ཤར་ཕྱོགས་ཁུག་རྟ།
དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་ཕྱི་ཚེས ༢༦ ་ཉིན་རྒྱལ་ས་ལྡི་ལིར་ཞལ་ཆེམས་དོན་ཚན་ལྔ་བཞག་སྟེ་རང་ལུས་མེར་བསྲེགས་བཏང་བ་ཀུན་ལ་མངའ་ཆུབ་བཞིན། ད་ལྟ་ལྡི་ལི་ནས་བཞུགས་སྒར་དུ་སྐུ་ཕུང་གདན་འདྲེན་ཞུ་བཞིན་པ་དང་ཉིན་རྒྱབ་ཆུ་ཚོད ༥ ཙམ་ལ་བཞུགས་སྒར་དུ་སླེབས་ཐུབ་པའི་ཚོད་དཔག་གནང་གི་ཡོད་པ་རེད། ཡིན་ནའང་། སྐབས་འདིར་སྐད་ཆ་ཚིག་གཅིག་ཞུ་འདོད་པ་ནི། ད་ལྟ་ཁོང་གི་བློས་གཏོང་ཁྱབ་བསྒྲགས་ཀྱི་གནང་སྒོའང་འཛམ་གླིང་འདིར་མི་དམན་ཙམ་གྲུབ་ཡོད་པས། རྒྱལ་སྤྱིའི་སྟེང་བདེན་པ་མདུན་ལ་བཤམས་ན་ད་ནི་གླེང་སློང་ཅི་ཙམ་བྱ་མིན་བོད་མི་ཚོར་དེ་ཙམ་རག་ལས་མེད་ཀྱང། ད་ལྟ་ང་ཚོའི་མདུན་དུ་བཞག་ཅིང་ལག་ཏུ་བབས་ཡོད་པ་ཞིག་ནི་སྐུ་ཕུང་ང་ཚོར་ཡོད་པའི་དཔའ་བོ་ཁོང་ཉིད་ལ་འདས་མཆོད་གཟབ་རྒྱས་ཤིག་ཞུས་ནས་དཔའ་བོ་དཔའ་མོ་ ༣༢ ཀྱི་བཀའ་དྲིན་རྗེས་དྲན་ཞུ་དགོས་པ་དེ་རེད།
གནད་འགག་གི་སྐབས་འདིར་ང་ཚོས་རང་གི་ལྟ་གྲུབ་ཙམ་དང་ཚོར་སྣང་ཙམ་ལ་བདེན་ཁ་ཕྱིན་ནས་དཔའ་བོ་དཔའ་མོ་དེ་དག་གི་མངོན་འདོད་དང་ཞབས་རྗེས་ཡར་སྐྱོག་མར་བསྒྱུར་མ་གནང་བར། དོན་དམ་གྱི་ཆིག་སྒྲིལ་གནང་སྟེ་ཁོང་རྣམས་ལ་རྗེས་དྲན་དང་ཁོང་རྣམས་ཀྱི་དགོངས་གཞི་ཉམས་ལེན་ཞུ་རྒྱུའི་དམ་བཅའ་འཇོག་དགོས་ཤིང་། དེ་རིང་སྐུ་ཕུང་བཞུགས་སྒར་དུ་སླེབས་མ་ཐག་རང་གཞུང་ལ་རྩིས་སྤྲོད་གནང་སྟེ། གཞུང་འབྲེལ་ཐོག་ཉིན་བརྒྱ་དུས་གཅིག་ཏུ་སྐུ་ཕུང་སྦྱིན་བསྲེགས་གནང་ན་ཤིན་ཏུ་ཕན་རླབས་ཆེ་བར་བསམས།
དབུས་བོད་མིའི་སྒྲིག་འཛུགས་ཀྱིས་དབུས་མཐའ་ཁག་ཏུ་བཀོད་ཁྱབ་བཏང་སྟེ་བཙན་བྱོལ་བོད་མིའི་ཞིག་ཆགས་དགོན་སྡེ་སློབ་གྲྭ་ཁག་རྣམས་མ་ཟད། ཧིན་བོད་མཛའ་ཚོགས་རྣམས་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་སྐུ་ཚབ་འཐུས་མི། རྒྱ་བོད་མཛའ་ཚོགས་ཁག་གི་སྐུ་ཚབ་འཐུས་མི། བོད་ཀྱི་གྲོགས་པོ་སྒེར་བ་སྙན་གྲགས་ཅན་བཅས་བཞུགས་སྒར་དུ་གདན་འདྲེན་ཞུས་ཏེ་དཔའ་བོ་འདི་དག་ལ་འདས་མཆོད་གཟབ་རྒྱས་ཤིག་ཞུས་ཏེ་ལོ་རྒྱུས་དེབ་ཐེར་དུ་བཀོད་པ་ཡིན་ན། ཅི་སྲིད་ནམ་མཁའ་ནམ་གནས་ཀྱི་བར་དུ་དཔའ་བོ་འདི་དག་གི་ཞབས་རྗེས་གནས་བར་སེམས་ལ། དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་ལ་མཚོན་ན་ད་ལྟ་བོད་ཀྱི་མི་རབས་གསར་པར་སྐབས་དེའི་དངོས་བྱུང་མཇལ་རྒྱུའི་ལོ་རྒྱུས་ཀྱི་རྗེས་ཤུལ་མང་པོ་མེད་པ་འདིའང་ཉམས་མྱོང་ཞིག་ཅི་ལ་མིན།
