ཞི་བའི་འཐབ་རྩོད།
༼བྱམས་བརྩེའི་བདག་མོ་བོད་དོན་རྒྱབ་སྐྱོར་བ་ཨ་ཤ་རལ་སྒྲས་མཆོག་དང་མཇལ་བ།༽
ཚེ་བརྟན་རྡོ་རྗེ།
ང་རང་གི་ཞི་བའི་གོམ་བགྲོད་འདི་འགོ་བཙུགས་སྟེ་ཉིན་གྲངས་ཁ་ཤས་ཤིག་ལས་མ་སོང་བའི་མཚན་མོ་ཞིག་ལ་རྒྱ་གར་བུད་མེད་ཅིག་གིས་ང་ལ་ཁ་པར་འབྱོར། ཁོ་མོས་ང་ལ་ཁྱོད་རང་བོད་བསྐྱོད་གོམ་བགྲོད་པ་ཚེ་བརྟན་རྡོ་རྗེ་ཡིན་ནམ་གསུངས། ཡིན་ཞེས་ལན་བཏབས་དུས། ང་རང་ལ་ཁྱེད་མ་བུ་གསུམ་གྱི་ཞི་བའི་འཐབ་རྩོད་འདི་ལ་རྒྱབ་སྐྱོར་ཡོད་པ་མ་ཟད། ད་དུང་། ཁོ་མོས་ཞལ་འདེབས་འབུལ་འདོད་ཡོད་ན་ཇི་ལྟར་འབུལ་དགོས་མིན་གྱི་སྐོར་ནས་ང་ལ་ཡང་དང་བསྐྱར་དུ་བཀའ་འདྲི་ཞུས་པའི་ལན་དུ། ངེད་མ་བུ་གསུམ་ལ་གནས་སྐབས་རིང་ཟས་སོང་སོགས་ཀྱི་དཀའ་ངལ་གང་ཡང་མེད་པའི་སྐོར་ཁོ་མོ་ལ་ཞུས་དུས། ཁོ་མོས་ང་ལ་དཀའ་ངལ་ག་དུས་འཕྲད་ན་ཁོ་མོའི་ཁ་པར་སྒོ་ཆུ་ཚོད་ཉེར་བཞིའི་རིང་དུ་ང་ཚོ་ལ་ཕྱེ་ཡོད་གསུངས་སོང་།
ངས་ཁོ་མོ་ནི་ངོ་མི་ཤེས་ལ། ཁོ་མོས་ང་ཡང་སྔོན་ཆད་གཏན་ནས་མཐོང་མྱོང་མེད་པ་མ་ཟད། ངའི་ཕ་མ་ཉེ་དུ་སུ་ལའང་འབྲེལ་བ་མེད་པ་ཞིག་ཡིན་དུས། ང་རང་གིས་ཁོ་མོས་ཕྱོགས་ལ་དོ་སྣང་གང་ཡང་མ་བྱས་པར་བཞག་པ་ཡིན། རྒྱ་གར་རྒྱལ་ས་ལྡི་ལི་ལ་འབྱོར་རེག་བར་དུ་ཁོ་མོས་ང་ལ་ཁ་པར་ཐེངས་མི་ཉུང་བ་ཞིག་ལ་འབྱོར་བ་དང་ང་ཚོའི་སྐོར་ལ་སེམས་ཁྲལ་དང་རྒྱབ་སྐྱོར་ཡོད་པའི་སྐོར་ཡང་དང་བསྐྱར་དུ་གླེང་དེ་འོང་བ་མ་ཟད། ང་རང་གི་ཁ་པར་གྱི་སྐུད་ལམ་ས་མཚམས་བརྒལ་ཡོད་པ་ཤེས་ནས་ནང་དུ་སྒོར་མོ་ཕྱིར་ཉིན་དེར་བཏང་འདུག ཉིན་དེར་ཁོ་མོས་ང་ལ་ཁ་པར་འབྱོར་དུས་སུ་ང་ཚོའི་འགྲམ་དུ་མི་ཆེས་མི་ཉུང་བ་ཞིག་ཡོད་སྟབས་ངས་ཁོ་མོ་ལ་ཁ་པར་རྒྱུད་དེ་བཀའ་དྲིན་ཆེ་ཡག་པོ་ཞིག་ཡང་ཞུ་ཐུབ་མ་སོང་། དེ་ཉིན་དེ་རུ་འབྱོར་བའི་བུད་མེད་ཅིག་གིས་ང་རང་གི་ཚབ་བྱས་སྟེ་ཁོ་མོ་ལ་སྐད་ཆ་བཤད་དུས། ཁོ་མོས་རང་གི་བཟའ་ཟླའི་མ་རྒན་ཅུང་ན་བཞིན་ཡོད་སྟབས་གང་མགྱོགས་ང་ཚོ་ལ་བལྟ་རུ་ཡོང་མ་ཐུབ་ཀྱང་། ང་ཚོ་ལྡི་ལིར་འབྱོར་ན་ཁོ་མོའི་ཚབ་དུ་མི་ཞིག་ང་ཚོ་ལ་ཐུག་འཕྲད་བྱེད་དུ་གཏོང་གི་ཡིན་གསུངས་འདུག
ང་ཚོ་ལ་ལམ་བར་དུ་དེ་འདྲའི་དཀའ་ཚེགས་མང་བོ་ཞིག་མ་འཕྲད་པར་ལྡི་ལི་བོད་གཞིས་བསམ་ཡས་གླིང་དུ་ཉིན་གྲངས་ཉེར་གཅིག་གི་ཕྱི་དྲོར་འབྱོར་ནས། ཉིན་གཅིག་གི་ལས་རིམ་ཁ་ཤས་ཤིག་གོ་སྒྲིག་བྱས་སྟེ་བཞག་ཡོད་པ་ཡོངས་སུ་མཇུག་སྒྲིལ་ལ་ཉེ་བའི་ཕྱི་དྲོ་ཁོ་མོས་ང་ལ་མི་རིང་བར་གཞིས་སྒར་བསམ་ཡས་གླིང་དུ་ང་ཚོ་ལ་ཐུག་འཕྲད་བྱེད་དུ་འབྱོར་ངེས་ཡིན་ཞེས་ཁ་པར་འབྱོར།
ཁོ་མོ་ད་ལྟ་ལྡི་ལི་གནམ་ཐང་དུ་ཡོད་གསུངས་སོང་། ཁོ་མོ་དུས་རྒྱུན་གཞུགས་ཡུལ་རྒྱ་གར་ལྷོ་ཕྱོགས་ཅལ་ནེས་ཟེར་ས་རེད་འདུག
