ཞི་བའི་གོམ་བགྲོད་ཀྱི་ལམ་བར།
ཞི་བའི་གོམ་བགྲོད་ཀྱི་ལམ་བར།
༡) ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་༧རྒྱལ་བ་རིན་པོ་ཆེ་རང་ཡུལ་དུ་ཕེབས་འཇུག་དགོས།
༢) ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་ཆུང་སྤྲུལ་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་གཙོས་བའི་བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་རྫོགས་བཙོན་ལས་གློད་དགོས།
༣) ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་བོད་མི་ཚོ་རང་གི་སྐད་དང་ཡི་གེ་སྦྱོང་བའི་བདག་དབང་སྤྲོད་དགོས།
༤) བོད་མི་རྣམས་རང་ཡུལ་ནས་རང་གི་ཆོས་གོས་གོམས་གཤིས་སོགས་ཀྱི་དབང་ཆ་ཚང་མ་སྤྲོད་དགོས།
༥) ད་ལྟའི་ཆེས་ཛ་དྲག་གི་སྡུག་སྦྱོང་མནར་གཅོད་གཏོང་མཁན་གྱི་དམག་མི་ཡོངས་རྫོགས་བོད་ས་ནས་ཕྱིར་འཐེན་བྱེད་དགོས།
༼ ཞི་བའི་གོམ་བགྲོད་པ་གླིང་ཚ་མ་སྨད་གསུམ་གྱི་དགོས་འདུན་དོན་ཚན་ ༥ ་འདི་ཁོང་ཟིན་བྲིས་ནས་དྲངས། http://www.tibettimes.net/blogs.php?id=55&post_id=19149 ༽
རྒྱ་མིའི་རྒྱལ་དར་དང་། བལ་པོའི་རྒྱལ་དར་གནམ་ལ་འཕྱར་དགོས་དོན་ག་རེ་ཡིན་ན། རྒྱུ་མཚན་ག་རེ་ཡོད་མེད་གོམ་བགྲོད་པ་ཁོ་རང་གིས་འགྲེལ་བརྗོད་ཅིག་གནང་ན་ཡག་པོ་འདུག །
འདི་ཙམ་ཡང་མགོ་མི་ཚོས་སམ། བལ་བོའི་ས་མཚམས་ལ་ཉེ་དུས་བལ་དར་དགོས་པ་རེད། རྒྱ་བོད་ས་མཚམས་ལ་ཉེ་དུས་རྒྱ་དར་དགོས་པ་རེད།
ཀླུ་སྨྱོན་ལགས་མི་ཤེས་ན་ཨུ་ཚུགས་མ་རྒྱག ཁོང་ནི་དོན་དམ་གྱི་དབུ་མའི་ལམ་པ་ཞིག་རེད།
དར་མང་པོ་ཞིག་འདུག བལ་ཡུལ་ནས་གཟབ་གཟབ་བྱོས། ཕལ་ཆེར་བཙོན་འཇུག་སོངས་དཀའ་ངལ་ཡོང་གི་རེད། བལ་བོད་ས་མཚམས་ལ་སླེབས་ཐུབ་ན་ཆེས་ཡག་ཤོས་དེ་རེད། དེ་ནས་ཕར་འགྲོ་མི་ཐུབ་པ་མི་ཀུན་གྱིས་ཤེས་གསར་རེད།
ཁོང་མ་བུ་གསུམ་ས་གང་དུ་སླེབས་ན་འདྲ་ང་ཚོའི་རྒྱབ་སྐྱོར་བྱེད་དགོས་པ་རེད།
གལ་ཏེ་རྒྱ་ནག་གི་རྒྱལ་དར་ཡིན་ན་ངའི་ངོས་ནས་རྒྱབ་སྐྱོར་ཡོད། དེ་བཞིན་བལ་ཡུལ་ས་ཁུལ་དུ་འཛུལ་བ་དང་རྒྱ་གར་རྒྱལ་དར་མ་ཡིན་པར་བལ་པོ་རྒྱལ་དར་འཁྱེར་ན་ལེགས་སྙམ་ཏེ་དེ་ཚོ་ནི་ཉིད་ཀྱིས་ཐུགས་ལ་ལོས་ཡོད་སྙམ།
༢༠༠༨ ལོའི་ནང་ཡས་མས་ཞིག་ལ་བོད་མི་ཁག་ཅིག་གིས་རྒྱ་མིའི་གཞུང་ཚབ་ཁང་ཞིག་ནས་རྒྱའི་དར་མར་ཕབ་ཏེ་ནོད་དར་འཕྱར་སོང་། དེ་དུས་ངའི་བསམ་པར་བོད་དར་འཕྱར་བ་འགྲིག་འདུག་སྟེ་རྒྱ་དར་ཕབ་པ་འགྲིག་མ་སོང་དྲན། དེའི་སྐོར་གྲོགས་པོ་ཁ་ཤས་དང་བགྲོ་གླེང་ཡང་བྱས། ད་སྐབས་སུ་བབ་པ་འདིར་དབུས་བོད་མིའི་སྒྲིག་འཛུག་གིས་ཀྲུང་ཧ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཆོལ་གསུམ་གཅིག་ཏུ་སྒྲིལ་བའ་ཚད་མཐོའི་རང་སྐྱོང་གི་ཐོབ་ཐང་རྩོད་པ་ལ། རྒྱ་གཞུང་གིས་དེ་ནི་ལྷག་བསམ་རྣམ་དག་མ་ཡིན་པ་དང་། རྣམ་པ་འགྱུར་བའི་རང་བཙན་སོགས་རེད་ཅེས་སྐྱོན་བརྗོད་བྱེད་ཀྱིན་པའི་སྐབས། བཙན་བྱོལ་ནང་བོད་མི་དཀྱུས་མ་ཞིག་གིས་བློ་རྒྱ་ཆེར་སྐྱེད་ཀྱིས་རྒྱ་དར་བོད་དར་མཉམ་འཕྱར་གྱིས་རྒྱ་ལ་ངོ་རྒོལ་གནང་བ་ནི་ལས་འགུལ་བས་རྒྱལ་སྤྱི་དང་། རྒྱ་བོད་སོགས་ཀྱི་གནས་སྟངས་ཤེས་ནས་ལས་འགུལ་སྤ་བ་མཚོན་པས་སླར་ཡང་ཐུགས་རྗེ་ཆེ། ཁྱེད་མ་བུ་གསུམ་ལ་སྙིང་ནས་དགའ་བསུ་ཡོད། དུས་ནམ་ཡང་མི་བརྗེད་ཡ། ངའི་བསམ་ཚུལ་འདི་ཁ་སང་ནས་བྲིས་སོ།།
བོད་དུ་འགྲོ་དུས་རྒྱ་དར་གྱིས་ཆི་བྱེད།
ཀུ་རེ་ཡིན། དགོས་པའི་དབང་གིས་རྟོག་ཞི་བ་ལ་ཕྱག་འཚལ་ལོ།
ཟེར་བ་བདེན་ནི་རེད། གང་ལྟར་རྣམ་པ་ཚོར་བར་ཆད་ཆེན་པོ་རེ་མི་བྱུང་བར་སྨོན།
རྒྱ་ནག་གི་རྒྱ་དར་འཁྱེར་བ་ནི་དངོས་གནས་ལྟས་ངན་རེད། ལས་འགུལ་སྤེལ་བློ་ཁོག་མེད་ན་བོད་པ་ཚོ་མིག་དཔེ་ངན་པ་མ་བསྟན། ད་ལས་འགུལ་མཚམས་བཞག་ན་ཡག་པོ་འདུག
ཨ་རོགས་ཚོར། སྐུ་ཞབས་ལྷ་སྡེ་གནམ་ལོ་ཡག་གིས་དེ་རིང་ཞོགས་པར་འོ་སྐོལ་བོད་ཕྱི་ནང་གི་རྩོམ་མཁན་ཡོངས་ཀྱི་ཚབ་བྱས་ནས་རྒྱ་ནག་གི་མང་གཙོ་དོན་གཉེར་བ་ཞིག་གི་འདས་དོན་ཐད་མྱ་ངན་ཞུ་ཡིག་ཅིག་སྤེལ་འདུག ༧རྒྱལ་བས་བོད་ཀྱི་སྲིད་ཚབ་དོར་བ་ནས་བཟུང་བའི་དེང་སང་ནངས་ཀར་བོད་ཀྱི་ཚབ་བྱེད་པར་དགའ་བའི་མི་ཇེ་མང་དུ་འགྲོ་བཞིནན་འདུག བསམ་འཆར་འདྲ་མེད་ལ།
རླབས་ཆེན་གྱི་ཨ་མདོ་པ་མི་གསུམ་ལ་བསྔགས་བརྗོད་གྲངས་མེད་ཡོད་་་་་་་་་་
རྒྱ་ནག་གི་རྒྱ་དར་འཁྱེར་དགོས་པའི་རྒྱུ་མཚན་ཉེ་སྔོན་ལྡི་ལི་ནས་ཁོང་གིས་གསར་འགོད་པ་དག་ལ་འགྲེལ་བཤད་བསྐྱོན་འདུག