ང་ཚོ་གཞུང་མང་གཉིས་ནས་དོན་སྙིང་ལྡན་པའི་འདས་མཆོད་གཟབ་རྒྱས་དེ་འདྲ་ཞུས་པ་ཡིན་ན། སྐབས་དེར་ཆོས་ཕྱོགས་ནས་བླ་ཆེན་རྣམ་པས་དཔའ་བོ་དེ་དག་གི་རྗེས་ཤུལ་ནང་མིར་བསྔོ་སྨོན་འཚམས་འདྲི་ཞུ་སའི་སྡིངས་ཆའང་ཆེན་པོ་ཞིག་ཆགས་ངེས་ལ། སྲིད་ཕྱོགས་ནས་བཀའ་སྤྱི་གཉིས་ཀྱིས་མཚོན་པའི་ལས་ཀྱི་སྣེ་མོ་བ་དག་གིས་དབུ་ཁྲིད་ཀྱི་ཁྱད་ཡོན་ངོམས་ས་དང་ལམ་སྟོན་གནང་ས། སྙིང་དོན་རྩ་དོན་ཐོག་ཆིག་སྒྲིལ་གྱི་གོ་སྐབས་བླ་ན་མེད་པ་ཞིག་རེད་འདུག དེ་བཞིན་རང་རེའི་མི་མང་རྣམས་ལའང་ཆིག་སྒྲིལ་བྱ་དགོས་པའི་སེམས་ཚོར་འགྲན་དུ་མེད་པ་ཞིག་སྐབས་དེར་སྤྲོད་ངེས་པས། ནོར་བུ་རང་ལ་ཡོད་དུས་ནོར་བུའི་ནོར་སྙིང་ངེས་པར་དུ་ལོན་ཤེས་པ་ཞིག་གནང་དགོས་གལ་ཆེ་བར་མཐོང་ལ།
སྐབས་དེར་ང་ཚོ་བོད་གཞུང་མང་ཡོངས་ཀྱིས་རྡོག་རྩ་གཅིག་སྒྲིལ་གྱིས་དཔའ་བོ་འདི་དག་གི་མངོན་འདོད་༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས་པ་ཁོ་ན་རྒྱ་ནག་གཞུང་གི་མགོར་འཕྲེད་ཀྱིས་བཞག་ཆོག་ཅིང་། ༧རྒྱལ་བ་རིན་པོ་ཆེ་ཅི་ལྟར་གདན་འདྲེན་ཞུ་མིན་ལ་སྐུ་ཚབ་རྣམས་དང་དུས་ཡུན་རྒྱས་བཅད་ཀྱིས་བཀའ་མོལ་གནང་དགོས་པའི་འབོད་སྐུལ་ཚ་ནན་བྱས་པ་ཡིན་ན། བཙན་བྱོལ་བོད་གཞུང་མང་གི་ནུས་པ་ཁ་འཐོར་དུ་མི་འགྲོ་བ་ཉག་ཅིག་ཡིན་ཞིང་། ༧རྒྱལ་བ་རིན་པོ་བོད་དུ་གདན་འདྲེན་ཞུ་དགོས་པའི་སྒྲུབ་ཐབས་འཛིན་སྐྱོང་བཀའ་ཤག་ནས་ཀྱང་ཐད་ཀར་བོད་ནང་འབོད་སྐུལ་ཞུ་དགོས་ཤིང་། ཚེ་སྲོག་གི་འགྲོ་གྲོན་མེད་པར་བོད་ས་སྟོད་སྨད་ཡོངས་ནས་འདི་ཕྱིའི་སྐྱབས་གནས་༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་རྒྱུ་ཆོས་དད་རང་མོས་ཀྱི་གཞི་རྩའི་ལྟ་གྲུབ་དང་སྦྱར་ནས་འབད་བརྩོན་གནང་ན། བོད་མི་ཁྲི་ཁྲག་འབུམ་ཕྲག་སྡེབས་ལངས་ཀྱིས་ཞི་བའི་སྒོ་ནས་ཁྲིམས་སྒྲིག་ཁག་གི་འབྲུ་དོན་དང་མཐུན་པར་རྩོད་རྒྱུ་འབད་བརྩོན་བྱས་པ་ཡིན་ན་སྐབས་དེར་བོད་མི་ཚང་མས་སྐྱོར་བསྡད་པའི་ཆིག་སྒྲིལ་ཟེར་བ་དེའི་ཟིལ་ཤུགས་གཟུགས་ཅན་གྱི་རྣམ་པར་མིག་ལ་མཐོང་རྒྱུ་ཞིག་ཏན་ཏན་ཡོང་གི་རེད།
