གསར་འགོད་པ-སྦྲ་རིགས་ཐོགས་མེད།
ཕྱི་ལོ་༢༠༡༢་ཟླ ༠༣་ཚེས ༢༩།
དེ་རིང་ལྡི་ལིའི་གསར་བའི་Taj Palace ཞེས་པའི་ས་གནས་སུ་ཐེངས་བཞི་བའི་བྷི་རིག(BRICS SUMMIT)མཐུན་ཕྱོགས་རྒྱལ་ཁབ་ཁག་ལྔའི་སྲིད་འཛིན་དང་སྲིད་བློན། ཕྱི་སྲིད་བློན་ཆེན་དང་ནང་སྲིད་བློན་ཆེན་ཁག་གཙོས་འབྲེལ་ཡོད་དཔོན་རིགས་མང་བོ་ཞིག་མཉམ་དུ་འཛོམས་ནས། འཛམ་གླིང་རྡུལ་ཕྲན་ནུས་ཤུགས་བེད་སྤྱོད་གཏོང་ཕྱོགས་དང་། འཛམ་གླིང་ཁྲོམ་རའི་དཔལ་འབྱོར་མ་རྐང་སྟངས་འཛིན་བྱེད་ཕྱོགས་སོགས་གནད་དོན་སྣེ་མང་གི་ཐད་དུ་གྲོས་བསྡུར་དང་ཐག་གཅོད་གང་མང་བྱས་འདུག དེ་བཞིན་དུ་རྒྱལ་ཁབ་ཁག་གི་སྲིད་འཛིན་དང་སྲིད་བློན་ཁག་ཕན་ཚུན་ཟུར་དུ་མཇལ་འཕྲད་བྱས་ནས་ལུང་པ་སོ་སོའི་འབྲེལ་ལམ་སྐོར་གྱི་གནད་དོན་འདྲ་མིན་ཐད་དུའང་བཀའ་བསྡུར་བྱས་འདུག
རྒྱ་ནག་སྲིད་འཛིན་ཉིན་གཉིས་རིང་ལྡི་ལིར་སྡོད་སྐབས་སྐར་ལྔ་རྟགས་ཅན་གྱི་མགྲོན་ཁང་གཉིས་(Taj Hotel & Oberoi Hotel)གོ་སྒྲིག་བྱས་འདུག་ལ་དེ་ཕྱོགས་ཀྱི་ས་ཁུལ་ཡོངས་རྫོགས་དམག་གིས་བསྐོར་འདུག ལྡི་ལི་བདེ་འཇགས་ལས་ཁུངས་ཀྱི་གནས་ཚུལ་སྤེལ་དོན་ “ང་ཚོས་ཚེས་ཉེར་བརྒྱད་ནས་བཟུང་ཉེན་རྟོག་པ་དང་སྐོར་སྲུང་དམག་མི་༣༠༠༠ ལྷག་གིས་ས་ཁུལ་འདི་དག་ཡོངས་རྫོགས་ཀྱི་བདེ་འཇག་སྲུང་སྐྱོབ་བྱེད་བཞིན་ཡོད་ལ། དེ་བཞིན་མདང་དགོངས་སླར་ཡང་དམག་མི་༢༠༠༠ འཕར་སྣོན་གྱིས་དེ་རིང་ས་ཁུལ་ཁྱོན་ཡོངས་སུ་རིམ་པ་གསུམ་བྱས་ནས་བསྐོར་ཡོད་”ཟེར།
དེ་རིང་ཚེས་༢༩ རེས་གཟའ་ཕུར་བའི་ཉིན་རྒྱབ་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སན་དང་ཧོས་ཅེན་ཐོ་གཉིས་མཇལ་འཕྲད་ཀྱིས་རྒྱལ་ཁབ་ཁག་གཉིས་བར་གྱི་གནད་དོན་ཁ་ཤས་ཐོག་གྲོས་བསྡུར་བྱས་འདུག