དངོས་གནས་རླབས་ཆེན་རེད། ལས་འགུལ་སྤེལ་སྟངས་འདི་ལ་ཡོངས་སུ་རྒྱབ་སྐྱོར་ཡོད། ད་དངོས་གནས་བོད་མི་རིགས་དོན་དང་ལྡན་པའི་ལམ་ཁར་སྤོ་འདོད་ན་འདི་ལས་གཞན་མེད་པ་གསལ་བོ་རེད། དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་མི་ཚང་མས་བོད་ལ་རང་དབང་བསྐྱར་གསོ་བྱ་འདོད་ན་མུ་མཐུད་ནས་ལམ་ལ་ཆས། དབུ་མའི་ལམ་གྱི་སྲིད་བྱུས་ཀྱིས་ད་བར་གྲུབ་འབྲས་མ་ཐོན་པའི་རང་ཕྱོགས་ཀྱི་ཞན་ཆ་ནི་མི་མང་རང་ངོས་ནས་དེའི་ལས་འགུལ་སྤེལ་མ་ཤེས་པ་དེ་ཁོ་ན་ཡིན། དེས་ན་ད་ནས་དབུ་མའི་ལམ་གྱི་ལས་འགུལ་རླབས་ཆེན་འགོ་ཚུགས་ཐུབ་པར་སྨོན། བོད་གཞུང་མང་ཚང་མས་དེ་ལྟར་གནང་རོགས། ཁོང་མ་བུ་གསུམ་ལ་བཀྲ་ཤིས་བདེ་ལེགས་ཞུ།
ཡིན་ནའང། རང་བཙན་པར་སྒྲོ་བཏགས་པ་ཁ་ཤས་ཀྱིས་ཁྱེད་མ་སྨད་གསུམ་ལའང་སྐུར་བ་འདེབས་ངེས་ལ། ཐ་ན་རྒྱ་མིའི་སོ་པའང་ཡིན་ཟེར་ན་ཐང་མོད། དེ་དག་གིས་༧རྒྱལ་བ་རིན་པོ་ཆེ་ལའང་སྐུར་འདེབས་སྣ་ཚོགས་བྱེད་བཞིན་ཡོད་སྟབས་ཁྱོན་ནས་ཧང་སང་པ་དང་གནད་འགག་ཏུ་བརྩི་དགོས་ཀྱི་མ་རེད། མུ་ཐུད་མདུན་བསྐྱོད་བྱས། ང་ཚོ་ཚང་མ་བོད་དུ་འཛོམས་ཡོང།
བོད་ནང་གི་བོད་མི་ཚོས་ཀྱང་རང་བཙན་གྱི་སྒྲ་ཡལ་ནས་ལས་འགུལ་རིམ་སྤེལ་རྣམས་དབུ་མའི་ལམ་དང་ཡོངས་སུ་མཐུན་པ་འདི་ང་ཚོ་ཚང་མའི་སེམས་ཀྱི་སྙིང་སྟོབས་ཡིན། བོད་རྒྱལ་ལོ། རང་དབང་རྒྱལ་ལོ། དབུ་མའི་ལམ་རྒྱལ་ལོ། ལས་འགུལ་བ་མ་བུ་གསུམ་རྒྱལ་ལོ།
དབུ་མའི་ལམ་ཡིན་ན་དབུ་མའི་ལམ་མ་ཐོབ་བར་དུ་རྒྱ་རྒན་གྱི་རྒྱ་དར་ཤར་དགོས་བའི་རྒྱུ་མཚན་མི་འདུག
བདུད་འདུལ་ལགས། དབུ་མའི་ལམ་པ་ཚོ་དར་དམར་གྱི་འོག་ནས་འདུག་གི་ཡིན་ཟེར་གི་ཡོད་པ་མ་རེད་པས། དབུ་མའི་ལམ་གྱི་སྲིད་བྱུས་ནང་མཐའ་སྲུང་དམག་མི་རྒྱ་དམག་ལ་བཅོལ་གི་ཡིན་ཟེར་གི་ཡོད་པས་དེ་ནི་དར་དམར་གྱི་གྲིབ་བསིལ་ནས་འདུག་གི་ཡིན་ཟེར་གི་ཡོད་པ་རེད།
ཡིད་མི་ཆེས་ན་ཧོང་ཁོང་གི་གནམ་ཐང་དུ་སོང་དང་དར་དམར་ཆེ་ཐག་ཆོད་ཅིག་གིས་ཁྱོད་ལ་དགའ་བསུ་ཞུ་གི་རེད།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་འདུག་གི་ཡིན་ཟེར་པ་ནི་དབུ་མའི་ལམ་གྱི་རྩ་བའི་དམིགས་ཡུལ་ཞིག་རེད། དེ་དང་དར་དམར་གྱི་འོག་ནས་འདུག་པ་གཉིས་ལ་ཁྱད་པར་ཅི་ཡང་མེད་པར་འདོད། དར་དམར་མཐོང་ན་སྙིང་ན་ཚེ་དབུ་མའི་ལམ་ལ་ཡང་སྙིང་ན་མི་དགོས་སམ།
དཀའ་ལས་རྒྱབ་ནས་དར་དམར་ཞིག་ས་རྒྱ་གར་ནས་མགོ་ལ་འཁུར་ནས་འགྲོ་དགོས་དོན་ཅི་ཡིན་ནམ། བོད་དང་རྒྱའི་དར་ཆ་གཉིས་མཉམ་དུ་འགྲོ་མི་ཐུབ་པ་ཤེས་གསལ་རེད། ལམ་དབུ་མ་པ་ཡིན་ན་དར་དམར་གཅིག་པོ་མ་གཏོགས་བོད་དར་གཡུག་ན་རེད། ཁྱེད་ཅག་གི་སྙིང་སྟོབས་ལ་ཡིད་རིང་ཡོད།་འོན་ཀྱང་དར་དམར་རིག་ན་རྣམས་རྟོགས་་ལང་གི
དར་དམར་ལ་དགའ་ཞེན་བླ་ན་མེད་པ་ཞིག་ཡོད་ན་ལས་འགུལ་དང་གོམ་བགྲོད་གནང་དགོས་དོན་ཅི་ཡིན་ནམ་? བོད་ལ་རང་དབང་བསྐྱར་གསོ་དགོས་ན་དར་དམར་འཕྱར་ནས་རང་དབང་ཞིག་ཐོབ་སྲིད་དམ? གཞིས་ལུས་དཔའ་བོ་དཔའ་མོ་ཚོས་དར་དམར་ལ་ཡིད་ཆེས་བློ་གཏད་དང་ཀྲུང་ཧ྄་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་དགའ་ཞེན་བླ་ན་མེད་པ་ཡོད་ནས་ཏང་ཀྲུང་དབྱང་གི་བཀའ་དྲིན་མཚོན་བྱེད་རང་ལུས་མཆོད་མེར་ཕུལ་བ་ཞིག་ཨེ་རེད་? འདིའི་རིགས་དེ་ངོ་དགའ་སྤྲེལ་ལད་དང་མགོ་གཏད་རིང་ལུགས་མི་ཟེར་ན་ཅི་ཟེར་? དྲི་བ་འདི་མཆན་ཞབས་པ་མེ་ཏོག་དཀར་པོ་དང་ཟླ་བཀྲས་ཕུན་ཁང་གཉིས་ལ་ཡིན། མ་གཞི་ལས་འགུལ་བ་གསུམ་གྱིས་དར་དམར་འཕྱར་ནས་དགོས་པ་རྒྱུ་མཚན་གསལ་ཁ་མི་འདུག་ཀྱང་མཆན་ཞབས་མགོ་གཏད་རིང་ལུགས་པ་འདི་ཚོས་ལོགས་འགྲེལ་སྣ་ཚོགས་རྒྱགས་དགོས་དོན་ཁྱོད་ཚོར་དགོས་པ་རྒྱུ་མཚན་དམིགས་བསལ་བ་ཞིག་ཡོད་ངེས་རེད་པ།
དབུ་མའི་ས་ལམ་གྱི་འབྲས་བུ་རང་སྐྱོང་མངོན་དུ་མ་གྱུར་བ་དེ་རང་ཕྱོགས་ཀྱི་ཞན་ཆར་ངོས་འཛིན་པ་ནི་དམངས་གཙོའི་ལྟ་གྲུབ་ཀྱི་འགྲོ་སྟངས་རྩ་བ་ནས་མི་ཤེས་པ་མ་ཟད་རྒྱ་མི་གུང་ཁྲན་ལ་ཆ་སྒྱུས་ཡ་སྒྱུས་སྤུ་ཙམ་ཡང་མི་འདུག་ལ་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་མི་རིགས་ས་གནས་རང་སྐྱོང་ཞེས་པ་དེ་དོན་གྱི་སྟོང་བ་མི་ཤེས་ཙང་བཅའ་ཁྲིམས་འབྲུ་འདོན་གྱི་རང་སྐྱོང་མངོན་འདོད་ཡིག་ཆ་ལ་ངོ་བོ་བསྒྱུར་བའི་རང་བཙན་དང་། རྣམ་པ་མི་གསལ་བའི་རང་བཙན། ཕྱེད་རང་བཙན་སོགས་རང་བཙན་རྣམ་པ་དུ་མར་དབྱེ་བ་མ་གཏོག། ལས་འགུལ་རྣམ་པ་དུ་མར་དབྱེ་ནས་རང་བཙན་རྣམ་པ་དུ་མར་བསྒྱུར་མི་འདུག་ལ་ད་དུང་འབྲས་བུ་དོན་གྱི་སྟོང་བའི་རང་སྐྱོང་གི་རྩོད་གཞི་མེད་པ་ཞིག་རྩོད་ཙང་མི་རིགས་སྲིད་བྱུས་མེད་པ་བཟོ་རྒྱུའི་བསམ་འཆར་དང་མངོན་འགྱུར་གྱི་འཆར་གཞི་དེ་འདི་ནས་བྱུང་བ་རེད། མ་གཞི་ཏང་ཀྲུང་དབྱང་སྲིད་གཞུང་གིས་༧ཏཱ་ལའི་བླ་མ་དང་ཁོང་དང་ཉེ་བའི་མི་ཁ་ཤས་ཀྱི་གནད་དོན་མ་གཏོགས་བོད་ཀྱི་རང་དབང་བསྐྱར་གསོ་ཞེས་པའི་གནད་དོན་ཞིག་ནམ་ཡང་གླེང་གི་མེད་པ་དེ་རེད། བྱས་ཙང་ཀྲུང་ནན་ཧེའེ་ཡི་ཏང་ཀྲུང་དབྱང་དམར་ཤོག་སྲིད་གཞུང་ཇི་སྲིད་མགོ་རྟིང་མ་ལོག་བར་དབུ་ལམ་པ་ཚོར་འབྲས་བུ་རང་སྐྱོང་མངོན་འགྱུར་ཡོང་མི་སྲིད། རྒྱུ་མཚན་རྒྱ་བོད་ཞི་མོལ་གྲོས་མོལ་ལ་བསྒྱུར། གྲོས་མོལ་འབྲེལ་མོལ་ལ་བསྒྱུར། གང་ལྟར་ཡར་བསྒྱུར་མར་བསྒྱུར་བྱས་པའི་བརྒྱུད་རིམ་ནང་ནས་གསལ་པོར་རྟོགས་ཐུབ། ཅི་སྟེ་ངེས་མེད་ཏང་ཀྲུང་དབྱང་དམར་ཤོག་སྲིད་གཞུང་མགོ་རྟིང་ལོག་ན་ཡིན་ཅིག་རང་སྐྱོང་ལེན་དགོས་པའི་ངེས་པ་མ་མཆིས། དེས་ན་རང་ལྟ་མཆོག་འཛིན་བྱས་ནས་ཅང་ཕན་ནི་མ་རེད།
རྒྱ་མིའི་རྒྱ་དར་འཁྱེར་ནས་ངོ་རྒོར་དགོས་དོན་མི་འདུག་རྒྱ་མི་ནི་འཛམ་གླིང་གནས་སྟོབས་དང་དབང་ཐང་ཆེ་ཤོས་རེད་རྒྱ་དར་འཁྱེར་གནས་ལས་འགུལ་སྤེལ་བ་རྒྱ་དར་དེ་ཡི་རྒྱལ་ཁབ་ལ་རང་དབང་དང་བདག་དབང་དགོས་ཟེར་བ་རེད་།།
བོད་ཀྱི་རྒྱལ་དར་དང་རྒྱ་ནག་གི་རྒྱལ་དར་མཉམ་དུ་འཁྱེར་ན་དབུ་མའི་ལམ་མཚོན་ཐུབ་ཨི་ཡོང་།
བོད་ཀྱི་གཏམ་དཔེ་འདི་ལྟར། དངོས་གྲུབ་མ་བྱུང་ནའང་མཛུབ་མགོ་མ་ཤོར་བ་གནང་རོགས་གནང་། སྐུ་མཁྱེན་
སྐུ་མཁྱེན། ལྷ་སར་མ་སླེབ་ན་ཡང་ལོ་རྒྱུས་ཀྱི་བདག་དབང་མ་ཤོར་བ་གནང་རོགས་
གནང་། ད་བར་༸གོང་ས་མཆོག་གིས་རྒྱ་དམར་གྱི་སྔོན་འགྲོའི་ཆ་རྐྱེན་དང་ལེན་མ་གནང་བ་དེར་ལོ་རྒྱུས་ཀྱི་བདག་དབང་ཤོར་གྱིས་དགོངས་པ་མཁྱེན་པར་མཛོད།
ཡང་ན་ལས་འགུལ་མགོ་འཛུགས་དུས་ནས་བཟུང་མཇུག་མ་རྫོགས་བར་དབུའི་ཐོག་ཏུ་
དར་དམར་སྣ་འཕྱིས་ཙམ་ཞིག་མཉམ་དུ་བསྣམས་འཕེབས་ནས་སྲུང་བ་ལྟར་བཏགས་
གནང་ནའང་འགག་སྒོ་སོགས་སུ་་རྒྱ་དམར་གྱི་སྲུང་དམག་ལ་སྐྲག་པའི་འཇིག་སྐྲག་གི་
དཀའ་ངལ་ལས་སྐྱོབ་ཤས་ཆེ།
གང་ཡིན་ཟེར་ན་གློ་སྙིང་བྲང་གསུམ་དར་དམར་ལ་དེ་ཙམ་གཏད་ཟིན་པའི་ཕྱིར།།
ང་རང་གི་བསམ་ཚུལ་ཙམ་ཡིན་པས་དགོངས་འགལ་དང་བློ་ཕམ་མ་གནང་རོགས་གནང་། སྙིང་སྟོབས་དང་ལྷག་བསམ་ལ་རྗེས་སུ་ཡི་རངས་སྔར་ནས་ད་བར་ཞུ་བཞིན་ཡོད་
འོན་ཀྱང་ད་ཆ་སྲབ་ཏུ་ཕྱིན་སོང་ལ་ཡིད་ཆེས་ཀྱང་ཅུང་ཟད་རླག་སོང་།།།
མགོ་སྟག་འདྲ་བ་སྟོན་ནས་མཇུག་ྭཝ་མོ་འདྲ་བ་མི་ཡོང་བའི་སྨོན་ལམ་གྲངས་མེད་འདེབས་པ་ལགས་སོ།།།
༧གོང་ས་མཆོག་གིས་བཏོན་པའི་དབུ་མའི་ལམ་ལ་འུ་ཅག་བོད་དག་ཡིད་ཆེས་མེད་ན་རྒྱ་ནག་གཞུང་ཅི་ཁག
མཁྱེན་ཡངས་གོམ་བགྲོད་པ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་སྙན་དབང་དེུད
ཁྱེད་མ་མད་རྣམ་པ་འོ་རྒྱལ་སོང་བས་ཐོག་མར་སྐུ་ཁམས་བཟང་བའི་འཚམས་འདྲི་ཞུ་རྒྱུ་ཡིན་་།དེ་རྗེས་བོད་ཀྱི་གཏམ་དཔེ་འདི་ལྟར། དངོས་གྲུབ་མ་བྱུང་ནའང་མཛུབ་མགོ་མ་ཤོར་བ་གནང་རོགས་གནང་། སྐུ་མཁྱེན་
སྐུ་མཁྱེན། ལྷ་སར་མ་སླེབ་ན་ཡང་ལོ་རྒྱུས་ཀྱི་བདག་དབང་མ་ཤོར་བ་གནང་རོགས་
གནང་།ད་བར་༸གོང་ས་མཆོག་གིས་རྒྱ་དམར་གྱི་སྔོན་འགྲོའི་ཆ་རྐྱེན་དང་ལེན་མ་གནང་བ་དེར་ལོ་རྒྱུས་ཀྱི་བདག་དབང་ཤོར་གྱིས་དགོངས་པ་མཁྱེན་པར་མཛོད།
ཡང་ན་ལས་འགུལ་མགོ་འཛུགས་དུས་ནས་བཟུང་མཇུག་མ་རྫོགས་བར་དབུའི་ཐོག་ཏུ་
དར་དམར་སྣ་འཕྱིས་ཙམ་ཞིག་མཉམ་དུ་བསྣམས་འཕེབས་ནས་སྲུང་བ་ལྟར་བཏགས་
གནང་ནའང་འགག་སྒོ་སོགས་སུ་་རྒྱ་དམར་གྱི་སྲུང་དམག་ལ་སྐྲག་པའི་འཇིག་སྐྲག་གི་
དཀའ་ངལ་ལས་སྐྱོབ་ཤས་ཆེ།
གང་ཡིན་ཟེར་ན་གློ་སྙིང་བྲང་གསུམ་དར་དམར་ལ་དེ་ཙམ་གཏད་ཟིན་པའི་ཕྱིར།།
ང་རང་གི་བསམ་ཚུལ་ཙམ་ཡིན་པས་དགོངས་འགལ་དང་བློ་ཕམ་མ་གནང་རོགས་གནང་། སྙིང་སྟོབས་དང་ལྷག་བསམ་ལ་རྗེས་སུ་ཡི་རངས་སྔར་ནས་ད་བར་ཞུ་བཞིན་ཡོད་
འོན་ཀྱང་ད་ཆ་སྲབ་ཏུ་ཕྱིན་སོང་ལ་ཡིད་ཆེས་ཀྱང་ཅུང་ཟད་རླག་སོང་།།།
མགོ་སྟག་འདྲ་བ་སྟོན་ནས་མཇུག་ྭཝ་མོ་འདྲ་བ་མི་ཡོང་བའི་སྨོན་ལམ་གྲངས་མེད་འདེབས་པ་ལགས་སོ།།།
ད་ཡང་ཁོང་ཚོའི་ལས་འགུལ་ལ་ཁ་ལོག་གཏོང་ཡོང་གིན་འདུག་ག ད་ག་རེ་བྱས་དགོས་ཀི་རེད་་་་ལས་དབང་འདི།
ཁོ་རང་གིས་བཏོན་པའི་ཆ་རྐྱེན་ལ་བལྟས་ན་རྒྱའི་རྒྱལ་དར་དམར་པོ་ཕྱར་དགོས་ངེས་ཤིག་ཆགས་འདུག་སྙམ།
ཁྱེན་ཡངས་གོམ་བགྲོད་པ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་སྙན་དབང་དེུད