གཞོན་ནུའི་ལས་ཁུངས་མདུན་སྐུ་ཕུང་གདན་འདྲེན་ཞུ་རྒྱུ་གྲ་སྒྲིག་ཞུ་སྐབས་ཡིད་ལ་གང་དྲན་ཤར་མར་བྲིས།
ཆིག་སྒྲིལ་བྱོས། གཞུང་མང་ཆིག་སྒྲིལ་བྱོས། ཆིག་སྒྲིལ་བྱོས། དབུ་མ་རང་བཙན་པ་རྣམས་ཆིག་སྒྲིལ་བྱོས། ཆིག་སྒྲིལ་བྱོས། དོན་ལ་གྲུབ་འབྲས་ཐོན་རྒྱུར་དམིགས་འབེན་བྱོས། བོད་རྒྱལ་ལོ། ༧གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག
ང་ནི་འདི་ལ་ཡོངས་སུ་འཐད་སོང་། ངེས་པར་དུ་དེ་འདྲ་བྱ་དགོས་ངེས་རེད། ལྷག་དོན་དུ་མཇུག་གི་སྐད་ཆ་༼ ༧རྒྱལ་བ་རིན་པོ་བོད་དུ་གདན་འདྲེན་ཞུ་དགོས་པའི་སྒྲུབ་ཐབས་འཛིན་སྐྱོང་བཀའ་ཤག་ནས་ཀྱང་ཐད་ཀར་བོད་ནང་འབོད་སྐུལ་ཞུ་དགོས་ཤིང་། ཚེ་སྲོག་གི་འགྲོ་གྲོན་མེད་པར་བོད་ས་སྟོད་སྨད་ཡོངས་ནས་འདི་ཕྱིའི་སྐྱབས་གནས་༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་རྒྱུ་ཆོས་དད་རང་མོས་ཀྱི་གཞི་རྩའི་ལྟ་གྲུབ་དང་སྦྱར་ནས་འབད་བརྩོན་གནང་ན། བོད་མི་ཁྲི་ཁྲག་འབུམ་ཕྲག་སྡེབས་ལངས་ཀྱིས་ཞི་བའི་སྒོ་ནས་ཁྲིམས་སྒྲིག་ཁག་གི་འབྲུ་དོན་དང་མཐུན་པར་རྩོད་རྒྱུ་འབད་བརྩོན་བྱས་པ་ཡིན་ན་སྐབས་དེར་བོད་མི་ཚང་མས་སྐྱོར་བསྡད་པའི་ཆིག་སྒྲིལ་ཟེར་བ་དེའི་ཟིལ་ཤུགས་གཟུགས་ཅན་གྱི་རྣམ་པར་མིག་ལ་མཐོང་རྒྱུ་ཞིག་ཏན་ཏན་ཡོང་གི་རེད།༽འདི་ཚོ་ལ་ཡིད་ཆེས་ཡོད་ལ། སྔར་ནས་འདི་འདྲ་ཞིག་བྱས་ན་ཡག་ས་རེད་སྙམ་སྟེ་ཡོད་པས་ངེད་གཉིས་བསམ་ཚུལ་གཅིག་པ་རེད།
དགོངས་དག་ཁྱོད་ཀྱི་སུག་བྲིས་ཀློག་ཉན་རྩ་ནས་བྲོ་གིན་མེད། དོན་དག་སྐུ་གཤེགས་དམ་པ་ཁོང་ལ་རྒྱབ་སྐྱོར་གྱིས་རྣམ་པ་བསྟན་ཡོད་ཤས་ཆེ། དེ་ནི་ཁྱོད་ཙམ་མ་ཟད་བོད་མི་ཡོངས་ཀྱིས་རྙོགས་གྲ་མེད་པར་མཐའ་གཅིག་ཏུ་དུར་མཆོད་བྱེད་རྒྱུ་རེད། དེ་ལ་ཁྱོད་རང་རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་ནམ་ཡང་བྱེད་མི་དགོས། དགོས་པ་ངོ་མ་དེ་ཁྱོད་རང་གི་ལས་ངག་ཡིད་གསུམ་བོད་མི་སེམས་ལྡན་ཞིག་བྱེད་ན་དེས་འགྲིགས། མི་དགོས་པར་ཇུས་མེད་ཇུས་གཏོགས་ཞི་དྲག་མ་བྱས་ན་རྣམ་ཀུན་དགེ་བས་དགོངས་ཆུང་བསྟི་བ་ཞུ།
ངས། ཁ་བཏགས་དཀར་ལ་གཙང་ཞིང་རིང་བ་ཞིག་ཁྱེད་ཀྱི་སྐུ་ཕུང་ལ་འདི་ནས་འབུལ་བཞིན་ཡོད་ལགས། བོད་རིགས་རྒྱལ་ལོ། །
འཇམ་དཔལ་རྡོ་རྗེའི་ངག་ལ་དབང་འབྱོར་ཞིང་། །བློ་གྲོས་བུམ་བཟང་ཡེ་ཤེས་བདུད་རྩིས་གཏམས། །བསྟན་འཛིན་རྒྱ་ཆེན་རོལ་མཚོ་མཛེས་པའི་རྒྱན། །འཕགས་མཆོག་ཕྱག་ན་པདྨོར་གསོལ་བ་འདེབས། ། ཨོྃ་ཨཱཿགུ་རུ་བཛྲ་དྷ་ར་བྷ་ཌྜཱར་ཀ་མཉྫུ་ཤྲཱི་ཝཱ་གིནྡྲ་སུ་མ་ཏི་ཛྙཱ་ན་ཤཱ་ས་ན་དྷ་ར་ས་མུ་དྲ་ཤྲཱི་བྷ་དྲ་སརྦ་སིངདྷི་ཧཱུཾ་ཧཱུཾ། ༸བླ་མ་རྡོ་རྗེ་འཆང་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོི་དཔལ་བཟང་པོའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ། །ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན། །ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་བཞེད་དོན་ལྷུན་གྲུབ་ཤོག། །བསིལ་ལྡན་ལྗོངས་འདིའི་ཕན་བདེ་མ་ལུས་པ། །གང་ལས་འབྱུང་བའི་བསམ་འཕེལ་ཡིད་བཞིན་ནོར། །རྒྱལ་བའི་དབང་བོ་བསྟན་འཛིན་རྒྱ་མཚོ་ཡི། །སྐུ་ཚེ་བརྟན་ཅིང་འཕྲིན་ལས་རྒྱས་གྱུར་ཅིག། །
རྩོམ་ཡིག་དང་བསམ་ཚུལ་ཡག་པོ་འདུག། རྒྱབ་སྐྱོར་ཡོད། མ་གཞི་བཀའ་ཤག་གིས་ཁ་སྟོང་ནང་གི་ཚིག་སྟོང་དེ་ལ་ཡིད་ཆེ་ཇེ་ཆུང་ནས་ཇེ་ཆུང་དུ་འགྲོ་གི་འདུག།
བཀའ་བློན་གྱི་འགྲན་རྩོད་སྐབས་བཤད་པའི་སྐད་ཆ་དེ་རླངས་པའི་ངོར་ཐུམ་ཉེན་འདུག། གང་ཡིན་ཟེར་ཉེ་སྔོན་གྲོས་ཚོགས་འཚོགས་དུས་གསུམ་པའི་ཐོག་གི་བཀའ་ཁྲིའི་གཏམ་བཤད། གསར་བཏོད་ཀྱི་འགྲེལ་བཤད་ལ་སྟོས་དང་ཡིད་ཆེ་བྱེད་ས་མི་འདུག།
འོལ་མོ་ལུང་རིང་གནས་སུ་སྐྱེ་བར་ཤོག།
ད་ང་ཚོས་དཔའ་བོ་དཔའ་མོ་དག་གི་སྙིང་སྟོབས་ལ་རྗེས་སུ་ཡིད་རིང་དང་རེ་འདུན་ལ་བརྩོན་ལེན་བྱེད་དགོས་པ་འོས་འགན་ཡིན་པ་ངས་སངས་རྒྱས་ལ་ཀ་ཁ་མི་བྱེད།ད་དཔའ་བོ་དཔའ་མོ་དག་གི་དོན་དུ ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ།
ཁ་བ་དཀར་པོ་ལགས། བོན་གྱི་གཟུངས་སྔགས་འདི་ལ་འགྲེལ་བཤད་ཤིག་གནང་རོགས་གནང་། དོན་དག་མ་ཤེས་ནས་བྲིས་པ་ཡིན།