ང་ཚོ་མ་བུ་གསུམ་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་ཡན་ལག་ལས་ཁུངས་ཤིག་ལྡི་ལིར་ཡོད་པ་དེར་བཅར་དགོས་བྱུང་སྟབས། ང་ཚོ་བསྡོད་སའི་བསམ་ཡས་གླིང་གི་བོད་དགོན་འབྲས་སྤུངས་སྔགས་པ་གྲྭ་ཚང་གི་ཁྱམས་རྭ་ནས་ང་ཚོའི་ཚབ་དུ་མི་ཞིག་ཁོ་མོ་འབྱོར་ན་སྣེ་ལེན་བྱེད་རོགས་གནོང་ཟེར་ནས་སྒུག་བཅུགས་པ་ཡིན། ཆུ་ཚོད་གཅིག་ཏག་ཏག་གི་ཁ་པར་རྒྱུད་ནས་བཅའ་འདྲི་བྱེད་པའི་ལེ་ཚན་ཚར་མ་ཐག་ང་ཚོ་ཕྱིར་ཕྱིར་བསྡོད་གནས་སུ་འབྱོར་དུས། ཁོ་མོ་ང་ཚོ་ཉལ་སའི་ནང་གི་གདན་ཞིག་གི་སྒང་དུ་བསྡད་དེ་ང་ཚོ་ལ་སྒུག་འདུག ང་ཚོ་མཐོང་མ་ཐག་ལྷད་མེད་ཟོལ་བྲལ་གྱི་འཛུམ་མདངས་ཤིག་དང་བཅས་ང་ཚོ་རེ་རེ་ལ་འཐམ་ནས་མིག་ཆུ་ཤམ་ཤམ་དུ་བཞུར་ཞོར་འཚམ་འདྲི་གནང་སོང་། ངས་ཁ་པར་ལས་ཁོ་མོས་རང་ཉིད་ཀྱི་མིང་ལ་ཨ་ནེ་ཨ་ཤ་ཟེར་ནས་འབོད་ཀྱི་ཡོད་གསུངས་དུས། ངའི་མིག་ལམ་དུ་ཤར་ནས་འོང་བ་ནི་རྒྱ་གར་གྱི་བུད་མེད་ཤ་རྒྱགས་པ་དེ་འདྲ་ཞིག་ཤར་མྱོང་ནའང་། དེ་རིང་མི་ངོ་མ་མཇལ་དུས་ང་རང་དངོས་ནས་ཧ་ལས་སོང་། གཞོན་ཉམས་དོད་ལ་མཛེས་སྡུག་ཡིད་འོང་གི་གཤིས་ཀ་ལྡན་པའི་བུད་མེད་ཅིག་ང་ཚོའི་མིག་འདུན་བླངས་འདུག
ང་ཚོས་ཕན་ཚུན་ལ་གཏམ་གླེང་མི་ཉུང་བ་ཞིག་བྱས་རྗེས་སུ། ངས་ཁོ་མོ་སང་ཉིན་ང་ཚོ་དང་མཉམ་དུ་གོམ་བགྲོད་ལ་ཉིན་གཅིག་རིང་དུ་མཉམ་ཞུགས་བྱེད་མཁན་ཡིན་པ་ཤེས་སོང་ལ། ཁོ་མོས་ང་ཚོ་ལ་ལམ་བར་གྱི་འགྲོ་གྲོན་བྱེད་རོགས་གནོང་གསུང་ནས་ཧིན་སྒོར་ཉིས་ཁྲི་ལྔ་སྟོང་ལག་ཐོག་དེ་ནས་གནང་དུས་ངས་ད་ལྟ་མི་དགོས་པར་ཞུས་ཀྱང་ངོ་ཟློག་ཐུབ་མ་བྱུང་། ཁོ་མོ་༧གོང་ས་མཆོག་ལ་ཧ་ལས་པའི་དད་གུས་ཡོད་པའི་བུད་མེད་ཅིག་རེད་འདུག བོད་དགོན་དེ་ཡི་ནང་གི་༧གོང་ས་མཆོག་གི་སྐུ་པར་མདུན་ནས་ཁོ་མོས་འགོ་བྱས་སྟེ་ངེད་གཉིས་ཀྱིས་མཉམ་དུ་གངས་རི་རྭ་བའི་སྐོར་བའི་ཚིག་བཅད་དེ་མཉམ་གཅིག་དུ་བཏོན་པ་ཡིན།
ཕྱིར་ཉིན་ཞོགས་པ་དུས་ཚོད་བཟོས་པ་ལྟར་ཁོ་མོ་ཡང་ལྷ་ཁང་གི་ཁྱམས་རྭ་ང་ཚོ་ཡོད་སར་འབྱོར་ནས་ཞོགས་ཇ་སྟབས་བདེ་ཞིག་གོ་སྒྲིག་བྱས་སྟེ་བཞག་ཡོད་པ་དེ་ལ་རོལ་རྗེས་སུ། ང་ཚོ་བོད་པ་ཁ་ཤས་ཤིག་གི་བསྐྱེལ་མའི་ཁྲོད་དུ་ལམ་དུ་ཆས་པ་ཡིན། ཚ་བ་ཧ་ཅང་ཆེ་བའི་ཉིན་མོ་འདི་ལ་ཁོ་མོ་ང་ཚོ་དང་འགྲོགས་ནས་སྤྱི་ལེ་ཉི་ཤུ་མ་ཟིན་ཙམ་གྱི་ས་ལ་སླེབས་རྗེས། ཁོ་མོ་ལ་ཡང་དང་བསྐྱར་དུ་ཁ་པར་འབྱོར་ནས་བོད་མི་ཞིག་ཁོ་མོ་ལེན་དུ་ཡོང་གི་ཡོད་རབས་ཀྱི་ཁ་པར་འབྱོར། ཉིན་གུང་ཆུ་ཚོད་གསུམ་པའི་རྒྱབ་དུ་ཁོ་མོ་བསུ་རུ་འོང་བའི་མི་ཡང་སླེབས། ཁོ་མོས་ང་ཚོ་རེ་རེ་ཡི་སྐེ་རུ་འཐམ་ནས། ང་ད་ལྟ་རང་གི་ཡུལ་དུ་འགྲོ་བཞིན་ཡོད་པ་རེད། ཁྱེད་ཚོ་ཡང་རང་གི་ཡུལ་དུ་ལོག་བཞིན་ཡོད་པ་རེད། ང་རང་གི་ལུས་པོ་ཁྱེད་ཅག་དང་འགྲོགས་སྟེ་འགྲོ་མ་ཐུབ་ཀྱང་སེམས་པ་དུས་ནམ་ཡང་ཁྱེད་ཅག་དང་ལྷན་དུ་ཡོད་གསུངས་སྟེ་ལག་ཟུང་སྙིང་གར་སྤྱར་ཞོར་དུ་ཕེབས་སོང་།