ཁྱེད་མ་མད་རྣམམ་པ་འོ་རྒྱལ་སོང་བས་ཐོག་མར་སྐུ་ཁམས་བཟང་བའི་འཚམས་འདྲི་དང་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན་་།དེ་རྗེས་བོད་ཀྱི་གཏམ་དཔེ་འདི་ལྟར། དངོས་གྲུབ་མ་བྱུང་ནའང་མཛུབ་མགོ་མ་ཤོར་བ་གནང་རོགས་གནང་། སྐུ་མཁྱེན་
སྐུ་མཁྱེན། ལྷ་སར་མ་སླེབ་ན་ཡང་ལོ་རྒྱུས་ཀྱི་བདག་དབང་མ་ཤོར་བ་གནང་རོགས་
མགོ་སྟག་འདྲགནང་།ད་བར་༸གོང་ས་མཆོག་གིས་རྒྱ་དམར་གྱི་སྔོན་འགྲོའི་ཆ་རྐྱེན་དང་ལེན་མ་གནང་བ་དེར་ལོ་རྒྱུས་ཀྱི་བདག་དབང་ཤོར་གྱིས་དགོངས་པ་མཁྱེན་པར་མཛོད།
ཡང་ན་ལས་འགུལ་མགོ་འཛུགས་དུས་ནས་བཟུང་མཇུག་མ་རྫོགས་བར་དབུའི་ཐོག་ཏུ་
དར་དམར་སྣ་འཕྱིས་ཙམ་ཞིག་མཉམ་དུ་བསྣམས་འཕེབས་ནས་སྲུང་བ་ལྟར་བཏགས་
གནང་ནའང་འགག་སྒོ་སོགས་སུ་་རྒྱ་དམར་གྱི་སྲུང་དམག་ལ་སྐྲག་པའི་འཇིག་སྐྲག་གི་
དཀའ་ངལ་ལས་སྐྱོབ་ཤས་ཆེ།
གང་ཡིན་ཟེར་ན་གློ་སྙིང་བྲང་གསུམ་དར་དམར་ལ་དེ་ཙམ་གཏད་ཟིན་པའི་ཕྱིར།།
ང་རང་གི་བསམ་ཚུལ་ཙམ་ཡིན་པས་དགོངས་འགལ་དང་བློ་ཕམ་མ་གནང་རོགས་གནང་། ་སྟོབས་དང་ལྷག་བསམ་ལ་རྗེས་སུ་ཡི་རངས་སྔར་ནས་ད་བར་ཞུ་བཞིན་ཡོད་
འོན་ཀྱང་ད་ཆ་སྲབ་ཏུ་ཕྱིན་སོང་ལ་ཡིད་ཆེས་ཀྱང་ཅུང་ཟད་རླག་སོང་།།།་བ་སྟོན་ནས་མཇུག་ྭཝ་མོ་འདྲ་བ་མི་ཡོང་བའི་སྨོན་ལམ་གྲངས་མེད་འདེབས་པ་ལགས་སོ།།།
ཁྱེན་ཡངས་གོམ་བགྲོད་པ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་སྙན་དབང་དེུད
ཁྱེད་མ་མད་རྣམམ་པ་འོ་རྒྱལ་སོང་བས་ཐོག་མར་སྐུ་ཁམས་བཟང་བའི་འཚམས་འདྲི་དང་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན་་།དེ་རྗེས་བོད་ཀྱི་གཏམ་དཔེ་འདི་ལྟར། དངོས་གྲུབ་མ་བྱུང་ནའང་མཛུབ་མགོ་མ་ཤོར་བ་གནང་རོགས་གནང་། སྐུ་མཁྱེན་
སྐུ་མཁྱེན། ལྷ་སར་མ་སླེབ་ན་ཡང་ལོ་རྒྱུས་ཀྱི་བདག་དབང་མ་ཤོར་བ་གནང་རོགས་
མགོ་སྟག་འདྲགནང་།ད་བར་༸གོང་ས་མཆོག་གིས་རྒྱ་དམར་གྱི་སྔོན་འགྲོའི་ཆ་རྐྱེན་དང་ལེན་མ་གནང་བ་དེར་ལོ་རྒྱུས་ཀྱི་བདག་དབང་ཤོར་གྱིས་དགོངས་པ་མཁྱེན་པར་མཛོད།
ཡང་ན་ལས་འགུལ་མགོ་འཛུགས་དུས་ནས་བཟུང་མཇུག་མ་རྫོགས་བར་དབུའི་ཐོག་ཏུ་
དར་དམར་སྣ་འཕྱིས་ཙམ་ཞིག་མཉམ་དུ་བསྣམས་འཕེབས་ནས་སྲུང་བ་ལྟར་བཏགས་
གནང་ནའང་འགག་སྒོ་སོགས་སུ་་རྒྱ་དམར་གྱི་སྲུང་དམག་ལ་སྐྲག་པའི་འཇིག་སྐྲག་གི་
དཀའ་ངལ་ལས་སྐྱོབ་ཤས་ཆེ།
གང་ཡིན་ཟེར་ན་གློ་སྙིང་བྲང་གསུམ་དར་དམར་ལ་དེ་ཙམ་གཏད་ཟིན་པའི་ཕྱིར།།
ང་རང་གི་བསམ་ཚུལ་ཙམ་ཡིན་པས་དགོངས་འགལ་དང་བློ་ཕམ་མ་གནང་རོགས་གནང་། སྙིང་སྟོབས་དང་ལྷག་བསམ་ལ་རྗེས་སུ་ཡི་རངས་སྔར་ནས་ད་བར་ཞུ་བཞིན་ཡོད་
འོན་ཀྱང་ད་ཆ་སྲབ་ཏུ་ཕྱིན་སོང་ལ་ཡིད་ཆེས་ཀྱང་ཅུང་ཟད་རླག་སོང་།།།་བ་སྟོན་ནས་མཇུག་ྭཝ་མོ་འདྲ་བ་མི་ཡོང་བའི་སྨོན་ལམ་གྲངས་མེད་འདེབས་པ་ལགས་སོ།།།
ཞི་བའི་གོམ་འགྲོད་གནང་བར་ཐུགས་རྗེ་ཆེ། རྒྱ་དར་འཁྱེར་དགོས་པ་དགོས་པ་དང་རྒྱུ་མཚན་མི་འདུག རྒྱ་་གར་གྱི་རྒྱལ་དར་དང་བལ་པོའི་རྒྱལ་དར་རྒྱ་ནགི་རྒྱལ་དར་གསུམ་ཆ་མཉམ་དུ་འཁྱེར་དགོས་པ་དེ། ཀླུ་སྨྱོན་ལྟར་ན་རྒྱལ་ཁབ་གསུམ་འཛོམས་ཞིག་ལ་སླེབས་ཡོད་ས་རེད། ཧཧཧཧཧཧ
སྙིང་ཉེ་བའི་གྲོགས་པོ་ལགས། རྐང་རྗེས་ལག་གསུབ་མ་གནང་རོགས་ཞུ་རྒྱུ་ལས་གཞན་འབོད་སྐུལ་ཅུང་མེད་ཡ། ཐུགས་རྗེ་གཟིགས། གོམ་བགྲོད་ལ་འགྲོ་མ་ཐུབ་ཀྱང་སྐྱོན་ཅི་ལ་ཡོད། རྒྱ་དམར་གྱི་དར་དམར་དེ་ལག་ལ་འཛིན་མ་དགོས་པ་ཞིག་བྱུང་ན་ང་ཚོའི་རེ་བ་དེ་ལས་མེད། ད་མཚམས་བཞག་ཞོག འགྲོ་མི་དགོས། ད་འགྲིག་སོང་དེ་ནི་རྩ་དོན་རྩོད་པའི་འཐབ་རྩོད་ཅིག་མ་རེད་ཤེས་འདོག་འཇོན་འདོག་བྱེད་རྒྱུ་མང་ན་དཀའ་ངལ་འཕྲད་སྲིད་ཀྱི་རེད། དོན་གྱི་ངོ་བོ་འཛམ་གླིང་གི་མི་མང་ཚང་མས་སྐར་ལྔའི་དར་དམར་དེ་མེར་སྲེག་གཏོང་འདོད་ཀྱི་རྦ་རླབས་འཕྱུར་བའི་སྐབས་འདིར་ཁྱེད་ཀྱིས་གནམ་ལ་ཕྱར་བའི་དགོས་པ་ཞིག་མཐོང་མ་སོང་། མགོ་བདེ་རྒྱུ་མང་ན་ཉེས་སྐྱོན་ཅི་ཞིག་འབྱུང་བའི་ཚོད་དཔག་དཀའ་བ་ཞིག་རེད།
རིགས་མཛོད་འཕྲུལ་འཁོར་རམ་གློག་ཀླད་དང་དྲྭ་ལམ་གྱི་འཕྲིན་བརྡའི་ནུས་པ་ཞན་ཞིང་། ཐད་གཏོང་མ་ཐུབ་པས་དེ་དག་པར་ཤུ་བྱེད་སྐབས་ཡིག་ནོར་འགའ་ཞིག་ཤོར་འདུག་པས་ནོར་བཅོས་གནང་རོགས་གནང།
ཁྱེན་ཡངས། ཞེས་པ་མཁྱེན་ཡངས། ཞེས་མ་སྔོན་འཇུག་སྣོན་རྒྱུ་དང་།
སྙིང་སྟོབས་ཞེས་སྙིང་སྣོན་རྒྱུ་སོགས་ཁ་བསྐོངས་གནང་བར་འཚལ།།
ཐོག་མར་བཞུགས་སྒར་མདུན་ནས་གངས་སེང་བསྒྲེངས།།
བར་དུ་དྷི་ལིར་འབྱོར་ནས་བཀག་ཉར་བྱས།།
