སྤྱི་ཟླ་༤་ཚེས་༢་ཉིན་གྱི་ཕྱི་དྲོར། རང་ལོ་༢༦་ལ་སོན་པའི་བོད་ཀྱི་གཞོན་སྐྱེས་ཤིག གྲོང་ཁྱེར་ཀལ་ཀ་ཏའི་ཟམ་ཆེན་ཧའོ་རཱ་ཟེར་བ་ནས་ཆུ་བོར་མཆོང་ནས་རང་སྲོག་བཅད་འདུག་པ་དང་། ཉིན་ལྔའི་རྗེས་ཏེ། ཟླ་༤་ཚེས་༧། རེས་གཟའ་སྤེན་པའི་ཉིན་གཞི་ནས་ཁོང་གི་སྐུ་ཕུང་རྙེད་སོན་བྱུང་འདུག
བྷ་ཇཱ ཀ་ཌམ་ཊ་ལཱ གྷ་ཊི་ཟེར་བའི་ས་གནས་ནས་ (Baja-Kadamtala ghat) དོན་གྲུབ་ཕུན་ཚོགས་ལགས་ཀྱི་སྐུ་ཕུང་རྙེད་སོན་བྱུང་ཞིང་། ཁོང་གི་ཨ་མ་ལགས་ནས་བེམ་པོ་དེ་ནི་ཁོང་མོའི་བུ་དོན་གྲུབ་ཕུན་ཚོགས་ལགས་ཡིན་པ་ངོ་འཕྲོད་འདུག དོན་གྲུབ་ཕུན་ཚོགས་ལགས་ཀྱིས་ཁོང་གི་མི་ཚེ་འདིའི་འཕྲིན་ཐུང་ཆེས་མཐའ་མ་བསྐུར་ས་ནི་ཁོང་གི་ནང་མི་ཚོ་མ་ཡིན་པར། བོད་རང་བཙན་འཐབ་རྩོད་བྱེད་མཁན་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་གི་ཚོགས་མིར་བསྐུར་ཡོད་པ་རེད། ཁོང་འདས་གྲོངས་སུ་འགྲོ་དུས་ལུས་ལ་ “བོད་རང་བཙན་” གྱི་འབོད་ཚིག་དཔར་ཡོད་པའི་སྟོད་གོས་ཤིག་གིན་ཡོད་པ་རེད།
ཟླ་༣་ཚེས་༢༦་ཉིན་རྒྱ་ནག་གི་སྲིད་འཛིན་ཧུ་གཅིན་གཏོ་རྒྱ་གར་ལ་ཡོང་དུས། བོད་མི་སྟོང་ཕྲག་མང་པོས་ངོ་རྒོལ་སྐད་འབོད་བྱས་ཤིང་། དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ནས་རང་ལུས་མེར་བསྲེགས་བཏང་ནས་རྒྱ་ནག་གིས་ཁྲིམས་འགལ་ཐོག་བོད་བཙན་བཟུང་བྱས་པར་ངོ་རྒོལ་བྱས། བོད་ནང་དང་རྒྱ་གར་ཡུལ་དུ་བཞུགས་པའི་བོད་མི་མང་པོ་འདི་ལྟར་རང་སྲོག་བློས་གཏོང་གིས་རང་གི་རྒྱལ་ཁབ་སླར་གསོའི་ཆེད་དུ་སྐད་འབོད་བྱས་པས། མི་རབས་གསར་པའི་ཚེ་སྲོག་གསར་བའི་འབོད་སྒྲ་འདིས་གཞོན་ནུ་དོན་གྲུབ་ཕུན་ཚོགས་ལགས་ཀྱང་སེམས་ཤུགས་ཀྱིས་རྒྱས་པར་བྱས་འདུག “བོད་མི་༣༣་ལྷག་གིས་རང་ལུས་མཆོད་མེར་སྒྲོན་རྗེས་ཀྱི་དེ་རིང་། ང་ཚོར་སླར་ཡང་བོད་ཀྱི་རྒྱལ་གཅེས་དཔའ་བོ་བྱུང་ཞིང་། ཁོང་གིས་རྒྱ་དམར་སྲིད་གཞུང་གི་འོག་ཏུ་ཡོད་པའི་བོད་མིའི་སྡུག་བསྔལ་མཚོན་པར་བྱེད་ཆེད་ཆུ་མོ་གངྒར་མཆོང་ནས་རང་སྲོག་བློས་བཏང་པ་རེད། དོན་གྲུབ་ལགས་ཀྱིས་ང་ཚོ་ངོས་ནས་རྒྱ་གར་རྒྱལ་ཡོངས་སུ་བོད་དོན་ཁྱབ་བསྒྲགས་ཇི་ལྟར་བྱེད་མིན་ཐད་གྲོས་བསྡུར་བྱེད་ཆེད་ང་ལ་ཁ་པར་བཏང་མྱོང་། ངས་ཁོང་དང་མཇལ་མྱོང་མེད་མོད། འོན་ཀྱང་ཁོང་ནི་བོད་ཀྱི་རྩ་དོན་ཆེད་དུ་ལས་གང་ཡང་བསྒྲུབ་ཕོད་པའི་གཞོན་གཅེས་སེམས་ཤུགས་ཀྱིས་ཕྱུགས་པ་ཞིག་རེད་འདུག” རྡ་སར་གནས་བཞུགས་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་གསར་འགོད་པའི་བཅར་འདྲི་དང་ལེན་སྐབས་དོན་གྲུབ་ཕུན་ཚོགས་ལགས་ངོ་སྤྲོད་བྱས་འདུག
དོན་གྲུབ་ཕུན་ཚོགས་ལགས་ནི་སྐུ་ཚེའི་དུས་ཡུན་མང་ཤོས་ཀལ་ཀ་ཊར་སྐྱེལ་བའི་བོད་རིགས་གཞོན་སྐྱེས་ཤིག་ཡིན་ཞིང་། ཁོང་གི་ཕ་མ་གཉིས་༡༩༥༩་ལོར་བོད་ནས་བཙན་བྱོལ་དུ་བཅར་བ་ནས་རྡོ་རྗེ་གླིང་ས་གནས་སུ་ཡུན་རིང་བཞུགས་ཤིང་། ཕྱིས་སུ་གྲོང་ཁྱེར་ཀལ་ཀ་ཊར་གནས་སྤོ་བྱས། དོན་གྲུབ་ཕུན་ཚོགས་ལགས་(Scottish Church collage) མཐོ་སློབ་མཐར་ཕྱིན་པའི་སློབ་མ་ཞིག་ཡིན་པ་རེད།
དོན་གྲུབ་ཕུན་ཚོགས་ལགས་ཀྱི་སྐོར་ལ་སེམས་འཚབ་བྱེད་མཁན་ནི་བོད་མི་གཅིག་པུ་མ་ཡིན་པར། བོད་མི་སྐྱབས་བཅོལ་བ་ཚོའི་ཆེད་དུ་ལས་ཀ་བྱེད་མཁན། གྷ་ནཱ་སམ་ནྱི་རུ་གནས་བཞུགས་རུ་བྷི མུ་ཁར་ཇིས་ཀྱང་ཁོང་གི་སྐོར་ལ་སེམས་འཚབ་ཆེན་པོ་བྱུང་འདུག ཁོ་མོས་བཤད་པ་ལྟར་ན། དོན་གྲུབ་ཕུན་ཚོགས་ལགས་ཀྱིས་ཁོ་མོར་འཕྲིན་ཐུང་གཉིས་བསྐུར་འདུག་པ་དང་། དང་པོ་དེ་ཟླ་༣་ཚེས་༣༠་ཉིན་དང་། གཉིས་པ་དེ་ཟླ་བཞི་པའི་ཚེས་༢་ཉིན་ལ་རེད། ཁོང་གི་འཕྲིན་ཐུང་དག་གི་བསྟན་དོན་གཙོ་བོ་ནི། ཁཽང་གིས་བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་ཆེད་དུ་འབུར་ཏུ་ཐོན་པའི་ལས་ཀ་ཞིག་བྱེད་རྒྱུ་ཡིན་པ་དེ་རེད། རུ་བྷི་ལགས་ཀྱི་ཁ་སྣོན་གྱི་ཚུལ་དུ་བཤད་པ་ལྟར་ན། འཇམ་དཔལ་ཡེ་ཤེས་ལགས་ཀྱིས་ཁོང་ལ་སེམས་ཤུགས་ཆེན་པོ་སྤར་འདུག་པ་དང་། དེ་ཙམ་ནས་བཟུང་ཁོ་རང་ “ལས་འགུལ་དེ་དང་མཚུངས་པ་ཞིག་སྤེལ་རྒྱུར་རྔམས་ནས་བསྡད་འདུག”་ཟེར། སྐབས་དེར་ཁོང་མོས་དོན་གྲུབ་ཕུན་ཚོགས་ལགས་ལ། ཆོ་མེད་པའི་ལས་ཀ་གང་ཡང་ལས་མི་རུང་བར་ནན་བཤད་བྱས་པ་ཡིན་ཟེར། ཁོང་མོ་ནི་བོད་མི་སྐྱབས་བཅོལ་བ་ཚོར་རོགས་རམ་བྱེད་པའི་ཚོགས་པ་ཞིག་གི་ལས་བྱེད་ཡིན་འདུག
གནས་ཚུལ་འདི་རྒྱ་གར་དུས་བབ་སོགས་རྒྱ་གར་ནང་གི་ཚགས་པར་སྐོར་ཞིག་ལས་བཏུས་ནས་བསྒྱུར་སྒྲིག་བྱས་པ་ཡིན།
ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི།
ཨ་ཁ་འང་གཞོན་སྐྱེས་ཞིག་ཚེ་སྲོག་ཤོར་ཐར་འཕེངས་པ་ལ་་་་་་་རྒྱ་མི་ཡིས་ལེན་གང་ཡང་ཡོད་མ་རེད་དེ་ལས་དམར་གཞུང་གི་མཁྲིགས་བཟང་བ་དཔོན་ངན་དག་གི་མཉམ་དུ་འཁྱི་ནུས་ན་ཅི་མ་རུང།།
དཔའ་བོ་དཔའ་མོ་དག་གི་སྙིང་སྟོབས་ལ་སྤོབས་པ་བྱེད་རྒྱུ་ལས་ཁོ་ཚོའི་མི་རིགས་ལ་བཅིངས་བའི་རྣམ་དག་གི་སེམས་པ་དེ་ཚིག་ཙམ་གྱིས་མཚོན་པར་བྱེད་ནུས་བ་ཞིག་གལ་ཡིན།
རང་བཙན་ཐོབ་ཀྱང་མ་ཐོབ་ཀྱང་། །
བོད་དུ་ནམ་ཡང་མི་སྐྱེ་ཤོག །
སྐྱིད་དང་སྡུག་གམ་ཁྱད་པར་མེད། །
བདེ་བ་ཅན་དུ་སྐྱེ་གྱུར་ཅིག །
ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི།
ཀླུ་ངན་འདྲེན་ངན་པེ་ཅིན་དུ་སྐྱེ་བར་ཤོག ལྟས་ངན་དམར་པོའི་རུ་དཔུང་དེ་རུ་སྐྱེ
ཡང་གཅིག་ཕྱིན་སོང་།
མེ་དང་ཆུ། མེ་སྲེག་བཏང་ཡོད་ན་ནུས་དེ་བས་ཆེ་བར་འདོད།
གཞོན་སྐྱེས་ཚོས་རང་ལུས་བསྲེགས་ནས་ཕེབས་སོང་། ད་ང་ཚོས་འདི་འདྲ་སྒུག་དགོས་རེད་དམ། ཐབས་ལམ་གཞན་མེད་པ་རེད་དམ། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི།
བོད་རང་བཙན་ཆེད་དུ་ཡིན་ནམ། རྒྱ་བོད་རང་དབང་འདྲ་མཉམ་གཉིས་སྨན་དབུ་མའི་ལམ་ལམ་ལྷོང་ཆེད་དུ་ཚེ་སྲོག་བཏང་ཡོད་མིན་ནམ། གསལ་ཁ་སུས་བྱེད་ཐུབ་བམ།
ཀླུ་སྨྱོན་ཁྱོད་ལྟ་བུ་བོད་མིའི་ལུས་བླངས་ཀྱང་དོན་སྨིན་གྱི་བྱ་བ་གལ་ཆེན་ཞིག་སྒྲུབས་མི་ཐུབ་པས་་་་དགོས་མཁོ་མེད་ལོ།
………..
