལྡན་པ་གཅིག་པུས་སྤྱི་རིམ་སྒྲུབ་དགོས་གང་དུ་གསལ་འདུག
དེ་མིན་དྲ་སྟེང་དུ་གང་བྱུང་འཕགས་པའི་འདུས་སྡེར་བཀུར་འདེབས་ཞུས་པ་དང་། རྒྻུན་དུ་སྤྱི་རིམ་སྒྲུབ་མཁན་དད་ལྡན་མང་ཚོགས་རྣམས་ལ་ཁྱད་གསོད་འཕྱ་སྨོད་བོར་ནས་གནས་ཆུང་གཡས་སྐྱོབ་གཡོན་སྐྱོབ་ཀྱི་ཐབས་ཤེས་ནི་མི་འོས་པ་ཞིག་ཡིན།
དེའི་མཇུག་ཏུ་ཟླ་བཀྲས་ཕུན་ཁང་ཟེར་བས་ཁོ་བོའི་གནས་སྐབས་ཀྱི་དྲ་འཛིང་གི་འཐབ་གྲོགས་སུ་དབང་འདུད་ཀྱིས་དྲང་རབས་བརྗོད་པ་ནི།
རྩམ་པའི་ཁས་རྒྱག་བུལ་གྱིས་བྱས།
རླུང་བུས་འཁྱེར་ན་འཁྱེར་མཉམ་ཡིན་ཟེར་བ་དང་ཁྱད་ཅི་ཡོ།ད།
དྲ་གྲོགས་འགའ་རེས་གནས་ཆུང་ཡང་དག་ཡིན་པ་སྒྲུབ་སླད་རྟགས་སྦྱོར་འགའ་གནང་འདུག། འོནད་ཀྱང་ང་ཚོས་གནས་ཆུང་རེ་བོ་དགེ་ལྡན་དང་སྔ་འགྱུར་རྙིང་མའི་ཆོས་སྲུང་ཡིན་པས། དེས་དབང་གིས་ཟུར་ཟ་དང་། ཕྲག་དོག་འཐེན་འཁྱེར་ཞིག་རྩ་བ་ནས་མིནལ། ༧གོངས་ས་མཆོག་ལ་དེ་བས་ཀྱང་ག་ལ་ནུས། ངས་ལྟ་ན་དེང་དུས་དུས་རབ་ཉེར་གཅིག་ཡིན་ཙང་། འཛམ་བུ་གླིང་གི་མི་རྣམས་དང་ང་ཚོ་བོད་མི་རྣམས་ཀྱིས་དཔུང་པ་མཉམ་གཤིབ་ཤིག་བྱེད་འདོད་ཡོད་ཚེ། ཀླད་རྙིངས་དེ་ཚོ་ཞི་དྲག་བེ་སྤྱོད་མ་གནང་ན་ཡག་ཀྱིན་རེད། ད་དུང་སྔོན་མ་ནང་བཞིན་ང་ཚོས་ལྷ་ལ་རེ་བ་འདྲ་བཅོལ་བྱས་ནི་བསྡད་ན། རྗེས་ལུས་ཀྱི་རྣམ་པ་ལས་དམིགས་གསལ་གང་ཡང་ཐོབ་རྒྱུ་མ་རེད་ལ། དེ་ལས་བོད་མིས་ཀུན་སློང་དང་ཀུན་སྤྱོད་ཆབ་སྲིད་ཀྱི་ལྟ་བསྒྲུབ་བཅས་གང་ཐད་ལ་འགྱུར་བ་ཅི་ཐུབ་ཅིག་གནང་ན། ད་བཟོད་རྗེས་ལུས་ཀྱི་རྣམ་པ་དེ་དག་འགྱུར་བ་ཞིག་ག་ལེར་ག་ལེར་ཐེབ་ཐུབ་པ་སྨྲོས་མེད་རེད། མ་ཟད་དེ་སྔོན་རེ་བ་ཡོད་ཚད་ལྷ་ལ་བཅོལ་ཏེ་དོན་མེད་ཀྱི་སྟོང་བསྒུག་དེ་དག། ཞི་ནས་རྒྱུ་མེད་ཀྱི་འབྲས་བུ་དང། མ་གཉིད་པས་རྨིན་ལྟས། སྟོང་བསམ་གྱི་འགྲམ་ཆུ་ལས་མ་འདས་པར་ལོས་རྟོགས། ད་ལྟ་རང་རེ་༧གོངས་ས་མཆོག་གིས་དབུ་ཁྲིད་ནས་དམངས་གཙོའི་ལམ་ལ་ཤར་རྒྱག་གི་བརྒྱང་བསྐྱོད་གནང་རྒྱུར་གང་འགང་ཆེ་བས། དུས་རབ་ལ་དཔག་པའི་བྱ་སྤྱོད་ཞིག་རང་ཅག་བོད་མི་སྤྱི་བོར་གནམ་བསྟན་ཡོངས་ཀྱིས་མཛད་གལ་ཆེ་བར་སྙམ།
ཁྱེད་ཀྱིས་བཤད་ཀྱིན་པའི་དུས་རབས་ཉེར་གཅིག་པ་ཟེར་བ་དེ་ཕལ་ཆེར་ཨ་རི་སོགས་ཡིན་ ཤས་ཆེ། ཨ་རི་གཞུང་གི་རྩ་ཚིག་གང་རེད། IN GOD WE TRUST ང་ཚོས་ཡིད་ཆེས་དཀོན་མཆོག་ལ་ཞུ། ཟེར་བ་དེ་རེད།
དེང་རབས་ཟེར་བ་མ་གཏོགས་ནུབ་ཕྱོགས་རྐུབ་ལ་རྒྱུག་ཡེ་རེད་འདུག ང་རང་ཚོ་བོད་པར་ག་རེ་འདང་གིན་མི་འདུག ཁོང་ཚོར་དཔེ་ལེན་དགོས་དོན་ཅི་ཡིན། རྒྱུ་ནོར་ཆེན་པོ་ཡོད་པས་ཡིན་ནམ། སྟོབས་ཤུགས་ཆེ་བས་ཡིན། གང་ལྟར་ཀྱང་རྒྱ་མིར་མིག་དཔེ་ལྟ་དགོས་འཁེལ་བར་འགྱུར་ཏེ་ད་ལྟའི་ཆར་རྒྱ་ནག་ལ་འགྲན་ཕོད་མཁན་སུ་ཡོད། ཨ་རི་གཅིག་པུ་རེད། ད་ཨ་རི་ཡང་ཁག་པོ་ག་ཚོད་ཆགས་ཀྱི་མིན་འདུག