དེ་རྗེས་བྱམས་བརྩེའི་བདག་ཉིད་ཞལ་པར་འབྱོར།།
དེ་མུར་མཇལ་འཕྲད་གནང་སྟེ་དང་ལེན་ཞུས།།
མཇུག་ཏུ་རྒྱ་བོད་བལ་དང་སྐར་ལྔའི་དར།།
སྡོག་མཁྲེས་མ་ཐེག་བཞིན་དུ་དབུ་རྩེར་བསྒྲེངས།།
ཐོག་མཐའ་བར་གསུམ་འགལ་བའི་གོམ་བགྲོད་ཅིག །
ཅེས་བྱ་ནི་རང་ཉིད་སེམས་ཤུགས་ཅུང་ཟད་འཕར་བའི་རྗེས་ད་ནས་མར་ཆག་མགོ་ཚུགས་པའི་སེམས་ཁམས་མཚོན་བྱེད་ཀྱི་བར་སྐབས་ཚིགས་བཅད་དོ།།
གླིང་ཚ་མ་བུ་གསུམ་པ་བོད་མི་རིགས་དང་རིགས་གཞུང་ལ་ཞེན་ཁོག་ཡོད་པར་དངོས་གནས་སེམས་དབུས་ནས་དགའ་གསུ་ཞུ། ཡིན་ན་ཡང་རང་རིགས་ས་ཡ་གཅིག་ཙམ་་དམར་གསོད་བྱེད་མཁན་གྱི་རྒྱ་དམར་གི་དར་ཆ་འཕྱར་ནས་ངོ་རྒོལ་བྱེད་པར་འདི་མོས་མཐུན་རྩ་བ་ནས་བྱེད་ཐབས་མེད་ལ་ངོ་རྒོལ་ཡང་མཐའ་གཅིག་དུ་ཡོད། འདིས་གང་ཞིག་མཚོན་གྱི་ཡོད་དམ། འདིས་དོན་ངོ་མ་གང་ཞིག་གསལ་བཤད་བྱེད་ཀྱི་ཡོད་དམ། རང་ཉིད་ཀྱི་མེས་པོ་དག་ཡིད་ལ་མ་འཁོར་བ་ཡིན་ནམ་། ཡང་ན་གང་རེད། དམར་པོ་ཁྲག་གིས་ཚོས་པའི་དར་ཆ་འདི། བོད་སར་སྒྲེང་པར་ནས་བཟུང་བོད་མི་རིགས་ཀྱི་ལས་དབང་ལ་གོད་ཆགས་འདི་དག་བྱུང་བ་རེད། འདི་འོག་ནས་རང་དབང་ཅུང་ཟད་ཀྱང་ཐོབ་མྱོང་མེད། ངས་རེ་བ་ལ། ལས་འགུལ་གང་ཡིན་རུང་མགོ་འབྲུང་འདྲ་བ་དང་རྔ་མ་སྦྲུལ་འདྲ་བའི་རིགས་མི་སྤེལ་བའི་རེ་བ་ཡོད། དེ་ཙམ་ཡིན་།
གླིང་ཚ་མ་བུ་གསུམ་གྱིས་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་སྟེ་༧གོང་ས་སྐྱབས་མགོན་ཆེན་པོ་བོད་ནང་ཆིབས་བསྒྱུར་དང་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་བར།དཀའ་སྡུག་མང་པོ་གདུང་ལེན་འོག་བོད་ནང་གོམ་བགྲོད་གནང་བཞིན་མཐའ་གཅིག་ཏུ་རྒྱབ་སྐྱོར་དང་བསྔགས་བརྗོད་ཡོད།
འོན་ཀྱང་།སོ་སོས་བོད་དོན་ཆེད་བློས་གཏོང་ཁབ་རྩེ་ཙམ་མེད་པར་ཉལ་ས་དྲོན་པོའི་ནང་གཞན་གྱི་བྱས་པ་ཁྱད་བསོད་བྱེད་མཁན་སྡར་མ་ཝ་མོའི་རིགས།རང་བཙན་གྱི་དར་ཆ་རྫུན་མ་དེ་འཁྱེར་ནས་ཁོང་མ་བུ་གསུམ་ལ་སྐུར་འདེབས་སྣ་ཚོགས་བྱེད་མཁན་ཚོ་མཐའ་གཅིག་ཏུ་བོད་མིའི་ལས་འགུལ་བཀག་འགོག་བྱེད་མཁན་རྒྱ་དམར་གཞུང་གི་སོ་པ་ཡིན་པར་ངོས་འཛིན་ཡོད།
གལ་ཏེ་དོན་གྱིས་བོད་རང་བཙན་འཐབ་རྩོད་པ་དང་བོད་དོན་ལ་ལྷག་བསམ་ཅན་ཅིག་ཡིན་ན་གོང་གི་སྐད་ཆ་དེ་འདྲ་ཁོང་མ་བུ་གསུམ་ལ་བཤད་ཀི་མ་རེད།དཔེར་ན་གཞོན་ནུ་ཚོགས་པས་ཁོང་ཚོ་ལ་རྒྱབ་སྐྱོར་ཆེན་པོ་གནང་སོང་ང་།
རྒྱ་ནག་གི་དར་ཆ་འཕྱར་ན་བོད་ཁྲིམས་དང་འགྲོ་བ་མིའི་ཐོབ་ཐང་གང་ལའང་འགལ་མི་འདུག་ནའང་། སྨྲ་བརྗོད་རང་གི་བཙན་བྱོལ་ཁོར་ཡུག་ན་གླིང་ཚ་ལ་འཇིགས་སྐུལ་དང་ཉེན་བརྡ་གཏོང་མི་བྱུང་བ་འདི་སྒེར་གཅོད་ཀྱི་གནད་དོན་ཆེན་པོར་མཐོང་།
སྐར་ལྔའི་དར་དམར་འཕྱར་ན་སེམས་ནས་བཟོད་མི་ཐུབ་ཀྱང་། གཞན་གྱི་སྨྲ་བརྗོད་རང་དབང་ལ་འཇིགས་སྐུལ་མི་གཏོང་བར་མཁྱེན།
བོད་མི་གཅིག་གིས་བོད་ཀྱི་དར་ཆའི་ཞོར་དུ། རྒྱ་གར་དར་ཆ་དང་། ཁྱིམ་མཚེས་བལ་པོའི་དར་ཆ་དང་། དེ་ཡིས་མ་ཚད་རང་གི་དགྲ་རུ་རྩིས་སེ་རྒྱ་ནག་གི་དར་ཆ་ཡང་ཕྱར་བསྒྲེང་བྱས་པ་ནི། སྤྱི་སེམས་དང་། མཐུན་སྒྲིལ། ཕུགས་རྒྱང་རིང་པོའི་རྣམ་དཔྱོད་ཡོད་པའི་མཚོན་རྟགས་སུ་མཐོང་ལགས།
༡ དར་དམར་ལ་དགའ་ཞེན་བླ་ན་མེད་པ་ཞིག་ཡོད་ན་ལས་འགུལ་དང་གོམ་བགྲོད་གནང་དགོས་དོན་ཅི་ཡིན་ནམ། ?
༡ དར་དམར་ལ་དགའ་ཞེན་བླ་ན་མེད་པ་ལྟ་ཕར་ཞོག དགའ་ཞེན་ཡང་མེད། ལས་འགུལ་དང་གོམས་བགྲོད་བྱེད་དོན་ཞི་བའི་འབོད་ཚིག་ལྔ་ནང་གསལ་བས་དེར་གཟིགས།
༢ བོད་ལ་རང་དབང་བསྐྱར་གསོ་དགོས་ན་དར་དམར་འཕྱར་ནས་རང་དབང་ཞིག་ཐོབ་སྲིད་དམ?
༢ སྲིད་པའི་རེ་བ་རེད། རེ་བས་བཅིངས་ནས་ལས་འགུལ་འདིར་ཞུགས་པ་ལགས། དར་དམར་མེར་སྲེག་གཏོང་ནས་བོད་རང་དབང་བསྐྱར་གསོ་ཐུབ་བམ། ཐུབ་ན་མི་ང་གཅིག་པོས་ཀྱང་དར་དམར་ཁྲི་གཅིག་སྲེག་རྒྱུར་ཁས་བླངས་ཆོག
༣ གཞིས་ལུས་དཔའ་བོ་དཔའ་མོ་ཚོས་དར་དམར་ལ་ཡིད་ཆེས་བློ་གཏད་དང་ཀྲུང་ཧ྄་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་དགའ་ཞེན་བླ་ན་མེད་པ་ཡོད་ནས་ཏང་ཀྲུང་དབྱང་གི་བཀའ་དྲིན་མཚོན་བྱེད་རང་ལུས་མཆོད་མེར་ཕུལ་བ་ཞིག་ཨེ་རེད་?
༣ དེ་འདྲ་མ་རེད། གཞིས་ལུས་སྤུན་ཟླས་དར་དམར་ལ་དགའ་ཞེན་དང་རྒྱ་དམར་ལ་དགའ་ཞེན་གྱིས་རང་སྲོག་གཏོང་བ་མ་རེད། ༧གོང་ས་མཆོག་བོད་ལ་གདན་ཞུ་རྒྱུ་དང་། བོད་ནང་འགྲོ་བ་མིའི་ཐོབ་ཐང་དགོས་པའི་ཆེད་དེ་ལྟར་གནང་བ་རེད།
༤ འདིའི་རིགས་དེ་ངོ་དགའ་སྤྲེལ་ལད་དང་མགོ་གཏད་རིང་ལུགས་མི་ཟེར་ན་ཅི་ཟེར།?
