ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༣༠ ཉིན་གྱི་བོད་ནང་གི་ཉིན་གུང་གི་དུས་ཚོད་ ༡༢།༣༠ ཙམ་ལ་བོད་མདོ་སྨད་རྔ་པ་ཁུལ་འབར་ཁམས་རྫོང་རྒྱལ་རོང་ཚོ་བདུན་ཞང་ཥོ་ལ་ཅང་སྡེ་བའི་ལེ་སྐོ་ཚང་གི་ཚོ་བདུན་ཀིརྟི་དགོན་པའི་གྲྭ་བསྟན་པ་དར་རྒྱས། རང་ལོ་ ༢༢ ། ཕ་མིང་ལ་སྐལ་ལྡན་དང་མ་མིང་ལ་དཔལ་མཚོ་ཡིན་པ་ཁོང་དང་། ཥོ་ལ་ཅང་སྡེ་བའི་ཡེ་ཁྲེས་ཚང་གི་ཚོ་བདུན་ཀིརྟི་དགོན་པའི་གྲྭ་འཆི་མེད་དཔལ་ལྡན། རང་ལོ་ ༢༡ ། ཕ་མིང་ལ་རབ་རྒྱས་དང་མ་མིང་ལ་མ་ཅིག་མཚོ་ཡིན་པ་ཁོང་གཉིས་ཀྱིས་ཚོ་བདུན་ཀིརྟི་དགོན་པ་དང་བར་ཐག་སྤྱི་ལེ་༨༢ གྱི་སར་ཡོད་པའི་རྔ་པ་བོད་རིགས་རང་སྐྱོང་ཁུལ་དང་འབར་ཁམས་རྫོང་སྲིད་གཞུང་གཉིས་ཀྱི་ལྟེ་གནས་ནས་རྒྱ་ནག་གཞུང་གིས་བོད་མི་རིགས་རྩ་མེད་དུ་གཏོང་བཞིན་པའི་དྲག་རྩུབ་ཀྱི་སྲིད་ཇུས་ལ་ངོ་རྒོལ་སྐད་འབོད་གནང་བཞིན་རང་ལུས་མེར་སྲེག་བཏང་ཡོད་འདུག
གནས་ཚུལ་འགྲེལ་བརྗོད་པས་བཤད་པ་ལྟར་ན་དུས་ཐོག་དེར་གཅིག་སྐུ་གྲོངས་ཡོད་ཚུལ་འདུག་ནའང་ད་ལྟའི་ཆར་ཁོང་གཉིས་ཀ་རྒྱ་གཞུང་གིས་སྨན་ཁང་དུ་ཁྲིད་ནས་དམ་དྲག་ཆེན་པོའི་འོག་ཡོད་པ་དང་། གནས་ཚུལ་དེ་བྱུང་མ་ཐག་ཚོ་བདུན་ཀིརྟི་དགོན་པའི་དགེ་འདུན་པ་རླངས་འཁོར་གསུམ་ཤི་ན་རོ་བདག་དང་གསོན་ན་མྱི་བདག་བྱེད་དུ་སོང་འདུག་པ་རྣམས་དགོན་པ་ནས་སྤྱི་ལེ་༣༢ ཀྱི་ས་ན་ཡོད་པའི་འཛེ་སྟོས་ཞེས་པའི་ས་གནས་ནས་དྲག་ཆས་ཉེན་རྟོག་པ་དང་། དམིགས་བསལ་ཉེན་རྟོག་པ་སོགས་ཀྱིས་བཀག་འགོག་གིས་ཕྱིར་དགོན་པར་བཏང་ཡོད་འདུག་པས་ཁོང་གཉིས་ཀྱི་ད་ལྟའི་ཤི་གསོན་གྱི་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་མ་བྱུང་།
བསྟན་པ་དར་རྒྱས་དེ་སྔོན་ཕྱི་ལོ་ ༢༠༠༣ ལོ་ནས་ཕྱི་ལོ་ ༢༠༠༩ ལོའི་བར་རྔ་པ་ཀིརྟི་དགོན་པར་མཚན་ཉིད་སློབ་སྦྱོང་བྱས་ནས་བསྡད་ཡོད་ལ་ཕྱི་ལོ་༢༠༠༩ ལོར་ཕྱིར་ཚོ་བདུན་ཀིརྟི་དགོན་དུ་ཡོང་ཡོད་འདུག་ཅིང་། རྟགས་རིགས་འཛིན་གྲྭའི་ནང་གི་སློབ་སྦྱོང་རྩེ་ཕུད་གྲས་ཡིན་འདུག
འཆི་མེད་དཔལ་ལྡན་ཕྱི་ལོ་ ༢༠༠༩ ལོར་རྔ་པ་ཀིརྟི་དགོན་པར་མཚན་ཉིད་སློབ་སྦྱོང་བྱེད་པར་ཡོང་ཡོད་ཀྱང་ཟླ་བ་ཁ་ཤས་མ་གཏོགས་སྡད་མེད་འདུག དེ་རྗེས་ཕྱི་ལོ་ ༢༠༡༠ ལོར་འཆི་མེད་དཔལ་ལྡན་ལྷ་སར་སོང་སྐབས་ལྷ་ས་ནས་ཉེན་རྟོག་པས་གང་བྱུང་སྔོག་བཤེར་བྱས་སྐབས་ཁོང་གི་ལག་ཁྱེར་ཁ་པར་ནང་༸གོང་ས་མཆོག་གི་སྐུ་དཔར་དང་བོད་ཀྱི་རྒྱལ་དར། མཐུན་སྒྲིལ་གྱི་རང་སྒྲ་ཞེས་པའི་གླུ་གཞས་སོགས་ཡོད་པར་བརྟེན་ལྷ་ས་ས་གནས་ཉེན་རྟོག་པས་ཟླ་བ་གཅིག་ལྷག་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག
བསྟན་པ་དར་རྒྱས་ཚང་ལ་མིང་སྲིང་བཞི་ཡོད་པའི་ཆུང་ཤོས་ཁོང་ཡིན་ཞིང་ད་ལྟ་ཤུལ་དུ་ནང་མི་ལྔ་ཡོད་འདུག འཆི་མེད་དཔལ་ལྡན་ལ་ནུ་མོ་གཅིག་དང་ཕ་མ་གཉིས་བཅས་ཤུལ་དུ་ནང་མི་གསུམ་ཡོད་འདུག གནས་ཚུལ་དེ་བྱུང་རྗེས་རྔ་པ་རང་སྐྱོང་ཁུལ་གྱི་ལྟེ་གནས་ཡོངས་རྫོགས་དྲག་ཆས་ཉེན་རྟོག་པ་དང་དམིགས་བསལ་ཉེན་རྟོག་པ་སོགས་འབོར་ཆེན་འགྲེམས་འཇོག་བྱས་ཏེ་དམ་དྲག་ཤུགས་ཆེན་བྱས་ཡོད་འདུག དགོན་འདིའི་མིང་ཆ་ཚང་ལ་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་དགེ་ལྡན་བཀྲ་ཤིས་ཆོས་གླིང་ཡིན་ཞིང་། དེེང་སྐབས་དགེ་འདུན་ཞལ་གྲངས་ ༣༠༠ ལྷག་ཡོད་པའི་རྒྱལ་རོང་ཕྱོགས་ཀྱི་དགེ་ལུགས་པའི་དགོན་པ་ཆེ་ཤོས་ཤིག་ཡིན་འདུག་པ་བཅས།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས།
ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༣༠ ལ།
ཚོ་བདུན་ཀིརྟི་དགོན་དགེ་ལྡན་བཀྲ་ཤིས་ཆོས་གླིང༌། མདོ་སྨད་རོང་ཆེན་བཞིར་གྲགས་པའི་ནང་ཚན་རྒྱལ་མོ་ཚ་བ་རོང༌། རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ཡ་གྱལ་མཆོག་རྩེ་རྒྱལ་པཱུའི་བློན་ཆེན་མཁར་ དགུ་དཔོན་པོ་ཏཱ་རོ་འཇམ་དབྱངས་ཀྱིས་ཚོ་བ་བདུན་ནང་གི་དགོན་ཆུང་རྣམས་ཕྱོགས་ གཅིག་ཏུ་བསྡུས་ནས་ད་ལྟའི་དགོན་པ་འདི་བཞེངས། དཔོན་པོ་འཇམ་དབྱངས་ཀྱིས་རྒྱུ་དངོས་ཀྱི་མཐུན་རྐྱེན་ཕངས་མེད་དུ་སྦྱར་ཞིང༌། ཁོ་རང་གི་སྤུན་དབོན་པོ་ཚུལ་ཁྲིམས་རྒྱ་མཚོ་ཟེར་བ་རིག་གནས་སྤྱི་བྱེ་ཀུན་ལ་ མཁས་པ་ཞིག་ཡོད་པ་ཁོང་གིས་ཕྱི་ནང་རྟེན་དང་བརྟེན་པ་བཅས་ཇི་ལྟར་བཞེངས་པའི་ཐོག་ མའི་བཟོ་བཀོད་ཀྱི་འཆར་འགོད་གནང༌། དུས་ཕྱིས་རབ་བྱུང་བཅོ་ལྔ་པའི་ས་འབྲུག ཕྱི་ལོ་ ༡༨༦༨ ལོར་དཔོན་པོ་མཁར་དགུའི་ཏཱ་རོ་འཇམ་དབྱངས་ཀྱིས་སྐྱབས་མགོན་ཀིརྟི་སྐུ་ཕྲེང་ བརྒྱད་པ་བློ་བཟང་འཕྲིན་ལས་ཚང་ཆེད་དུ་དགོན་པ་འདིར་གདན་དྲངས་ནས་དགོན་འགོ་ཕུལ། དུས་དེ་ནས་བཟུང་སྐྱབས་མགོན་ཀིརྟི་སྐུ་ཕྲེང་རིམ་པས་སྡེ་འདིའི་ཆོས་སྲིད་ལས་ དོན་ཀུན་ལ་སྟངས་འཛིན་གྱི་ཐུགས་འགན་བཞེས། ཁོང་གིས་སྡེ་འདིར་གསང་སྔགས་དཔལ་ལྡན་རྒྱུད་སྨད་པའི་ཕྱག་སྲོལ་ལྟར་གྱི་རྒྱུད་ པ་གྲྭ་ཚང་གསར་འཛུགས་མཛད་ཅིང་དགོན་པའི་བཅའ་ཡིག་ཆེན་མོ་གསར་རྩོམ་བཀའ་དྲིན་ བསྐྱངས། རབ་བྱུང་བཅོ་ལྔ་པའི་མེ་སྦྲུལ། ཕྱི་ལོ་ ༡༩༡༧ ལོར་སྐྱབས་མགོན་ཀིརྟི་སྐུ་ཕྲེང་དགུ་པ་སྐལ་བཟང་བློ་གྲོས་ཚང་སྡེ་འདིར་ཕེབས་ ནས་དབང་ལུང་བསྩལ་ཅིང༌། མི་འཁྲུགས་པའི་སྒྲུབ་མཆོད་གསར་འཛུགས་མཛད། རབ་བྱུང་བཅུ་དྲུག་པའི་ཤིང་ཁྱི། ཕྱི་ལོ་ ༡༩༣༤ ལོར་སྐྱབས་མགོན་སྐུ་གོང་མ་ྋངག་གི་དབང་པོ་སྡེ་འདིར་ཕེབས་ནས་ཆོ་འཕྲུལ་སྨོན་ ལམ་ཆེན་མཱུའི་ཚོགས་དབུར་ཕེབས་པས་མཚོན་ཆོས་ཕྱོགས་ཀྱི་མཛད་པ་རྒྱ་ཆེ་བསྐྱངས་ ཐོག སྒོས་ཀྱི་བཀའ་སྲུང་རྒྱལ་པོ་ཆེན་པོ་དཔའ་བོ་རྩལ་གྱི་རྒྱལ་ཁང་གསར་བཞེངས་གྲུབ་ པ་ལ་རབ་གནས་སོགས་མཛད། མེ་ཕག ཕྱི་ལོ་ ༡༩༤༧ ལོར་སྐྱབས་མགོན་ཀིརྟི་སྐུ་ཕྲེང་བཅུ་གཅིག་པ་རྗེ་བློ་བཟང་བསྟན་འཛིན་འཇིགས་ མེད་ཡེ་ཤེས་རྒྱ་མཚོ་དཔལ་བཟང་པོས་མ་དགོན་ལྟར་བློ་གསལ་གླིང་གི་ཡིག་ཆའི་སྟེང་ ནས་མཚན་ཉིད་ཀྱི་རྩོད་གྲྭ་དང༌། བསྟན་པ་སླར་གསོའི་དབུ་ཚུགས་རྗེས་སྨན་པ་གྲྭ་ཚང་གསར་འཛུགས་མཛད། དང་ཐོག་ཁྲི་པ་དང་དགེ་རྒན་གདན་ས་སྟག་ཚང་ལྷ་མོ་ནས་བཏང་ཞིང༌། དུས་འགྱུར་གྱི་རྗེས་སུ་ཆོས་སྡེ་ཆེན་པོ་རྔ་ཡུལ་ཀིརྟི་དགོན་ནས་གཏོང་བཞིན་ཡོད།
རྒྱལ་གཅེས་བསྟན་པ་དར་རྒྱས་དང་། འཆི་མེད་དཔལ་ལྡན་གཉིས་ལ་གུས་འདུད་ཚད་མེད་ཡོད། ཀི་ཧི་ཧི།
བདེན་པའི་དཀོན་མཆོག་གསུམ། །བདེན་པའི་མཐའ་སོལ་ཅིག །བདེན་པའི་བོད་མི་ལ། །བདེན་པའི་འབྲས་བུ་རྩོལ། །བདེན་པ་རྒྱལ་གྱུར་ཅིག །བདེན་རྒྱབ་གངས་ཕྲུག་ནས། །
བོད་དཔའ་བོ་བསྟན་པ་དར་རྒྱས་དང་འཆི་མེད་དཔལ་ལྡན་གཉིས་བསམ་དོན་ཡིད་བཞིན་འགྲུབ་པ་སྨོན
རྒྱལ་གཅེས་དཔལ་པོ་དཔལ་མོ་རྣམས་ལ་གུས་འདུལ་ཡང་ཡང་ཞུ་་་་ ཨྃ་མ་ཎི་བདྨེ་ཧཱུཾ ཨྃ་མ་ཎི་བདྨེ་ཧཱུཾ ཨྃ་མ་ཎི་བདྨེ་ཧཱུཾ ཨྃ་མ་ཎི་བདྨེ་ཧཱུཾ ཨྃ་མ་ཎི་བདྨེ་ཧཱུཾ ཨྃ་མ་ཎི་བདྨེ་ཧཱུཾ ཨྃ་མ་ཎི་བདྨེ་ཧཱུཾ།།
རྒྱལ་གཅེས་དཔལ་པོ་དཔལ་མོ་རྣམས་ལ་གུས་འདུལ་ཡང་ཡང་ཞུ་་་་ ཨྃ་མ་ཎི་བདྨེ་ཧཱུཾ ཨྃ་མ་ཎི་བདྨེ་ཧཱུཾ ཨྃ་མ་ཎི་བདྨེ་ཧཱུཾ ཨྃ་མ་ཎི་བདྨེ་ཧཱུཾ ཨྃ་མ་ཎི་བདྨེ་ཧཱུཾ ཨྃ་མ་ཎི་བདྨེ་ཧཱུཾ ཨྃ་མ་ཎི་བདྨེ་ཧཱུཾ།།
བོད་ཀྱི་རྒྱལ་གཅེས་པ་རྣམ་གཉིས་ལ་སྙིང་ཁུང་རུས་པའི་གཏིང་ནས་གུས་འདུད་ཞུ།
བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །
གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། །
བསྐལ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས། །
གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད། །
ཚད་མེད་ཡོན་ཏན་མ་ལས་དྲངས།
གདོང་དམར་བོད་ཀྱི་བདེ་སྡུག་སྙིང་དུ་བཅངས། །
རང་རིགས་སྤུན་ཟླའི་རང་དབང་བདེ་སྐྱིད་སླད། །
རང་གི་ཤ་ཁྲག་གདོས་བཅས་མེ་རུ་བསྒྲོན། །
འགྲན་མེད་གངས་ཅན་དཔའ་བོ་དཔའ་མོ་ཀུན། །