ངའི་འདོད་པ་གོང་བཤད་ཟིན་པ་དེ་ལ་རེ་ཟུང་གི་བསྟོད་པ་དང་། རེ་ཟུང་སྨད་པ་གནང་འདུག རྣམ་པ་ཚོས་རང་གི་རྣམ་དཔྱོད་བེད་སྤྱད་ནས་བོད་མིའི་ཤེས་འབྱོན་གོང་དུ་སྤེལ་བའི་ལྷག་བསམ་དང་འབྲེལ་ནས་བྲིས་པ་ཡིན་ངེས་པས་ཕྱོགས་གཉིས་ཀར་རྗེས་སུ་ཡི་རང་ཡོད། ངས་བྲིས་པ་ཁག་དེ་སྔོན་ཞབས་བརྟན་སྒྲུབ་མཁན་རྣམས་ལ་འཕྱ་དམོད་ཀྱི་ཆེད་དུ་བྲིས་པ་མིན་མོད། གོ་རྒྱུ་དེ་ལས་མེད་ན་ངའི་ནོར་འཁྲུལ་ཡིན་ངེས་པས་དགོངས་སེལ་ཞུ་རྒྱུ་དེ་ངས་ལས་འགན་ཞིག་རེད།
རྒྱུན་དུ་ང་ཚོའི་སེམས་ལ་ཉར་རྒྱུ་ཞིག་ནི། རྩོམ་ཡིག་གང་ཡང་རུང་བར་ལེགས་ཆ་སྤེལ་བའི་ནུས་པ་ཁྱད་པར་ཅན་མཐོང་ཚེ་དེའི་ཉེས་ཆ་ཁོ་ནར་བཙལ་ནས་ཉེས་ཕྱོགས་སུ་མི་བསྒྱུར་རྒྱུ་དེ་ནི་ང་ཚོའི་ལས་འགན་གལ་ཆེན་ཞིག་ཡིན་ངེས། སྤྱི་དམངས་གཙོ་དང་སྨྲ་བརྗོད་རང་དབང་ཅན་གྱི་དྲྭ་ལམ་འདི་བེད་སྤྱད་ནས་རང་གི་བསམ་ཚུལ་ཕྱི་གསལ་ནང་གསལ་གནང་རྒྱུ་དེ་ནི་བོད་མི་རྣམས་སྨྲ་བརྗོད་རང་དབང་གི་ལམ་དུ་ཁྲིད་རྒྱུའི་ཐབས་ལམ་ལེགས་ཤོས་ཤིག་ཡིན་པར་སེམས། འོན་ཀྱང་བེད་སྤྱོད་ལོག་ལམ་ཁ་ོན་མ་སོང་བ་གནང་དགོས་ལ། རྒྱུན་རིང་ཞིང་གསོ་བའི་དཀའ་བའི་དམངས་གཙོའི་ཞན་ཆ་རྣམས་ཐབས་སྣ་ཚོགས་ཀྱི་སྒོ་ནས་གླེངས་ཐུབ་པ་བྱ་དགོས། ང་ཚོའི་བོད་མིའི་དམངས་གཙོའི་ཞན་ཆ་རེ་ཟུང་ནི་བོད་མིའི་རིག་གཞུང་གོམས་སྲོལ་དང་འདྲེས་ནས་ཡོད་པས་ཤིན་ཏུ་བཅོས་དཀའ་བ་ཞིག་ཡིན།
ཡང་གྲྭ་གྲོགས་རེ་ཟུང་གིས་གསུངས་དོན། (བསྐྱེད་རྫོགས་ཀྱི་གདམས་པ་ཟབ་མོ་གོ་ཐོས་ཙམ་ཡང་མེད་པ་གསལ་པོ་ཡིན་པའི་དགོན་ཆེན་རྣམས་ནས་སྒྲོལ་མ་འུར་འདོན་བྱས་པས་ཞབས་རིམ་གྱི་གོ་མི་ཆོད་པའི་གྲས་ནས་དགོན་ཆེན་གཅིག་གི་མཚན་དངོས་སུ་སྨྲོས་ནས་དཔེ་མཚོན་འཇོག་རོགས། དེ་ནས་འདུས་ཚོགས་ནས་སྒྲོལ་མ་འུར་འདོན་གནང་བས་ཞབས་རིམ་གྱི་གོ་མི་ཆོད་པའི་རྒྱུ་མཚན་ལུང་དང་བཅས་པ་གསུང་རོགས།) དེ་ལྟར་གནད་དུ་ཁེལ་བའི་བཀའ་འདྲི་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དགོན་ཆེན་རེ་ཟུང་མཚན་སྨོས་སླ་ཞིང་། ནང་པའི་མདོ་སྔགས་སྤྱི་དང་། ལྷག་པར་དུ་གསང་སྔགས། རིག་སྔགས། གཟུངས་སྔགས་ཀྱིས་ལས་སྒྲུབ་ཚུལ་ལ་གོ་མྱོང་ཡོད་མཁན་ཞིག་ཡིན་ཚེ། ཐབས་དེ་དག་ལ་བརྟེན་ནས་ལས་སྒྲུབ་པ་ལ་གང་ཟག་དེ་དམིགས་བསལ་ཞིག་དགོས་པ་ལུང་རིགས་ཀྱིས་སྒྲུབ་སླ་བ་ཞིག་ཡིན་མོད། མང་དུ་སྤྲོས་ན་དབྱེན་དཀྲུགས་དང་འཕུང་འཁྲོལ་གྱི་རྒྱུར་བསྒྱུར་ཉེན་འདུག་པས་རེ་ཞིག་བཞག་ན་ལེགས་པར་མཐོང་།
བགྲོ་གླེང་གནད་ལ་ཁེལ་བ་བྱེད་རྒྱུ་གལ་ཆེ་མོད། འོན་ཀྱང་བོད་གཞུང་དང་འགལ་ཚུལ། ༧གོང་ས་ཡིད་བཞིན་ནོར་བུ་དང་འགལ་ཚུལ། ཆོས་བརྒྱུད་ཁག་གི་བླ་ཆེན་རྣམས་དང་འགལ་ཚུལ་སོགས་སྨྲས་ཏེ། སྨྲ་བརྗོད་རང་དབང་གི་སྒོ་འགོགས་ཐབས་རྩ་བ་ནས་གནང་མི་རུང་། ཕྱོགས་དེ་ཁོ་ནར་ཆེད་དུ་ཞེན་ན་དྲྭ་གྲོགས་གཞན་གྱི་སྨྲ་བརྗོད་ལ་འགོག་རྒྱ་ཞིག་རང་བཞིན་ཆགས་རྒྱུ་རེད།
