བཅར་འདྲི་ཞུ་ཡུལ། མཁན་པོ་ཚེ་རིང་བཀྲ་ཤིས།
བཅར་འདྲི་ཞུ་མཁན། 《སྔ་འགྱུར་རིག་འཛིན》(ཆོས་ཀྱི་མགྲོན་སར་རྟེན་གཞི་བྱས་པའི་དུས་དེབ་ཅིག)རྩོམ་སྒྲིག་པ།
༢༽ཁྱེད་ཀྱིས་ཅིའི་ཕྱིར་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་བཀའ་སློབ་དུས་ཐོག་ཆར་པ་འདི་ཕབ་སྒྲིག་ཞུས་པ་ཡིན།
ང་རང་འཕགས་ཡུལ་རྫོང་སར་བཤད་གྲར་ཡོད་སྐབས་བཀའ་སློབ་འདི་ཉིད་ཀྱི་མ་ཕྱིའི་ཟེར་སྡེར་ཐོག་མར་མཇལ།དེ་རྗེས་བཀའ་སློབ་འདི་ཧ་ཅང་རྩ་ཆེན་པོ་དང་ཚང་མས་མ་གོ་ཐབས་མེད་ཅིག་རེད་འདུག་སྙམ་པ་ལྟར་ཡི་གེར་འགོད་རྒྱུའི་སེམས་ཐག་བཅད།དེ་ཡང་གཙོ་བོ་འབྲོག་སྐད་མི་གོ་མཁན་གྱི་ཧི་མ་ལ་ཡའི་ངོགས་གཡས་གཡོན་གྱི་སྐྱེ་བོ་རྣམས་ཀྱིས་ཁོང་གི་བཀའ་སློབ་ཀྱི་ནང་དོན་ཅི་བཞིན་གོ་རྒྱུའི་ཆེད་དུ་དམིགས་ཡོད།
༢༽བཀའ་སློབ་འདི་ཕབ་སྒྲིག་བྱེད་སྐབས་གཞི་རྩའི་རྩ་འཛིན་གྱི་ཁ་ཕྱོགས་གཏན་ཁེལ་འདྲ་ཡོད་དམ།
བཀའ་སློབ་འདི་ཡིག་ཐོག་ལ་འགོད་མགོ་རྩོམ་སྐབས་ངས་བོད་ཡིག་གི་ཐོག་ཏུ་ཕབ་སྐྲུན་བྱས་ཡོད་པའི་འབྲེལ་ཡོད་བཀའ་སློབ་དག་ལ་ལྟ་རྟོག་ཅི་རིགས་བྱས་ན་ཡང་།བཀའ་སློབ་ཕབ་སྒྱུར་སྐོར་ཁ་གསལ་འཆད་པའི་ཟུར་ལྟའི་གཞུང་ལུགས་དངོས་ཤིག་ང་ལ་ཐོབ་མེད།
འོན་ཀྱང་གལ་གནད་ཆེ་བའི་རྩ་དོན་ཁག་ཅིག་ང་རང་གིས་བཟོས་པ་ཡིན།དེ་ནི་དང་པོ།ངེས་པར་དུ་མཁན་མཆེན་མཆོག་གི་གསུང་གི་གཤིས་དང་བརྡ་སྤྲོད་ཀྱི་ཁྱད་ཆོས་ལ་མ་ཉམས་པ་བྱ་བ།གཉིས་པ།བརྡ་སྤྲོད་རིག་པའི་གཞུང་ལུགས་དང་མི་འགལ་བ་བྱ་རྒྱུ།གསུམ་པ།བོད་སྐད་སྨྲ་བ་ཡོངས་ཀྱིས་གང་ལེགས་གོ་ཐུབ་པ་ཞིག་བྱ་རྒྱུ།བཞི་པ།བཀའ་སློབ་ཧ་ཅང་རྩ་ཆེན་ཞིག་ཡིན་པའི་་ཆ་ནས་གང་ཅིར་ཚད་མཐོའི་འགན་འཁྲི་ཡོད་པའི་དྲན་པ་བརྗོད་མི་ཉན་པ།ལྔ་པ།དགོས་ངེས་གྱི་འཕྲི་སྣོན་དང་མཚམས་སྦྱོར་གང་དགོས་ངེས་པར་དུ་བྱེད་རྒྱུ།དྲུག་པ།ཁོང་གི་དགོངས་དོན་ལ་སྒེར་གྱི་བསམ་བློའི་ལྷད་མ་ཞུགས་པ་ཞིག་ཞུ་རྒྱུ་བཅས་ཡིན། འགྲོ་སྟངས་འདི་བཀའ་སློབ་ག་འདྲ་ཞིག་ཕབ་སྒྲིག་བྱ་སྐབས་ཀྱང་བྱེད་སྤྱོད་ཡོད་པ་ཞིག་རེད་དྲན་གྱི་ཡོད།