བདེ་ལྡན་དག་པའི་ཞིང་དུ་སྐྱེ་བར་སྨོན། །
དལ་འགྲོའི་རྟེན་བཟང་མྱུར་ཐོབ་ཤོག །
ཨོཾ་མ་ཎི་པདྨེ་ཧཱུཾ།
ཨོཾ་མ་ཎི་པདྨེ་ཧཱུཾ།
ཨོཾ་མ་ཎི་པདྨེ་ཧཱུཾ།
ད་བོད་གངས་ཅན་པ་ཚོ་གསོན་ན་གསོན་དང་ཤི་ན་ཤི་ཞེས་པའི་དབྱེ་ཐག་ཅིག་མི་ཐོག་ལུས་ཐོག་འདིར་གཏིང་ཐག་ཆོད་ཚད་རེད།རྒྱ་དཔོན་ཚོས་བོད་མིའི་གཅེས་པའི་ཤ་ཁྲག་བཞེས་ནས་ལྷོད་ལྷོད་སྡོད་བསམ་འདུག ད་ནི་ཁོ་ཚོ་དང་ཁོ་ཚོའི་སེམས་ལ་འགྱུར་བ་སྐུལ་ལྕགས་ཐེབས་པའི་ལས་འགུལ་སྤེལ་དགོས་སོ། བོད་མི་སོ་སོ་ནས་འགན་འཁུར་ཏེ་མདུན་ལ་སྤེལ་དགོས།
སྐྱི་གཡའ་བའི་ཐ་སྙད་རང་ལུས་མེ་སྲེག་ཅེས་པ་འདི་བོད་མི་རིགས་ཀྱི་དཔའ་རྒོད་ཚོས་རྒྱུན་ལྡན་གྱི་ཐ་སྙད་ལྟ་བུར་སྒྱུར་གྱིན་པ་ནི་ཅི་འདྲའི་སྐྱོ་ཞིང་ཕངས་པའི་རང་བཞིན་ཞིག་རེད་ཨང་། སོ་སོར་ཐབས་ལམ་གཞན་སྟོན་རྒྱུ་མེད་པར་ལས་འགུལ་དེ་མཚམས་འཇོག་བྱ་བར་སྐུལ་བའི་ཐོབ་ཐང་མེད་ཀྱང་། གོ་སྐབས་ཤིག་མ་བྱུང་བར་འདི་ལྟར་སོང་ན་ཨུ་ཚུགས་ཙམ་ལས་གྲུབ་འབྲས་ཐོན་ཁག་སེ་བ་ཡིན་དུས་གཞིས་བྱེས་གཉིས་ནས་དེའི་ཐད་བསམ་བློ་ནན་མོ་གཏོང་རོགས་ཞེས་ཁ་ནས་ཐལ།
༨༽ ལྗང་སྨྱུག་ནས། མཆན་བུ་འདི་འདྲ་བ་འདེབས་ཕོད་དམ། སེམས་ལ་དྲན་རུང་ཁ་ནས་ཡི་གེར་བྲིས་ཏེ་དྲ་ངོས་འཇུག་ནུས་པ་སྙིང་ཁམས་མི་ཆེའམ། རྡོ་རྗེ་ཤུགས་ལྡན་ཟེར་ནས་གླེང་ཡོང་སྲོལ་ལ་བལྟས་ན་ཁྱོད་ལ་དངོས་སུ་ཞུགས་ཡོད་ས་རེད་ཡ།
༼
༨༽ ལྗང་སྨྱུག་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༣༠ གི་ཆུ་ཚོད་ ༡༣ སྐར་མ་ ༢༨
གཞན་གནོད་རང་བསྲེག་གི་ལས་འགུལ་འདི་འདྲ་དག་ནི་དོན་མེད་རེད་དེ། ངོས་ལེན་མེད་པ་མ་ཟད། ༧གོང་ས་ལ་གནོད་པ་གཏོང་གི་འདུག ཆོས་དང་མི་མཐུན་པའི་ལས་ཀ་བྱས། སྨོན་ལམ་ཞན་པ་དང་། དམ་ཚིག་ཉམས་པ། དེའི་རྒྱུ་མཚན་གྱིས་འགོང་པོ་དང་འབྱུང་པོའི་ལུས་སུ་བླངས་པ་བཞིན་དུ་བསྟན་དང་སེམས་ཅན་ཀུན་ལ་འཚེ་བ་ཅན་རྡོ་རྗེ་ཤུགས་ལྡན་གསོན་པོ་འགྱུར་གྱིན་འདུག།༽
མཆན་བུ་ཤང་བརྒྱད་པ་༨༽ལྗང་སྨྱུག་ནས་ཟེར་བ་ལགས།
མཆན་བུ་འདི་འདྲ་བ་འདེབས་ཕོད་དམ། སེམས་ལ་དྲན་རུང་ཁ་ནས་ཡི་གེར་བྲིས་ཏེ་དྲ་ངོས་འཇུག་ནུས་པ་སྙིང་ཁམས་མི་ཆེའམ། རྡོ་རྗེ་ཤུགས་ལྡན་ཟེར་ནས་གླེང་ཡོང་སྲོལ་ལ་བལྟས་ན་ཁྱོད་ལ་དངོས་སུ་ཞུགས་ཡོད་ས་རེད་ཡ།
༼
༨༽ ལྗང་སྨྱུག་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༣༠ གི་ཆུ་ཚོད་ ༡༣ སྐར་མ་ ༢༨