ཁྱེད་རང་གི་མཆན་བུ་བསུབ་པ་ཡིན། མ་ཟད་ཉིད་ཀྱི་IP གནས་ཡུལ་ཆ་ཚང་རྒྱུད་འདེད་བྱས་ཡོད། རེ་བར་རྗེས་སོར་མཆན་འདིའི་རིགས་མི་སྤེལ་རྒྱུའི་རེ་བ་ཞུས་པ་ཡིན། རིག་ལྡན་ནས།
སྙིང་མ་རྗེ། བརྣག་པའི་དུཿཁ་བཅུ་ཕྲག་ཟུང་ལྷག་ལོར། །
མྱང་བའི་ཉམ་ཐག་ངང་ཚུལ་འདི་བས་ན། །
ལྷག་པར་དགོངས་ཤིག་བརྩེ་ཆེན་ཐུགས་རྗེའི་གཏེར། །
ཨེ་མ་དཀར་མིན་ལས་ཀྱི་མཐུ་བཙན་མོད། །
དད་དང་འདུན་སྟོབས་ལྷག་བསམ་བྱིན་མཐུ་ཡང་། །
སྟོབས་དང་བདེན་ཕྱིར་དགེ་འབྲས་བསླུ་མེད་ཚོགས། །
བདེན་པའི་སྟོབས་ཀྱི་མྱུར་དུ་འགྲུབ་གྱུར་ཅིག །
༧ཏཱ་ལའི་བླ་མ་བཅུ་བཞི་པས།
ཞལ་ཆེམས་ཡི་གེ་ཤུལ་ལ་བཞག་ནས།།
རང་སྲོག་བཏང་ཏེ་རིང་དུ་ཕེབས་པ།།
བོད་ཀྱི་དོན་ཆེན་སླད་དུ་ཡིན་ཀྱང་།།
ཕེབས་སྟངས་དེ་ནི་རྨོངས་ཙམ་བསམ་ཡོད།།
འཛམ་གླིང་ཞི་བདེའི་འཐབ་རྩོད་ནང་དུ།།
དགྲ་བོའི་གདུག་རྩུབ་གདོང་ཁ་གཏད་དེ།།
རང་ལ་དགོས་པའི་འདུན་མ་སྒྲོག་བཞིན།།
རང་སྲོག་དོར་ན་དགེ་མཚན་ཆེ་བ།།
གསར་འགྱུར་འདི་ཡི་སྔ་ཕྱི་བཀླགས་ན།།
ཞལ་ཆེམས་ཡི་གེ་སྔ་རྗེས་སྐུར་བ།།
དེ་ཡང་ཟླ་བ་སྤྲིན་བསྒྲིབས་འདྲ་བ།།
རང་གི་མངོན་འདོད་གསལ་ཁ་མི་འདུག།
རང་འདོད་གསལ་ཁ་མ་བཀོད་སྔོན་ལ།།
རང་ལུས་གཙང་པོར་ལྕེབས་འདི་སྐྱོ་ཨང་།།
ཉི་མ་འགའ་ཡི་རྗེས་ནས་མ་གཏོགས།།
རང་ལྕེབས་གནང་པ་མ་ཤེས་སྐྱོ་ཨང་།།
བྱེད་སྟངས་རྨོངས་ཙམ་ཡིན་མིན་གང་ཤེས། །
གནས་ཚུལ་གཏོང་སྟངས་རྨོངས་པ་མིན་ནམ། །
རང་ལྕེབས་རྨོངས་ལ་ཁ་ཆེམས་རྨོངས་ཡང་། རང་སྲོག་ཕུལ་ནུས་གཟི་བརྗིད་ཆེ་ཨང་།
ཀློག་སྟངས་རྨོངས་ལ་མཆན་ཀྱང་རྨོངས་པ། ཙི་ཡང་མི་ནུས་དེ་ལས་རྨོངས་པ་མེད་ཨང་།
གནས་ཚུལ་ཐོས་ཐེངས་རེ་སྔོན་བརྡ་ལྟ་བུ་ཞིག་མཐོང་གི་འདུག །སྔོན་བརྡ་དེ་ཅི་ཞིག་ཡིན་འདུག་ཤེས་དཀའ་བར་གྱུར།
སྐྱིད་པོ་འདྲ་བྲིས་ཡོད་ཁུ་ཡ།