ང་ཚོས་ཟ་མ་ཞིག་ཟ་བའི་སྐབས་སུ་ངེད་གཉིས་ཀྱིས་ད་ལྟའི་བོད་ཕྱི་ནང་གི་སྐོར་ནས་གཏམ་གླེང་བྱས་དུས་སུ། མོ་རང་གི་མིག་ཆུ་ཤམ་ཤམ་དུ་བཞུར་ནས་འོང་བ་མཐོང་དུས་ངས་བཤད་མཚམས་བཞག་པ་ཡིན། ཁོ་མོས་རང་ཉིད་ལ་སྐུ་གཤེགས་དབའ་བོ་འཇམ་དཔལ་ཡེ་ཤེས་ཀྱི་གཟིམ་ཤག་དུ་བཅར་སྐབས་རེག་པའི་དབའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱི་སྐེ་འདོག བོད་ཀྱི་ས། ངའི་ཕ་ཡུལ། ངའི་རྒྱལ་ཁབ་ཞེས་པའི་བོད་ཀྱི་ས་ཁྲ་ཡོད་པ་ཞིག་མིག་ཆུ་དང་མཉམ་དུ་ང་ཡིས་སྐེ་རུ་བཏགས། དེ་རྗེས་སུ་ངའི་བརྩེ་བའི་མ་ལོ་ལ་ཁོ་མོའི་ལུས་དང་བྲལ་མ་མྱོང་བའི་སྒྲོལ་མའི་སྐུ་འདྲ་ཡོད་པའི་སྐེ་འདོག་ཞིག་ཁོ་མོའི་སྐེ་ནས་བླངས་སྟེ་ངའི་མ་ལོ་ལ་སྤྲད། ངའི་ནུ་མོ་ལ་༧གོང་ས་མཆོག་གི་སྐུ་པར་ཡོད་པའི་བྲང་འདོག་ཞིག་ཁོ་མོའི་བྲང་གར་བཏགས་སོང་།
ངས་ཁོ་མོས་ཉིས་སྟོང་གཅིག་ནས་འགོ་བཙུགས་སྟེ་བོད་དོན་ལ་ཁ་ཡོད་ལག་ཡོད་ཀྱིས་ཕྱག་ལས་ཚད་མེད་གནང་བའི་ལོ་རྒྱུས་མི་ཉུང་བ་ཞིག་ཡིག་ངག་གཉིས་ཐོག་ནས་ལག་སོན་བྱུང་རྗེས་སུ། ངས་ཁོ་མོའི་མཚན་ལ་བྱམས་བརྩེའི་བདག་མོ་ཞེས་བོས་པ་ཡིན་ལ། རང་གི་སེམས་གཏིང་ནས་དེ་ལྟར་བཀུར་ཡོད།
ཁོ་མོ་ད་ལྟ་རང་ལོ་ང་ལྔ་སོན་པར་ཉིན་གྲངས་ཁ་ཤས་ལས་མི་འདུག སྐྱེ་ཚེས་༡༩༥༧།༤།༨་རེད་འདུག བུ་མོ་གཉིས་ཡོད། བཟའ་ཟླའི་ཚོང་ལས་གཉེར་བཞིན་འདུག ཁོ་མོའི་མཚན། Aasha Reddy ངས་ཁོ་མོ་དང་ལྷན་དུ་ཆུ་ཚོད་ཁ་ཤས་ཤིག་གི་རིང་དུ་ལམ་ཞོར་དུ་གཏམ་གླེང་བྱས་དུས་སུ། ཁོ་མོའི་མ་འོངས་ལས་འཆར་དང་རྣམ་དཔྱོད་ལ་ང་རང་དངོས་ནས་ཧ་ལས་སོང་། ཁོ་མོས་གསུངས་ན་རང་གི་ཕྱག་ལས་འདི་དག་ལ་ནང་མིས་ཀྱང་རྒྱབ་སྐྱོར་ཐོབ་ཡོད་གསུངས་སོང་། མཐའ་དོན་ངས་འདི་ནས་ཁོ་མོའི་རླབས་ཆེ་བའི་ཐུགས་དགོང་ཡོངས་སུ་འགྲུབ་ནས་ང་ཚོ་གཞན་ཕན་གྱི་སྲུ་ཞུ་སྒྲུབ་པའི་གྲོགས་སུ་བསྐལ་བ་ཇི་སྲིད་བར་དུ་འགྱུར་བར་སྨོན་ཞེས་གླིང་ཚ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱི་ཚབ་དུ་གླིང་ཚ་ནས་གུས་པ་དང་བཅས་གོམ་བགྲོད་ཀྱི་ལམ་བར་དུ། ༢ ། ༤ ། ༡༢
ངེད་བོད་མི་ཚོས་རྒྱ་གར་གྱི་གནའ་བོའི་རིག་གཞུང་ཞིག་སྲུང་སྐྱོབ་བྱེད་ཀྱི་ཡོད་སྟབས། མཁྱེན་ལྡན་མ་བྱམས་བརྩེའི་བདག་མོ་འདིས་ཁྱེད་ལ་དེ་ལྟར་ལྟ་རྟོག་བྱེད་པར་ཡོང་བ་ནི། དངོས་ནས་དགའ་འོས་པ་ཞིག་རེད། བུ་རྒོད་པོ་ཁྱེད་རང་དགའ་དུས་ང་ཚོ་དགའ་ཡོད་ལ། ཁྱེད་རང་སྡུག་དུས་ང་ཚོ་སྡུག་ཡོད།
ལེགས་སོ་ཞུ་རྒྱུ་ལས་གཞན་ཅང་མེད། ཡིན་ནའང་བལ་པོའི་ས་མཚམས་ནས་དཀའ་ལས་ཕྲད་རྒྱུ་ཉག་ཅིག་རེད་པས་གང་དྲག ཁྱེད་ཀྱི་ལས་འགུལ་མཚམས་འཇོག་རོགས་ཟེར་ནའང་ཁ་ཧམ་ཆེ། མུ་མཐུད་ཟེར་ནའང་མ་དང་སྲིང་མོ་བཅས་ལ་བལ་པོའི་མཐའ་མཚམས་པས་མིའི་གྲལ་ལ་འཇོག་གི་མ་རེད། གང་དྲག
ངས་རྟག་ཏུ་ཁྱེད་ཚོའི་སྐོར་ཀྱི་གནས་ཚུལ་གོ་འགྱུར་རེ་སྒུག་བྱེད་ཀྱི་ཡོད་ལ། གནས་ཚུལ་རེ་གོ་དུས་ངའི་མིག་ཆུ་ཡང་ངང་གི་བཞུར་བཞིན་འདུག གང་ལྟར་ངས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ས་མཚམས་ཁག་ལ་སླེབས་སྐབས་བོད་མི་ཕོ་རྒོད་མང་པོ་སྐྱེལ་མ་བྱེད་དུ་འགྲོ་དགོས། དེ་འགན་དེ་གཞོན་ནུ་གཙོས་གཞུང་འབྲེལ་ཡིན་མིན་ཚོགས་པ་ཚང་མས་འགན་འཁྱེར་དགོས། ད་དུང་མི་སྒེར་་་་་་་་་་་་་་