འོ་ཡ་ད་ཡིན་ན་བོད་པ་ཚང་ལ་ཡིད་ཆེས་ནི་དཀའ་ཡ་
ཏ་ལི་བླ་མས་ད་ལྟ་བར་དུ་མཆོད་པ་ཕུལ་
ཕྲིན་ལས་བཅོལ་ ལས་ལ་བསྐུལ་ཚད་ཐམས་ཅད་རྨོངས་དད་ཡིན་པར་སྒྲུབ་ཀྱི་
ཚམ་རེ་གནས་ཅུང་གི་ཕྱག་ནས་ཡིན་ཞེས་ཀུན་གྱི་དད་གུས་དང་ཡིད་ཆེས་
ཚམས་རེ་ཡིད་ཆེས་མེད་ཞེས་ དེ་ལྟར་ཆོས་སྐྱོང་ཞེས་པ་དེ་བླ་མའི་སྐུ་ཡི་རོལ་བ་ལས་
སྒྲུབ་པ་མ་རྟོགས་རང་འདོད་ཀྱི་ལྟ་བ་ གཞན་སྤྲུགས་ཀྱི་ལས་ལ་བཙོན་མཁན་གྱི་གནས་ཅུང་
ཞིག་ཡོད་ཚོད་མ་རེད་དོ། ལྷ་དང་ཆོས་སྐྱོང་སྲུང་མ་ཞེས་པ་དེ་
ལུང་རྟོགས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ལ་ཕྲིན་ལས་སྒྲུབ་མཁན་མ་རྟོགས་གང་ཟག་གེར་གྱི་ལས་ཁན་
འཇིག་རྟེན་འཁོར་བའི་བྱ་ཞག་དགྲ་འདུལ་སྙེན་སྐྱོང་ཁོ་ན་ལ་བཙོན་མཁན་ཞིག་མ་ཡིན་པ་ཡིད་ཆེས་༡༠༠ ཐམས་པ་ཡོད་དོ།
སོ་སོའི་ལས་འབྲས་ལ་གཙིས་མེད་གཏང་ད་དུང་གནས་ཅུང་ཀ་སྐྱོན་ དེ་འགྲ྄ི་བོད་པ་ཧམ་པ་ཆེ་བ་ལ།
ཀྱེེེ་གནས་ཆུང་ལ་ཐུབ་པའི་བསྟན་པ་འདི་མི་ཉམས་གོང་འཕེལ་
ཉམས་པ་སླར་གསོ་ལ་འབད་རོགས་གནང་
བླ་མ་ལ་ཡིད་ཆེས་མེད་པ་
ཆོས་ལ་དད་པ་མེད་པ་
ཚེ་འཆི་མ་མི་དྲན་པ་
ཚད་མེད་བཞི་ཁ་ལ་ཡོད་ཀྱང་
སེམས་ན་མེད་པ་ བྱང་ཆུབ་སེམས་མཆོག་རིན་པོ་ཆེ་ཁ་ནས་འདོན་ཀྱང་
སེམས་ནང་ན་དེ་ལས་ལོག་པ་གཞེ་སྡང་གི་མེ་འབར་བ་དེ་འདྲ་བའི་ཕྱིན་ཅི་ལོག་ཀྱང་ཀྱང་ལ་འབད་
ད་དུང་ཡེ་ཤེས་པའི་སྤྱན་དང་ལྡན་པ་རྣམས་ལ་ཡིད་ཆེས་མེད་པ་འདྲ་བུ་མི་ཁྱེད་ཚོས་ད་ལྟ་བར་དུ་ག་རེ་བྱས་ཡོད་
རང་ལ་ལྟོས་དང་ཧ་གོ་གི་རེད་ོ།
མཆན་ཞོག་མཁན་ནང་མི་རིགས་ལར་ཞེན་ཅན་ཡང་ཡོད་སྲིད། སེམས་ཤུགས་ཅན་ཡང་ཡོད་སྲིད། དོལ་རྒྱལ་ལྡན་བསྟེན་མཁན་ཡང་ཡོད་སྲིད། རྒྱ་མའི་རྒྱུགས་ཁྱི་ཡང་ཡོད་སྲིད། གང་ལྟར་གཞན་ལ་སྟོད་མི་དགོས། རང་གིས་བྱེད་པས་ཆོག གཞན་ལ་དམོད་མི་དགོས། རང་གིས་མ་བྱེད་པས་ཆོག ཟེར་བ་ལྟར་གནང་རོགས། བོད་རྩ་དོན་ཐོག་གང་བཟང་དང་གང་དགོས་གཅིག་ཀྱང་གླེང་རྒྱུ་མེད་པར་མ་འགྲིག་པ་རྐྱང་དང་། ཁ་ཆག་རྣ་རལ་རྐྱང་བཤད་ནས་སུ་ལ་ཕན། རྩད་གཅོད་པ་ལས་དགག་པ་བྱེད་པ་ལ་དགའ་བ་འདི་འུ་ཅག་གི་གཤིས་ལུགས་ཡིན། ཟེར་བ་དངོས་འབྲེལ་ལྟ་བུར་མཐོང་། གང་འཁོ་གང་བཟང་ནས་གླེང་ནས་མི་རིགས་ཀྱི་ཤེས་ཡོན་གོང་འཕེལ་གཏོང་རོགས་གནང་།
“ལྷག་པར་སྤྱི་དོན་བསོད་ནམས་བསགས་པ་ནི་ཤིན་ཏུ་ནས་འགལ་རྐྱེན་ཆེ་ཞིང།” འདི་ད་ལྟའི་ལུང་བསྟན་རེད།
“ལོ་འདིར་དབྱར་གྱི་དུས་སུ་འཕགས་པའི་ཡུལ་གྲུར་ནུབ་བྱང་མཚམས་སུ་འབྱུང་བའི་གནོད་འཚེ་ཡོད་ནའང།” འདི་མ་འོངས་པའི་ལུང་བསྟན་རེད།
ཁེ་མཚར་ ཀརྨ་ཡེ་ཤེས་དང་ ལུང་ཤར་ཚེ་སྟོབས་གཉིས་ དགའ་ལྡན་ཕོ་བྲང་གིས་ཆབ་སྲིད་སྐུ་དབང་ བཀའ་སྤྱི་གཉིས་ལ་གནང་བ་ལས་ དགའ་ལྡན་ཕོ་བྲང་བསྡུ་གསོགས་སྐྱོན་མེད་པ་ཤེས་མིན་འདུག་གོའ་ དེའི་སྐོར་༧གོང་ས་མཆོགས་ནས་བཀའ་སློབ་ཐེང་མང་གནང་སོང་བས་ དགའ་ལྡན་ཕོ་བྲང་ཁྲི་ལོར་བསྟན་པར་ཤོགས་་གཞིས་བྱེས་གཉམ་འཛོམས་ཡོང་བ་ཤོགས།