རང་བཙན་མེད་ཀྱང་དམངས་གཙོ་ཡི། །
བོད་ནང་རྟག་ཏུ་སྐྱེ་བར་ཤོག །
རང་བཙན་མེད་ཀྱང་ནང་པའི་ཡུལ། །
བོད་མིའི་དལ་རྟེན་རྟག་ཐོབ་ཤོག །
ཨ་ཡོ་ཡ་་་་་་་་་་་ད་་་་་་་་ད་་་་་་་འདྲ་མིན་འདྲ་ཞེ་དྲག་མ་བཤོད་བློ་ཁོག་ཡོད་ན་སོ་སོས་ལན་གཅིག་ཚོད་བལྟ་ཨེ་ཐུབ་བསྟོས་དང་དེ་དུས་དངོས་སུ་ཤེས་ངེས་རེད་གོ་སོང་ངམ་གྲོགས་པོ་ཚོ།
ཨ་ཧ་བོ་ན་ཧ་བོ། ཡང་གཞོན་སྐྱེས་ཞིག་ཕྱིན་སོང་། དག་པོ་ཞིང་དུ་སྐྱེ་བར་ཤོག
མཆན་༡༢པ་བསོད་ནམས་བསོད་ཟད་དང་༡༨་པ་བསམ་གཏན་བསམ་མེད་གཉིས་ཟས་བལྡད་ནས་ཟོས། སྐད་ཆ་བསམ་ནས་ཤོད། དོན་མི་གོ་ན་མཆན་འབྲི་མཚམས་བཞག་ན་འོས།
གཞོན་སྐྱེས་རང་སྲོག་ཤོར་བ་བློ་ཕམ་ཆེ། ལས་འགུལ་དང་འཆི་སྟངས་སོགས་གསལ་ཁ་མེད་པ་ཐམས་ཅད་བོད་དོན་དུ་སྦྱར་ན་བཟི་བརྗིད་ཆེ་བའི་དཔའ་བོ་དང་དཔའ་མོ་དག་གི་ཆེ་མཐོང་ལའང་ཕན་ལས་གནོད་ཆེ་བར་བསམས།
ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ།
རང་སྲོག་ཤོར་བ་བློ་ཕམ་ཆེ
དྲ་གྲོགས་ཚོས་སྔགས་ཡིག་མང་པོ་ཞིག་འདིར་བཞག་ན་ས་ཆ་འཕྲོ་བརླག་རེད། དེ་བས་འབྲི་ཤེས་ན་མི་ཤེས་ན་ཚིག་ཁ་ཤས་རེ་ཕྲིས་དང་བོད་ཡིག་ཡར་རྒྱས་མ་རེད་པས།
ངོ་མ་རེད། མ་ཎི་ཡིག་དྲུག་དང་སྔགས་ཡིག་འདིའི་རིགས་དྲ་ངོས་ལ་མང་པོ་བསྐྱར་དཔར་མ་བྱས་ན་བཟང་གི དྲ་བའི་ཤུགས་ཚད་ལ་དལ་འགོར་བྱེད་སྲིད།
ངས་ཀྱང་གོང་ནས་གཞོན་སྐྱེས་ཁོང་གི་རང་སྲོག་དོར་སྟངས་དེར་བཤད་ཀི་ཡོད། འདི་ལྟར་སྲོང་དོར་ན་སྲོག་གི་རིན་ཐང་དང་ལས་འགུལ་སྤེལ་ནས་ལས་འགུལ་དེའི་ནང་དུ་སྲོག་གཏོང་སྟངས་གཉིས་ལ་ཧེ་བག་ཆེན་པོ་ཤོར་བ་དང་། ཐ་ན་འཕྲིན་ཡིག་དེ་ཙམ་ལས་ཁོང་རང་བོད་དུ་རང་སྲོག་བཏང་སྐོར་བཤད་མི་བཏུབ་པ་ཞིག་རེད་འདུག