༣༽ཕབ་སྒྲིག་ལས་དོན་གྱི་བརྒྱུད་རིམ་དངོས་ཀྱི་སྐོར་ཅུང་ཟད་ཅིག་གསུང་རོགས།
ཉིས་སྟོང་བཅུའི་ལོའི་ཟླ་བ་བཞི་པ་ཙམ་ནས་མགོ་བཙུགས་ཏེ།ལས་ཞོར་དང་སློབ་ཞོར་གྱི་དུས་ཚོད་སྤྱད་ནས་བཀའ་སློབ་ཆ་ཚང་མཐར་ཆགས་སུ་ཡི་གེར་ཕབ་སྟེ་རྩ་བའི་མ་ཟིན་གྲུབ་པ་བྱས་རྗེས་ཀུན་གྱིས་གོ་བདེ་དང་ཚད་ལྡན་གྱི་ཕྱོགས་སུ་གཏན་འབེབ་ཐུབ་རྒྱུར་མགོ་ནས་མཇུག་བར་ནན་ཏན་དུ་དཔྱད་དེ།སྐབས་སྐབས་སུ་མཚམས་སྦྱོར་གྱི་ཡི་གེ་སྣོན་དགོས་པ་དང་།ཡང་ན་ཚིག་སྣ་བསྟུང་དགོས་པའི་རིགས་རྣམས་བསྟུང་།ཐ་སྙད་གསར་པའི་རིགས་《གསར་བྱུང་རྒྱུན་བཀོལ་མིང་མཛོད》ལས་བྱུང་བའི་བརྡ་ཆད་དང་བསྟུན།པ་བའི་འཇུག་པ་སོགས་དག་ཡིག་ཁག་འབྲི་སྟངས་མི་མཐུན་པའི་རིགས་ཁོང་གི་གསུང་རྩོམ་གཞན་དག་གི་འབྲི་སྟངས་བཞིན་བྱས།གལ་གནད་ཅན་གྱི་གསུང་གི་དུམ་བུ་དམིགས་བསལ་ཅན་རྣམས་ལ་དོ་སྣང་འདྲེན་པའི་ཆེད་ཡིག་ཚུགས་དམིགས་བསལ་བཟོས།བརྗོད་བྱའི་སྤྱི་ཁོག་ངེས་དཀའ་བའི་དཀའ་ངལ་སེལ་བའི་ཆེད།གསར་འགྱུར་རིག་པའི་ཚིག་བརྗོད་ཀྱི་རིགས་ལམ་སྤྱད་དེ།ཚབ་མཚོན་རང་བཞིན་ལྡན་པའི་ཐ་སྙད་ཀྱིས་དཀར་ཆག་དང་ས་བཅད་བརྩམས།གསུང་སྟངས་འགའ་རེ་ཡིག་ཐོག་ལ་ཐད་ཀར་བཀོད་ན་སྲིད་བཞུང་སོགས་ཀྱིས་སྙོན་འཛུགས་ཀྱི་གཞི་རུ་འགྱུར་སྲིད་སྙམ་པ་དག་འཆད་སྟངས་ཅུང་ཟད་འཇམ་དུ་གཏོང་བ་སོགས་བྱས།
དེ་རྗེས་ཐའེ་ཝན་ནས་ཁོང་གིས་ཉིས་སྟོང་བཅུའི་ལོར་ཉག་རོང་དུ་གནང་བའི་བཀའ་སློབ་བརྙན་འཁོར་ཞིག་མཇལ་ཞིང་།དེའི་ནང་ནས་ཚེགས་ཁྱིམ་བཞི་སྟོང་ལྷག་ཅིག་ཁ་སྣོན་བྱས་པ་ཡིན། བཀའ་སློབ་སྤྱི་ལ་ཁྱོན་ཚེགས་ཁྱིམ་ཁྲི་བདུན་མ་ཟིན་ཙམ་ཡོད།