ང་ཚོ་བོད་པ་ལ་ཕམ་ཉེས་བྱུང་བའི་འབྲས་བུ་དེ་ངེས་པར་དུ་ལང་ལེན་གནང་དགོས་ངེས་རེད། དེར་རྟེན་ལེགས་ཆ་ཞིག་རྒྱ་མིར་ཡོད་ན་ང་ཚོས་དཔེ་ངེས་པར་ལྟ་དགོས། ནོར་འཁྲུལ་གྱི་རིགས་རང་ཅག་བོད་པ་ལ་ཡོད་འང་སྤོང་དགོས་པ་དངོས་འབྲེལ་ཡིན་པས་ཤེས་དགོས། སྤྱི་ཡོངས་ཀྱི་ཆ་ནས་རང་ཅག་རྣམས་ནང་པ་ཡིན་པས་ཞབས་རྟེན་དང་སྐུ་རིམ་གནང་གལ་ཆེ་ན་ཡང་། མིས་མ་འཇོན་པས་ཚང་མར་ལྷར་བཅོལ་ན་འཛམ་བུ་གླིང་གི་མིའི་མདུན་ན་སྐྱུག་བྲོ་བ་དང་ངོ་ཚ་རོགས་ལས་མ་འདས་སོ། འོནད་ཀྱང་ངས་ལབ་ན་ལས་འབྲས་དང་མཆོག་གསུམ་ལ་དུས་ནམ་ཡང་ཡིད་ཆེས་མ་བྱེད་རོགས་གཏན་ནས་ལབ་པ་མིན། རང་ཅག་བོད་མིས་ལས་འབྲས་གཙིགས་སུ་རྩི་བས་འདིས། རང་ཅག་ལ་ཤེས་ཡོན་གྱི་རྗེས་ལུས་ཐེབ་ཀྱང་འཛམ་བུ་གླིང་གི་མི་རྣམས་ཀྱིས་ཡིད་ཆེས་དང་། བློ་འགེལ་ཆོག་ཆོག་གནང་བ་དང་། ཡ་རབ་དང་བཟང་སྤྱོད་ཅན་དུ་རྩི་བ་དེ།
གཅིག་ནི་གོངས་ས་མཆོག་གི་སྐུ་དྲིན་དང་། གཉིས་པ་ནི་ནང་ཆོས་ཀྱི་ཁྱད་ཆོས་ངོ་མ་དེ། ལས་འབྲས་ལ་གཙིགས་ཆེར་གནང་པས་འབྲས་བུ་ལས་མ་འདས་སྙམ། དེར་བརྟེན་ངས་ཡང་ཡང་འབོད་བསྐུལ་ཞུ་རྒྱུ་ཞིག་ནི་མིས་འཇོན་པའི་ལས་ཀ་ངོ་མ་ཞིག་ལ་མིས་སྒྲུབ་པ་ཐུབ་པ་བྱེད་རྒྱུ་ལས་ལྷ་ལ་མ་བསྐུལ་རོགས། དེ་བོད་གཞུང་དམངས་གཉིས་ཀའི་ནང་དུ་མཐོ་དམན་སུ་ལ་ཡང་གཅིག་མཚུངས་སུ་ཞུ་རྒྱུའི་རེ་བ་དེ་ཡིན།
སྙིང་མ་རྗེ སྙིང་མ་རྗེ ཁ་ནས་གང་ཡོང་དང་སེམས་ནས་ཅི་དྲན་བཤད་འབྲི་བྱེད་པའི་མི་དེ་ཚོ་སྙིང་མ་རྗེ། གཅིག་གིས་གཅིག་ལ་ཡར་བསྟོད་མེད་པར་རྐང་སྣེ་མར་འཐེན་བྱེད་མཁན་དེ་ཚོ་སྙིང་མ་རྗེ། རང་གིས་ཅང་མི་ཤེས་པར་གཞན་ལ་ཁ་གཏོང་མཁན་དེ་ཚོ་སྙིང་མ་རྗེ། མཁས་པར་འདོད་ནས་རྩོམ་ཡིག་སྤེལ ཁ་ཕོ་ཆེ་ནས་རང་མཚང་གཏོལ་མཁན་ཚོ་སྙིང་མ་རྗེ། ཕྱིན་ཆད་ནས་ཕན་ཐོགས་སྐྱེད་ཅིག་བཤད་རྒྱུ་མེད་ན་གནོད་བྱེད་ཀྱི་མི་དགོས་པའི་གང་བྱུང་བྲི་བར་སྙིང་པོ་གང་ཡང་མི་འདུག་པ་མཁྱེན་སྣང་མཛོད།
འཇམ་རུང་གི་སྐད་ཆ་དེ་སྔོན་མ་མི་བཞི་མཉམ་དུ་ངག་བཅད་བསྙུང་ནས་བསྡད་སྔ་མ་གསུམ་གིྱས་རིམ་པས་སྐད་ཆ་བཤད་ཤོར་ནས་ངག་བཅད་ཉམས་པ་དང་། མཐའ་མ་མི་གཅིག་ངག་བཅད་མ་ཉམས་པར་ཡོད་པ་དེས་ང་མ་གཏོགས་ཁྱེད་ཚོ་ཚང་མ་ངག་བཅད་ཉམས་སོང་་་་། ལབ་པའི་སྒྲུང་དེ་དང་འདྲ་ཆོས་གང་འདྲ་མིན་འདུག་གམ
སྙིང་རྗེ་དགོས་ས་དངོས་གནས་དེ་ཁྱེད་རང་རེད་འདུག་ག སོ་སོའི་གདོང་སྒང་གི་དྲག་པ་དེ་མ་མཐོང་བར་གཞན་གྱི་ལྷམ་མཐིལ་གྱི་རྡུལ་ལ་ཟུར་ཟ་བྱས་ནས་ཅི་ཕན།
ཁོ་བོ་ལྟ་བུར་མཚོན་ན་གྲྭ་བཙུན་བྱས་ནས་མི་ལོ་ཉི་ཤུ་ལྷག་ཕྱིན་ཡང་། ཞར་དང་ཞོར་ལ་མ་གཏོགས་ཆེད་དུ་དམིགས་ཏི་སྐང་གསོལ་གྱི་རིགས་ཉི་མ་གཅིག་འདོན་མ་མྱོང་ཡང་། ཆོས་སྲུང་རྣམས་ནས་ཁ་འཛིན་རྒྱུན་ཡོང་གི་ཡོད་པ་ནི་མྱོང་འཚོར་གྱི་ངེས་པ་བརྟན་པོ་ཞིག་ཡོད།།