༤ ཁྱེད་ཀྱི་ངོར་དེ་ལྟར་སྣང་ཞིང་དྲན་ན་ང་ཚོས་འགོག་ག་ལ་ཐུབ།
༥ དྲི་བ་འདི་མཆན་ཞབས་པ་མེ་ཏོག་དཀར་པོ་དང་ཟླ་བཀྲས་ཕུན་ཁང་གཉིས་ལ་ཡིན། མ་གཞི་ལས་འགུལ་བ་གསུམ་གྱིས་དར་དམར་འཕྱར་ནས་དགོས་པ་རྒྱུ་མཚན་གསལ་ཁ་མི་འདུག་ཀྱང་མཆན་ཞབས་མགོ་གཏད་རིང་ལུགས་པ་འདི་ཚོས་ལོགས་འགྲེལ་སྣ་ཚོགས་རྒྱགས་དགོས་དོན་ཁྱོད་ཚོར་དགོས་པ་རྒྱུ་མཚན་དམིགས་བསལ་བ་ཞིག་ཡོད་ངེས་རེད་པ།
༥ བོད་ཡུལ་རྒྱ་ཡིས་མ་གང་བའི་སྔོན་དུ་བོད་ཡུལ་བོད་པར་བདག་རྒྱུ་དང་། རང་བཙན་གཙང་མ་མི་དགོས་པ་ག་ལ་ཡིན་ཏེ་གནས་སྐབས་རྒྱལ་སྤྱིའི་རྒྱབ་སྐྱོར་ཐོབ་རྒྱུ་དང་རྒྱ་དམར་མཉམ་དུ་སྐད་ཆ་བཤད་བདེ་བ། རྒྱ་བོད་རྒྱལ་དར་གོ་ས་གཅིག་ན་ཕྱར་ཐུབ་པ། ང་ཚོའི་ཡུལ་གྱར་སྒྲིག་འཛུག་གི་འཐབ་རྩོད་ངོ་ལྐོག་མེད་མཚོན་ཐུབ་ན་སྙམ་པ་ནི་དགོས་པ་དང་རྒྱུ་མཚན་དམིགས་བསལ་བ་ཟེར་ན་མ་ཟེར་ན་དེ་རང་ཡིན།
དར་དམར་ཕྱར་བ་དང་དེའི་རྒྱབ་སྐྱོར་བ་དག་ལ་བཀའ་སྐྱོན་གནང་མཁན་རྣམས་བོད་པའི་ལ་ཞེན་ཐུག་པོ་ཡོད་པ་མཚོན་ཐུབ་པས་ངས་དགའ་ནས་ཡོད།
རང་བཙན་པར་རློམ་པ་རེ་ཤོས་ཀྱིས་ཁེ་ཕན་ཁོ་ནའི་ཆེད་བོད་གཞུང་མང་གཉིས་ཀའི་ཆིག་སྒྲིལ་གྱི་ནུས་བ་ཇེ་ཞེན་དུ་བཏང། དོན་དམ་པའོ་ཆབ་སྲིད་ཀྱི་ལྟ་གྲུབ་དང་ནུས་བ་གང་ཡང་མེད་པར་ད་བར་ལམ་དབུ་མར་མི་མང་གིས་དང་བླངས་འགན་ཁུར་ལེན་རྒྱུར་གཏོར་བརླག་རྐྱང་རྐྱང་བྱས་པ་རེད།
རྒྱ་ནག་གཞུང་གིས་ཀྱང་༧གོང་ས་མཆོག་དང་སྐུ་ཚབ་བཅས་དབུ་ཁྲིད་ཚོར་གཅིག་པུར་ཡིད་ཆེས་བྱེད་ཐུབ་ཀི་མ་རེད། མི་མང་གི་ངོས་ནས་མངོན་གསལ་དོད་པོས་བློ་ཐག་ཆོད་པོས་དབུ་མའི་ལམ་ལ་ཡིད་ཆེས་བྱེད་ཀྱི་ཡོད་པ་ལྟར། ཁོང་ཚོ་སྟོན་ཐུབ་དགོས་ཀྱི་རེད། དེ་ལྟར་མ་བྱུང་བས་རང་ཕྱོགས་ཀྱི་མི་མང་གི་ལས་འགུལ་ཐད་རྗེས་ལུས་ཤོར་བ་རེད།
བོད་ཕྱི་ནང་གཉིས་ནས་མི་འདི་འདྲ་མང་པོས་རང་ལུས་ཞུགས་མེར་ཕུལ་བ་རེད། ཁོང་ཚོའི་ཞལ་ཆེམས་དང་མངོན་འདོད་གང་ཡིན་ཧ་ཅང་གསལ་བོ་རེད། དེས་ན་ང་ཚོ་མི་མང་གི་ངོས་ནས་ད་ནས་བཟུང་རང་གི་སྲིད་བྱུས་ལ་ནུས་བ་ལྡན་པ་དང་གྲུབ་འབྲས་མྱུར་ཏུ་ཐོན་རྒྱུར་འཛམ་གླིང་ལ་ར་སྤྲོད་བྱ་དགོས་པ་རེད། མི་མང་རྣམས་ལངས་ཤོག ང་ཚོ་ཆིག་སྒྲིལ་གྱིས་ལངས་ཏེ། ཆིག་སྒྲིལ་གྱིས་རང་སྐྱོང་ལེན་དུ་འགྲོ།
རང་སྐྱོང་རྩོད་ན། ང་ཚོར་ཁྲིམས་ཀྱི་བདེན་པ་ཡོད། དངོས་ཡོད་གནས་ཚུལ་གྱི་བདེན་པ་ཡོད། ཆིག་སྒྲིལ་གྱི་བདེན་པ་ཡོད། རྒྱལ་སྤྱིའི་ཆབ་སྲིད་ཀྱི་གོམ་པ་དང་མཉམ་པའི་བདེན་པ་ཡོད། བྱམས་བརྩེ་དང་གཉིས་ཕན་གྱི་བདེན་པ་ཡོད། རང་གཞན་ཀུན་ལ་མནོ་བསམ་ཐོངས་ནུས་པའི་བོད་ཀྱི་རིག་གནས་ཀྱི་བདེན་པ་བཅས་བདེན་པ་རི་རྒྱལ་ལྷུན་པོ་བཞིན་གྲོང་ངེར་ལངས་ཡོད།
ང་ཚོ་གླིང་ཚ་མ་སྨད་གསུམ་གྱི་རྒྱབ་དུ་ལངས་ནས་བོད་ལ་དོན་དམ་གྱི་རང་སྐྱོང་རྩོད་དུ་འགྲོ། བོད་རྒྱལ་ལོ། དབུ་མའི་ལམ་རྒྱལ་ལོ། རང་སྐྱོང་རྒྱལ་ལོ།
གླིང་ཚ་ལགས་ཁྱེད་ཅག་གི་སྙིང་སྟོབས་དང་ལྷག་བསམ། དཔའ་ངར་ལ་ངས་སྔོན་ནས་ཞུས་པ་ལྟར་དེ་རིང་ཡང་གུས་བརྩི་ཞུ་ཡི་ཡོད། ད་ཁ་ཤས་ནས་ཁྱེད་ཅག་ལ་སྐར་ལྔའི་དར་ཆ་ཞིག་བཟུང་བར་སྙིང་པོ་མེད་ཚུལ་དང་། དགོས་པ་མེད་ཚུལ། ལམ་ཐག་རིང་བའི་རྡོག་འཁྲུས་ལྟ་བུར་དགོས་མེད་ཀྱི་སྐྱོན་སྟོང་ལབ་བྱེད་སྣ་ཚོགས་བྱེད་བཞིན་པར་ཁྱེད་ཅག་གིས་ཨ་མཆོག་གཏོད་དགོས་དོན་གང་ཡང་མེད། དེ་ནི་དགོས་ངེས་ཀྱི་ལས་ཀ་ཞིག་དང་། དམིགས་ཡུལ་དང་རྒྱུ་མཚན་ཡོད་པ་དེ་ཚང་ལོང་བ་ཁ་ཤས་ལས་ཚང་མས་ཤེས་གསལ་ལྟར་ལགས་པས། རྙོག་བཤད་དེ་དག་གི་སྐོར་རྣ་བ་གཏོད་དགོས་ས་ཅི་ཡང་མི་འདུག བུ་རྒོད་པོ་ཁྱེད་ཅག་གི་དམིགས་ཡུལ་འགྲུབ་པར་ཤོག ལས་དོན་རྒྱལ་གྱུར་ཅིག ཅི་བསམ་འགྲུབ་པར་ཤོག
གླིང་ཚ་མ་བུ་གསུམ་གྱི་ལྷག་བསམ་དང་སྙིང་སྟོབས་ལ་སྙིང་ཐག་པ་ནས་ཡི་རང་དང་ཐུགས་རྗེ་ཞུ་རྒྱུ་ཡིན།་་་ཡིན་ན་ཡང་ཁྱེད་ཀྱི་མགོ་བོ་ཐོད་དུ་ལྷབ་ལྷུབ་སྐྱོད་ཀྱིན་པ་ནི་བོད་མི་ས་ཡ་གཅིག་གི་ལུས་ཟུངས་ཀྱི་ཁྲག་དམར་བཙགས་ནས་དམར་པོ་དམར་རྐྱང་དུ་བསྒྱུར་བ་ནི་བརྗེད་མི་ཉན།
དེང་སྐབས་ཛ་དྲག་ཆེ་བའི་གནས་སྐབས་འདིར། བོད་ནང་གི་བོད་མི་ཚོས་བཙན་བྱོལ་ནང་དུ་ལས་འགུལ་བ་ཚོས་རྒྱ་ནག་དམར་པོའི་རྒྱལ་དེ་ཐོད་ལ་འཕྱར་ནས་འགྲོ་གི་ཡོད་པ་མཐོང་ན། སྙིང་ལ་ན་ཟུག་ག་ཚད་ལངས་ཀྱི་རེད།
རྒྱ་ནག་ལ་མགོ་བཏགས་ཞུ་མཁན་ཡིན་ན་མ་གཏོགས། རྒྱ་མིའི་རྒྱལ་དར་འཕྱར་ནས་འགྲོ་བ་འདི། ཤར་ཕྱོགས་ཁུག་རྟ་ཟེར་བའི་མི་མདོ་མེད་དེས་ཁ་བྱང་དུ་བཏགས་པ་ནང་བཞིན། དར་དམར་འཕྱར་བའི་ཞི་རྒོལ་ཐོག་མ་ཟེར་བའི་མིང་སྙན་པོ་དེས་མཛེས་རྒྱན་གང་ཡང་སྤྲས་ཐུབ་མེད་པ་མ་ཟད། སྐྱག་པས་རྐུབ་བཀྱག་པའི་དཔེ་རུ་སོང་འདུག་གོ །།
ཀླུ་སྨྱོན་ཟེར་བའི་ཕུང་གསུམ་པ་འདི་ཡང་། རྒྱ་མགོ་མཐོ་དུས་རྒྱ་མགོ བོད་མགོ་མཐོ་དུས་བོད་མགོ་ཟེར་བའི་དཔེ་བཞིན། རྒྱལ་ཁབ་གང་དུ་སླེབས་ནའང་དེ་ལ་ངོ་དགའ་སྤྲེལ་ལད་ཀྱིས་མགོ་བཏགས་ཞུ་མཁན་ཞིག་དང་འདྲ་པོ་འདུག །