སྐུ་གཤེགས་དམ་པ་འཇམ་དཔལ་ཡེ་ཤེས་ལགས་སུ་་་་ངས་ཀྱང་དྲི་མེད་སེམས་ཀྱི་ཁ་བཏགས་ཤིག་འབུལ་ཏེ་མྱ་ངན་གུས་འདུད་གྲངས་མེད་ཞུ་་་་་་་་་་་ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ མགོན་པོ་སྤྱན་རས་གཟིགས་ཀྱིས་ལམ་སྟོན་ལམ་སྣ་མཛད་དུ་གསོལ་་་་་་་་་་་མགོན་པོ་འོད་དཔག་ཏུ་མེད་པའི་དྲུང་དེར་ཕྱི་ལྟས་མེད་པར་འགྲོ་བར་ཤོག་་་་་་་རྩ་གསུམ་རྒྱལ་པའི་བྱིན་མཐུ་དང་་་་་་ཆོས་ཉིད་བདེ་པའི་མཐུས་་་་་སྨོན་ལམ་བཏབ་ཚད་འགྲུབ་པར་ཤོག
དུས་རབས་ཀྱི་རྒྱལ་སྲས་དམ་པ་༧འཇམ་དཔལ་ཡེ་ཤེས་སེམས་དཔའི་བླ་མེད་ཀྱི་མཛད་རྒྱས་ལ་གུས་བ་སྟོང་གི་ཡི་རངས་དང་ཕྱི་མིག་འབུམ་གྱི་རེ་སྒུག་ཡོད།
http://edition.cnn.com/2012/03/28/opinion/bradatan-self-immolation/index.html?hpt=hp_c1
༡འཇམ་མགོན་རྒྱལ་བའི་སྲས་པོའི་༥དགོངས་པའི་༦བཅུད།།
༢དཔལ་ལྡན་བཀའ་སྤྱི་གཞུང་མང་འདུས་པའི་སྡེས།།
༣ཡེ་ནས་དཀར་བའི་ལྷག་བསམ་༧ཇི་བཞིན་དུ།།
༤ཤེས་རབ་མེ་ལྕེའི་ལྷན་དུ་ཅིས་༨བསུ་བར་ངེས།།
དམར་པོའི་མེ་ལྕེས་རང་སྲེག་མཛད་ནས་དྲག་པོའི་མཚོན་ཆར་སྐྱེངས་པ་སྦྱིན།།
འཇམ་སྙན་ཚིག་གི་དགོས་འདུན་ཞལ་ཆེམས་ཞི་བདེར་བརྩོན་པའི་
ཚོགས་སུ་གནང་།།
དཔལ་ལྡན་ཐུགས་ཀྱི་དགོངས་པ་ཟབ་མོས་ཞི་བྱེས་དཔའ་བོའི་སྡོམ་ཚིག་བཀོད།།
ཡེ་ནས་རབ་གཙང་ལྷག་བསམ་དཀར་པོས་གོ་ལའི་ཁྱོན་ན་བོད་དོན་བསྒྲགས།།
ཤེས་འཇོན་གཉིས་ལྡན་སྐྱེ་འགྲོའི་ཁྲོད་ན་འདས་མཆོད་མི་བརྩོན་བློ་ཅན་སུ།།
ཆོས་པ་མིང་ཅན་ལགས ཛ་དྲག་པའི་དུས་འདིར་དཀྲུག་པ་རྐྱང་བཤད་ནས་མ་སྡོད་རོགས་
བཞུགས་འབུལ་ཟབ་ཅིང་རྒྱས་པ་ཞིག་བྱེད་རྒྱུ་ནི་འདིར་གནས་འུ་ཚང་ཚང་མའི་ལས་འགན་ཡིན་པས་བཤད་མ་དགོས། ཁོང་གིས་བཤད་བཞིན་ཡོང་བར་སྨོན།
དཔའ་བོ་དཔའ་མོ་ཚོགས་ལ།ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།འབུམ་ཕྲག་ཕུལ།
བོད་བ་ཚོ་ཕྱི་ནང་མ་ལྟོས་ཆིག་སྒྲིལ་བྱོས།ཆོལ་ཁ་མ་བཤད་ཆིག་མཐུན་སྒྲིལ་བྱོས།བོན་པན་མ་རྩོད་མཉམ་འབྲེལ་བྱོས།
བོད་རྒྱལ་ལོ
བོད་གཞུང་མང་གཉིས་ཀས་དུར་མཆོད་རྒྱས་པ་ཞིག་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ཡིན་ན་ཡང་ཉ་ཉོག་མང་པོ་མ་བཤད་ན་དགའ་གི་རེད།
སྐུ་གཤེགས་འཇམ་དཔལ་ཡེ་ཤེས།།