རང་སྲོག་འདོར་བའི་བློ་སྤོབས་དེ་འདྲ་ཡོད་པས་ད་ནི་རང་སྲོག་འདོར་ས་དེའང་གྲོང་ཁྱེར་ཆེ་ས་དང་དཔོན་རིགས་མཐོན་པོ་དང་མང་པོ་ཡོད་ས། རྒྱལ་ཁབ་འདྲ་མིན་དང་མི་རིགས་སྣ་མང་གི་འདུ་འཛོམས་ཆེ་ས། དཔར་ན་ལྡི་ལིར་རྒྱ་གཞུང་གི་གཞུང་ཚབ་ཀྱི་མདུན་དང་དེའི་ཉེ་འཁྲིས་ལྟ་བུར་རང་སྲོག་དོར་ན། འཆི་ཁའི་འབོད་ཚིག་དང་འཆི་སྟངས་ཚང་མས་བོད་དོན་ཁྱབ་སྒྲོག་དང་ལས་འགུལ་ལ་ཧ་ཅང་ཕན་ནུས་ལྡན་པར་སྙམ།་དེ་མིན་གོང་དུ་གསར་གནས་ལ་བཀོད་པ་ལྟར། རང་དང་འབྲེལ་ཡོད་རེ་གཉིས་ལ་འཕྲིན་རེ་གཉིས་སྐུར་རྗེས་ཁུ་སིམ་མེར་ཆུར་ལྕེབས་པ་ཉིན་ལྔའི་རྗེས་ནས་མ་གཏོགས་ཤེས་མེད་པ་དེ་འདྲ། བྱེད་སྟངས་མ་ཤེས་པ་ལྟར་བུར་སྣང་བས་འདིའི་ཏད་ནས་དཔྱོད་ལྡན་ཚོས་ཁ་བརྡ་བསླབ་བྱ་དང་གོ་བསྐོན་བློ་འགུག་བྱེད་དགོས་པར་སེམས། དེ་མིན་མ་འོངས་པར་ཡང་བོད་པྱི་ནང་གཉིས་ནས་ད་དུང་ཡང་རང་སྲོག་འདོར་མཁན་རྒྱུ་མར་འབྱུང་སྲིད་ལ། རང་སྲོག་འདོར་སྟངས་ཀྱང་སྣ་མིན་འབྱུང་སྲིད་ན། རྒྱལ་གཅེས་དཔའ་བོ་དོན་གྲུབ་ཕུན་ཚོགས་ཀྱི་རང་སྲོག་འདོར་སྟངས་འདི་འདྲ་མི་འབྱུང་བའི་རེ་བ་བཅས་བསམ་ཚུལ་དུ་ཕུལ་བ་ཡིན་ལགས།
བོད་ནང་གི་དཔའ་བོ་ཚོར་རང་སྲོག་བློས་གཏོང་བྱ་སྟངས་ལ་གདམ་ག་ཞིག་ཡོད་ན་ས་ཆ་ནི་པེ་ཅིན་དུ་ཡོད་པའི་ཀྲུང་ནན་ཧེའི་སྒོ་འགྲམ་དུ་ཡིན་སྲིད།
གཅན་བཟོད་རྒྱམ་ལགས་ཀྱིས་འདིའི་ཐད་དགོངས་ཚུལ་ཁ གསལ་ཞིག་བྲིས་གནང་པ་ཡིན་ན་དགེ་མཚན་ཆེ། ཁ་ཡོད་ལག་ཡོད་ཀྱི་དགོངས་ཚུལ་དག་མ་གསུངས་བྱུང་། ཁྱེད་ངོ་མ་ཡག་བྱུང་།
ད་མུ་མཐུད་དུ་རང་སྲེག་སོགས་བྱེད་རྒྱུ་མི་འདུག འདི་ལྟར་མུ་མཐུད་བྱས་ནས་ང་ཚོ་ཤུལ་དུ་ལྷག་བསྡད་ཡོད་པ་ཚོ་སྡུག་ས་ནས་བཤད་ན་ལྟད་མོ་ལྟ་མཁན་དང་གྲངས་ཀ་རྒྱག་མཁན་ཙམ་ཞིག་ཏུ་འགྱུར་ཉེན་ཆེ་གི ཡག་ས་ནས་བརྗོད་ན་མཐེ་བོང་ཀེར་མཁན་དང་བསྟོད་ཚིག་འབྲི་མཁན་ཙམ་ཞིག་ཏུ་འགྱུར་ཉེན་ཆེ་གི
ཉིད་ཀྱིས་བོད་ས་མིག་གིས་མ་མཐོང་བར་བོད་དོན་དུ་གངྒར་ལྕེབས་པ་ཡ་རེ་ང་། ད་ནས་བོད་མི་ཚོས་རང་སྲོག་གཏོང་བ་ལས་གཞན་པའི་ཐབས་ལམ་འཚོལ་གལ་ཆེ།