ཝ་ཡེ།
བོད་ནང་གི་དཔའ་བོ་དཔའ་མོ་ཚོས་སོ་སོའི་ཚེ་སྲོང་བློས་གཏོང་གིས་ངོ་རྒོལ་བྱེད་བཞིན་པའི་སྐབས་འདིར། བཙན་བྱོལ་ནང་དུ་ལས་འགུལ་བ་ཁས་སུ་འཆེ་བའི་མི་རྣམས་ཀྱིས་རྒྱ་མིའི་རྒྱལ་དར་དམར་ལིང་ལིང་དུ་འཕྱར་ནས་འགྲོ་བསྡད་ན། ལས་རྒྱུ་འབྲས་ལ་འགྲོ་ཨེ་ཡོང་། ག་རེ་བསམ་ཡོང་།
ཤར་ཁུག་ཟེར་བའི་མདོ་མེད་པ་འདིས། སྐྱག་པས་རྐུབ་བཀྱག་པ་བཞིན་ད་དུང་དར་དམར་འཕྱར་བའི་ཞི་རྒོལ་ཐོག་མ་ཞེས་མིང་སྙན་པོ་འདྲ་ཟིག་བཏགས་ནས་ག་རེ་བྱེད་ཀྱི་ཡོད་རེད།
སྤྱིར་ལས་འགུལ་བ་མ་བུ་གསུམ་ལ་བསྔགས་བརྗོད་ཡོད། འོན་ཀྱང་རང་དབང་ལུང་པར་རྒྱ་མིའི་རྒྱལ་དར་འཕྱར་བ་འདི་མིག་མ་མཛེས་པོ་མི་འདུག དེང་སང་ལྟོས་དང་། རྒྱ་གཞུང་གིས་ཨུ་ཚུགས་བརྒྱབ་ནས། བོད་ནང་གི་དགོན་པ་དང་། གྲོང་ཚོ། ཐ་ན་མི་ཚང་རེ་རེའི་ཁང་ཐོག་ཏུ་རྒྱ་དར་གཉིས་གསུམ་རེ་བསྒྲེངས་བཅུག་པའི་ལས་འགུལ་འདི་འགྲོ་དང་འགྲོ་བཞིན་པ་རེད། དེ་ཚོ་ཧ་གོ་བ་གྱིས། སྐད་ཆ་སྙན་མདོག་ཁ་པོ་རེ་བཤད་དགོས་དོན་ཡོད་མ་རེད་ལ། དེ་ལ་རྒྱབ་སྐྱོར་ཡོད་མདོག་གིས་ངན་པས་རང་བསྟོད། སྐྱག་པས་ཁྱི་བསྟོད་བྱེད་དགོས་དོན་མི་འདུག
གླིང་ཚ་ལགས་ཞི་བའི་གོམ་བགྲོད་གནང་བ་ཐུགས་རྗེ་ཆེ། ཡིན་ནའི་བྱེད་རྒྱུ་མང་ན་བྱ་རྐང་ཆག་ཞེས་པའི་དཔེ་ལྟར་མ་རེད་པས་ལས་འགུལ་དཔེ་གསར་དེ་འདྲས་མ་གནང་རོགས། རྩ་བའི་དམ་བཅའ་སྲུང་མི་ཐུབ་པའི་ལས་འགུལ་དེ་ལ་རྒྱབ་སྐྱོར་བྱ་ཐུབ་ས་མ་རེད། མ་གཞི་ནས་ཁྱེད་ཀྱི་རྒྱ་དར་འཁྱེར་རུང་བོད་ལ་སླེབས་ཀྱི་མ་རེད།
དོན་ངེས་ཀྱི་སྙིང་བོ་མ་མཐོང་ན་་་་་་ཡ་མ་བླའི་་ཁ་རྩོད་གཡུག་ཞོག
སེམས་ཚོར་དང་ཁ་གཡང་ཙམ་མ་གཏོགས་གནས་ལུགས་མི་རྟོགས་པ་ཚོས་བསམ་བློ་ཞིབ་མོ་ཐོངས་དང་།རྒྱ་ནག་གི་རྒྱལ་དར་བོད་མི་ས་ཡའི་ཁྲག་བཙག་སྟེ་ག་དུས་བཟོས་པ་རེད།འཛམ་གླིང་འདིར་རྒྱལ་ཁབ་ཕན་ཚུན་དང་མི་རིགས་ཕན་ཚུན་ཐ་ན་ཁྱིམ་ཚང་ཕན་ཚུན་བར་མི་གསོད་ཁྲག་སྦྱོར་གྱི་རྩོད་རྙོག་དམག་འཁྲུག་དུས་སྐབས་རེ་རེའི་གནས་སྟངས་འོག་བྱུང་མྱོང་མེད་པ་གཅིག་ཀྱང་མེད།འོན་ཀྱང་།ལོ་རྒྱུས་ཀྱི་འདས་དོན་དེ་རིགས་ནམ་རྒྱུན་གླེང་བསྡད་པས་ཞེ་འཁོན་དང་རྩོད་རྙོག་ཇེ་མང་མཐའ་མེད་དུ་འཕེལ་རྒྱུ་ལས་འབྲས་བུ་གང་ཡང་མེད།
ང་ཚོར་དགོས་པ་ད་ལྟའི་མིག་མདུན་གྱི་དཀའ་ངལ་སེལ་རྒྱུ་དང་འབྱུང་འགྱུར་ལ་གནས་བབ་ཡག་པོ་ཅིག་ཡོང་རྒྱུར་གྲ་སྒྲིག་བྱེད་རྒྱུ་དེ་ཡིན་པས།དེ་འདྲ་ཡོང་བར་བོད་མི་རེ་རེས་འགན་འཁུར་ཏེ་ལས་འགུལ་སྤེལ་བ་དང་བློས་གཏོང་བྱས།དེའང་རང་གི་དགྲ་བོའི་ཐོབ་ཐང་ཚུན་ལ་གུས་ཞབས་དང་བཅས་ཏེ་སོ་སོས་ཐོབ་ཐང་འཐབ་རྩོད་བྱས་ན་གཞན་གྱིས་རྒྱབ་སྐྱོར་དང་དགའ་མོས།ཐ་ན་སོ་སོའི་དགྲ་ཡིན་རུང་མི་ཡིན་པའི་ཆ་ནས་བསམ་བློར་འགྱུར་བ་འགྲོ་རྒྱུ་ངེས་གཏན་རེད།
དེ་མ་གཏོགས་ང་ཚོས་བཙན་བྱོལ་ནང་ཕར་དགྲ་ལ་གནོད་གང་ཡང་སྐྱེལ་མི་ཐུབ་པ་ཅིག་གིས་ཁ་ནས་ནམ་རྒྱུན་ངར་ངར་རྫིག་རྫིག་ཅིག་བཤད་བསྡད་པ་དེས།སྐད་ཆ་དྲང་མོ་བཤད་ན་བོད་ནང་གི་བོད་མི་ཚོས་འཚེ་བ་མེད་པའི་འཐབ་རྩོད་རླབས་ཆེན་གྱི་ལས་འགུལ་དེ་ཚོ་ང་ཚོས་རྐང་རྗེས་ལག་བསུབ་འདྲ་བོ་རེད་འདུག
དེ་བས་གླིང་ཚ་མ་བུ་གསུམ་གྱིས་རྒྱ་མིའི་རྒྱལ་དར་བཟུང་བ་དེ་ཕར་དེད་ན་རྒྱ་ནག་མི་མང་དང་རྒྱལ་ཁབ་ཆེན་པོ་དེར་གུས་ཞབས་མཚོན་པ་ཙམ་རེད།
ཁོང་ཚོའི་རྣམ་འགྱུར་དེ་ནམ་རྒྱུན་༧གོང་ས་མཆོག་གིས་གསུང་བཞིན་པ་ལྟར་བོད་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་རྒྱུ་དེ།རྒྱ་ནག་རྒྱལ་ཁབ་ཁ་བྲལ་གཏོང་རྒྱུ་དང་གཏོར་བཤིག་གཏོང་བ།རྒྱ་མི་རིགས་ལ་བརྩི་མཐོང་གུས་ཞབས་མེད་པ་དང་ཞེ་འཁོན་ཡོད་པ་སོགས་མིན་པ་གསལ་སྟོན་བྱས་པ་ཅིག་རེད།
དེ་བཙན་བྱོལ་བོད་གཞུང་གི་སྲིད་ཇུས་དང་༧གོང་ས་སྐྱབས་མགོན་ཆེན་པོའི་དགོངས་གཞི་མཐར་ཐུག་ཡིན་པ།བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་སོགས་ལ་ལྟོས་དང་ཤེས་ངེས་རེད།
བོད་མིའི་ཁྲོད་དུ་རྒྱ་ནག་གི་སྐར་ལྔའི་དར་དམར་འཕྱར་ནས་བོད་རང་དབང་གི་ལས་འགུལ་སྤེལ་མི་བྱུང་བ་ན། ཚོར་ཤུགས་ཁོ་ནས་རང་བཙན་རྩོད་མཁན་དག་བྲེད་ཤ་ལངས་ཏེ་སྨྲེ་ངག་འདོན་གྱིན་འདུག
རང་བཙན་གྱི་ཁ་གཡེང་བསྒྲགས་ནས་དུས་ཡུན་དེ་འདྲ་རིང་པོ་ཞིག་སོང་ཡང་། འཆར་གཞི་ལྡན་ལ་ཕན་འབྲས་ཆེ་མཐོང་བའི་རང་ལམ་ཁ་ཞིག་ད་ལྟ་བར་དུ་ཁྱོད་ཚོས་བོད་མི་མང་ལ་བསྟན་མ་མྱོང་། རང་བཙན་ལ་ཁ་གཡར་ནས་རང་དོན་འབའ་ཞིག་དོན་དུ་གཉེར་བ་བོད་མི་ཚོས་མཐོང་ཟིན་པ་དང་ཆབ་སྲིད་ཀྱི་གོ་རྟོགས་སད་ཡོད་པས། ཁྱོད་ཚོས་རང་བཙན་གྱི་འུར་ཇི་ཙམ་བསྒྲགས་རུང་། གླིང་ཚ་རྡོ་རྗེ་ཚེ་བརྟན་གྱིས་རྒྱ་ནག་གི་དར་ཆ་འཕྱར་ཡང་། བོད་མི་ཚོ་རི་བོང་ཅལ་འདྲོགས་ཀྱིས་ལས་འགུལ་གང་ཡིན་ལ་འཇུག་རྐྱང་བྱ་མི་སྲིད་དོ།།