ད་དེ་ལྟ་མ་གནང་། དྲ་ཐོག་ནས་གནས་ཆུང་ལ་ཡིད་ཆེས་ཡོད་མེད་ཐད་འོས་ཤོག་ལྡུག་རོགས། འོས་ཤོག་ཡོད་མེད་གཉིས་ཀྱི་གང་ལ་མང་ན་དེ་གཞི་འཛིན་བྱེད་ཆོག་གི་རེད།
སྔར་ལྷ་ས་རྒྱ་དམག་གིས་མནན་ཅིང་ཕོ་བྲང་ནོར་བུ་གླིང་ཀ་བོད་མི་མང་གིས་བསྐོར་ནས་༧གོང་ས་མཆོག་གི་སྐུ་ཕྱྭ་ཧ་ཅང་ཉེན་ཁའི་གནས་སུ་ཚུད་པའི་སྐབས། སྐུ་རྟེན་མང་དག་ཅིག་ཡོད་པའི་ནང་ནས་གནས་ཆུང་གིས་ ཅེས་༧གོང་ས་མཆོག་བཙན་བྱོལ་དུ་ཕེབས་དགོས་པའི་བཀའ་ལུང་གནང་ཞིང་། སྐབས་དེར་ལམ་ཞིག་གདམས་ན་ལེགས་ཚུལ་ཞུས་པར། ཅེས་ཡར་ལུང་གཙང་བོ་བརྒྱུད་ནས་ཕེབས་དགོས་པའི་ལུང་བསྟན་དེ་གཅིག་བུར་བསམ་ན། ང་གནས་ཆུང་ཆོས་རྒྱལ་ཆེན་པོར་བསྐལ་བའི་བར་དུ་ཡིད་ཆེས་་དང་། བཀའ་དྲིན་ཞུ་འདོད་ཡོད། གནས་ཚུལ་དེ་དག་གསལ་བོར་ཤེས་འདོད་ན། ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ནང་དུ་གསལ་བོར་བཀོད་ཡོད། དེས་ཕྱིར་དྲ་གྲོགས་ཚོས་དོན་མེད་རྙོག་གཏམ་གྱི་རི་ལུང་མ་འགེངས་རོགས།
གནས་ཆུང་གི་བཀའ་ལུང་གོང་དུ་ཁ་སྐོང་ནང་དུ་བཀོད་ཡོད་མོད། གར་སོང་ཆ་་མེད་དུ་གྱུར་འདུག
བཀའ་ལུང་འདི་ལྟར། ངེད་ཀྱི་ནང་ནོར་བདེ་བ་ཆེན་པོ་དེ། ཕྱི་བཤོལ་མེད་པའི་སྐུལ་མ་འདེབས་རེ་རན། ཅེས་དང་
ཆུ་བོ་རབ་མེད་ཁ་ཡངས་ལ་འདྲེ་ང་ཡིས་གྲུ་ཤན་བཙུགས་པས་ཆོག ཅེས་གསུངས་ཡོད
༧གོང་ས་མཆོག་གནས་ཆུང་ལམ་སྟོན་བྱེད་དགོས་པར་ཐུག་ཡོད་ན། ༧གོང་ས་མཆོག་ཐམས་ཅད་མཁྱེན་པ་མ་ཡིན་པས་ཕེབས་ལམ་ཙམ་ཡང་མི་མཁྱེན་པ་ཤིག་བཟོས་འདུག ཧཧཧཧ ད་དུང་བོད་མི་འབུམ་ཕྲག་རྒལ་བར་གནས་ཆུང་གིས་བཀའ་ལུང་མ་ཐེབས་ཀྱང་བཙན་བྱོལ་དུ་འབྱོར་ཡོད། དེ་དག་གནས་ཆུང་འབྲེལ་བ་མེད།
ད་ཡིན་ན་”‘འདྲེ་ང་ཡིས”ཟེར་བ་དེས་མ་ཆོག་པ་མི་འདུག ༸གོང་ས་མཆོག་གི་གསུང་ལས། “ངས་སྐབས་རེར་གནས་སྐྱོང་དང་དགའ་གདོང་སོགས་ལ་འདྲི་གི་ཡོད་ཀྱང་དེ་དེ་ག་རང་དུ་མ་བཞག་པར་རང་ངོས་ནས་བརྟགས་དཔྱད་མཐིལ་ཕྱིན་བྱེད་ཀྱི་ཡོད།”ཅེས་གསུངས་སོ། དེས་ན་མི་སྒེར་པ་ཚོས་ལུས་ངག་ཡིད་གསུམ་དྲེགས་པ་ཞིག་ལ་འབུལ་མི་འབུལ་རང་དབང་ཡིན་ཡང་། བོད་མིའི་སྒྲིགས་འཛུགས་ཀྱིས་དེ་ལྟར་བྱེད་མི་རུང་། སྐབས་རེར་ལི་ལི་སྐྱགས་པ་རྡོ་ཐོག་ལ་ཐུག་པ་ལོས་ཀྱང་ཡོད་དེ་དེ་ལྟས་དབང་ཡིན་པ་ལས་ནུས་མཐུ་ཞིག་མ་ཡིན། གནས་སྐྱོང་ལ་རེ་བ་ཆེན་པོ་མི་རྒྱག རྒྱ་ནག་ལ་སོང་ནས་རྒྱ་དཔོན་ཚོ་བསད་ཤོག་ཡང་མི་ཟེར། བོད་རང་ས་རང་ཡུལ་ནས་རྒྱའི་དཔོན་ངན་ཚོ་ལ་ཆོ་འཕྲུལ་སྟོན་དང་། དཔོན་ངན་ཚོ་བོད་ལ་འདུག་མི་ཐུབ་པ་ཞིག་བཟོས་དང་། མ་མཐའ་ཡང་བོད་རིགས་རྒྱའི་རྒྱུགས་ཁྱིར་གྱུར་བ་ཚོར་དེ་ལྟར་གྱིས་དང་།