རྒྱལ་གཅེས་དཔའ་བོ་དོན་གྲུབ་ཕུན་ཚོགས་ཀྱིས་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་ཆེད་དུ་རང་སྲོག་འདོར་བ་ལ་མྱ་ངན་གུས་མདུད་ཞུ།
འོན་ཀྱང་ཀླུ་སྨྱོན་གྱིས་གསུངས་པ྄་ལྟར། ད་མུ་མཐུད་དུ་རང་སྲེག་སོགས་བྱེད་རྒྱུ་མི་འདུག འདི་ལྟར་མུ་མཐུད་བྱས་ནས་ང་ཚོ་ཤུལ་དུ་ལྷག་བསྡད་ཡོད་པ་ཚོ་སྡུག་ས་ནས་བཤད་ན་ལྟད་མོ་ལྟ་མཁན་དང་གྲངས་ཀ་རྒྱག་མཁན་ཙམ་ཞིག་ཏུ་འགྱུར་ཉེན་ཆེ་གི ཡག་ས་ནས་བརྗོད་ན་མཐེ་བོང་ཀེར་མཁན་དང་བསྟོད་ཚིག་འབྲི་མཁན་ཙམ་ཞིག་ཏུ་འགྱུར་ཉེན་ཆེ་གི།
དེ་ལས་གཞན་པའི་ལས་འགུལ་ག་རེ་སྤེལ་དགོས་མིན་བསམ་བློ་གཏོང་དགོས་འདུག་། འདི་ལྟར་མུ་མཐུད་བྱུང་ན་ཤུལ་ལུས་རྣམས་སྙིང་ཁམས་མི་བདེ་བ་ཆགས་ནས་ཡུལ་ཁམས་སྨྱོ་ནད་ཀྱིས་གངས་ནས་བོད་དོན་འཐབ་རྩོད་ཀྱི་ནུས་པ་ཇེ་ཆུང་འགྲོ་སྲིད་པས་ཐམས་ཅད་ཀྱིས་གཟབ་གཟབ་གནང་རོགས་འབོད་སྐུལ་ཞུ་རྒྱུ་ཡིན།་ འོན་ཀྱང་བོད་དོན་ལས་འགུལ་སྤེལ་བར་སྔར་ལས་ལྷག་པའི་ཤུགས་རྒྱག་རོགས་ཞུ།།
ཨ་ཁ། ཕངས་པ་ལ། བོད་དོན་ལ་སེམས་ཤུགས་ཅན་ཁོང་དང་འདྲ་བ་རྣམས་དུས་ཡུན་ག་ཚོད་ལྷག་པ་ཡིན་ན་ཡང་ཕན་ཐོགས་ཆེ་བ་ཡོད། ཁོང་ནི་དུས་རྒྱུན་དོན་དོན་ཐོག་ལ་དུས་རྒྱུན་དུ་ལས་འགུལ་སྤེལ་བ་དང་ཞུགས་པ་སོགས་བྱེད་ཀྱིན་ཡོད།
བོད་ཀྱི་དུས་བབ་ཀྱི་ནང་དུ་ཁོང་གི་གནས་ཚུལ་ད་དུང་ཡང་འགོད་རྒྱུ་མིན་འདུག །ག་རེ་བྱེད་པ་རེད། ཕྱོགས་གཅིག་གི་གནས་ཚུལ་རྐྱང་རྐྱང་འཚོལ་ནས་མ་འདུག །
ཨ་ཁ། མྱ་ངན་གུས་དུད་ཞུ།