སྐབས་དེར་རྒྱ་གར་ཕྱོགས་ཀྱི་གནད་དོན་གཙོ་བོ་ཞིག་ལ་རྒྱལ་ཁབ་ཁག་གཉིས་བར་གྱི་ཚོང་འབྲེལ་ཁྲོད་རྒྱ་གར་ལ་ལོ་རེ་བཞིན་དུ་རྒྱ་སྒོར་དུང་ཕྱུར་༧༠ལྷག་གིས་གྱོང་རག་བཞིན་ཡོད་པའི་ཐད་དུ་དམིགས་གསལ་གླེང་སློང་བྱས་འདུག རྒྱ་གར་གཞུང་འབྲེལ་གསར་འགོད་པས་བཤད་ན་ཐེངས་འདིའི་དབུ་ཁྲིད་གཉིས་བར་གྱི་ཐུག་འཕྲད་དེ་དམིགས་གསལ་ལམ་སློང་ཆེན་པོ་བྱུང་ཡོད་ཟེར། དཔྱད་བརྗོད་པ་དག་གིས་བཤད་ན་ “ཐེངས་འདིས་རྒྱ་གར་གཞུང་གིས་བོད་པ་དག་ལ་དམ་དྲག་ནན་མོ་བྱེད་སྟངས་འདིས་རྒྱ་ནག་གི་དཔོན་རིགས་ཚོར་འདོད་པ་ཁེངས་བོ་བྱུང་ཡོད་པས། དེ་ལ་གུན་གསབ་ལྟ་བུར་རྒྱ་ནག་གཞུང་ངོས་ནས་ཀྱང་ད་ནས་བཟུང་ཨ་རུ་ན་ཅལ་ཕྱོགས་དང་ཀ་ཤི་མིར་གྱི་རྒྱ་གར་དག་ལ་དམིགས་བསལ་རྒྱ་ནག་ཏུ་འགྲོ་སྐབས་ཕྱི་སྐྱོད་ལག་འཁྱེར་སྤྲོད་བཞིན་པ་དེ་ཡང་མཚམས་འཇོག་བྱེད་རྒྱུ་ཡིན་པར་བཤད་འདུག” ཟེར།
བོད་མི་ངོ་རྒོལ་བའི་གནས་སྟངས།
ཉེ་ཆར་འཛིན་བཟུང་བྱས་པའི་བོད་མི་དག་མུ་མཐུད་དུ་ཏིས་ཧར་བཙོན་ཁང་དང་ཅཱ་ན་ཀ་པོས་རིས་གཉིས་སུ་བཀག་ཉར་བྱས་འདུག་ལ། དེ་བཞིན་དེ་རིང་ཡང་མུ་མཐུད་ངོ་རྒོལ་བ་དག་འཛིན་བཟུང་བཀག་ཉར་བྱེདབཞིན་འདུག དེ་རིང་ཞོགས་པར་ལྡི་ལི་མཐོ་སློབ་སྡོད་ཁང་གི་སློབ་ཕྲུག་ཕོ་མོ་ཉུ་ཤུ་ཙམ་གྱིས་མཐོ་སློབ་ཏུ་ཛ་དྲག་གི་ཡིག་རྒྱུགས་ཡོད་པར་ཁ་གཡར་ནས་དམག་མིའི་རླངས་འཁོར་གྱིས་སོ་སོའི་མཐོ་སློབ་བར་དུ་བསྐྱལ་འདུག་ལ། དེ་ནས་སོ་སོས་བྱེད་ཐབས་འདྲ་མིན་བརྒྱུད་བྲོས་བྱོལ་གྱིས་མཐོ་རིམ་སློབ་མ་༡༤ལྡི་ལི་ཇན་རྡར་མན་དར་ལ་སླེབས་ནས་སྐད་འབོད་བྱས་འདུག འོན་ཀྱང་། གློ་བུར་དུ་འཛིན་བཟུང་གིས་བཙོན་ཁང་དུ་ཁྱེར་འདུག