སྤྱིར་རང་བཙན་ལྟ་གྲུབ་པ་ཡིན་ནའང་རྒྱ་བོད་གཉིས་ཀའི་རྒྱལ་དར་ལ་གུས་ཞབས་དགོས་རེད་འདོད། ངས་ནི་རྒྱ་བོད་རྒྱལ་དར་མཉམ འཕྱར་འདིས་བོད་ཀྱི་གཟི་བརྗིད་དང་རྒྱ་མི་ལ་འགྲམ་ལྕགས་ཚ་ཐག་གཅོད་ཅིག་རྒྱག་འདུག་དྲན། དེ་དང་གཅིག རང་བཙན་ལྟ་གྲུབ་པས་དུས་ནམ་ཡང་རྒྱ་མི་དགྲ་ཡི་ངོ་བོར་ལྟ་བ་ནི་རང་སྡུག་རང་རང་གི་ཉོས་ཤིང་། ཁྱི་ལ་ཀྱག་ཀྱག་བྱ་ཆེད། སྐྱག་པ་དོར་མའི་ནང་བཏང་བ་དང་ཧ་ཅང་འདྲ།
གང་ལྟར་འདིར་སྐྱར་དུ་བཤད་འདོད་པ་ནི། རང་བཙན་རང་སྐྱོང་གང་དགའ་ནའང་དེ་དང་མཐུན་པའི་རང་ནུས་ཅི་ཡོད་ཀྱི་ལས་འགུལ་སྤེལ་རྒྱུ་ལས་ཁྱོད་ནོར། ང་བདེན་ཞེས་རྩོད་ནས་དུས་ཚོད་འཕྲོ་རླག་ཏུ་གཏོང་བ་ནི་གཉིས་ཀའི་ནོར་འཁྲུལ་དུ་འདོད་དོ།།
བོད་ནང་གི་བོད་མིའི་རང་གི་སྲོག་ལ་མ་འཛེམས་པར་སྐར་ལྔའི་རྒྱ་དར་མར་ཕབ། གངས་སེང་གཡུ་རལ་ཅན་གྱི་རྒྱལ་དར་མཁའ་དབྱིངས་སུ་འགྲེངས། བཙན་བྱོལ་ནང་གི་བོད་པ་གླིང་ཚ་ཚེ་རྡོར་གྱི་རྒྱ་དར་འཕྱར་བ་དེ་ངའི་བལྟས་ན་ཞབས་འདྲེན་ཡིན། ལོ་རྒྱུས་ནང་དུ་བཙན་བྱོལ་ནང་གི་བོད་མིའི་རྒྱ་དར་འཕྱར་མཁན་ཁོ་རང་ཐོག་མར་རེད། གང་ལྟར་དབུ་མའི་ལམ་གྱི་ལྟ་བ་ཡིན་ན་དགོས་དོན་མ་འགྲུབ་པར་རྒྱ་མིའི་དར་ཆ་འཁྱེར་ནས་དགོས་པ་དང་རྒྱུ་མཚན་གང་ཡང་ཏིལ་་འབྲུ་ཙམ་ཡང་་མ་མཐོང་།
གླིང་ཚ་མ་བུ་གསུམ་རྒྱ་གུང་ཁྲན་ལ་མགོ་བཏགས་ཞུས་སོང་། འདི་ནི་ཁྱོད་ཀྱི་རྐང་རྗེས་ལག་བསུབ་རེད།
ནུབ་ཕྱོགས་གངས་ཕྲུག་ལགས།ཁྱེད་རང་བོད་མི་ཅིག་ཡིན་ན་ཁ་ཚོད་ཡོད་ནང་ནས་ཚིག་ཚོད་མེད་དེ་འདྲ་ཧམ་པ་བཤད་རྒྱུ་མེད་རེད་ད།བཟང་ན་ངན་ན་གླིང་ཚ་ནས་རང་གི་གཅེས་ཤིང་ཕངས་པའི་བཟའ་ཚང་བུ་ཕྲུག་དང་བཅས་པ་ཐེད་ལ་བོར་ཏེ།བོད་མི་རིགས་དང་བོད་མིའི་ཆེད་སྲོག་བློས་གཏོང་དང་དཀའ་ངལ་ཁྱད་བསོད་ཀྱིས་ཆོད་སེམས་བརྟན་པོའི་ངང་བོད་ནང་བར་གོམ་བགྲོད་བྱེད་ཀི་ཡོད་པ་རེད།
ཁྱེད་དང་ང་ལྟ་བུས་ཉི་མ་གཅིག་ལ་རང་དོན་བཞག་སྟེ་ཀེ་ལོ་མེ་ཏྲར་ཁ་ཤས་རིང་གོམ་བགྲོད་ཙམ་ཡང་མི་བྱེད་པར།གླིང་ཚ་ལ་ཞབས་འདྲེན་སོགས་འབོད་པ་འདི་མི་ཅིག་གིས་བཤད་རྒྱུའི་སྐད་ཆ་མ་རེད་ད།
ཁྱེད་རང་རྒྱ་མིའི་མངོན་འདོད་སྒྲུབ་མཁན་ཅིག་མིན་ན་ལག་པ་བྲང་ལ་བཞག་ནས་བསམ་བློ་གཏོང་རན་རེད་ད།
ངག་ཁྲིའི་མཆན་བུ་བཏགས་ནོར་ཤོར་བ་དག་བསུབ་ན་དགའ་ས་རེད།
ཉེན་ཁ་མེད་པའི་ལས་འགུལ་ལ་དོ་སྣང་བྱེད་མཁན་དཀོན་ལ་དོ་སྣང་མེད་པའི་ལས་འགུལ་ལ་རིན་ཐང་དཀོན་ལ་འདོད།
གླིང་ཚ་མ་བུ་གསུམ་ལགས། ཁྱེད་གསུམ་གྱི་ལས་འགུལ་འདིར་སྔ་རྗེས་བར་གསུམ་ནས་རྒྱབ་སྐྱོར་ཡོད། ད་དུང་བོད་དར་དང་རྒྱ་དར་མཉམ་ཕྱར་གྱིས་རྒྱ་བོད་གཉིས་འདྲ་མཉམ་དང་ཐ་དད་ཡིན་པ་གསལ་སྟོན་གནང་བཞིན་པར་ཕྲན་པས་གཟི་བརྗིད་དུ་རྩིས་གི་ཡོད། དེར་མ་ཟད་བཙན་བྱོལ་ནང་རྒྱ་བོད་འདྲ་མཉམ་དང་རང་སྐྱོང་གི་དགོས་འདུན་སྟོན་ནས་ལོ་ངོ་མང་དག་འདས་ཀྱང་ལག་ལེན་ཐོག་རྒྱ་གཞུང་ལ་ངོ་སྤྲོད་དང་ཡིད་ཆེས་སྐྱེད་བཅུག་མཁན་བོད་མི་ཞིག་ལ་ཁྱེད་རང་ཐོག་མ་རེད།
བོད་པ་ལགས། འགའ་ཞིག་གིས་དར་དམར་ལ་དུངས་ཞེན་ཆེ་རབས་ཟེར་སོང་སྟེ་ཁྱེད་རང་དར་དམར་ཅི་ལ་དུངས་ཏེ་དུངས་མི་སྲིད་དེ་བོད་པ་ཡིན་པས་སོ་སྙམ་མོ། འགའ་ཞིག་གིས་གུང་ཁྲན་ཏང་ལ་མགོ་བཏགས་ཞུས་སོ་ཟེར་ཏེ་ཁོ་པས་བོད་པའི་གནས་ཚུལ་ཆ་ཚང་བ་ཞིག་མ་ཤེས་པས་ཉེས་སོ་སྙམ་མོ།།
ཁ་ཅིག་གིས་ངོ་དགའ་སྤྲེལ་ལད་ཟེར་ཏེ་རྨ་ལ་ཕན་ཁྱི་ཚིལ་གྱི་དཔེ་ལྟར་རེད་དོ་སྙམ་ལགས།
ཡང་མིའུ་གདུང་དྲུག་གི་བུ་བརྒྱུད་ཅིག་གིས་རྐང་རྗེས་ལག་བསུབ་ཟེར་སོང་སྟེ་ཁྱེད་ཀྱིས་ནི་ཕན་པའི་ལག་རྗེས་འཇོག་བཞིན་པ་ལས་གནོད་པའི་རྐང་རྗེས་ངན་པ་ནམ་ཡང་མ་བཞག་གོ་སྙམ།
གང་ཁོང་རྣམ་པའི་ཁྲག་དེ་བོད་ཁྲག་རེད། རྒྱ་དར་མཐོང་དུས་ངར་བ་དེ་འོས་པ་ལས་མི་འོས་མ་ཡིན་ནོ།།
ཡིན་ནའང་རང་མི་མཐུན་པ་དག་ལ་བཀའ་སྐྱོན་བཏང་ནས་འབུར་འཇོམ་གཏོང་རྩིས་བྱེད་པ་ནི་ཀྱེ་མ་ཧུད་སྙམ་པ་བཅས་བསམ་པའི་འཆར་སྒོ་ཞིག་ཁྱེད་ལ་གསོལ་བ་ལགས།།
བོད་མི་སྐྱིད་སྡུག་མཉམ་མྱོང་རྒྱལ་ལོ།།
རྒྱ་མིའི་རྒྱལ་དར་རྒྱ་གར་ནས་ཐག་རིང་བོད་ལ་ཁྱེར་འགྲོ་བའི་ལས་འགུལ་འདི་ཅི་འདྲ།
རྒྱ་གར་གྱི་རས་སྤུས་ཁ་ལེགས་པས་མིན་ནམ།
དེ་མ་གཏོག་བལ་པོའི་ས་མཚམས་གྲོལ་ཚར་རྗེས་རྒྱ་མིའི་དར་ཆ་གད་སྙིགས་ནང་དུའང་ག་ཚོད་དགོས་དགོས་འདུག ད་གང་འདྲ་དེང་སང་མི་ཚང་མ་སྨྱོ་འདུག སྐར་ལྔའི་དར་དམར་དང་བོད་ཀྱི་རྒྱལ་དར་གཉིས་ཨཨ་ཨཨ་
གོང་གི་ཁ་རུ་ཁ་ཐུག་ལགས། ལམ་དབུ་མ་བ་ཚོས་ནི་དེང་སྐབས་ཀྱི་དུས་འདིར་རྒྱ་མགོ་མཐོ་བས་རྒྱ་འོག་ཏུ་རང་སྐྱོང་ཙམ་བྱས་ཏེ་འདུག་གི་ཡིན་ཟེར་གི་ཡོད་ཟེར་བ་དེ་ཁྱོས་མ་རྗེད་ཨ། ཡིན་ན་ཡང་ང་ནི་དམར་པོའི་གཞུང་འོག་ནས་རང་སྐྱོང་ཚད་ལྡན་ཞིག་ཡོང་བར་ཁས་མི་ལེན་མཁན་ཞིག་ཡིན།
ཁྲི་རལ་པ་ལགས། གོམ་བགྲོད་འགྲོ་མ་ཐུབ་ན་རྒྱ་དར་ཤི་སྐེ་བཅད་ན་འཕྱར་གྱི་མིན།