བྱམས་བརྩེ་ལྷག་བསམ་འགྲན་ཟླ་བྲལ་བའི་བུད་མེད་རླབས་ཆེན་Aasha Reddyམཆོག་གིས་ཁྱེད་ཚོ་མ་བུ་གསུམ་ལ་རོགས་རམ་བྱེད་པར་དགའ་བསུ་ཞུ།
ངའི་མིག་ནོར་མེད་ན་ཁྱེད་ཀྱི་ལག་ཏུ་རྒྱ་དཀར་ནག་གཉིས་ཀའི་རྒྱལ་དར་བཟུང་བ་ཨེ་རེད། དེ་ཡིན་བཙན་བྱོལ་ནང་རྒྱ་དར་བཟུང་ནས་རྒྱ་ལ་ངོ་རྒོལ་བྱེད་མཁན་དང་པོ་དེ་ཆགས་པ་རེད།
བྱམས་བརྕེའི་བདག་མོའི་མ་འོངས་ལས་འཆར་དེ་ག་རེ་ཡིན་ན། དེ་ཅིག་ཤེས་ཉོས་དྲོད་སོང་།
གཞན་ཁྱེད་རང་ཚོ་སེམས་སྟེང་ནས་རྒྱབ་སྐྱོར་ཡོད།
ཐུགས་རྗེ་གནོངས།
༼བྱམས་བརྩེ་ལྷག་བསམ་འགྲན་ཟླ་བྲལ་བའི་བུད་མེད་རླབས་ཆེན་Aasha Reddyམཆོག༽ ཨ་ཇོ་བོད་པ་ཚང་གི་འུར་བསྟོད་འདི་འདྲ་རེད།
ཨ་ཤ་ལགས། ཆ་རྒྱུས་ལོས་ཡོད་། རྒྱ་གར་ལྷོ་ཕྱོགས་ལ་མཐོ་སློབ་འགྲེམས་བཞིན་པའི་བོད་ཕྲུག་ཚོ་། ཁོ་ལ་ཨ་སྲུ་ཨ་ཤ་ཟེར་གྱི་རེད། །
ལོ་ལྟར་བོད་ཕྲུག་མཐོ་སློབ་སློབ་འཇུག་སྐབས་རོགས་རམ་ཞེ་དྲག་གནང་གི་རེད། དེ་བཞིན་བོད་དོན་ལས་འགུལ་སྐབསབས་སོགས་ཡང་ཡང་མཇལ་གི་རེད།
ད་ལེན་ངེད་བོད་པ་ཚང་གི་གཟི་བརྗིད་ཅན་གྱི་ནང་གསུམ་པོར་མཇལ་བ་དང་རྒྱབ་བཅོར་གནང་བ་སྙིང་ནས་དཀའ་དྲིན་ཆེ། གཙོ་བོ་ཁྱེད་རྣམ་གསུམ་ལམ་དུ་བར་ཆད་ཕྲ་མོ་ཙམ་མི་ཡོང་བའི་སྨོན་འདུན་བཅས་། བོད་རྒྱལོ།
ཁྱེད་མ་བུ་གསུམ་ནི་བདེན་དོན་ཞིག་ཆེད་དུ་རང་ཉིད་ཀྱི་ཡོད་ཚད་བློས་གཏོང་བཞིན་ཡོད་ཕྱིན་བདེན་དོན་ལ་དགའ་བའི་མི་དག་གི་སེམས་པ་ནི་ནམ་ཡང་ཁྱེད་ཅག་དང་མཉམ་དུ་གནས་ཡོད། ཁྱེད་མ་བུ་གསུམ་གྱིས་དངོས་གནས་འོ་བརྒྱལ་མྱངས་སོང་། ངས་ཀྱང་འདི་ནས་ཁྱེད་མ་བུ་གསུམ་གྱི་བསམ་དོན་མྱུར་འགྲུབ་ཡོང་བའི་སྨོན་ལམ་འདེབས།
མེ་ཏོག་དཀར་བོ་ལགས། ཁོ་མོའི་རླབས་ཆེན་གྱི་མཛད་རྗེས་དེ་ང་ཚོའི་བོད་རིགས་མཐོ་སློབ་པ་སུ་ཞིག་ཡིན་ན་ཡང་ཤེས་ངེས་རེད། ཁྱེད་རང་ལྟ་བུའི་དྲ་ཐོག་གི་སོ་མྱུལ་བ་ཞིག་མ་རེད། མིའི་རིགས་ཀྱི་ནང་དུ་དཀོན་པོའི་བུད་མེད་ཅིག་རེད།
ཨོ་ཨོ་བྱས་ན་ངའི་ཨ་མ་ལགས་བྱམས་བརྩེ་ལྷག་བསམ་་འགྲན་ཟླ་དང་བྲལ་བ་དེ་དང་འདྲ་པོ་ཡིན་པ་འདྲ།
ག་དུས་ཡིན་ཡང་ཁྱེད་ཚོ་ལ་རྒྱང་ལྟས་བྱས་ཡོད་ལཊ། བར་ཡུལ་ལ་སླེབས་དུས་གཟབ་གཟབ་གནོང་།
ངས་འདིར་ཡག་པོ་ཞིག་མི་མཐོང་ཡང་ཁྱེད་ཀྱི་ལག་གི་རྒྱ་གར་རགྱལ་དར་འོག་ཡོད་པ་དེ་སྐར་ལྔའི་དར་དམར་ཡིན་ནམ་མསམ་བྱུང་།
ལྷག་བསམ་དང་སྙིང་སྟོབས་ཀྱི་ཕྱུག་པའི་ཁྱེད་མ་བུ་གསུམ་ལ་སྙིང་དབུས་ནས་མཚམས་སྤྲི་ཞུ། བྱམས་བརྩེ་དང་དྲང་བདེན་ཅན་གྱི་ཨ་མ་Aashs Reddy ལགས་ཀྱིས་གསུངས་པ་ལྟར་གུས་པའི་ལུས་པོ་ཁྱེད་གསུམ་དང་མཉམ་དུ་མེད་ཀྱང་། སེམས་པ་འབྲལ་མེད་ཁྱེད་གསུམ་དང་མཉམ་དུ་ཡོད་དེར་བརྟེན་ཁྱེད་ཚོའི་གནས་ཚུལ་གསར་པ་རེ་ཤེས་སྐབས་དགའ་སྐྱོའི་འཚོ་བ་གཉིས་འགྲན་བཞིན། ཁྱེད་མ་བུ་གསུམ་མི་འདོད་པའི་ཉེར་འཚེ་ཞི་ནས་བསམ་དོན་ཡིད་རེ་ལྟར་འགྲུབ་པའི་སྨོན་འདུན་ཤུགས་དྲག་ཞུ་བཞིན་མཆིས། ཁྱེད་མ་བུ་གསུམ་རྒྱལ་ལོ། བོད་རྒྱལ་ལོ།