གཞན་གནོད་རང་བསྲེག་གི་ལས་འགུལ་འདི་འདྲ་དག་ནི་དོན་མེད་རེད་དེ། ངོས་ལེན་མེད་པ་མ་ཟད། ༧གོང་ས་ལ་གནོད་པ་གཏོང་གི་འདུག ཆོས་དང་མི་མཐུན་པའི་ལས་ཀ་བྱས། སྨོན་ལམ་ཞན་པ་དང་། དམ་ཚིག་ཉམས་པ། དེའི་རྒྱུ་མཚན་གྱིས་འགོང་པོ་དང་འབྱུང་པོའི་ལུས་སུ་བླངས་པ་བཞིན་དུ་བསྟན་དང་སེམས་ཅན་ཀུན་ལ་འཚེ་བ་ཅན་རྡོ་རྗེ་ཤུགས་ལྡན་གསོན་པོ་འགྱུར་གྱིན་འདུག།༽
རྒྱལ་གཅེས་དཔའ་བོ་གཉིས་པོར་སེམས་གཏིང་ནས་ཚད་མེད་ཀྱི་གུས་འདུད་ཞིག་ཞུ། གཉིས་མེད་སེངྒེས་བཤད་པ་དེ་ག་རང་རེད། ང་ཚོའི་ཤ་རུས་གདུང་རྒྱུད་གཅིག་པའི་སྤུན་ཟླ་རྣམས་གཅིག་འཇུག་གཉིས་མཐུད་ཀྱི་འགྲོ་བཞིན་མནོ་བསམ་ཞིག་བཏང་ཚེ་དངོས་གནས་སྐྱི་གཡའ་བའི་ཚོར་བ་ཞིག་རང་བཞིན་གྱི་སླེབས་ཀྱི་འདུག འཛམ་གླིང་མི་གཞན་གྱི་གནས་ཚུལ་དེ་རྣམས་ཉན་པ་དང་བལྟས་པ་ཙམ་གྱིས་འགྲིག་སྲིད་པ་རེད། འོན་ཀྱང་ང་ཚོ་བོད་པ་ཚང་གིས་གནས་དོན་འདི་དག་ལྟ་ཉན་བྱས་པ་ཙམ་གྱི་མི་ཆོག་པར་དེ་དག་སྐད་ཡིག་གཞན་དང་བརྒྱུད་ལམ་གཞན་དུ་ངེས་པར་དུ་ཁྱབ་ཐུབ་པ་བྱས་དགོས། གནས་དོན་འདི་དག་གིས་རང་ཉིད་སྔར་ལྷག་གི་འགན་འཁུར་དགོས་པ་དང་རྒྱལ་ཁབ་དང་མི་རིགས་དོན་དོན་དུ་མནོ་བསམ་བཏང་དགོས་པ་དང་། དེ་ཡང་ཉིན་མ་རེ་ལ་ཆུ་ཚོད་རེ་རེ་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་ཆེད་གཏོང་བྱེད་དེ་གང་དགའ་ཅི་དྲག་གི་སྒོ་ནས་ད་ལྟའི་རྫ་དྲག་གི་གནས་ཚུལ་རྣམས་ཞི་ཐབས་དང་། ཡ་ངའི་གནས་སུ་ལྷུང་བའི་མི་རིགས་འདི་ཉིད་སྐྱོབ་ཐབས་ཆེད་བློས་གཏོང་བྱེད་ན་གང་འདྲ་རེད་དྲ་གྲོགས་རྣམ་པ་ཚོ། སོ་སོའི་དགོངས་ཚུལ་གཅིག་གསུང་དང་།
རྒྱལ་གཅེས་དཔའ་བོ་གཉིས་པོར་སེམས་གཏིང་ནས་ཚད་མེད་ཀྱི་གུས་འདུད་ཞིག་ཞུ། གཉིས་མེད་སེངྒེས་བཤད་པ་དེ་ག་རང་རེད། ང་ཚོའི་ཤ་རུས་གདུང་རྒྱུད་གཅིག་པའི་སྤུན་ཟླ་རྣམས་གཅིག་འཇུག་གཉིས་མཐུད་ཀྱི་འགྲོ་བཞིན་པར་མནོ་བསམ་ཞིག་བཏང་ཚེ་དངོས་གནས་སྐྱི་གཡའ་བའི་ཚོར་བ་ཞིག་རང་བཞིན་གྱི་སླེབས་ཀྱི་འདུག འཛམ་གླིང་མི་གཞན་གྱི་གནས་ཚུལ་དེ་རྣམས་ཉན་པ་དང་བལྟས་པ་ཙམ་གྱིས་འགྲིག་སྲིད་པ་རེད། འོན་ཀྱང་ང་ཚོ་བོད་པ་ཚང་གིས་གནས་དོན་འདི་དག་ལྟ་ཉན་བྱས་པ་ཙམ་གྱི་མི་ཆོག་པར་དེ་དག་སྐད་ཡིག་གཞན་དང་བརྒྱུད་ལམ་གཞན་དུ་ངེས་པར་དུ་ཁྱབ་ཐུབ་པ་བྱས་དགོས་པ་མ་ཟད། ད་དུང་ གནས་དོན་འདི་དག་གིས་རང་ཉིད་སྔར་ལྷག་གི་འགན་འཁུར་སྟེ་ཚང་མས་དཔུང་ཥུགས་ཆིག་སྒྲིལ་གྱིས་རྒྱལ་ཁབ་འདི་དང་མི་རིགས་འདིའི་དོན་དུ་མནོ་བསམ་བཏང་དགོས་པ་དང་། དེ་ཡང་ཉིན་མ་རེ་ལ་དམའ་མཐར་ཆུ་ཚོད་རེ་རེ་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་ཆེད་གཏོང་བྱེད་དེ་གང་དགའ་ཅི་དྲག་གི་སྒོ་ནས་ད་ལྟའི་རྫ་དྲག་གི་གནས་ཚུལ་རྣམས་ཞི་ཐབས་དང་། ཡ་ངའི་གནས་སུ་ལྷུང་བའི་མི་རིགས་འདི་ཉིད་སྐྱོབ་ཐབས་ཆེད་བློས་གཏོང་བྱེད་ན་གང་འདྲ་རེད་དྲ་གྲོགས་རྣམ་པ་ཚོ། སོ་སོའི་དགོངས་ཚུལ་གཅིག་གསུང་དང་།