ཁ་ཅིག་ན་རེ། སྐུ་མདུན་གྱིས་གཙོས་བོད་མི་རྣམས་བཙན་བྱོལ་ལ་྄ཕེབས་པར་གནས་ཆུང་དང་འབྲེལ་བ་མེད་ཟེར། འོ་ན་སྐབས་དེར་རྒྱ་གར་ལ་ཕེབས་མི་ཕེབས་ཀྱི་ལུང་ཞུས་པར་གནས་ཆུང་ནས་”དུསལབབས”ཅེས་བཤད་པ་དེ་མ་འགྲོ་ཟེར་བ་ཨེ་རེད། དེ་རྩ་བ་ནས་མ་ཡིན་སྙམ། དེས་ན་དངོས་ཡོད་གནས་ཚུལ་ཤེས་ནས་སྐད་ཆ་ཤོད་དགོས་པ་དེ་ཁོ་བོས་འཁྲུལ་མེད་དུ་རློམ་པའི་རྩ་དོན་ཡིན། ཁྱེད་རྣམ་པས་ཀྱང་བདེན་པའི་རྒྱབ་ལངས་བྱེད་མ་ཐུབ་ཀྱང་གཟུགས་མེད་གྲིབ་བཟོ་མི་བྱེད་རྒྱུའི་རེ་བ་ཡོད། བདེན་རྒྱབ་ཀྱིས་བཟང་རེ་བཅས།
བདེན་རྒྱབ་ལགས། བོད་ཚང་མ་རྒྱ་མིན་བཟས་ཚར་ནས་ད་གཟོད་གནས་ཆུང་གིས་དུས་བབ་ལབ་པ་རེད་བ། དེ་ནོར་འཁྲུལ་རེད། དེ་ལུང་བསྟན་མ་རེད། དེ་མིག་ཡིད་ཤེས་པས་ཧ་གོ་བརེད། གལ་ཏེ་ཇི་བཞིན་མཁྱེན་པའི་གནས་ཆུང་ཆོས་སྐྱོང་ཞིག་ཡིན་ན་བོད་ས་མ་ཤོར་སྔོན་ལ་བཀའ་ལུང་ཕེབས་ན་དེ་ནས་དངོས་གནས་ལུང་བསྟན་རེད། མ་གཏོགས་རྨོངས་རྟུལ་རྣམ་པས་བཟོ་ལྟ་ག་ཚོད་བཀོད་ན་ཡོན་པོ་ཡོན་པོ་རང་ལས་ནམ་ཡང་གྲུ་བཞི་ཆགས་སྲིད་ཀྱི་མ་རེད། གོ་བ་ལོན་ཨི་ཐལ།
མཆན་ཨང་བརྒྱ་བཅོ་ལྔ་པ། ཁྱོད་རང་གིས་ཟེར་ན་གནས་ཆུང་ཡེ་ཤེས་མིག་ལྡན་རྣམ་མཁྱེན་རྒྱུད་ལྡན་ཞིག་ཟེར་ན། དེ་འདྲའི་བསྟོད་པ་བཏོང་དགོས་རྒྱུ་ཅང་མེད། སྐབས་དོན་ཁྱོད་རང་གིས་ཟེར་རྒྱུ་དེ་བྱས་ན་ཤི་རྒྱུ་ཧ་གོ་ན་སྐྱེ་བ་མ་ལེན་ཟེར་བ་མིན་ནམ། དེ་འདྲ་ཡིན་ན་ཆོག་གི ཁྱོད་ཟ་མ་མ་ཟ་ཨང་ཡང་སྐྱར་ལྟོགས་ངེས་ཟེར་ན་འགྲིག་བཟོ་ཨེ་འདུག མི་འགྲིག་ཁོ་ཐག་རེད། མ་ཟད་དང་ནས་གནས་ཆུང་དང་མནའི་དྲིན་ཅན་དུ་མས་མ་འོངས་ལུང་བསྟན་དང་དེ་ཙམ་མིན་པར་དེ་དག་གི་ཟློག་ཐབས་སོགས་ཇི་ཙམ་གསུངས་འདུག དེ་དེ་ཁྱོད་རང་གིས་གོ་དང་མ་གོ་ལ་ཁྱད་མེད། དེ་དུས་ཀྱི་མྱི་ཕལ་མོ་ཆེས་ཤེས་གསལ་རེད། འོན་ཀྱང་དེ་ལ་སྣང་ཆུང་དང་ལས་འབྲས་ཁྱད་དུ་སད་པས་ཁྱོད་སོགས་ངེད་གངས་ཅན་པ་རྣམས་ཀྱི་དགྲ་བོའི་བསམ་མདུན་གྲུབ་པ་རེད། ཁྱོད་རང་གིས་བྱས་བདེན་བདེན་ཨེ་རེད། ཨེ་གོ
གནས་ཆུང་སོགས་ལྷ་ཀླུ་གཞི་བདག་སོགས་ལ་གསེར་སྐྱེམས་དང་གསོལ་བསྟོད་དགོས་པ་རྒྱུ་མཚན་གང་ཡིན་ཤེས་དགོས། ང་ཚོའི་འབྱུང་འགྱུར་གྱི་ལས་དོན་ཁག་གང་འདྲ་ཡོང་མིན་ཤེས་པས། ཁོ་ཚོས་ཤེས་པའི་དབང་དུ་བྱས་ནས་བཟའ་བཏུང་དང་པོ་ཁོང་ཚོར་ལ་མཆོད་ཀྱིན་ཡོད་རེད། ཡིན་ནས་ཁོ་ཚོས་ཅི་ཡང་མི་ཤེས་པའི་ངང་ནས་རྫུན་ལུང་ཤ་སྟག་སྟོན་ན་ང་ཚོ་འུ་ཐུག་གི་མ་རེད་དམ། དེ་བཞིན་བོད་མི་རིགས་དཀའ་སྡུག་འདི་འདྲ་མྱོང་བཞིན་པའི་སྒང་ལ་ཅི་ཡང་ཕན་ཐོག་གི་མི་འདུག བོད་མི་སུམ་ཅུ་ལྷག་མེར་བསྲེགས་སོང་། དེ་བཞིན་གཞིས་ལུས་ག་ཚོད་བཙོན་བཅུག་ཚར་མ་རེད་དམ། ཡང་ན་ངོ་ཚོས་གསེར་སྐྱེམས་ཆང་རགས་འབུལ་མང་དྲག་ཡོད་ས་རེད། ཁོང་རྣམས་བཟི་ཡོད་པ་འདྲ། ར་རོ་མཐའ་མ་སེམས་མེད་རོ་ལྟར་གྱུར་ཞེས་པ་ཆགས་མིན་འགྲོགས་བསམ་པའི་མཚམས་རེ་དྭོགས་པ་ཡང་སྐྱེས་ཡོང་གི་འདུག སྤྱིར་སངས་རྒྱས་ཆོས་ལུགས་ནང་ལ་ལྷ་གཞི་བདག་སོགས་འཇིག་རྟེན་དྲེགས་པའི་ལྷ་སོགས་གསོལ་དགོས་རབས་མེད་པས། དེ་བཞིན་དེང་སང་བོད་མི་རིགས་དཀའ་སྡུག་མྱོང་བཞིན་པའི་དེང་སྐབས་ལ་ཕན་གང་ཡང་ཐོག་གི་མི་འདུག ངོ་མ་ང་ནི་ཡིད་ཆེས་རང་བཞིན་བརླག་འགྲོ་ཡི་འདུག དགོངས་དག ངོ་མ་རྨོངས་དད་ཡོང་ས་མ་རེད།