ཁ་བ་ཅན་གྱི་ཕན་བདེ་མ་ལུས་པ།།
སྒྲུབས་པའི་གང་ཟག་ཇི་སྙེད་མཆིས་སུ་ཅོག།
ཚེ་བསོད་རབ་འཕེལ་ཆོས་མཐུན་བྱ་བ་རྣམས།།
གེགས་མེད་བདེ་བླག་ལག་རྩེར་སོན་པར་ཤོག། །།
ངོ་མ་ཁྱེད་ཚོ་ལ་དཀའ་ལས་མི་ཁག་པར་སྨོན་་་་བལ་བོ་ནི་རྒྱ་མའི་ལག་ལ་ཡོད་པའི་་་་་་དཀོན་མཆོག་མཁྱེན་་་་་་་བོད་རྒྱལ་ལོ་་
(Aasha Reddy )ཨ་ཤ་ལགས་ངོ་མ་བོད་པ་ལ་བཟང་བ་རེད། ལོ་ཤས་རིང་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་གྱི་སྦྱིན་བདག་ཡང་གནང་བ་རེད། ཨོ་ཨོ་ཁྱེད་མ་བུ་གསུམ་གྱི་བསམ་དོན་ལྷུན་འགྲུབ་ཡོང་བར་ཤོག
ལམ་ཐག་རིང་པོར་དཀའ་བ་ཁྱད་དུ་བསད་ནས་ཁྱེད་མ་བུ་གསུམ་གྱི་གོམ་བགྲོད་ནི་དོན་སྙིང་ལྡན་པ་ཞིག་རེད། མིང་ཡང་སྙན་པོ་ཞིག་རེད། རྒྱ་གཞུང་ལ་དོན་ཚན་ལྔ་ཅན་གྱི་རེ་འདུན་ཞུ་ཆེད་སྐར་ལྔའི་དར་དམར་མཉམ་དུ་ཁྱེར་ཐུབ་ན་ཡག་པོ་ཡོད་ཀྱི་རེད་སྙམ། ཐབས་དང་ཤེས་རབ་ལ་བརྟེན་དགོས་པ་ལས་ཨུ་ཚུགས་བྱེད་མི་ཉན། འདིའི་ནང་དུ་ཁྱེད་མ་བུ་གསུམ་གྱི་གོམ་བགྲོད་ཟེར་བ་འཇིག་རྟེན་ན་ཡིད་འོང་ལྟ་ན་སྡུག་པའི་ཞི་བའི་འཐབ་རྩོད་ཅིག་ཏུ་འགྱུར་བར་སྨོན། དོན་དག་མང་པོ་ཞིག་འདུས་ཡོད་པ་རེད། བྱམས་བརྩེའི་བདག་མོ་རྒྱལ་བར་ཤོག།
༄༅།། ལྷག་བསམ་ཅན་གྱི་གླིང་ཚ་མ་བུ་གསུམ་གྱི་ཧ་ལས་པའི་བློས་གཏོང་དང་ངལ་བ་ཁྱད་དུ་བཟོད་ནས་རང་ཡུལ་མི་དང་མི་དམངས་ཀྱི་ཆེད་དུ་རྒྱུས་མེད་ཀྱི་ཡུལ་ནས་རང་ཡུལ་ལ་ཕྱོགས་ཏེ་གོམ་བགྲོད་གནང་བའི་སྐབས་སྐད་དང་ཆ་ལུག་གང་ཡང་མི་འདྲ་བའི་རྒྱ་གར་གྱི་རྒྱབ་བསྐྱོར་བ་བུད་མེད་དེའི་སྙིངས་སྟོབས་དང་གཏོང་ཕོད་དེ་འདྲ་གནང་དུས་རང་རེ་ཤ་ཁྲག་གཅིག་པའི་མི་ཆེན་དང་། བླ་ཆེན་སྤྲུལ་སྐུ། འབྱོར་ལྡན་ཚོང་པ་སོགས་མི་རིགས་ཀྱི་ལ་རྒྱ་ཡོད་ན་དུས་ལ་འབབ་འདུག་པས་ཁ་ཡོད་ལག་ཡོད་ཀྱིས་བོད་མི་རིགས་ཀྱི་སྤྱི་དོན་ལ་དོ་སྣང་དང་རྒྱབ་སྐྱོར་གནང་དགོས་པ་འདུག ། མཁྱེན་ནོ། མཁྱེན་ནོ།
ཆ་རྒྱུས་མེད་པའི་ས་མཐའི་རི་གྲོང་ཞིག་ནས་ངས་ཉིན་ལྟར་ཁྱེད་མ་བུ་གསུམ་གྱི་གོམ་ཁ་ཕ་ཡུལ་ལ་སྒྱུར་བའི་རྡོག་སྒྲ་ལ་ཉན་བཞིན་ཡོད། ཁྱེད་མ་བུ་གསུམ་གྱི་སྙིང་སྟོབས་ལ་གུས་རྩི་ཞུ་བཞིན་ཡོད། ཁྱེད་མ་བུ་གསུམ་ནམ་ཡང་མི་ནུབ་པ་སྨོན། (Aasha Reddy) སྙིང་ཁོང་ནས་ཐུགས་རྗེ་ཆེ་ཞུ། གཞན་གྱི་མི་རིགས་ཚོས་འདི་ལྟར་བྱེད་ཚེ་རང་རིགས་ཚོས་དང་ཅིའི་ཕྱིར་མི་བྱེད།
བྱམས་བརྩེའི་བདག་མོ་ Aasha Reddy ནི་རང་ཅག་བོད་མི་རྣམས་ལ་དུས་རྟགཏུ་ཤ་ཚ་དང་རོགས་རོམ་གནང་མཁན་གྱི་བཀའ་དྲིན་ཅན་ཞིག་ཡིན། ད་ལྟའི་སྐབས་བཙན་བྱོལ་བོད་མིའི་ཁྲོད་མོའི་མཚན་ཐོས་མ་མྱོང་མཁན་ཧ་ལམ་མེད། སྤྱིར་རྒྱ་གར་གཞང་དམངས་གཉིས་ཀ་རང་ཅག་སྐྱབས་མེད་མགོན་མེད་ཀྱི་བོད་མི་རྣམས་ལ་ཧང་ཅང་དྲིན་ཆེན་ཡིན་ལ་ལྷག་པར་Aasha Reddy ལྟར་བུའི་བྱམས་སེམས་ཅན་རྣམས་་དུས་ནམ་ཡང་བརྗེད་ཐབས་མེད།