དེ་བཞིན་དུ་དེ་རིང་ཉིན་གུང་བོད་རིགས་སྨན་ཞབས་བུ་མོ་ཁ་ཤས་དང་གཞན་ལྡི་ལིར་ལས་ཀ་བྱེད་བཞིན་པའི་ཕོ་སར་ཁ་ཤས་རྒྱ་གར་བྱང་ཤར་ཕྱོགས་ཀྱི་(North East)རྒྱ་གར་བར་བརྫུས་ནས་དེ་རིང་གི་གྲོས་འཚོགས་ར་བའི་སྤྱི་ལེ་གཅིག་མ་ཟིན་ཙམ་གྱི་བར་དུ་སླེབས་འདུག་ལ། དེ་རུ་ཁོ་ཚོས་ཟམ་པ་ཞིག་གི་ཐོག་ཏུ་སྲིད་འཛིན་ཧོས་ལ་ངོ་རྒོལ་གྱི་འཕྲེད་དང་དཔྱངས་ནས་ངོ་རྒོལ་བྱས་འདུག་ལ་ད་ལྟ་ཁོ་ཚོ་ཡང་བཙོན་ཁང་ནང་ཡོད་འདུག
གནས་ཚུལ་དེ་དང་འདྲ་བ་བ་ཞིག་ལ་ཁར་སང་དགོངས་མོའི་ཆུ་ཚོད་༤:༢༠ ཡས་མས་སུ་མཐོ་སློབ་ཀྱི་བུ་བཅུ་ལྷག་རྒྱ་གར་བྱང་ཤར་ཕྱོགས་ཀྱི་(North East)རྒྱ་གར་བར་བརྫུས་ནས་ཐད་གར་ཧོས་ཅེན་ཐོ་སྡོད་སའི་མགྲོན་ཁང་(Oberoi)དུ་སྤྲོ་སྐྱིད་གཏོང་མཁན་གྱི་མིང་ཐོག་ཏུ་ཕྱིན་འདུག་མོད། མགྲོན་ཁར་ཉེ་སར་འབྱོར་སྐབས་ཁོ་ཚོ་བསྔོག་བཤེར་བྱེད་སྐབས་ཁོ་ཚོའི་ལུས་སྟེང་དུ་བྲིས་པའི་འབོད་ཚིག་དང་བོད་ཀྱི་རྒྱལ་དར་སོགས་མཐོང་བད་དེ་མ་ཐག་འཛིན་བཟུང་བྱས་འདུག
སང་ཉིན་ནས་བཟུང་སྔར་བཞིན་བོད་མི་རྣམས་ལ་དམ་དྲག་དང་འཛིན་བཟུང་མེད་པར་བཤད་བཞིན་འདུག འོན་ཀྱང་། བཙོན་དུ་ཡོད་པ་རྣམས་གློད་གྲོལ་ནམ་གཏོང་ད་དུང་གསལ་ཁ་གང་ཡང་མི་འདུག
དཔའ་བོ་ཐུབ་བསྟན་དངོས་གྲུབ་དང་འཇམ་དཔལ་ཡེ་ཤེས་ལགས་རྣམ་གཉིས་ཀྱིས་ཞལ་ཆེམས་ཕྱག་བསྟར་གནང་སྟེ་༧གོང་ས་མཆོག་གི་བཀའ་དགོངས་ཚུལ་བཞིན་སྒྲུབ་པ་དང་། ༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་ཆེད། མང་བཀུར་རང་གཞུང་གི་ལངས་ཕྱོགས་རྩ་དོན་དུ་བཟུང་སྟེ་ཚེ་སྲོག་ཀྱང་བློས་བཏང་སོང་ནའང་། གཞོན་ནུའི་ཚོགས་གཞོན་དོན་གྲུབ་ལྷ་དར་གྱིས་གཞོན་ནུའི་རང་བཙན་འཐབ་རྩོད་ཀྱི་ལོ་རྒྱུས་ནང་གསེར་ཡིག་གིས་འབྲི་འོས་པ་ཞིག་ཡིན་ལབ་ན་དོན་དག་ག་རེ་རེད་དམ། སྐུ་མཁྱེན་རང་བཙན་ཁ་ལ་ཁྱེར་པའི་ཚོང་པ་ཁ་ཤས་ལགས། དཔའ་བོ་དེ་དག་གི་ཆོད་སེམས་དང་སྙིང་སྟོབས་བྱས་རྗེས་ཐད་ནག་ཚོང་མགོ་བདེ་མ་བྱེད་རོགས། དངོས་གནས་སྐྱུག་བྲོ་ཡི་འདུག