ས་སྟེང་༧རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་རྒྱལ་བའི་དབང་བོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་འཚེ་མེད་ཞི་བ་དང་། ཆོས་ལུགས་རིས་མེད་འཆམ་མཐུན་གོང་འཕེལ་གཏོང་ཐབས་གནང་བའི་མཛད་རྗེས་ལ་ཆེ་བསྟོད་ཀྱི་གཟེངས་རྟག་འབུལ་བཞེས་གནང་རྒྱུ་ཐུགས་གཏན་འཁེལ་གནང་འདུག དེ་ཡང་ཨིན་ཇིའི་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱས་པའི་ (Sir John Templeton) ཞེས་པའི་ཚོགས་པ་ནས་ལོ་འདིའི་ (Templeton) ཞེས་པའི་གཟེངས་རྟགས་འདི་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་མཆོག་ལ་འབུལ་བཞེས་གནང་རྒྱུ་ཡིན་པའི་གསར་འགོད་གསལ་བསྒྲགས་གནང་ཡོད་པ་རེད།
ཕྱི་ཟླ ༣ ཚེས ༢༩ གྲེམ་ཕུལ་ཀྲོན་ཐེབས་རྩ་ཁང་གིས་གསར་འགོད་གསལ་བསྒྲགས་སྤེལ་ཡོད་པ་དེར་འཁོད་པ་ལྟར་ན། “༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་འདས་པའི་དུས་རབས་ཕྱེད་ཀ་ལྷག་ལ་འཛམ་གླིང་ཞི་བདེ་དང་ཆོས་ལུགས་མཐུན་སྒྲིལ། འགྲོ་བ་མིའི་བཟང་སྤྱོད་གོང་འཕེལ། ཚན་རིག་དང་ཆོས་ལུགས་ཀྱི་ལྟ་གྲུབ་གཉིས་མཉམ་འབྲེལ་བྱས་ཏེ། འཛམ་གླིང་འདི་ཡར་རྒྱས་གཏོང་བར་མཛད་རྗེས་ཆེན་པོ་བཞག་ཡོད་པ་དང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་འགྲོ་བ་མིའི་བསམ་བློ་བཟང་དུ་གཏོང་བའི་ཐབས་ལམ་ཞིག་བྱམས་བརྩེ་ཟེར་པ་དེ་སྦྱངས་ནས་སློབ་རྒྱུ་ཡོད་མེད་དང་། བྱམས་བརྩེ་སྦྱངས་ནས་སློབ་རྒྱུ་ཡོད་ན་འགྲོ་བ་མིའི་སྤྱི་ཚོགས་ལ་དངོས་སུ་ལག་ལེན་བསྟར་རྒྱུ་ཡོད་མེད་ལ་ཞིབ་འཇུག་ཟབ་མོ་གནང་ཡོད། འདི་ནི་ཐེབས་རྩ་ཁང་འདིའི་རྩ་འཛུགས་པ་སྐུ་ཞབས་འཇོན་ཊེམ་ཕུལ་ཀྲོན་དམ་པ་དེ་ཉིད་ཀྱི་དགོངས་བཞེད་ལའང་ཡོངས་སུ་མཐུན་ཞིང་། འཇོན་ཊེམ་ཕུལ་ཀྲོན་དམ་པ་དེ་ཉིད་ཀྱིས་ཚན་རིག་གི་ཐབས་ལམ་བརྒྱུད་ནས་ཆོས་ལུགས་ཀྱི་ལྟ་གྲུབ་དེ་རྣམས་ཡར་རྒྱས་བཏང་སྟེ། འགྲོ་བ་མིའི་སྤྱི་ཚོགས་འདི་སྔར་ལས་ལྷག་པའི་ཞི་བདེ་བག་ཕེབས་ཤིག་ལ་འགྱུར་ཐུབ་པའི་དགོངས་པ་ཟབ་མོ་བཞེས་ཡོད་”ཅེས་འཁོད་ཡོད་པ་རེད།
ཡང་གཟེངས་རྟགས་འབུལ་བཞེས་གནང་རྒྱུའི་གསལ་བསྒྲགས་གནང་བའི་རྗེས་སུ་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་” དེ་རིང་རྣམ་པ་ཚོས་ཆེས་མཐོའི་གཟེངས་རྟགས་འདི་བཞིན་གནང་རྒྱུའི་ཐག་གཅོད་གནང་བ་དེ་ནི་ངས་དུས་རྒྱུན་ནས་འགྲོ་བ་མིའི་བདེ་སྐྱིད་སྐྲུན་ཐབས་སུ་ཞབས་འདེགས་ཕྲན་བུ་སྒྲུབ་ཐུབ་ཡོད་པའི་རྟགས་མཚན་ཡིན་པར་བརྟེན་ངོས་འཛིན་ཞུས་པ་དང་ཆབས་ཅིག་དགའ་བསུ་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་”བཀའ་གནང་ཡོད་འདུག