༤༽《དུས་ཐོག་ཆར་པ》ཕབ་སྒྲིག་དང་འབྲེལ་བའི་སྐུ་ཉིད་ཀྱི་མྱོང་ཚོར་དང་གཟིགས་སྟངས་ཅུང་ཟད་ཅིག་གསུངས་རོགས།
ལོ་བཅོ་ལྔ་ལྷག་གི་སྔོན་གུས་པ་གསེར་རྟ་ཀླུ་མདོ་ཆོས་སྒར་དུ་ཡོད་སྐབས། མཁན་ཆེན་མཆོག་ཆོས་རྗེ་ཡིད་བཞིན་ནོར་བུའི་ཆོས་སྒར་གྱི་ནང་ནས་སྐད་གྲགས་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་ཡོད་པའི་དུས་རེད།དེ་དུས་ནས་ཁོང་ལ་ཚང་མས་རྩི་མཐོང་ཧ་ཅང་ཆེན་པོ་ཞུ་མགོ་ཚུགས་ཡོད།མ་གཞི་ཁོང་ཉིད་མཆད་རྩོད་རྩོམ་གསུམ་ལ་ཕུལ་དུ་བྱུང་བའི་དཔེ་ཆ་བ་ཞིག་ཡིན་པ་ཙམ་མིན་པར་གཞན་ལ་མེད་པའི་གོ་བརྡ་སྤྲོད་སྟངས་ཀྱི་ཁྱད་ཆོས་ཤིག་ཡོད།དེས་ན་བཀའ་སློབ་འདི་ཡི་གེར་ཕབ་ན་བོད་སྐད་སྨྲ་བ་ཡོངས་ལ་ཕན་ཐོགས་ཆེན་པོ་ཡོང་གི་རེད་བསམ་བྱུང་།
གུས་པར་མཚོན་ན་ཡང་སྐབས་དེ་དུས་ནས་ཁོང་གི་ཞལ་ཁྲིད་ཀྱི་སྒྲ་ཐག་རྣམས་ཡང་དང་ཡང་དུ་མཉན་གྱི་ཡོད་ལ། ཐུན་མོང་མིན་པའི་བདེན་ཚིག་གི་ནུས་པ་ཆེན་པོ་ཡོད་པའི་ངེས་ཤེས་ཆེན་པོ་སྐྱེ་མྱོང་།འོན་ཀྱང་ཁོང་གི་མདུན་ནས་དཔེ་ཁྲིད་དངོས་སུ་ཞུས་མྱོང་མེད།
བོད་ནང་ལ་མཚོན་ན་ཆོས་དང་ལེགས་བྱང་སྣོད་བཅུད་ཁོར་ཡུག་དང་བཅས་པ་སྐྱོབ་པ་ལ་སྒྲུབ་ཕྱོགས་ཀྱི་ལས་ཀ་བྱེད་སྟངས་ཆེས་ཕུལ་དུ་ཕྱིན་པ་དེ་བཀའ་སློབ་འདི་ལས་གསུངས་པ་དག་ལག་བསྟར་བྱ་རྒྱུ་དེ་ཁོ་ན་ཡིན་པར་མ་ཟད། ཕྱི་ལོགས་ཀྱི་བོད་པ་དག་དང་། ཧི་མ་ལ་ཡའི་རི་བརྒྱུད་ཀྱི་དགོན་སྡེ་དག་གིས་ཀྱང་དུས་དང་མཐུན་པའི་གོམ་པ་ཞིག་སྤོ་དགོས་ན་བཀའ་སློབ་འདིའི་ནང་དོན་མ་གོ་ཐབས་མེད་རེད་བསམ་གྱིན་ཡོད། ཁྱད་པར་ཧི་མ་ལ་ཡའི་རི་ཁུལ་གྱི་རྙིང་མའི་དགོན་པ་དག་གི་དངོས་ཡོད་བཤད་སྒྲུབ་ཀྱི་གནས་སྟངས་ལ་དེ་བས་ཀྱང་《དུས་ཐོག་ཆར་པ》་འདིའི་ལམ་སྟོན་ནི་མེད་ཐབས་མེད་པ་ཞིག་རེད་འདུགའོན་ཀྱང། ཁོང་ཚོས་བཀའ་སློབ་འདི་དང་ལེན་ཇི་ལྟར་གནང་མིན་ནི་སྐད་ཆ་གཞན་ཞིག་རེད།