གངས་ཅན་གྱི་དཔལ་རྒོད་དག་གི་སྙིང་སྟབས་ལ་ངས་ནམ་ཡང་མེ་ཏོག་དཀར་པོའི་ཁ་དར་སེམས་ཀློང་ནས་འབུལ་་གངས་ལྗོངས་ན་བདེ་སྐྱིད་རང་དབང་གི་ཉི་མ་ཤར་དུས་དཔའ་སྟབས་གང་ཡང་འགྲན་དཀའ་བའི་དཔའ་རྒོད་དག་གངས་ལྗོངས་ཀྱི་ཁ་ལོ་འགྱུར་མཁན་མའ་ཡོད་ཚད་ཞིག་ཏུ་སྨོན་འདུན་ནོ་་་་་་་་་་་་་་་
སྲོག་ཆགས་སུ་ཞིག་ཡིན་རུང་རང་སྲོག་རྩ་ཆེ་ཤོས་བྱེད་པ་ནི་རང་ཆས་སུ་ཡོད་པ་མ་ཟད། དེ་སྲུང་སྐྱོབ་ཆད་རིགས་མི་འདྲ་བའི་སྲོག་ཆགས་དག་ལ་ཆ་རྐྱེན་དང་ནུས་པ་མི་འདྲ་བ་དཀོན་མཆོག་གིས་བཀོལ་བའམ་ལས་ཀྱིས་གྲུབ་པ་གང་ཡིན་ཡང་ཡོད་པ་ནིབཤད་མི་དགོས་མོད། དཔེ་ན་ རྐང་ལག་སོགས་ཡན་ལག་རགས་པ་རྣམས་དང་མིག་སྤུ་ལྟར་བུ་ཕྲ་བའི་ཡན་ལག་རེ་རེ་ཀྱང་སྲུང་སྐྱོབ་དང་བདེ་འཇགས་ཀྱི་ཆེད་དུ་གྲུབ་པ་རྐྱང་རྐྱང་ཡིན། དེ་ལས་གཞན་གལ་ཆེ་བ་ཞིག་ནི་འགྲོ་བ་མི་ཙམ་མིན་པ་ཀུན་ལ་ཐོན་མོང་དུ་དབང་བའི་རང་དབང་དང་ཐོབ་ཐང་ཟེར་བ་དེ་དག་རེད་ལ། དེ་དག་གི་ཆེད་གཅེས་པའི་སྲོག་ཀྱང་གཏོང་གིན་ཡོད་པ་ནི་རང་དབང་འཐབ་རྩོད་ཀྱི་ཁྲོད་ཆེས་རླབས་ཆེན་གྱི་བྱ་བ་ཞིག་ཏུ་མངོན། བོད་མི་རིགས་ཀྱི་ལས་དབང་དང་བསོད་ནམས་དམན་པས་ཡོངས་རྫོགས་རྒྱ་ལག་ཏུ་ཤོར་བའི་གཉན་འཕྲང་གི་སྐབས་འདིར་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་གྲངས་ལས་འདས་པས་ཆེ་ས་ནས་རང་སྲོག་དང་ཆུང་སར་དུས་ཚོད་སྐར་མ་གཅིག་བཏང་བ་ཡན་ཆད་ལ་བསྔགས་བརྗོད་དང་གུས་འདུད་ཡོད། འོན་ཀྱང་མི་ལུས་རིན་ཆེན་གཏང་བ་ནི་ཆུང་ཆུང་མིན་པས་དོན་གོ་ཆོད་ངེས་མིན་ན་ཤིན་ཏུ་བློ་ཕམ་ཆེ་བས་གཟབ་སེ་གཟབ་སེ་བྱེད་ན་ཞེས་ཁ་ནས་ཤོར།།
ཁྱེད་ཚོ་འདི་ལྟར་བཞུད་དུས་་་་་ང་ཚོས་མྱིག་ཆུ་དང་ལྷན་དུ་ཁྱེད་ཚོའི་འགྲུལ་བཞུད་ལ་རྒྱང་བལྟ་ཙམ་ལས་ཅི་ཡང་འཇོན་མ་སོང་་་་་་་་་་་་་་་་ཡིན་ན་ཡང་་་་་་་་་་་་་་་་་་་།
ཆེས་བཀུར་འོས་ཀྱི་རྒྱལ་གཅེས་དཔའ་བོ་ཁོང་གཉིས་ཀྱིས་གཙོས་བོད་གཞིས་བྱེས་གཉིས་ཀྱི་རང་རེའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོ་ལ་སྙིང་ཐག་པ་ནས་མྱ་ངན་གུས་འདུད་ཞུ། ནམ་ཡང་ཁྱེད་ཅག་ང་ཚོས་བརྗེད་མི་སྲིད་ལ། ང་ཚོའི་ལོ་རྒྱུས་དང་མི་རིགས་ཀྱི་གཟི་བརྗིད་དུ་དུས་གཏན་དུ་ཡལ་མི་སྲིད་དོ།
བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །
གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། །