འཚམས་འདིར་ཡང་ངས་དགའ་སྡུག་འདྲིས་མའི་ཚོར་བ་དྲག་པོ་ཞིག་དང་བཅས་Aasha Reddy ཁྱོད་རྣམ་པར་ཐུགས་རྗེ་ཆེ་ཞུ།།
བརྩེ་བའི་སྤུན་ཟླ་ཚེ་བརྟན་རྡོ་རྗེ་ཁྱོད་མ་བུ་གསུམ་ལ་བདེ་སྡུག་ཅི་འབྱུང་གི་གནས་ཚུལ་ང་ཚོ་འདིར་ལུས་སྤུན་ཟླ་རྣམས་ཀྱིས་དུས་རྟག་ཏུ་ལྟ་བཞིན་ཡོད་ལ་སྐད་ཆ་ཡང་དུས་རྒྱུན་དུ་དྲི་བཞིན་ཡོད། ང་ཚོའི་སེམས་པ་ནི་དུས་ནམ་ཡང་ཁྱོད་ཚོ་དང་མཉམ་དུ་ཡོད། འོན་ཀྱང་རྗོད་བཀའ་ཞིང་བཟོད་མ་བདེ་བའི་སེམས་ལ་ན་ཟུག་ཞིག་ཡོད་པ་ནི་ད་ཁྱོད་ཚོ་ལ་དཀའ་ངལ་ཅི་འདྲ་ཞིག་འབྱུང་སྲིད་པ་དེ་རེད། འཐའ་དོན་འདིར་ཁྱོད་ཚོར་མི་འདོད་འགལ་རྐྱེན་ཞི་ཞིང་ འདོད་དོན་ཡིད་བཞིན་འགྲུབ་པར་སྨོན།
བྱམས་བརྩེ་བདག་མོ་་Aasha Reddy མཆོག་ང་ཚོའི་སྙིང་གི་བློ་སྟོབས་དབའ་བོ་མ་བུ་གསུམ་ལ་རྒྱབ་སྐྱོར་བྱེད་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། ཁྱེད་མ་བུ་གསུམ་་ལམ་བར་དུ་གང་གཟབ་གཟབ་གནང་རོགས།
གལ་ཏེ་རྒྱ་ནག་གི་རྒྱལ་དར་ཡིན་ན་ངའི་ངོས་ནས་རྒྱབ་སྐྱོར་ཡོད། དེ་བཞིན་བལ་ཡུལ་ས་ཁུལ་དུ་འཛུལ་བ་དང་རྒྱ་གར་རྒྱལ་དར་མ་ཡིན་པར་བལ་པོ་རྒྱལ་དར་འཁྱེར་ན་ལེགས་སྙམ་ཏེ་དེ་ཚོ་ནི་ཉིད་ཀྱིས་ཐུགས་ལ་ལོས་ཡོད་སྙམ།
༢༠༠༨ ལོའི་ནང་ཡས་མས་ཞིག་ལ་བོད་མི་ཁག་ཅིག་གིས་རྒྱ་མིའི་གཞུང་ཚབ་ཁང་ཞིག་ནས་རྒྱའི་དར་མར་ཕབ་ཏེ་ནོད་དར་འཕྱར་སོང་། དེ་དུས་ངའི་བསམ་པར་བོད་དར་འཕྱར་བ་འགྲིག་འདུག་སྟེ་རྒྱ་དར་ཕབ་པ་འགྲིག་མ་སོང་དྲན། དེའི་སྐོར་གྲོགས་པོ་ཁ་ཤས་དང་བགྲོ་གླེང་ཡང་བྱས། ད་སྐབས་སུ་བབ་པ་འདིར་དབུས་བོད་མིའི་སྒྲིག་འཛུག་གིས་ཀྲུང་ཧ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཆོལ་གསུམ་གཅིག་ཏུ་སྒྲིལ་བའ་ཚད་མཐོའི་རང་སྐྱོང་གི་ཐོབ་ཐང་རྩོད་པ་ལ། རྒྱ་གཞུང་གིས་དེ་ནི་ལྷག་བསམ་རྣམ་དག་མ་ཡིན་པ་དང་། རྣམ་པ་འགྱུར་བའི་རང་བཙན་སོགས་རེད་ཅེས་སྐྱོན་བརྗོད་བྱེད་ཀྱིན་པའི་སྐབས། བཙན་བྱོལ་ནང་བོད་མི་དཀྱུས་མ་ཞིག་གིས་བློ་རྒྱ་ཆེར་སྐྱེད་ཀྱིས་རྒྱ་དར་བོད་དར་མཉམ་འཕྱར་གྱིས་རྒྱ་ལ་ངོ་རྒོལ་གནང་བ་ནི་ལས་འགུལ་བས་རྒྱལ་སྤྱི་དང་། རྒྱ་བོད་སོགས་ཀྱི་གནས་སྟངས་ཤེས་ནས་ལས་འགུལ་སྤ་བ་མཚོན་པས་སླར་ཡང་ཐུགས་རྗེ་ཆེ། ཁྱེད་མ་བུ་གསུམ་ལ་སྙིང་ནས་དགའ་བསུ་ཡོད། དུས་ནམ་ཡང་མི་བརྗེད་ཡ།
གཉན་གཡག་ཕྲུག་ལཊ།
བོད་ཀྱི་བླ་ཆེན་མི་ཆེན་ཚོང་ཆེན་སོགས་དང་མི་དཀྱུས་མ་ཡོང་ལ་བསྟེན་ནས་བོད་འདི་ད་བར་གསོན་ཐུབ་པ་ཡིན་པ་ཧ་གོ་ན་བཟང་ངོ་།
ཁྱེད་ཀྱི་ཀྱིས་བོད་མི་རིགས་ཀྱི་ཆེད་དུ་ཡོད་ཚད་ནས་ཡོད་ཚད་བློས་བཏང་བྱས་པ་རྗེས་་སུ་ཡི་རང་ཞུ། རྒྱ་གར་རྒྱལ་ས་ལྡི་ལིར་འབྱོར་བ་དགའ་བསུ་ཞུ། སླར་ཡང་གོམ་བགྲོད་གསར་བ་ཞིག་དང་ཀུན་ནས་མཚུངས་བ་ཞིག་གི་འགོ་འཛིན་དགོས་ཙང་ལམ་བར་དུ་དཀའ་ཡང་ལ་གདོང་ལེན་ཆེན་པོ་བྱེད་དགོས་པས་སེམས་ཆུང་ཞུ།
ཀྱེ་མ། མེ་ཏོག་དཀར་པོ། བླུན་པོ་ཁ་བཙུམ་ན་བསྟན་འགྲོ་ལ་ཕན་ཟེར་སྲོལ་ཞིག་ཀྱང་ཡོད་ནི་རེད་ཡ། ཨེ་གོ་ཐལ།