དཔའ་བོ་ཁོང་གི་བློ་སྤོབས་དང་སེམས་ཤུགས་བསྐྱེད་དེ་རང་སྲོག་ཆུ་རུ་ལྕེབས་པར་ངོ་མ་རྗེས་སུ་ཡི་རང་ཞུ།་་་ཡིན་ན་ཡང་མཆན་འདེབས་པ་གཅན་བཟོད་རྒྱམ་ནས་བཤད་པ་ནང་བཞིན་རང་སྲོག་དོར་ལུགས་དོར་སྟངས་ཀྱི་སྒང་ནས་གནས་ཚུལ་བརྒྱུད་བསྒྲགས་དང་ཁྱབ་སྤེལ་གྱི་ཕྱོགས་ལ་ཁྱད་པར་ཆེན་པོ་ཡོད་པས་གང་ལ་ངོ་རྒོལ་དང་ཞི་རྒོལ་གྱི་སྒོ་ནས་རང་སྲོག་བློས་བཏང་རུང་རང་སྲོག་འདོར་སའི་གནས་ཡུལ་གལ་ཆེན་ཞིག་ཡིན་ན་རང་སྲོག་དོར་བའི་གཟི་བརྗིད་དང་གནས་ཚུལ་བརྒྱུད་བསྒྲགས་མྱུར་མོས་བོད་དོན་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཆེ་བར་འདོད་ཀི།
རྩོམ་ཐུང་འདི་མཐོང་ཐིང་རེར་ཁོ་བོ་བློ་ལྷོད་དུ་གཏན་ནས་མ་བབ། གང་ལྟར་བོད་དོན་ཡིན་རུང་མིན་རུང་རྣམ་དཔྱོད་དང་ལྡན་པའི་ཐོག་ནས་ལས་འགུལ་གྱི་གོ་རིམ་ཞིག་ཡོད་དགོས་པ་ལས་ག་གེ་མོ་ཞིིག་ལ་འཕྲིན་ཐུང་ཞིག་དང་ག་གེ་མོར་ཁ་དཔར་བཏང་སྟེ་བོད་དོན་གླེང་ཚུལ་བརྗོད་པ། དེ་བཞིན་སུ་གང་ཞིག་གིས་མི་མཐོང་སར་རང་ཤི་བརྒྱབས་པ་འདི་དག་ཐམས་ཅད་བོད་དོན་དུ་སྦྱར་ན་དགྲ་བོ་རྒྱ་དམར་གྱིས་གླེང་གཞི་བཟོ་ས་ཙམ་ལས་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་འཆར་གཞི་དང་གོ་རིམ་ལྡན་པའི་ཐོག་ནས་གཅེས་པའི་ལུས་སྲོག་ཕངས་མེད་དུ་བཏང་བའི་དཔའ་བོ་དག་གི་མཛད་རྗེས་ལ་ནག་སུབ་ཐེབ་རྒྱུ་ཉེན་ཁ་ཆེ་བས་རྗེས་སོར་བཟབ་རྒྱུ་གལ་ཆེ། །
རྒྱལ་གཅེས་དཔའ་བོ་དོན་གྲུབ་ཕུན་ཚོགས་ཁོང་གི་གཅེས་པའི་སྲོག་དེ་བོད་མི་རིགས་ཀྱི་ཆེད་དུ་ཕུལ་བ་རེད་དེ། བོད་ཀྱི་གསར་འགྱུར་དྲ་ཚིགས་དུས་བབ་དང་བང་ཆེན་ལ་སོགས་པའི་གསར་འགོད་པ་སུ་གང་གིས་ཀྱང་ཁོང་ལ་བདག་པོ་རྒྱག་མཁན་མ་བྱུང་བ་དེར་ངོས་རང་བློ་ཕམ་བྱུང་། སྙིང་རྗེ། བོད་ཀྱི་དཔའ་བོ་བདག་མེད་ཁོང་ད་ལྟ་གང་དུ་བཞུགས་ཡོད་ན་ཡང་ཁོང་གི་རྣམ་ཤེས་དེས་གཅིག་བྱས་ན་གསར་འགོད་པའི་བྱ་སྟངས་ལ་སེམས་འཕྲེང་ནས་ཡོད་ཀྱི་རེད། ཁོ་སུ་ཡིན་མིན་དང་ཁོ་གང་དུ་སྐྱེ་མིན་གལ་ཆེན་པོ་མ་རེད། གལ་ཆེ་ཤོས་ནི་ཁོ་བོད་པ་ཡིན་མིན་དེ་རེད། དེ་ཙམ་གྱིས་འགྲིག་པ་ཡིན།