ཡང་བོད་ཕྱི་ནང་གི་གཞོན་སྐྱེས་དག་གི་ཁྲོད་སྤྱི་ཚོགས་ཀྱི་འདུ་ཤེས་འཛིན་སྟངས་དང་། འགྲོ་སྟངས་སོགས་ལ་འདོད་པ་མ་ཚིམ་པའི་དོགས་སློང་དང་སེམས་ཁུར་གནང་མཁན་མང་པོ་ཡོད་པར་མ་ཟད།དོན་དངོས་ཀྱི་ཐོག་ནས་ཀྱང་ང་ཚོས་རང་སྐྱོན་ངོས་ཟིན་ནས་སྒྱུར་བཅོས་བྱ་དགོས་པ་དེ་ཆུ་ཚོད་སྐར་ཆ་གཅིག་ལ་ཡང་འཕྱི་མི་རུང་ན་ཡང་། སྤྱི་ཚོགས་ཀྱི་སྐྱོན་དང་ནོར་འཁྲུལ་ཡོ་བསྲངས་བྱེད་པའི་ཐབས་ལམ་ཡག་ཤོས་《དུས་ཐོག་ཆར་པ》ལས་བསྟན་པ་ལྟར་ལག་ལེན་དུ་བྱ་རྒྱུ་ལས་ལྷག་ཅིག་མི་འདུག་སྙམ་པ་བྱུང་།
༥༽ཁྱེད་ཀྱིས་《དུས་ཐོག་ཆར་པ》འི་མཇུག་ཏུ། དེབ་འདི་དགེ་བཅུའི་ཁྲིམས་ཀྱི་རིགས་པའི་གཞུང་ལུགས་ཡིན་ཞེས་བཤད་པའི་རྒྱུ་མཚན་གང་ཡིན།
མ་གཞི་བླ་རུང་སྒར་གྱིས་ཁྲིམས་སུ་བཅས་པའི་དགེ་བཅུའི་ཁྲིམས་ཞེས་པ་འདི་ཡུལ་དུས་དང་བསྟུན་ནས་བཞག་པའི་ལྷ་ཆོས་ཀྱི་ཁྲིམས་སྲོལ་ཞིག་རེད།འོན་ཀྱང་གཙོ་བོ་ནི་དེ་ཇི་ལྟར་ལག་ལེན་དུ་བསྟར་རྒྱུ་དང་། ཅིའི་ཕྱིར་ལག་ལེན་དུ་བསྟར་དགོས་པ་གཉིས་ཀྱི་སྐོར་ལ་གོ་རྟོགས་ལེགས་པོ་ཞིག་དགོས་པ་དེ་གནད་འགག་རེད།བཀའ་སློབ་འདིར་དེའི་སྐོར་ཧ་ཅང་ཞིབ་ཆ་བྱས་ནས་འཐུས་སྒོ་ཚང་བ་དང་གནད་ལ་་གཞོལ་བ་གོ་རིམ་ཡོད་པ་བཅས་ཀྱི་ཐོག་ནས་གསུངས་འདུགདེ་བཞིན་དགེ་བཅུའི་ཁྲིམས་ཀྱི་དགོས་མཁོ་ཞེས་པའི་ས་བཅད་ཀྱང་ལོགས་སུ་བཞག་ཡོད།
༦༽ཁྱེད་ཀྱིས་ཕབ་སྒྲིག་དང་འགྲེམ་སྤེལ་བྱས་པ་བཞིན་གྲུབ་འབྲས་ཐོན་སོང་ངམ།
ངས་རྒྱ་གར་དུ་དེབ་གྲངས་གཅིག་སྟོང་ལྷག་ཅིག་དཔར་དེ་འདི་ལོའི་དུས་འཁོར་དབང་ཆེན་སྐབས་རིན་གོང་མ་གནས་ལས་དམའ་བར་བཙོངས་པ་རེད། ངོ་ཤེས་མི་ཤེས་མང་པོ་ཞིག་གིས་ངོ་དེབ་དང་ཁ་པར་ངག་ལམ་བཅས་ནས་སྔགས་བརྗོད་ཆེན་པོ་གནང་སོང་ལ། ཧ་ཅང་བྲིན་པོ་ཡང་བྱུང་འདུག