ང་ཚོའི་འབྱུང་འགྱུར་གྱི་ལས་དོན་ཁག་གང་འདྲ་ཡོང་མིན་མི་ཤེས་པས། ཞེས་བཅོས་དགོས།
ཆོས་དང་རང་མོས་རེད། གནས་ཆུང་ལ་དད་ན་དད་ཆོག་རེད། དེ་ལ་དད་པར་ཁྱོད་ཚོས་ངན་བཤད་ཀྱི་འབར་ཤ་ལྡིར་མི་ཆོག བཀའ་སྤྱིས་ཐབས་ཤེས་གང་དྲག་བྱེད་ཀྱིན་པའི་ནང་ནས་བཀའ་ལུང་ཞུས་པ་འདི་ཆ་ཤས་གཅིག་རེད་མ་གཏོགས་ཁོང་གིས་གང་གསུངས་པ་དེ་སྒྲིག་འཛུགས་ཀྱིས་ལྟ་གྲུབ་ཏུ་འཇོག་གི་མེད། ལར་ནས་ཆོས་ཁས་ལེན་དང་མ་ལེན། དེ་ལ་ཡང་ཡག་སྡུག་གི་རྣམ་དབྱེ་འཇོག་པ མི ངལ་བ་ཙམ་རེད། འོ་ན་ལྡོག་ཕྱོགས་ནས་བཀའ་ལུང་གིས་བོད་བསྟན་སྲིད་ལ་ག་རེ་གནོད་སོང་། སྟོན་རྒྱུ་ཞིག་ཡོད་དམ། གོང་དུས་འགས་གུ་རུའི་སྐུ་བཞེངས་ནས་བོད་པ་རྒྱུ་མེད་མཁན་ཚོའི་འཚོ་བ་ལ་གནོད་སོང་ཟེར། བཙན་བྱོལ་ནང་དེ་འདྲའི་སྤྲང་པོ་དཀོན་པོ་རེད། དགེ་བསྐུལ་འདིར་རང་གིས་ལྕོག་ཚོད་ཀྱིས་ཞལ་འདེབས་ཕུལ་བ་བཙན་དབང་སོགས་ལོག་འཚོ་སོགས་དང་འབྲེལ་བ་མེད།
མཆན་ཨང་༡༡༩ པས་བཤད་པ་བདེན། མཆན་ཨང་༡༡༧གྱིས་ཟེར་ན་ནང་པར་སྲོལ་མཆོད་ཀྱི་ལུགས་སྲོལ་མེད་ཟེར། ཐག་རིང་ས་ནས་བཤད་ན་བཅོམ་ལྡན་འདས་ཀྱིས་འཕྲོག་མ་བུ་ལྔ་བརྒྱའི་ཆེད་སྐུ་ཞོགས་ཚོས་ཟས་ལྷག་ཆང་བུ་སྤྲད་དེ་གཞན་གྱི་ཕྲུ་གུར་གནོད་མ་སྐྱོལ་གསུངས་པ་དེ་སྲོལ་མཆོད་ཅེས་མིང་ཐོན་པོ་བཏགས་མ་བཏགས་ཙམ་ལས་རྔན་པ་བྱིན་ནས་འཕྲིན་ལས་བཅོལ་བ་ཅིག་མཚུངས་རེད། དེ་བཞིན་ན་ལེན་དྲར་མགོན་ནག་མཆོད་པ་རེད། ཉེ་ས་ནས་བཤད་ན་ད་ལྟ་གནས་ཆུང་མཆོད་འཁན་དགེ་ལྡན་པ་དང་བདག་པོ་རྒྱག་འཁན་རྙིང་མ་རེད་འོ་ན་དེ་ཚོ་ནང་པ་མིན་པར་ཟེར་ན་མ་གཏོགས་དངོས་ཡོད་གནས་ཚུལ་དེ་འདྲ་རེད། མ་ཟད་ལུང་རྫུན་གང་ཞིག་ནམ་ཞིག་བཤད་ཐལ། གཏམ་བཤད་པ་ལ་ཁུངས་སྐྱེལ་རྒྱུ་མེད་ན་གཏམ་འཆལ་རེད། ཨེ་གོ
མཆན་མང་པོ་བཏབ་འདུག་མོད། བགྲོ་གླེང་དངོས་གནས་བྱ་ཐུབ་མི་འདུག ཧམ་བཤད་རྐྱང་རྐྱང་རེད། བཀྲས་ཕུན་ཁང་དབང་འདུས་གཉིས་ནི་དངོས་གནས་ཚད་ལྡན་རེད། དེ་མིན་ཆུ་ཚོད་འཕྲོ་བརླག་རང་རེད།
རང་ཉིད་ཀྱི་ངོས་ནས་བཤད་ན་གནས་ཆུང་ཆོས་རྒྱལ་ཆེན་པོར་མྱོང་བ་མངོན་སུམ་གྱི་སྟེང་ནས་ཡིད་ཆེས་བརྟན་པོ་ཡོད། བོད་རྒྱ་དང་འདྲེ་སུ་སླེབས་ནས་ཅི་ལྟར་སྨྲས་ཀྱང་། བསྟན་པའི་ངང་ཚུལ་ཤེས་ནས་སྟོན་པ་ལ་གསུངས་བ་བཞིན་བླུན་པོ་ཆུ་སྣ་གར་ཁྲིད་ཅིག་མིན་པའི་གདེང་སྤོབས་འདུག གནས་ཆུང་ཆོས་རྒྱལ་ཆེན་པོ་རྒྱལ་ལོ། བོད་མི་རིགས་རྒྱལ་ལོ།