རང་རེའི་རྩ་དོན་ཆེད་དུ།།
རྒྱ་གར་རྒྱལ་ས་ལྡི་ལིར།།
གསོན་པོ་མཆོད་མེར་ཕུལ་བས།།
དཔའ་བོ་ཁོང་གི་བཞེད་དོན།།
ང་ཚོའི་བསྒྲུབ་པར་བྱེད་ནས།།
གངས་ལྗོངས་ཆོས་ཀྱི་ཞིང་ལ།།
རང་དབང་ཐོབ་པར་བྱེད་དགོས།།
ད་ནི་གངས་ཅན་རྣམས་པ།།
ཁ་གཡང་སྙན་པོ་མ་སྒྲོག།
རང་དབང་འཐབ་རྩོད་གནང་དང་།།
དཔའ་བོ་དཔའ་མོ་རྣམས་ཀྱི།།
ཞལ་ཆེམས་ཡིད་དུ་བཟུང་ནས།།
ནུས་ཤུགས་ཡོད་ཚད་བསྐྱོན་དང་།།
དཔའ་བོ་དཔའ་མོ་རྣམས་ལ།།
བཀའ་དྲིན་སྙིང་ནས་ཞུ་འོ།།
སྐབས་འབབ་འཇམ་དཔལ་ཡེ་ཤེས།།
དཔའ་བོ་ཁོང་གི་སྙིང་སྟོབས།།
རྟག་ཏུ་ཡིད་སྨོན་ཞུ་དགོས།།
གངས་ལྗོངས་ཆོས་ཀྱི་ཞིང་ལ།།
མི་ལུས་བཟང་པོར་ཐུབ་པའི།།
གསོལ་བ་སྨོན་ལམ་འདེབས་སོ།།
འདི་མཐོང་དུས་མིག་ཆུ་རང་དབང་མེད་པར་ཤོར་སོང་། བོད་ཀྱི་ལས་དབང་འདི་འདྲ་སྐྱོ་བ་ལ།
ཚེ་དཔག་མེད་མགོན་ལ་སོགས་ལྷ་ཚོགས་དང་།།
འདོད་ཁམས་བདག་མོ་ལྕམ་བྲལ་མཐུ་སྟོབས་ཀྱིས།།
༧ གངས་ཅན་མགོན་པོའི་སྐུ་ཚེ་བརྟན་པ་དང་།།
བོད་འབངས་ཡོངས་ལ་བདེ་སྐྱིད་འབྱུང་བར་སྨོན།།
ཞེས་སྨོན་པ་སྔོན་དུ་བཏང་ནས་རྒྱལ་གཅེས་དཔའ་བོ་ཁོང་གིས་ཐུགས་འདུན་ལྟར་༧གོང་ས་མཆོག་གིས་བཀའ་དགོངས་ཅི་སྒྲུབ་ཞུ་རྒྱུ་དང། སྤྱི་པ་ལ་སྨན་པའི་ལས་གང་ཐུབ་བྱ་རྒྱུའི་ཆོད་སེམས་བཅངས་རྒྱུ་ཡིན་ལ། དེ་བཞིན་བོད་མི་ཚང་མས་དགོངས་བསམ་ཆེ་བཞེས་གནང་བའི་རེ་བ་ཤུགས་ཆེ་ཞུ་བཞིན་མཆིས་ལགས།།
བདེ་བ་ཅན་དུ་སྐྱེ་བར་ཤོག ཨོཾ་ཨ་མི་དྷེ་བ་ཧྲི།
བོད་ཀྱི་བདེན་དོན་སླད་དུ་རང་སྲོག་དམར་པོ་འབེན་དུ་བཙུགས་མཁན།
ངེས་པ་དོན་གྱི་དཔའ་བོ་སྐུ་གཤེགས་འཇམ་དཔལ་ཡེ་ཤེས་ལགས་ལ་གུས་བཏུད་ཞུ།
ཤུལ་དུ་བཞག་པའི་རླབས་ཆེན་གྱི་དགོངས་པ་མཚོན་པའི་རེ་བའི་ཤོག་སྟེང་གི་དོན་ཚན་ལྔ་པོར་ང་ཚོ་བོད་མི་ཡོངས་ཀྱིས་སྲུང་བརྩི་ཞུ་ངེས་ཡིན།
ཁྱེད་ནི་རྡ་སའི་བསྟན་འཛིན་བརྩོན་འགྲུས་སོགས་བོད་དོན་ཁ་ལ་འཁྱེར་ནས་མིང་གྲགས་དང་རང་ངོ་མཐོར་རློམས། ད་དུང་བོད་དོན་ཕྱི་ལ་བཙོངས་ཞོར་རྒྱལ་ཁམས་ཡུལ་སྐོར་སྤྲོ་འཆམ་བྱེད་མཁན་གྱི་བོད་མི་ཅོལ་ཆུང་ཀླད་མེད་དེ་ཚོའི་མི་སྤྱོད་ལས་ཕ་མཐར་བརྒལ་ནས་གངས་ཅན་མཐོ་སྒང་དུ་སྐྱེས་པའི་ལ་རྒྱའི་བུ་ཆུང་གི་དན་རྟགས་གསལ་རྗེན་དུ་བརྟོན་པ་ནི་དཔའ་བོའི་ནང་གི་དཔའ་བོར་ངེས།