རྩོམ་ཡིག་འདི་ཀློག་སྐབས་མིག་ཆུ་དབང་མེད་ཤོར། ལྕམ་འདི་ལྟ་བུ་བྱམས་བརྩེའི་བདག་ཉིད་ཅན་མིན་ན་སུ་ཡིན། འདི་ལྟར་ལུས་སེམས་དཔལ་འབྱོར་གསུམ་གའི་སྟེང་ནས་དངོས་སུ་རྒྱབ་སྐྱོར་གནང་མཁན་བོད་མི་རིགས་རང་གི་ཁྲོད་ནའང་དཀོན་སེ་བ་རེད། དུ་བ་ལས་ནི་མེར་ཤེས་དང་།། ཆུ་སྐྱུར་ལས་ནི་ཆུར་ཤེས་ལྟར། ། བྱང་ཆུབ་སེམས་དཔའི་བློ་ལྡན་གྱི། རིགས་ནི་ཚད་མ་དག་ལས་ངེས།། ཞེས་པ་ལྟར། བྱང་ཆུབ་སེམས་མའི་བློ་ཅན་ཡིན་མིན་ལག་ལེན་རང་གི་སྟེང་ན་ར་སྤྲད་པ་རེད། ཞལ་རས་སྙིང་རྗེས་བརླན་པའི་བདག་མོ་འདི་ད་ལོའི་དུས་དབང་སྐབས་༸སྐུ་འདུུན་རྡོར་གདན་བྱང་ཆུབ་མཆོད་རྟེན་ནང་ཕེབས་ཏེ་བཀའ་སློབ་ཐུང་ཐུང་ཞིག་གནང་སྐབས། སྐུའི་གཡས་ཟུར་ན་བཞེངས་འདུག་པ་དེ་ཡིན་ཐག་ཆོད་རེད། དེ་དུས་ནས་མི་འདྲ་བ་ཞིག་ཡིན་པའི་སྣང་བ་བྱུང་། དྲང་བདེན་དང་ཉམ་ཆུང་ལ་རྒྱབ་སྐྱོར་བྱེད་མཁན་རྣམས་རྒྱལ་གྱུར་ཅིག།
མིག་ཆུ་དང་ལྷན་དུ་ཀློག་པ་ཡིན་་་་་་་་འཇིག་རྟེན་ཁམས་གྱི་མི་སྙིང་སྟོབས་ཅན་དང་བྱམས་བརྩེ་ཅན་རྣམས་ནི་ནམ་ཡང་ཡིད་དུ་འོང་བ་ཞིག་རེད།
ངས་དུས་ཚོད་ག་དུས་ཡོད་ན་ཁྱེད་མ་བུ་སུམ་གྱིས་མཐབ་བརྩོད་དང་དཀའ་ངལ་སོགས་ལ་དག་སྣང་བྱེད་ཀྱིན་ཡོད། དེ་ རིང་ཡང་གློག་ཀླད་ཁ་ཕྱེ་མ་ཐག་ཏུ་ཁྱེད་མ་བུ་གསུམ་པོའི་གནས་ཚུལ་སྔར་བཞིན་འཚོ་ཞིབ་བྱེད་སྐབས་བོད་དོན་རྒྱབ་སྐྱོར་བ་བྱམས་བརྩེའི་བདག་མོའི་བསྐོར་བྲིས་འདུག ཞིབ་ཏུ་ཀློག་སྐབས་མིག་ཆུ་དབང་མེད་དུ་ཤོར་སོང་། དེ་ནས་རང་སེམས་རང་གསོལ་ཐོག་བསམ་བློ་འཁོར་འོང་བ་ཞིག་ནི་ཁྱེད་མ་བུ་གསུམ་གྱིས་སྙིང་སྟོབས་དང་། ལྷག་བསམ་སོགས་སྔར་བཞིན་བློ་ལ་འཁོར་ནས་ངས་གང་བྱེད་ཐུབ་འམ་ཞེས་རང་གི་རང་ལ་དྲི་བ་ཞིག་བཀོད་སྐབས་སུ། རྗེས་ནས་སོ་སོ་རང་ཉིད་མི་ལུས་ལོན་ཙམ་ཞིག་ལས། གང་ཡང་མི་འཇོན། ཅི་ཡང་མི་ཐོན་མཁན་ཞིག་ཡིན་པ་ཤེས་སོང་། ད་ནི་ཁྱེད་མ་བུ་གསུམ་བྱ་ལམ་འགྲོ་ཡོང་བ་ཤོག་ཅིག་སྨོན་ལམ་འདེབས། དུས་དེ་རིང་ནས་བཟུང་ཏེ། ཁྱེད་ཚང་ལ་སྙིང་སྟོབས་ཚང་ཞེས་འབོད་རྒྱུ་ཡིན། རྒྱལ་གཅེས་པ་སྙིང་སྟོབས་ཚང་རྒྱལ་གྱུར་གཅིག དཔའ་བོ་ཚེ་བརྟན་རྡོ་རྗེ་རྒྱལ་གྱུར་གཅིག ཨ་མ་རྡོ་འབུམ་སྐྱིད་རྒྱལ་གྱུར་གཅིག བུ་མོ་ལྷ་མོ་སྐྱིད་རྒྱལ་གྱུར་གཅིག བོད་རྒྱལ་གྱུར་གཅིག ཁྱེད་མ་བུ་གསུམ་གྱིས་འཀའ་དྲིན་ནམ་ཡང་མི་བརྗེད་དཀོན་མཆོག་དཔང་དུ་ཙུགས།།
བརྩེ་བའི་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་ལ་ཞུ་རྒྱུར། བྱམས་བརྩེའི་བདག་མོ་མཆོག་ལ་ཁྱེད་མ་བུ་གསུམ་གྱི་མཚོན་བོད་དོན་དོན་གཉེར་བ་རྣམས་ལ། ལུས་ངག་ཡིད་གསུམ་དང་དཔལ་འབྱོར་བཅས་ཀྱི་ཁ་ཡོད་ལག་ཡོད་ཀྱིས་རྒྱབ་སྐྱོར་གནང་བར། ང་གངས་ཅན་པ་ཞིག་ཡིན་པའི་ཆ་ནས་བོད་མི་ཡོངས་ཀྱི་ཚབ་བྱས་ཏེ་སྙིང་དབུས་ནས་ཐུགས་རྗེ་བླ་མེད་དུ་ཆེ་ཞེས་ཞུ་བཞིན་འདུག་གསུངས་རོགས། ཁྱེད་མ་བུ་གསུམ་བདེ་ཐང་དང་བསམ་དོན་འགྲུབ་པའི་སྨོན་འདུན་ཞུ།།