གཟེངས་རྟགས་འདི་བཞིན་འདས་པའི་ལོ་ངོ་བཞི་བཅུའི་རིང་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཁོངས་སུ་མ་ངྷར་ཀྲེ་ར་ས་དམ་པ་དེ་མ་གཏོགས་བྱུང་མྱོང་མེད་པ་རེད། ཆེ་བསྟོད་དང་། ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་ལྷག་ཙམ་གནང་སྲོལ་ཡོད་པའི་གཟེངས་རྟགས་འདི་བཞིན་ལོན་ཏྲོན་དུ་ཕྱི་ཟླ ༥ པའི་ནང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་བཞེས་གནང་རྒྱུ་ཡིན་འདུག
http://tb.tibet.cn/2010news/xzxw/zzzj/201203/t20120329_1730109.html
ཕྱི་འབྲེལ་པུའུ་ཡིས་ཨ་རིས་བོད་ཀྱི་གནད་དོན་ལ་ཁ་གཡར་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱས་པར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བརྗོད་པ།
སྤེལ་དུས། 2012-03-29 ཡོང་ཁུངས། ཤིན་ཧྭ་དྲ་བ། རྩོམ་སྒྲིག་པ། བསྟན་འཛིན་གྱིས་བསྒྱུར།
ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧུང་ལེས་ཚེས༢༨ཉིན་སླར་ཡང་གཏམ་བཤད་སྤེལ་དོན། “ཀྲུང་གོའི་ཕྱོགས་ནས་ཨ་མེ་རི་ཁའི་རྒྱལ་ཚོགས་གྲོས་ཁང་གི་འཐུས་མི་ཁ་ཤས་ཀྱིས་ཡིན་མིན་གོ་ལྡོག་དང་དཀར་ནག་ཕྱིན་ཅི་ལོག་ནས་བོད་ཀྱི་གནད་དོན་ལ་ཁ་གཡར་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱས་པར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན”ཞེས་བརྗོད་པ་རེད།
ཧུང་ལེས་རྒྱུན་སྲོལ་གསར་འགོད་པའི་ཚོགས་འདུའི་སྟེང་གསར་འགོད་པའི་དྲི་བར་ལན་བསྐྱོན་སྐབས་གོང་གི་གནད་དོན་དེ་གསུངས་པ་རེད། གསར་འགོད་པ་ཞིག་གིས་དྲིས་པར། “ཨ་མེ་རི་ཁའི་གྲོས་ཚོགས་ཁང་གི་ཕྱི་འབྲེལ་འབྲེལ་བའི་ཨུ་ཡོན་ལྷན་ཚོགས་གིས་ཚེས༢༧ཉིན་བོད་ཀྱི་གནད་དོན་དང་འབྲེལ་བའི་གྲོས་ཆོད་ལ་གྲོས་འཆམ་བྱུང་སྟེ་ཀྲུང་གོའི་འབྲེལ་ཡོད་སྲིད་ཇུས་ལ་སྐད་ཆ་འདྲ་མིན་བརྗོད་པས་དེར་ཀྲུང་གོའི་ཕྱོགས་ནས་ལྟ་ཚུལ་ཇི་འདྲ་འཛིན་གྱི་ཡོད”ཞེས་དྲིས་པར།