གནས་ཆུང་ལ་དད་མ་དད་རང་མོས་རེད། ལུང་བསྟན་ཞུས་མ་ཞུས་རང་མོས་རེད། བཀའ་ལུང་གནང་མ་གནང་གནས་ཆུང་ཁོ་རང་གི་རང་མོས་གཙང་མ་རེད། དེ་དག་ནི་སྒེར་གྱི་གནད་དོན་ཞིག་རེད། འོན་ཀྱང་གཞུང་འབྲེལ་གྱི་ཆབ་སྲིད་གནད་དོན་གྲོས་ཚོགས་ཀྱིས་གྲོ་གླེང་ལྷུག་པོ་གནང་ནས་ཐག་གཅོད་གནང་དགོས་པའི་གནད་དོན་ཞིག་རེད་མ་གཏོག་གཟུགས་མེད་ལྷ་འདྲེ་ལ་བཀའ་འདྲི་ཞུ་དགོས་པའི་གནད་དོན་ཞིག་རྩ་བ་ཉིད་ནས་མ་རེད། དེས་ན་གྲོས་ཚོགས་ཀྱི་མཚན་ཉིད་མ་ཚང་བ་རེད། མ་གཞི་གནས་ཆུང་
ལ་སོགས་ཆོས་སྐྱོང་སྲུང་མར་འབོད་པ་ཚང་མར་ཡེ་ཤེས་སྤྱན་ཡོད་ཚུལ་དང་མངོན་ཤེས་དང་རྫུ་འཁྲུལ་ལྡན་ཚུལ་སྨྲ་བ་དེ་ལྐོགས་གྱུར་ཞིག་མ་རེད་པས། གལ་ཏེ་མངོན་ཤེས་མངའ་བ་དང་རྫུ་འཁྲུལ་ལྡན་པ་ཡེ་ཤེས་སྤྱན་མངོན་སུམ་ལྡན་ཡོད་ན་རྫོགས་རྒྱུ་མེད་པའི་བོད་ཀྱི་དཀའ་རྙོག་འདི་ཡོང་མི་སྲིད་པ་ཞིག་རེད། རྒྱུ་མཚན་བཀའ་བཀོད་དམ་བཞག་མཛད་ཡོད་པ་རེད་ལ་བོད་མི་རིགས་ཀྱིས་མི་རབས་ནས་མི་རབས་གསོལ་གསོལ་མཆོད་མཆོད་རྒྱུན་ཆད་མེད་པར་བྱས་པས། ལྟོ་ཞོགས་གང་བཟས་ན་གཞན་ཉིན་གང་ཟེར་བ་ལྟར་མ་མཐར་ཡང་ལྟོ་གླ་འཇལ་དགོས་ངེས་རེད། འོན་ཀྱང་མངོན་ཤེས་དང་རྫུ་འཁྲུལ་མི་ལྡན་ལ་ཡེ་ཤེས་སྤྱན་མེད་པའི་མེད་རྟགས་སྔར་ནས་བསྟན་ཚར་བ་རེད། དེ་ཚོ་དངོས་ཐོག་བདེན་འཚོལ་གྱི་སྐད་ཆ་བཤད་དགོས་པ་རེད་མ་གཏོག་དད་པ་ཙམ་གྱི་རྗེས་འབྲངས་དང་ལུགས་སྲོལ་ཙམ་གྱི་རྗེས་སུ་འབྲངས་སྡད་ན་ཅང་ཕན་ནི་མ་རེད། མ་གཞི་གཟུགས་མེད་ཀྱིས་ག་རེ་ལས་ཐུབ་ཀྱི་རེད། མངོན་ཤེས་དང་རྫུ་འཁྲུལ་ལྡན་པ་སུས་ཤེས་པ་རེད། ཡེ་ཤེས་སྤྱན་ཡོད་པ་སུས་མཐོང་བ་རེད་ཞེས་འདྲི་ཡི་ཡོད།
ངོ་ནས་བཤད་ན་ཆོས་ལུགས་པས་ཆབ་སྲིད་ཀྱི་འགན་ཁུར་ན་དུས་རབས་དང་རན་པོ་མེད་པར་མཐོང་ནས་ ༧གོང་ས་མཆོག་ནས་ཀྱང་ཆབ་སྲིད་ནས་དགོངས་པ་ཞུས་པ་ལོས་ཡིན། ད་གནས་ཆུང་དང་ཟ་ཟུར་གྱི་ཆ་ང་ཆུང་ངེ་དེ་ཚོས་ད་དུང་ཅིག་འགན་ཁུར་བསྡད་ཡོད་ཟ་རེད། དེང་སང་གི་གཞོན་ནུ་དེ་ཚོ་ཡང་ཡ་མཚན་རེད། སྐུབས་སྟེགས་སྟེང་དུ་མ་སླེབས་སྔོན་དུ་ལྷ་བླ་མས་ཆབ་སྲིད་ལ་འགན་ཁས་པ་ནི་མི་འགྲིག་ཚུལ་ལོ་རྒྱུས་དང་དཀྲུགས་ནས་བཤད། རིག་པའི་གཞུང་ལུགས་དང་བསྲེས་ནས་བཤད། འགྲེལ་བཤད་དང་ཡང་འགྲེལ་ལུང་པ་མི་ཤོང་པར་བཤད་ན་ཡང་། གཞོན་ནུ་དེ་ཚོའི་ལག་ཏུ་སླེབས་ན་ཡང་བསྐྱར་གནས་ཆུང་སྐུ་བརྟེན་གྱི་སྐེ་ནས་བཙུར་བ་དེ་ཡང་ཡ་མཚན་རེད།
གནས་ཆུང་ལ་ཞེ་དྲག་སྡིག་གིན་མ་འདུག བཟང་རུང་ངན་རུང་བོད་གཞུང་གི་ཡིན་ན་མིན་ན་ཞིག་རེད་ལ། ལྷག་པར་དུ་༧སྐྱབས་མགོན་རིན་པོ་ཆེས་ཡིད་ཆས་བློས་བཏད་གནང་ས་གཙོ་བོ་ཞིག་རེད་འདུག ཁྱེད་ཚོར་གནས་ཆུང་ལ་སྡིག་དགོས་དོན་ཤོད་ཅེས་དྲིས་ན་་་་ལན་ལ་བོད་ཤོར་དུས་ཅིག་ཅིག་མིག་མིག་བྱས་མ་སོང་ཟེར་བ་ལས་གཞན་མི་འདུག་ག ངོ་མས་སྡིག་འདོད་ན་ད་བར་དུ་གནས་ཆུང་གིས་༧གོང་ས་མཆོག་དང་བོད་གཞུང་གང་ནས་བསླུས་འདུག་ཤོད་དང་དེ་ནས་ང་ཚོས་སྡིག་ཆོག་གི་རེད་ལ་རྩ་མེད་དུ་བཟོ་ཡང་ཆོག་གི་རེད་པ།