འཇམ་དཔལ་ཡེ་ཤེས་ལགས། ཁྱེད་ཀྱིས་ཚེ་སྲོག་མཆོད་མེར་སྒྲོན་པས་བོད་ནང་གི་སྐུ་གཤེགས་དཔའ་བོ་རྣམས་ཀྱི་མངོན་འདོད་རྒྱལ་སྤྱིའི་ཚོགས་སྟེང་དུ་ཁྲ་ལེམ་མེར་གཞི་ནས་གསལ་ངེས་ཡིན།
ཁྱེད་ཀྱི་ཐུགས་དགོངས་ཟབ་མོ་ཡོངས་སུ་འགྲུབ་པར་ཤོག བོད་རྒྱལ་ལོ།།
མཆན་དགུ་པ་ཀ་དག་ཆོས་དབྱིངས་ལགས། གཡུང་དྲུང་བོན་གྱི་གཟུངས་སྔགས་༼ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ་༽ཞེས་པའི་གོ་དོན་གཞུང་ལྟར་འབྲུ་འགྲེལ་བྱས་ན། ཨཱོྃ་ནི་ཐབས་ཀྱི་ཆ་ནས་རྒྱལ་བ་ཡབ་ཀྱི་ས་བོན་སྟེ་སྐུ་ལྔ་ཡེ་ཤེས་ལྔ། དེའང་ཨ་ནི་བོན་སྐུ་དང་སྟོང་ཉིད་ཡེ་ཤེས། ན་རོ་རྫོགས་སྐུ་དང་མེ་ལོང་ཡེ་ཤེས། ཟླ་ཚེས་སྤྲུལ་སྐུ་དང་སོར་རྟོགས་ཡེ་ཤེས། ཐིག་ལེ་ངོ་བོ་ཉིད་སྐུ་དང་མཉམ་ཉིད་ཡེ་ཤེས། འ་ཆུང་མངོན་པར་བྱང་ཆུབ་པའི་སྐུ་དང་བྱ་གྲུབ་ཡེ་ཤེས། མ་ནི་ཤེས་རབ་ཀྱི་ཆ་ནས་ཡུམ་ཆེན་ཐུགས་རྗེ་བྱམས་མའི་ས་བོན། ཏྲི་ནི་དམྱལ་བའི་འདུལ་གཤེན་མུ་ཆོ་ལྡེམ་དྲུག་གི་ས་བོན་སྐུ་མདོག་དམར་པོ། མུ་ནི་ཡི་དྭགས་འདུལ་གཤེན་གསང་བ་ངང་རིང་གི་ས་བོན་སྐུ་མདོག་དཀར་པོ། ཡེ་ནི་བྱོལ་སོང་གི་འདུལ་གཤེན་ཏི་སངས་རང་ཞིའི་ས་བོན་སྐུ་མདོག་སྔོ་ལྗང། ས་ནི་མིའི་འདུལ་གཤེན་གྲ་བྱིན་དོན་སྤུངས་ཀྱི་ས་བོན་སྐུ་མདོག་མཐིང་སྔོན། ལེ་ནི་ལྷ་མིན་གྱི་འདུལ་གཤེན་ལྕེ་རྒྱལ་པར་ཏིའི་ས་བོན་སྐུ་མདོག་སྔོན་པོ། འདུ་ནི་ལྷ་ཡི་འདུལ་གཤེན་ཏེ་ཡེ་གཤེན་གཙུག་ཕུད་ཀྱི་ས་བོན་སྐུ་མདོག་དཀར་པོ་བཅས། མདོར་ན་མ་ཏྲི་འབྲུ་བརྒྱད་དེ་ནི་གཡུང་དྲུང་བོན་གྱི་ཕྱོགས་སུ་རིགས་དྲུག་རང་སྦྱོང་གི་གཟུངས་སྔགས་ཡོངས་སུ་གྲགས་པ་ཞིག་གོ
རྩོམ་ཡིག་དེ་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་ཡོད་ལ། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ངེས་པར་དུ་ས་གནས་ཁག་ལ་བཀའ་བཏངཏེ་དུས་གཅིག་ཏུ་མྱ་ངན་བྱེད་རྒྱུ་ནི་བརྗོད་མི་དགོས་པ་ཡིན།