ཧུང་ལེས་གསུངས་པར། “ཀྲུང་གོ་སྲིད་གཞུང་ནས་མཐའ་གཅིག་ཏུ་མི་རིགས་ཁག་གི་མི་དམངས་ཚོའི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་བྱེད་པ་དང་ཆོས་ལུགས་ཐད་ཆོས་དད་རང་མོས་ལ་འགན་ལེན་བྱེད་ཀྱི་ཡོད། ཨ་མེ་རི་ཁའི་རྒྱལ་ཚོགས་གྲོས་ཁང་གི་འཐུས་མི་ཁ་ཤས་ཀྱིས་ཡིན་མིན་གོ་ལྡོག་དང་དཀར་ནག་ཕྱིན་ཅི་ལོག་ནས་བོད་ཀྱི་གནད་དོན་ལ་ཁ་གཡར་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱས་པར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན”ཞེས་བརྗོད་པ་རེད།
“ང་ཚོས་ཨ་མེ་རི་ཁའི་རྒྱལ་ཚོགས་གྲོས་ཁང་གི་འཐུས་མི་འདི་ཚོས་དོན་དངོས་གསལ་བོར་རྟོགས་པ་བྱེད་རྒྱུ་དང་ཕྱོགས་ཞེན་གྱི་ལྟ་ཚུལ་དོར་ཏེ། ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་པའི་བྱ་ཐབས་གང་ཞིག་ཡིན་རུང་ཚང་མ་མཚམས་འཇོག་བྱེད་དགོས་པ་དང་ཀྲུང་ཨའི་འབྲེལ་བ་ལ་ཕན་པ་ཡོད་པའི་ལས་དོན་དོན་མང་ཙམ་བསྒྲུབ་དགོས་པ་ལས་ཕན་ཚུན་རྒྱབ་འགལ་བྱ་མི་རུང་བའི་གསལ་འདེབས་བྱེད་རྒྱུ་ཡིན”ཞེས་བཤད་པ་རེད།
http://tb.tibet.cn/2010news/xzxw/zzzj/201203/t20120330_1730298.html
རྒྱ་གར་གྱི་ཙུང་ལི་ཞིན་ཀོས་བོད་ལྗོངས་ནི་ཀྲུང་གོའི་ཆ་ཤས་ཤིག་ཡིན་པས་བོད་མིས་རྒྱ་གར་དུ་ཀྲུང་གོར་ངོ་རྒོལ་གྱི་བྱེད་སྒོ་སྤེལ་མི་ཆོག་ཅེས་གསུངས་པ།
སྤེལ་དུས། 2012-03-30 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་སྒྲིག་པ། བསྟན་འཛིན་གྱིས་བསྒྱུར།
ཟླ་བ༣པའི་ཚེས༢༩ཉིན། ཧུའུ་ཅིན་ཐའོ་ཡིས་ལྡེ་ལེ་གསར་པར་རྒྱ་གར་གྱི་ཙུང་ལི་ཞིན་ཀོ་དང་མཇལ་འཕྲད་གནང་བ།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས་ཟླ་བ༣པའི་ཚེས༢༩ཉིན་ལྡེ་ལེ་གསར་པར་རྒྱ་གར་གྱི་ཙུང་ལི་ཞིན་ཀོ་དང་མཇལ་འཕྲད་གནང་བ་དང་ཀྲུང་གོ་དང་རྒྱ་གར་འབྲེལ་བའི་འཕེལ་རྒྱས་དང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གཙོ་བོའི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གནང་ནས་ཐུན་མོང་གི་གལ་ཆེའི་བསམ་འཆར་གཅིག་མཐུན་བྱུང་བ་རེད། རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་ཀྱིས་མཉམ་དུ༢༠༡༢ལོ་ནི“ཀྲུང་གོ་དང་རྒྱ་གར་མཛའ་གྲོགས་མཉམ་ལས་ཀྱི་ལོ”ཡིན་པ་ཁྱབ་བསྒྲགས་གནང་བ་མ་ཟད་གོ་སྐབས་དེ་དང་བསྟུན་ནས་ཀྲུང་གོ་དང་རྒྱ་གར་གྱི་འཐབ་ཇུས་མཉམ་ལས་ཀྱི་རོགས་པའི་འབྲེལ་བའི་ཆུ་ཚད་གསར་པ་ཞིག་ཏུ་གོང་མཐོར་གཏོང་རྒྱུའི་སྐོར་གསུངས་པ་རེད།