བོད་ནང་དུ་གར་དབང་ལྷ་དགུའི་སྒྲུབ་མཆོད་ཀྱི་ཉིན་འདི་གར་བླ་རུང་སྒར་དུ་འབྱོར་རྒྱུ་རེད། དེ་བཞིན་ལྗོངས་ཞིང་ལྔའི་དཔེ་ཚོང་ཁང་དག་གི་ནང་ནས་ཀྱང་བླུ་ཐུབ་གྱི་ཡོད། འོན་ཀྱང་བོད་ནང་གི་ཀློག་པ་པོས་ངོས་ལེན་ཇི་ལྟར་གནང་གི་ཡོད་ད་ལྟ་ཞུ་ཐུབ་གི་མ་རེད། (པར་ཐེངས་གསུམ་པ་དེ་ཐའེ་ཝན་གྱི་སངས་རྒྱས་སློབ་གསོའི་ཐེབས་རྩ་ཞེས་པས་དཔར་བཞིན་ཡོད)
༧༽མཇུག་ཏུ་དུས་དེབ་འདི་བརྒྱུད་ནས་གསུང་རྒྱུ་དང་འབོད་སྐུལ་གཞན་ཡོད་དམ།
མི་སུ་འདྲ་ཞིག་ཡིན་རུང་། གཞུང་ལུགས་རང་གི་ལྟ་ཚུལ་གྱི་ངོས་ནས་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་དགོངས་པ་ལ་ཡང་ལེགས་བཅོས་དང་འདོར་ལེན། ཐ་ན་དགག་སྒྲུབ་ཚུན་ཆད་ཅིས་ཀྱང་བྱ་ཆོགདགེ་བཅུའི་ཁྲིམས་ལུགས་ལག་བསྟར་སྐབས་ཀྱང་ལག་བསྟར་བྱ་མཁན་གྱི་རྣམ་དཔྱོད་ཀྱིས་མ་འདང་བའི་ཐལ་ཆ་ཡོང་སྲིད། ཁོང་གིས་དེབ་འདིར་དགོན་པ་སྐྱོང་བར་དགོན་དཔོན་ལ་ཆོས་ཕྱོགས་ཀྱི་སྦྱོང་བརྡར་ཡོད་དགོས་ལུགས་ནན་ཏན་དུ་གསུང་བའི་རྒྱུ་མཚན་ཡང་དེ་རེད།
འོན་ཀྱང་ལྷག་བསམ་གྱི་ཆ་ནས་མཁན་པོ་ཁོང་གིས་བོད་ཀྱི་ཆོས་དང་རིག་གཞུང་ལ་བཅངས་པའི་བརྩེ་བ་དང་ལྷག་བསམ། ཕྱག་ལས་དང་འབད་བརྩོན་ལ་ང་ཚོས་ཕྱོགས་ལྷུང་དང་བྲལ་བའི་གདེངས་འཇོག་ཅིག་དགོས་པ་དེ་ཧ་ཅང་གལ་ཆེན་ཡིན་ལ། དེ་བཞིན་ཁོང་ནི་ངེས་པ་དོན་གྱི་རིས་མེད་ཀྱི་ཐུགས་དགོངས་མངའ་བ་ཞིག་རེད། སྡོམ་ཚིག་འདི་ལ་ཐེ་ཚོམ་སྤུ་རྩེ་ཙམ་ཡང་གནང་མི་འོས།
དེས་ན་ངའི་རེ་བ་ཆེ་ཤོས་གཞན་ཞིག་ནི། 《དུས་ཐོག་ཆར་པ》འདི་བརྒྱུད་ནས་ང་ཚོས་ཁོང་དང་ཁོང་གི་དགོངས་གཞི་ཕྱག་ལས་བཅས་ལ་སྔར་ལས་ལྷག་པའི་ཡང་དག་པའི་ངོས་ཟིན་ཅིག་ཐོབ་པར་ཕན་ཐོགས་ངེས་ཅན་ཡོད་ངེས་རེད་སྙམ་པ་དེ་ཡིན།
བཀའ་སློབ་འདི་ཕབ་སྒྲིག་ཞུ་སྐབས་རྫོང་སར་མཁྱེན་བརྩེ་རིན་པོ་ཆེས་མཐོང་ཧ་ཅང་ཆེན་པོ་གནང་ཞིང་མགོ་བརྗོད་གནང་བ་དང་།རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ལས་རོགས་རྣམ་པས་པར་སྐྲུན་གྱི་སྦྱིན་བདག་གནང་བ།ཁྱད་པར་