རང་བཙན་པར་བསྒྲགས་པ་རྣམས་ཀྱིས་ཀྱང་ད་ནི་ཆིག་སྒྲིལ་བྱ་རོགས། དངོས་གནས་ཆིག་སྒྲིལ་བྱ་བའི་དུས་ཚོད་སླེབས་འདུག བོད་གཞུང་མང་དང་ཆིག་སྒྲིལ་བྱ་རོགས། དཔའ་བོ་དཔའ་བོ་ ༣༢ ཀྱི་དགོངས་དོན་དང་ཆིག་སྒྲིལ་ཅི་ནས་ཀྱང་བྱ་རོགས།
བོད་མིའི་སྐྱིད་སྡུག་མཉམ་སྲིད་ན་རྒྱལ་གྱུར་ཅིག
ཀྭི་ཧོ་ཧོ། ཀྭི་ཀྭི་སྭ་སྭ་ལྷ་རྒྱལ་ལོ། བོད་རྒྱལ་ལོ།
ཐེངས་འདིར་རྒྱ་གར་གྱིས་བོད་པར་དམ་དྲག་དེ་ཙམ་བྱས་པ་དེར་རྒྱབ་ལྗོངས་གཞན་ཞིག་ཡོད་པའི་དོགས་པ་ཡོད།
རྒྱ་གར་གཞུང་གིས་བོད་མི་ཐོག་དམ་དྲག་བྱས་ནས་རྒྱ་ཡི་གཡོ་བྱུས་འོག་འགྲོ་རྒྱུ་ཡིན་པ་ཤེས་ཀྱི་མེད་པ་ཡིན་དང་ཤེས་བཞིན་དུ་སྐྲག་ནས་ཡིན།་ཅི་ཡིན་རུང་རྒྱ་གར་ལ་ཡང་གྱོང་ཞིག་མ་གཏོག་རྩ་ནས་རག་མི་ཐུབ།
ལས་འགུལ་བ་ཚོར་རྒྱབ་སྐྱོར་ཡོད། ཁྱོད་ཚོས་ཡང་ནས་སྐྱར་དུ་དྲན་གསོ་མ་བྱས་ཚེ་དྲན་ཤེས་དམན་པའི་རྒྱལ་སྤྱིས། དྲན་ཡུལ་ནས་རྦད་དེ་སྐྱུར་ཉན་ཆེ
༄༅། །ལས་འགུལ་བ་ཚོགས་བཀའ་ལས་ཆེ་སོང་། ལྷག་བསམ་རྣམ་དག་རེད། ཐུགས་རྗེ་ཆེ།
བོད་མི་ཚོས་གང་ཐུབ་ཅི་ཐུབ་ཀྱི་ལས་འགུལ་སྤེལ་བར་ཡི་རང་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
འཆན་འགོད་པ་ཟླ་བཀྲས་ཕུན་ཁང་ཟེར་བ་དེ་དཀྲུགས་ཤིང་བྱེད་མཁན་ཞིག་ལ་ངོས་ཟིན་ཡོད། མང་གཙོའི་ལུང་པའི་ནང་སྲིད་དོན་ལྟ་བ་འདྲ་མིན་དང་། ལས་འགུལ་སྣ་མང་སྤེལ་ཀྱི་ཡོད་པ་དེ་རང་དབང་གི་དན་རྟགས་ཤིག་རེད། ཐམས་ཅད་གཅིག་པ་བྱེད་དགོས་ཟེར་ན་རྒྱ་དམར་གྱིས་སྒྲག་བཞིན་པའི་དམངས་གཙོ་གཅིག་བསྡུས་ཟེར་བ་དེ་དང་ཁྱད་པར་མེད། གཞོན་ནུས་ལས་འགུལ་སྤེལ་བ་དེ་བོད་མི་དམངས་ཀྱི་ཆེད་དུ་ཡིན་པས་བོད་དོན་ལ་སེམས་འཁུར་ཡོད་པ་ཞིག་ཡིན་ན་རྒྱབ་སྐྱོར་མ་བྱས་ཀྱང་དངོས་སུ་དགག་པ་རྒྱབ་ཤེས་ཐབས་མེད།