བསྐལ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས། །
གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད། །
༧ གོང་མཆོག་གིས་གསུངས།
ལྗང་སྨྱུག་ཟེར་བའི་འགོང་རྒན། ཁྱེད་ཀྱིས་ཆོས་སྲིད་གཉིས་ཀྱི་ཕོངས་པའི་བླུན་གཏམ་དེས་ཁྱེད་རང་རྒྱ་གཞུང་གི་རྒྱུག་ཁྱི་སྡོམ་པོ་ཞིག་ཡིན་པ་ར་སྤྲོད་བྱས་སོང་། ད་རུང་རྒྱ་འདྲེ་སྙིང་ལ་ཞུགས་པའི་གདོན་ཕྲུག་བོད་གངས་ཅན་པའི་བསྟན་སྲིད་གཉིས་ཀྱི་དགྲ་བོ་ཞིག་ཡིན་པ་ར་སྤྲོད་བྱས་སོང་། དྲ་གྲོགས་ཚོ། གདོན་འདྲེ་ཁྱི་སྡོམ་འདི་ལ་གཟབ་པར་མཛོད།
སི་ཁྲོན་གྱི་རྒྱ་རིགས་ནི་རྒྱ་ནག་རྒྱལ་ཡོངས་ལས་གཤིས་ཀ་གདུག་རྩུབ་ཆེ་ཤོས་དེ་ཡིན་ཚོད་འདུག དཔེར་ན་གནམ་བདེ་སྒོ་མོ་ཆེའི་སློབ་ཕྲུག་དམངས་གཙོའི་འོས་ལངས་སྐབས་སུ་ཞིང་ཆེན་གཞན་པའི་དམག་གིས་དྲག་གནོན་བྱ་དཀའ་བའི་ཚད་དུ་སླེབས་སྐབས་སི་ཁྲོན་དམག་དཔུང་གིས་རྒྱག་གཅིག་མཆོངས་གཅིག་བྱས་པར་བཤད། རྔ་བ་ཁུལ་ནི་ཞིང་ཆེན་དེའི་འོག་ན་ཡོད་པས་དམ་དྲག་ས་གནས་གཞན་ལས་ཆེ་བའི་རྒྱུ་མཚན་གཅིག་དེ་ལ་ཐུག་པར་མངོན།
རླབས་ཆེན་གྱི་དཔའ་བོ་རྣམས་གཉིས་ལ་གུས་འདུད་ཞུ། བོད་ལ་རང་མ་དབང་མ་ཐོབ་བར་ཏུ་རང་ལུས་མཆོད་འབུལ་མཚམས་མི་ཆད་པར་འབར་རྒྱུ་རེད། བོད་གཞིས་བྱེས་གཉིས་ལ་ཚོར་བ་ཤུགས་ཆེན་ཡོད་པའི་སྐབས་འདིར་ངེས་པར་དུ་བཙན་བྱོལ་ནང་ནས་ལས་འགུལ་རྒྱ་ཆེན་ཞིག་བྱས་ན་དངོས་ཡོད་བདེན་ཐོག་ནས་གྲུབ་འབྲས་རླབས་ཆེན་ཅིག་འབྱུང་བར་གདོན་མི་ཟ།
ལོངས་ཤོག་་་་་་ལོངས་ཤོག་་་་་་བཙན་བྱོལ་བ་ལོངས་ཤོག རང་ས་རང་གི་བདག་པོ་རྒྱག རང་རིགས་རང་གིས་སྐྱོང་།
སྐུ་ཞབས་གཉིས་མེད་སེངྒེ་ཡིས་་གསུང་བ་གཏེན་གཏམ་རེད། ཟི་ཁྲོན་གྱི་རྒྱ་རིགས་རྣམས་ཧ་ཅང་གི་གདུབ་རྩུབ་ཆེ་བ་དོན་དངོས་རེད། དཔེར་ན་ས་ཕྱི་ལོའི་ཞི་རྒོལ་སྐབས་སུ་ཁོང་ཚོའི་དེ་ཉིད་མངོན་གསལ་དུ་མཁྱེན་པ་ཞིག་ཡིན།
རྒྱ་སྲས་ལགས་དེ་འདྲ་མ་གསུང་རོགས་
རང་སྲོག་ཟེར་བ་དེ་ལས་ལྷ་པོ་མ་རེད་
ང་ཚོ་བོད་རིགས་སྤུན་ཟླ་མཆི་མི་ཉན་
ང་ཚོ་ཚང་མའི་ཐབས་ལམ་གཞད་དག་མཚོལ
ཟི་ཁྲོན་གྱི་རྒྱ་རིགས་ཚོའི་གཤིས་ཀ་སྡུག་རབས་ངས་ཀྱང་གོ་མྱོང་ཡོད། ད་ རྔ་བའི་ཡུལ་གྱི་སྤུན་ཉེ་རྣམས་ལ་སྙིང་རེ་རྗེ་ལ་ཤ་རེ་ཡང་ཚ།
རྒྱལ་དབང་ཀརྨ་པ་མཁྱེན་ནོ། ཀརྨ་པ་མཁྱེན་ནོ།
http://www.voanews.com/tibetan/news/Gyalwa-Karmapa-133689268.html
དང་པོ་སོ་སོས་སོ་སོ་མཁྱེན་ན་ཡག་ཤོས་རེད། དངུལ་ཏོག་ཙམ་ཡོད་པ་དེའང་བདག་པོ་རྒྱག་སྟངས་མ་མཁྱེན་ནས་སྔོ་ལོ་གནམ་ལ་འཕྱར་སོང་། དེ་འདྲ་སྐྱར་ཟློས་མི་འབྱུང་ཐབས་ལ་འབད་མཛོད།