གླིང་ཚ་མ་བུ་ཚོས་ཞི་བའི་གོམ་བགྲོད་གནང་།།
དགོས་དོན་དོན་ཚན་ལྔའི་ཞུ་འབོད་གནང་བཞིན་དུ།།
ཕྱག་ཏུ་སྐར་ལྔ་ཡི་རྒྱལ་དར་སྒྲེང་བཞིན་དུ།།
རྒྱལ་ས་ལྡི་ལི་ནས་སླར་ཡང་སྐྱོད་མགོ་ཚུགས།།
སེམས་ལ་བྱམས་བརྩེ་དང་ཕྱག་ཏུ་འབྱོར་བ་སྣོམ།།
ཞལ་ནས་བསྔགས་བརྗོད་དང་སྨོན་འདུན་གསུང་བཞིན་དུ།།
གདོང་ནས་མིག་ཆུ་ཡི་ཐིགས་པ་ཉིལ་བཞིན་དུ།།
རྒྱ་གར་སྐྱེས་མ་དེའི་སྐྱེལ་མ་བཟང་བྱུང་ངོ།།
བྱང་ཆུབ་ལགས། ཁྱེད་ཀྱི་སེམས་ཚོར་ལ་དགག་པ་རྒྱག་གི་མིན། ཨ་མ་ལགས་དེ་ཡག་པོ་མེད་ཀྱང་ཞུས་མེད། དེས་ཨུ་ཚུགས་ཀྱིས་༧གོང་ས་མཆོག་གི་འགྲམ་ན་བཞེངས་འདུག་སོགས་མང་པོ་ཞིག་གསུངས་སོང་། འོ་རྒྱལ།
གླིང་ཚ་ལགས་ཁྱེད་ཅག་གི་གནས་ཚུལ་ཤེས་པས་དགའ་བོ་བྱུང་། ངས་ནམ་རྒྱུན་ཁྱེད་ཅག་མ་བུ་གསུམ་གྱི་གནས་ཚུལ་ཤེས་ཐོས་ལ་རེ་བསྒུག་ནས་བྱས་བསྡད་ཡོད། ཁྱེད་ཀྱི་རྩོམ་ཡིག་འདི་ལས་བྲེལ་གྱི་དབང་གིས་ཉིན་གཉིས་ཀྱི་རྗེས་སུ་མ་གཏོགས་དུས་ཐོག་ཀློག་མ་ཐུབ་པས་དགོངས་དག སྤྱིར་བཏང་རང་མི་རིགས་ལས་གཞན་མི་རིགས་ཤིག་གིས་ལྷག་བསམ་དང་བྱམས་བརྩེས་སྐྱེལ་མ་བྱས་པའི་བརྒྱུད་རིམ་ཁྲོད་མགོ་ཁ་པར་ཡོང་བ་ནས་མཇུག་སྐྱེལ་མཚམས་བཞག་པའི་བར་གྱི་གནས་ཚུལ་ཁག་རེ་རེ་བྱས་ཏེ་ཀློག་དུས་ངོ་མ་མིག་ནས་མཆི་མ་རང་དབང་མེད་པར་བཞུར་འོང་གི་འདུག མཚམས་རེར་ཅུང་ཙམ་རེ་ཀློག་མཚམས་མ་བཞག་ན་མིག་མཆི་མས་གང་ནས་ཡི་གེ་ཡང་ཀློག་ཐུབ་ཀྱི་མི་འདུག གང་ལྟར་སྒུག་ཞོར་མཚམས་འཇོག་ཞོར་གྱིས་ཚང་མ་ཀློག་པ་ཡིན། ཀློག་ཚར་དུས་ཅི་ཡིན་འདི་ཡིན་མེད་པར་འདང་རྒྱག་ཞིག་གི་ནང་དུ་ལྷུང་། ཅུང་ཙམ་ནས་རོགས་པ་ཚོས་མི་ཤེས་སར་མིག་ཆུ་ཕྱིས་ཏེ་ཁྱེད་ཅག་གི་སྐོར་ལ་མནོ་བསམ་ཞིག་གཏོང་དགོས་ཐུག ཁྱེད་ཅག་གི་སྐོར་ལ་བསམ་མེད་རེ་ཟུང་ནས་སྐད་ཆ་འདྲ་མིན་བཤད་སྲིད་ཀྱང་དོན་དམ་ཁྱེད་ཅག་མ་བུ་གསུམ་གྱི་ལྷག་བསམ་དང་སྙིང་སྟོབས། ཆོད་སེམས་དང་སྤོབས་པ་བཅས་ལ་གནས་འདི་ན་གསོན་པོར་གནས་པའི་བོད་མི་སུ་ཞིག་གིས་ཀྱང་འགྲན་བཟོད་མེད་པ་མིག་མཐོང་ལག་ཟིན་རེད། དེས་ན་ཁྱེད་ཅག་ལ་དུས་རྟག་ཏུ་གདུང་སེམས་མཉམ་སྐྱེད་དང་། སྐྱིད་སྡུག་མཉམ་མྱོང་ཡོད་པ་མ་ཟད། ཁྱེད་ཅག་གི་ལས་འགུལ་འདི་ལ་བརྟེན་ནས་འུ་ཅག་བོད་པ་ཚང་ལ་རེ་འབྲས་མི་དམན་པ་ཞིག་ཐོབ་པའི་སྨོན་འདུན་ཡོད། ད་དུང་བཤད་རྒྱུ་ཞིག་ལ་གཟུགས་པོའི་གནས་བབ་ལ་ལྟ་བཞིན་གོམ་བགྲོད་ཀྱང་དེ་བསྟུན་ཡོང་བར་ཞུ།
Asha Reddy ནི་དངོས་གནས་བྱམས་བརྩེའི་བདག་མོ་ཞིག་ཡིན། མོས་ད་ལྟའི་བར་དུ་བོད་པའི་ལས་དོན་ལ་རྒྱབ་སྐྱོར་དང་བོད་པའི་སློབ་ཕྲུག་ཚོ་ལ་རོགས་རམ་གནངས་བའི་བཀའ་དྲིན་ནི་བསམ་གྱིས་མི་ཁྱབ་པ་ཞིག་ཡིན། མོ་རང་ཐོག་མར་བོད་པའི་སྤྱི་ཚོགས་ལ་ངོ་སྤྲོད་གནང་མཁན་ནི་མོ་རང་གི་བུ་མོའི་ཉལ་ཁང་གཅིག་པའི་གྲོགས་མོ་ཞིག་ཡིན་པར་བཤད། མོ་རང་གི་བུ་མོའི་གྲོགས་མོ་དེ་ནི་བོད་བའི་བུ་མོ་ཞིག་ཡིན་པར་སྐད།