ད་ཐེངས་ལས་འགུལ་ལ་བཞུགས་སྤེལ་གནང་མཁན་ཕལ་ཆེ་བ་གཞོན་ནུ་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་ཚོ་རེད་འདུག། བྱས་ཙང་ཁོ་ཚོས་ལྷན་སྐྱེས་ཀྱི་ཐོབ་ཐང་རང་བཙན་རྩོད་བཞིན་པར་མགོ་གཏད་རིང་ལུགས་པའི་ཟླ་ཕུན་སྙིང་རླུང་ལང་དོན་ཅི་རེད། འོ་ན་གཞིས་བཞུགས་དཔའ་བོ་ཚོས་བོད་རང་བཙན་ཡིན་ཞེས་པའི་འབོད་ཚིག་དེ་ཁྱེད་ཚོ་མགོ་གཏད་རིང་ལུགས་པ་ཚོས་ནག་བསུབ་གཏོང་དགོས་དོན་ཅི་རེད། ཡང་ཅིག་མིན་ན་ཁྱེད་ཚོ་གུང་ཁྲན་ལ་སྐྲག་པ་ནི་ཡིན་རྒྱུ་མ་རེད་པ། དེ་མིན་ན་༧སྐུ་མདུན་ཁ་ལ་འཁྱེར་ནས་དམངས་གཙོ་ཡང་དག་གི་ཁ་གཡང་སྒྲོགས་བཞིན་པའི་སྤྱི་ཚོགས་ནང་ལྟ་གྲུབ་གཞན་སླེབས་མི་ཆོག་པ་འདྲ་ཞིག་ཅི་རེད། དེ་༧རྒྱལ་བའི་དགོངས་པ་ཨེ་རེད། རང་བཙན་དང་རང་སྐྱོང་གཉིས་ཀ་བོད་དང་བོད་མི་རིགས་ཀྱི་བདེ་སྐྱིད་རྩ་བ་མ་རེད་པས། ཁྱོད་ཀྱིས་གུང་ཁྲན་ལ་སྤྲེལ་ལད་ག་ཚོད་ཁྲབ་ཀྱང་འབྲས་བུ་རང་སྐྱོང་མངོན་འགྱུར་མེད་པ་ངས་ཀྱང་ཤེས་ཀྱི་ཡོད། དེས་ན་མགོ་གཏད་རིང་ལུགས་པའི་རྣམ་འགྱུར་ཡ་མ་བརླ་ཅན་གྱི་སྲིད་དོན་ཚོང་པ་ངོ་མ་ཁྱོད་རེད་འདུག། དོན་དངོས་ཀྱི་ཆིག་སྒྲིལ་དགོས་ན་དམངས་གཙོའི་ལྟ་གྲུབ་ལ་ངེས་པར་དུ་བརྩི་བསྲུང་བྱེད་དགོས་པ་རེད།
གསར་འགོད་པ་སྦྲ་རིགས་ཐོགས་མེད་ལེགས། གནས་ཚུལ་གོ་བདེ་བའི་ཡི་གེར་སྤེལ་བར་ངོ་མཚར་ཆེ། ལྷག་པར་དུ། དེ་བཞིན་མདང་དགོངས་སླར་ཡང་ཞེས་བོད་ཀྱི་མེས་པོ། བོད་སྤྱིའི་སྐད་ལ་མཁས་པ་དག་གི་ལམ་སྲོལ་མ་བརླག་པར་བཀོད་པ། དེང་དུས་ཀྱི་ཡི་གེ་བྱེད་པོ་དག་གི་ཁྲོད་ན། ཁྱེད་ཀྱི་བྲིས་དེ་དང་པོ་ཡིན་པ་མཐོང་བས། ངའི་སེམས་ཀྱི་རྒྱ་མཚོའི་རླབས་ཆེས་ཆེར་གཡོས། ཁྱེད་ཀྱི་བོད་རིག་གི་རྒྱ་མཚོ་རྟག་ཏུ་དགེ་བར་གྱུར་ཅིག །
སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོ་ན། རྒྱ་གར་སྙན་དངགས་པ་རྟ་དབྱངས་ཀྱིས།
གཙུབ་ཤིང་བརྡར་བ་ལས་ནི་མེ་རྙེད་ཅིང་།
ས་རྐོ་བ་ཡིས་ཆུ་ནི་འཐོན་པར་བྱེད།
བརྩོན་འགྲུས་ལྡན་པས་མི་འགྲུབ་གང་ཡང་མེད།
ཐམས་ཅད་ཐབས་དང་རིགས་པས་བྱ་དགོས་སོ།།
ང་རང་ཡང་མདང་སུམ་དགོང་མོ་ཉེན་རྟོགས་ལམ་ཁ་བཀག་ནས་བཙོན་ལ་ཁྲིད་གྲབ་བྱས་སོང་ངས་ང་རང་བལ་ཡུལ་གྱི་བུ་ཞིག་ཡིན་རབ་རྫུན་བཟོ་བྱས་པས་ང་ཁོང་ཚོས་བཏང་སོང་།
ང་རང་ཧུན་ཅིན་ཐོ་འདུག་སའི་མགྲོནཁང་གི་ཉེ་སྐོར་ལ་བསླེབས་སོང་འོན་ཀྱང་ཉེན་རྟོགས་པས་ཡོངས་སུ་ཁེངས་འདུག
ལས་འགུར་ཡག་པོ་དཔལ་འདུག་སྙིང་ཐག་པ་ནས་རྗེས་སུ་ཡི་རིང་ཡོད་བོད་ཀྱི་གཞོན་ནུ་དག་ལ། ད་ཡིན་ན་ཉམས་ཆུང་གྱི་བོད་པ་ཚོ་རྒྱལ་བཅེས་ཀྱི་དཔའ་བོ་ཚོ་ཁྱེད་རྣམས་ཀྱིས་ཡོད་ཚད་བློས་བཏང་ཚར་ཟིན་པས་གདུག་རྩུབ་ཅན་གྱི་མཁྲིགས་བཟུང་གྱི་རྒྱ་གཞུང་གི་དཔོན་ངན་དག་གིས་ད་དུང་ཡང་མགོ་མེད་གཞུག་མེད་ཁྲེལ་མེད་ལུགས་མེད་ཀྱི་གཏམ་ཁོ་ན་ལོངས་སུ་སྤྱོད་བཞིན་རེད་འཛམ་བུ་གླིང་གི་རྒྱལ་ཁབ་དག་གིས་ཀྱང་ཅི་ཡང་མི་ཟེར་བས་རང་ཉིད་ཀྱི་ཁེ་ཕེན་ལ་དོ་ཕོག་ཡོང་བར་དོགས་ནས་བསྡད་ཡོད་ཐ་ན་ཆེས་བསྐུལ་བར་འུས་པ་གནས་ཚང་རྒྱ་གར་ཡང་ནེ་པལ་ལེས་ནང་བཞིན་དམར་ནག་ཇོད་ཀྱི་སྡུང་པོའི་དཔོན་ངན་དག་ངོས་མི་ཟིན་ནས་ཁྱི་ཡིས་ལྟོ་ཆས་ལྷུང་བར་བཞིན་རང་ཉིད་ཀྱི་ཚུལ་འཆོས་ཡོངས་སུ་ཤོར་ཟིན་པས། ད་ཡིན་ན་ང་ཚོ་བོད་མི་དག་གིས་གང་བྱས་ན་ཡག་གང་བྱས་ན་བཟང་འཛམ་གླིང་འདི་ཡི་ནང་དུ་རང་ཚུག་སྐད་ཆ་འཆད་ཐོབ་ཉིན་ཨི་ཡོད་ན་བདེན་པར་ངོས་འཛིན་ཐོན་ཉིན་ཨི་ཡོད་ན་ང་ཚོ་བོད་མི་དག་གིས་རང་དབང་ཇི་བལྟར་ལེན་དགོས་ཡང་ན་ཕྱི་ཡི་རྒྱལ་ཁབ་དག་གི་མི་སྣ་ལ་མིག་དཔེ་བལྟ་ནས་རང་ཉིད་བློས་གཏོང་བ་དང་མཉམ་དུ་མཁྲིགས་བཟུང་ཅན་གྱི་དཔོན་ངན་དག་གང་གསོད་ཐོབ་ཐོབ་བྱེད་དགོས་དེ་ནས་འཛམ་བུ་གླིང་འདི་ཡིས་དོ་སྣང་འདྲ་མ་བྱས་རང་བྱས་ཡོང་སྲིད་མཁྲིགས་བཟུ་ཅན་གྱི་དཔོན་ངན་དག་ཡང་འགྱོད་པ་གཞི་ཀྱི་སྐྱེ་སྲིད་