ལུང་ཤར་ཚེ་སྟོབས་ཀྱི་སྐད་ཆ་ཆོ་མི་འདུག བོད་མི་ཚང་མ་བོད་དོན་ཐོག་ཤི་དགོས་སམ། བོད་དོན་ཆེད་ཕྱི་རྒྱལ་ཁག་ཏུ་འགྲོ་ན་ཡུལ་བསྐོར་བ་རེད་དམ། གང་ལྟར་གསོན་པའི་དུས་སུ་བོད་དོན་ཐོག་ལས་འགུལ་སྤེལ་མཁན་ཚང་མར་ཐུགས་རྗེ་ཆེ། དེ་བཞིན་བོད་དོན་ཆེད་རང་ལུས་བློས་བཏང་བ་ཡང་སྔགས་བརྗོད་ཡོད། ཡིན་ནའང་ཚང་མ་དེ་འདྲ་བྱེད་ན་ལྐུགས་པ་རེད། ལས་འགུལ་རྣམ་པ་མང་པོའི་ཐོག་ནས་སྤེལ་དགོས། བོད་དོན་ལས་འགུལ་སྤེལ་ནས་སོ་སོར་དངུལ་འཕྲན་བུ་རག་ན་ཁེ་བཟང་རེད། སྤྱི་སྒེར་གང་རུང་ཁེ་ཕན་མེད་པའི་ལས་ཀ་བྱེད་ན་ལྐུགས་པ་རེད། འདི་འཛམ་གླིང་སྤྱིའི་འགྲོ་སྟངས་རེད།
རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ཀྱིས་རང་ལུས་མེ་སྲེག་བཏང་བའི་གནས་ཚུལ་འདི་ནི། འཛམ་གླིང་གི་གསར་འགྱུར་བརྒྱུད་ལམ་ཁྱབ་ཆེ་ཤོས་ཁག་ཏུ་དོན་རྐྱེན་དེ་བྱུང་ནས་ཅང་མ་འགོར་བར་ཤར་གཏོང་བྱས་ཡོད་སྟབས། བོད་ནས་མེ་སྲེག་གཏོང་མཁན་ཚོ་ལས་ཀྱང་ཁྱབ་བསྒྲགས་ཤུགས་ཆེན་པོ་བྱུང་ཡོད་ལ། དེ་སྔོན་བོད་ནས་རང་ལུས་མེ་སྲེག་བཏང་བའི་གནས་ཚུལ་ཤེས་རྟོགས་མ་བྱུང་བའི་སྤྱིར་བཏང་གི་མང་ཚོགས་དཀྱུས་མའི་རིགས་ཀྱིས་ཀྱང་དངོས་སུ་མཐོང་ཐོས་བྱུང་ཡོད་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ནས་རང་གི་ཚེ་སྲོག་དཔང་དུ་བཞག་ནས་ལས་འགུལ་སྤེལ་མཁན་རྣམ་པ་གསུམ་དང་རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་རང་ལུས་མེ་སྲེག་གི་གནས་ཚུལ་འདི་དག་ལ་བསམ་ནས་བཤད་པ་ལག་ལེན་དུ་བསྟར་མཁན་རེ་ཡོད་ཚེ། འདི་ལས་མིག་དཔེ་བལྟ་ས་ཞིག་གང་དུའང་འཚོལ་དགོས་དོན་མེད་སྙམ། ཕྱི་སྡོད་བོད་རིགས་ཚོས་རང་ལུས་མེ་སྲེག་བཏང་ན་སྙིང་བོ་མེད་ཚུལ་གྱི་སྟོང་ལབ་རྒྱག་མཁན་ཚོས་ཀྱང་རང་གིས་བསམ་མ་ཤེས་པའི་དངོས་ཡོད་གནས་ཚུལ་ལ་འདི་ལྟར་གློ་བུར་གདོང་ཐུག་རྒྱབ་པ་ལྟར་འཕྲད་ཡོང་དུས་མངོན་སུམ་ལ་བསྙོན་འཛུགས་ཀྱིས་གང་བསམ་ཁ་ནས་ལབ་བརྡོལ་མི་ཡོང་བའི་རེ་བ་ཞུ་བཞིན་ཡོད།
ཡ་ཡ་དེ་རིང་ཁྱོད་ཀྱི་ཁ་ནས་རང་གཞུང་ཟེར་བ་ཞིག་གོ་སོང་་་པོད་རྒྱལ་ལོ།
བྱ་འཕུར་ལྷུན་གྲུབ་རྒྱ་མཚོ་ལགས་ཀྱིས་རིགས་དྲུག་རང་སྦྱོང་གི་གཟུངས་སྔགས་གོ་དོན་འབྲུ་འབྲེལ་བྱས་པར་ཐུགས་རྗེ་ཆེ། ད་གཟོད་གསལ་བོར་ཤེས་སོང་། གཞན་ཁ་བ་དཀར་པོ་དང་ནེ་བཙོ་གཉིས་གཅིག་པ་རེད་འདུག དོན་དག་ཧ་ལམ་ཤེས་ཀྱིན་ཡོད་ས་མ་རེད།