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་སྐུ་དངོས་ནས་བཀའ་སློབ་ཕབ་སྒྲིག་གི་བཀའ་ཁྲོལ་ལམ་སྟོན་ཟབ་རྒྱས་གནང་བ་དང་།ཆོས་གྲོགས་རྒྱལ་མཚན་དར་རྒྱས་དང་། མཁན་པོ་ཡེ་ཤེས་དོན་རྟོགས་རྣམ་གཉིས་ནས་བོད་ཕྱི་ནང་གཉིས་སུ་པར་སྐྲུན་འགྲེམ་སྤེལ་གྱི་ཐུགས་མགན་ཆ་ཚང་བཞེས་པ་བཅས་ནི་དེབ་འདི་ལེགས་འགྲུབ་ཡོང་བའི་རྩ་བ་ཡིན།
དེ་བཞིན་《སྔ་འགྱུར་རིག་འཛིན་》ནས་དྲི་བ་དྲིས་ལན་གྱི་གོ་སྐབས་གནང་བར་ཡང་ཐུགས་རྗེ་ཆེ་ཞེས་ཞུ།འོན་ཀྱང་དེབ་འདིའི་ཕབ་སྒྲིག་གི་ཐད་ནོར་འཛོལ་མང་པོ་ཡོད་སྲིད་པ་དེ་རིགས་ཀྱི་ཐད་ཀློག་པ་པོ་རྣམ་པར་བཟོད་གསོལ་ཞུ་གི་ཡིན། ཐུགས་རྗེ་ཆེ།
རྫ་མཁན་པོ་ཚེ་རིང་བཀྲ་ཤིས་ལགས་ཀྱིས་་་་དུས་ཐོག་ཆར་ཕབས་སྒྲིག་བྱས་པར་དགའ་བསུ་ཞུ། ངོ་མ་བོད་སྤྱི་ཚོགས་ཙམ་མ་ཟད་སྐུ་ཉིད་ནས་གསུང་གནང་བཞྀན་ཧི་མ་ལའི་རི་རྒྱུད་གང་སར་ཕན་ཐོགས་ཆེན་པོ་ཞིག་ཡོད་ངེས་རེད། དེ་བཞིན་དེབ་སྒྲིག་སྟང་ཀྱང་བཟང་གི ཞུ་དོན་ཅིག་ལ་རྒྱབ་ཕྱོགས་ཀྱི་ ཁར་ཁེར་གྱི་སེམས་ནང་་་་ཟེར་བའི་ཚིག་དེར་མི་གང་མང་ཞིག་ནས་གོ་བ་གཞན་ཞིག་ལེན་བཞིན་ཡོད་པ་འདྲ་བས། རྒྱབ་ཕྱོགས་སུ་ཚིག་ཞིག་བཞག་དགོས་ན། ཚིག་སྙན་མོ་གཞན་ཞིག་གམ་ཡང་ན་མ་བཞག་ཀྱང་འགྲིག་ས་རེད། དེ་བཞིན་སྐུ་པར་ཀྱང་དབུ་ཆད་ཡོད་མཁན་འདྲ་བོ་མིག་ལ་མ་མཛའ་བ་ཞིག་རེད། ཡང་སྐྱར་སྒྲིག་ན་དེ་ལུགས་ལ་ཐུགས་ངེས་ཡོད་པར་ཞུ། མཁན་པོ་ཐུགས་རྗེ་ཆེ། ཡག་གི བཟང་གི མཚར་གི
ཐུགས་རྗེ་ཆེ་་་་གློག་རྡུལ་འཕྲུལ་དེབ་ནང་དུ་བཟོ་བསྐྲུན་བྱེད་རོགས་་་སྙིང་ནས་རེ་བ་ཞུ།
མཁན་ཆེན་ཁོང་གིས་བོད་མི་རིགས་དོན་དུ་སྐུ་ལས་འཛེམས་མེད་སྐྱོང་གནང་མཛད་པར་སྐྱབས་སུ་མཆིས། སྐྱབས་སུ་མཆིས། སྐྱབས་སུ་མཆིས།
མཁན་ཆེན་ཁོང་ནི་དོན་གྱི་མཁན་ཆེན་ཞིག་ཡིན་པ་རྗེས་དཔག་ཚད་མས་དཔོགས་ཀྱི་འདུག ཡང་སྐྱར་སྐྱབས་སུ་མཆིས། སྐྱབས་སུ་མཆིས། རྫ་བཀྲས་ཕབ་བསྒྱུར་བྱས་པར་དགའ་བསུ་ཡོད། ཡིན་ནའང་འོ་མའི་ནང་དུ་ད་ར་བསྲེས་པ་བཞིན་གནང་མེད་ན་ལེགས།