རང་བཙན་རྩོད་མཁན་ལུས་པོ་རྩོད་མཁན་རེད། །
ལུས་པོ་ཆ་ཚང་རང་བཙན་རྩོད་མཁན་རེད། །
རང་སྐྱོང་རྩོད་མཁན་མགོ་བོ་རྩོད་མཁན་རེད། །
མགོ་བོ་གཅིག་པོའི་རང་དབང་རྩོད་མཁན་རེད། །
བཟླ་བཀྲ་ཕུན་ཁང་ཟེར་བ་དང་གསེར་འབྲུག་སྡེར་ལྔ་ཟེར་བ་མི་ངན་འགའ་ཤས་ཀྱིས་དགྲ་ཕྱི་ལ་མེད་པ་ནང་སྟུ་པུ་བཞིན་དུ་ནང་ཁྱེད་ཚོས་ལགས་དམར་གྱི་སྲིད་གཞུང་རྒྱ་མི་ལ་ཡ་ལེན་མེད་པ་ནང་དུ་ཆེས་བཅེས་སྐྱོང་འུས་པའི་གཞིན་ནུ་ཚོགས་པ་དང་བོད་རང་བཙམ་སློབས་ཕྲུག་ཚོགས་པ་དག་ལ་ཅི་ཕྱིར་འཚང་བྲི་བ་ཡིན་ནམ་མ་འོངས་བོད་ཀྱི་དེན་རྟགས་གཞོན་ནུ་ཚོགས་པ་དང་བོད་རང་དབང་སློབ་ཕྲུག་ཚོགས་གཉིས་ཡོད་རེད་དེ་ལ་སུས་ཁ་གཏད་གཅག་ན་ཡང་ངས་རྩ་མེད་གཟོ་བ་གདོན་མི་ཟ།།།
ཀླུ་སྨྱོན་མ་ཁྱོད་ཀྱིས་ཅི་རྐང་གཅིག་ཤེས་ལེ་མ་རེད་ཁོ་རེ་གཡུས་ཚོམ་ན་དགའ།།།
ཀླུ་སྨྱོན་མ་ཁྱོད་ཀྱིས་རྐུབ་ལ་བདག་པོ་རྒྱབ་ཟེར་བའི་དཔེ།།
རག་ཕྱགས་རྡོ་ཟེར་བ་འདིས་དག་ནོར་དང་བཏགས་ནོར་མང་བ་དང་བརྡ་དག་འཇུག་པ་ཀུན་དང་མི་མཐུན་པའི་ལུང་ཁུག་གི་སྐད་དོད་མང་བའི་མཆན་ཐུང་འདིའི་ནང་ཅི་ཞིག་བརྗོད་ཀྱིན་པ་མི་ཤེས་ཀྱང་ཕལ་ཆེར་གཞན་མི་ངན་དང་རང་བཟང་པོ་ཡིན་ཁུལ་བྱེད་ཀྱིན་པ་འདྲ། གོ་མི་ཐུབ་པའི་མཆན་ཐུང་འདིའི་ནང་ལ་བལྟས་ན་ཁྱོད་ཀྱི་མདོག་རིས་ཐང་ལ་བུད་འདུག་པས་གཞན་རྩ་མེད་བཟོ་རྒྱུའི་ནུས་པ་མི་འདུག་པས་ང་ཁྱོད་ལ་མི་སྐྲག།
ཨ་རོཊ་ཚོ། རག་ཕྱཊ་རྡོར་འདིའི་ཕྱི་སྡུག་ནང་ལ་སྐོར་ས་རེད་ད། ཕྱི་མགོ་ནང་བཙོང་བ་འདི་ཚོ་ལ་གཟབ་གཟབ་བྱེད་དགོས།