ཞིན་ཀོས་རྒྱ་གར་ཕྱོགས་ནས་དོན་མེད་དུ་ཀྲུང་གོར་འཐབ་ཇུས་བཀག་སྡོམ་གྱི་བྱ་བར་ཞུགས་རྒྱུ་མིན་ཞེས་གསུངས་པ་དང་རྒྱ་གར་ཕྱོགས་ནས་བོད་ལྗོངས་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཆ་ཤས་ཞིག་ཡིན་པ་ཁས་ལེན་པ་དང་བོད་མིས་རྒྱ་གར་དུ་ཀྲུང་གོར་ངོ་རྒོལ་བྱེད་པའི་བྱེད་སྒོ་སྤེལ་མི་ཆོག་པ་མ་ཟད་རྒྱ་གར་ཕྱོགས་ནས་རེ་བར་ཀྲུང་གོས་ཐུན་མོང་ཐོག་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་ས་ཁུལ་སྲུང་སྐྱོབ་དང་ཞི་བདེ་ཡོང་རྒྱུར་འབད་བརྩོན་བྱེད་པ་དང་མཛའ་གྲོགས་གྲོས་མོལ་བརྒྱུད་ནས་མཐའ་མཚམས་ཁུལ་གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
གོང་འོག་གི་དྲ་ཐག་འདི་རྣམས་ལ་ངེས་པར་དུ་བོད་མི་དོ་སྣང་ཅན་ཚོས་གཟིགས་དགོས་པ་ཞིག་རེད།
༼ ཡར་ལངས་ཞིང་བྲན་གླུ་ལེན་གར་འཁྲབ་བྱེད། ས་མཐོའི་བུ་ཕྲུག་སེམས་པ་ཏང་ལ་ཕྱོགས་ཞེས་པ་དྲ་ཐག་འདིར་འདུག http://tibet.people.com.cn/15213493.html
རེབ་གོང་མཚར་ཉམས http://tibet.people.com.cn/15213555.html ཞེས་པ་འདིར་འདུག རེབ་གོང་གི་རྩེད་རིགས་ཤིག་རྒྱལ་ཡོངས་གྲངས་ཉུང་མི་རིགས་ནང་ཞུགས་རྒྱུའི་གསར་འགྱུར་དབུས་གུང་ཁྲན་ཏང་གི་དྲ་བར་བཀོད་དེ་སྤྲེལ་ལད་འཁྲབ་བཞིན་པའི་རྣམ་པ། ༽
གཟེངས་བསྟོད་འདི་འདྲ་བཞེས་པར་དགའ་དད་ཤིན་ཏུ་ཆེ
“༧ ཁྱེད་ནི་འགྲོ་བའི་དོན་གྱི་སླད།།ཅུང་ཟད་ཙམ་ཡང་མི་ངལ་ཞིང་།།
འགྲོ་བ་རྣམས་ཀྱང་ཁྱོད་ཀྱི་ནི།།ཡོན་ཏན་བརྗོད་ལ་ངལ་མ་གྱུར།།”
༸་གོང་ས་ལྷ་མི་རྣམ་འདྲེན་གཟིགས་པ་ཆེན་པོ་མཆོག་ལ་དགའ་དད་སྤྲོ་གསུམ་གྱིས་རྗེས་སུ་ཡི་རང་ཡོད་ མ་འོང་པ་༸གོང་ས་མཆོག་གི་རྟགས་མ་འདི་དག་རྒྱལ་ས་ལྷ་ས་རྩེ་ཕོ་བྲང་ཏ་ལ་འགྲིམ་སྟོན་ཁང་ཞིག་བཟོ་ནས་མཇལ་ཡ་ཡོད་བྱེད་དགོས།
དགའ་སྤྲོ་ཚད་མེད་བྱུང་། དཀོན་མཆོག་གསུམ་པོ།
༡གོངས་ས་མཆོག་ལ་འཛམ་གླིང་ནང་གི་གཟེངས་རྟགསམ་ལུས་པ་ཁོང་ལ་ཕུལ་ཡོད་པ་རེད་་དེ་ང་ཚོ་བོད་རིགས་ཡོང་ཀྱིས་བསོད་ནམས་གི་རེད།
ང་རང་གི་རེ་བ་ལ་ཉི་ཞིང་རྒྱ་ནག་གིས་བོད་དེ་༡གོངས་ས་མཆོག་ལ་ཚུར་ཕུལ་བ་ཤོགས
ཨེ་མ་གངས་ཅན་བོད་ཡུལ་ན།།སྔོན་བྱོན་བསྟན་འཛིན་གྲངས་ལས་བརྒལ།།འོན་ཀྱང་མཛད་པ་ཁྱེད་མཉམ་པ།།ཡོད་དམ་མེད་ཅེས་དོགས་པ་བརྒྱ།།
ཨེ་མ་གངས་ཅན་བོད་ཡུལ་ན།།སྔོན་བྱོན་བསྟན་འཛིན་གྲངས་ལས་བརྒལ།།འོན་ཀྱང་མཛད་པ་ཁྱེད་མཉམ་པ།།ཡོད་དམ་མེད་ཅེས་དོགས་པ་བརྒྱ།།ཅེས་སྐྱབས་མགོན་གང་གི་གུས་འབངས་སུ་གྱུར་བ་ཁ་བ་དཀར་བོ་རུ་འབོད་པས་བཀའ་དྲིན་རྗེས་དྲན་དང་མཉམ་དུ་༧སྤྱི་ནོར་དམ་པ་ཁྱེད་ཀྱི་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་གསོལ་འདེབས་དང་བཅས་ཕུལ།།