ཀརྨ་པའི་གནས་ཚུལ་དེ་དག་མཁྱེན་ཡོད་ཀྱི་རེད། དྲ་ལམ་ཚང་མ་ནས་མཐོང་རྒྱུ་འདུག་ག
གསར་འགྱུར་འདི་ལ་ཁ་བྱང་ཡག་པོ་བཏགས་འདུག། རྒྱ་རོང་གི་ཟེར་དགོས་རེད། དུས་བབ་ནང་རྔ་བ་ཞེས་བཀོད་པ་དེ་ཏག་ཏག་བསྡད་ཀྱི་ཡོད་པ་མ་རེད། དེ་དུས་བབ་གསར་འགོད་པར་ཆབ་སྲིད་ཀྱི་ཤེས་རྒྱ་མེད་པ་དང། གནས་ཚུལ་མཁོ་སྤྲོད་པར་བསམ་བློའི་ཆུ་ཚད་མེད་ཙང་རེད།
ཀརྨ་པ་ནི་སངས་རྒྱས་དངོས་སུ་རེད་ལ། ཚེ་འདི་དང་ཕྱི་མ་གཉིས་ལ་མཁྱེན་གི་རེད། ཁོང་འདྲ་བོ་ད་ལྟར་བར་དུ་བོད་ལ་བླ་མ་བྱུང་ཉོང་མ་རེད། ཀ་དག་ལྐུག་པ་རང་རེད་འདུག.ཁྱེད་ད་ལྟར་བར་དུ་སངས་རྒྱས་ཀརྨ་པ་ཤེས་ཀྱི་མི་འདུག. ལས་ངན་ཁྱེད་སྙིང་རྗེ་བ་ལ་་་་་་་་་ཀརྨ་པ་མཁྱེན་ནོ་་་་་་་་
ཀ་དག་ཆོས་དབྱིངས་ངོ་མ་དྲ་ཐོག་འདིར་ཡོང་ན་རང་མི་རིགས་ཀྱི་རིག་གཞུང་དང་འཇིག་རྟེན་ཀུན་ཕན་གྱི་དགོངས་པ་ཞིག་བཞེས་དགོས་པ་ལས་རང་སྣང་གང་ཤར་གྱིས་སྨྲ་བར་ཚོད་ཟིན་ཅིག་དགོས་འདུག
དེ་ཐུགས་ལ་བདོག་རོགས།
འཚིག་པ་ཕ་ལ་ཟས།
འགྲམ་ལྕག་བུ་ལ་རྒྱབ་མི་ཉན། ། ང་ཚོ་བཀའ་བརྒྱུད་གཅིག་པ་རེད། འབྲི་གུང་པ་ལ་ཀརྨ་པ་སྐུ་ཕྲེང་རིམ་བྱོན་གྱིས་ཕན་འདོགས་ལས་གནོད་མེད་པས་མཁྱེན་པར་མཛོད་ཅིག
གང་ལྟར་པའེ་ཤ་འཇོག་སྟངས་མ་མཁྱེན་པ་ཏན་ཏན་རེད།
རླབས་ཆེན་གྱི་དཔའ་བོ་རྣམ་གཉིས་ལ་གུས་འདུད་ཞུ་་་་་་་་་
སྤྱིར་བཏང་ཀམ་ཚང་རྩོད་ལ་དགའ་མཁན་ཞིག་ད་རེད་དེ། ད་ལྟའི་གནས་སྐབས་སུ་ཀརྨ་པའི་སྐོར་ལ་རྩོད་པ་རྒྱག་པའི་དུས་མ་རེད།
ཀརྨ་ཡེ་ཤེས་ཁྱོད་ཀྱིས། དུས་རྟག་ཏུ་ཆོས་ལུགས་འཐེན་འཁྱེར་གྱི་ལྟ་བ་ཤ་སྟག་ཁུར་ནས་ཀརྨ་པ་ལ་ཟུར་བསྟོད་བྱེད་ཞོར་དམའ་མ་ཕོག་པའི་གཞན་གྱི་ཆོས་རྒྱུད་ལ་སྙིང་ནད་འཆང་ནས་སྨད་གང་ཐུབ་བྱེད་པ་དེ་ནི་ཀམ་ཚང་ཚང་གི་གཏན་ལ་ཕབ་པའི་དགོངས་དོན་ཞིག་རེད་བས། མ་ཤེས་ནས་བྲིས་པ་ཡིན།
ཀ་དག་ལགས་ཁྱེད་ཀྱིས་དང་པོ་རྩོད་དེ་མགོ་རྩམ་པ་རེད་། ཀརྨ་ཡེ་ཤེས་ཀྱིས་ལན་རྒྱབ་པ་རེད་་་་ཁྱེད་རྣམས་ད་ལྟར་བར་དུ་རང་གི་སྐྱོན་དེ་མི་ལ་གཙུགས་ན་ད་ལྟར་འགྲིགས་གི་མི་འདུག་གམ། དངོས་གནས་ཐབས་སྤྱོ་པོ་རེད། ཧཽུ་ཤི་ཕཊ་ལགས་སྤྱིར་གཏང་ཀམ་ཚང་གི་གནས་གཏང་འདི་འདྲ་སྡུག་པོ་གཏང་མཁན་སུ་ཡིན་པ་ཧ་གོ་གི་ཡོད་པའི???????དང་པོ་ནང་མཐུན་འབྲེལ་ཡག་པོ་བྱེད་ན་ཕྱིའི་དགྲ་བོ་ཐུབ་གི་རེད་
གདོང་དམར་སྤུན་ཟླ་རྣམས་པ་ལགས
དངོས་གནས་བྱེད་ན་བོད་ཀྱིས་བདེན་མཐའ་དེ་
ཀརྨ་པའི་གསལ་ཐུབ་ཀྱི་རེད་།
ཚང་མའི་ཡིད་ཆོས་བྱེད་ནས་་སྙིང་ཐག་པ་ནས
༼ཀརྨ་པ་མཁྱེན་ནོ༽་གང་མང་མང་གྲངས་དགོས་རེད་