དངོས་ཡོད་གནས་ཚུལ་ལ་སོམས་ལ ཚིག་རེ་བཤད་ཐུབ་ན་བཟང་། དྲ་གྲོགས་ཚོས་འདྲ་མིན་གླེང་དགོས་མ་མཆིས། མཁན་པོ་ཚུལ་ཁྲིམས་བློའི་དགེ་བཅུའི་ཁྲིམས་དེས་བཀའ་དྲིན་ལ་བརྟེན། རྒྱ་གཞུང་གིས་ལས་སླ་པོས་བོད་ཀྱི་འབྲོག་སྡེ་ཁག་རྩ་མེད་བཟོ་ཐུབ་བཞིན་པ་ནི་རྒྱ་ནག་གི་དྲ་ཐོག་འདི་ལ་http://ti.tibet3.com/news/tibet/sc/2011-10/19/content_399250.htmགཟིགས་དང་། གསལ་པོ་རེད། ངོ་མ་བྱས་རྗེས་ཆེན་པོ་རེད། སྐྱབས་སུ་མཆི་མཆིའོ།།
ཉིན་ཤས་སྔོན་ལ་རྔ་པ་ཞིག་བླ་རུང་སྒར་དུ་བསྔོ་རྟེན་ཞིག་ཕུལ་བར་འགྲོ་ཡོད། ལས་སྣེས་ཚེ་འདས་དེ་དགེ་བཅུའི་ཁྲིམས་དང་འགལ་ཡོད་མེད་དྲིས་པར། རྔ་པ་དེས་དགེ་བཅུ་དང་འགལ་མེད་རབས་བཤད་པ་རེད། ལས་སྣེས་དེ་ཡིན་ན་འགན་ལེན་མི་སྣ་ཁྲིད་ཤོག་ཟེར་བར། རྔ་པ་དེས་འགན་ལེན་མི་སྣ་ང་ལ་ཁྲིད་ཡོང་རྒྱུ་ཞིག་ང་ལ་འདིར་མེད། ལས་སྣེ་ཁྱེད་རང་དོགས་པ་དགོས་དོན་ཡོད་པ་མ་རེད། ཚེ་འདས་འདི་དེ་སྔོན་རང་ལུས་མེ་བསྲེགས་གཏོང་མཁན་དེ་ཡིན་རབས་བཤད་པར། བླ་རུང་ལས་སྣེ་དེས་ཨོ་དེ་ངས་མི་ཤེས། ང་ལ་རང་ལུས་མེ་བསྲེགས་གཏོང་མཁན་ཡིན་མིན་ཁྱད་པར་ཅི་ཡང་མེད། ཅེས་བཤད་པར་རྔ་པ་དེ་ཡང་སེམས་སྐྱོ་བཞིན་རེ་སའི་ཁོ་ཐག་ཆད་ནས་བསྔོ་རྟེན་མ་ཕུལ་བར་ཕྱིར་ཡོང་ཡོད། བླ་རུང་སྒར་སྐྱབས་སུ་མཆི། ལས་སྣེ་རྣམས་སྐྱབས་སུ་མཆི། མཁན་ཚུལ་བློ་སྐྱབས་སུ་མཆི། སྐྱབས་སུ་མཆི། སྐྱབས་སུ་མཆི།
གོང་སུ་གུས་པས་མཆན་ཞིག་ཕུལ་བར་ཁ་བརྡ་ཚང་གིས་བསུབ་སོང་། བསུབ་ན་སུབས། ཁྱེད་ཚོའི་འདོད་པ་རེད། དམར་ཞད་ཆེ་བའི་རྒྱ་བླ་ཕྱུགས་པོ་རེ་ལ་ཁྱེད་ཚོས་རྒྱབ་སྐྱོར་བྱེད་འདོད་ན་ཁྱེད་ཚོས་ལྟོས། ང་ཚོས་དངོས་ཡོད་གནས་ཚུལ་གར་ཡོད་ལ་མི་ལྟ་བར་མིག་བཙུམ་ནས་རྨོངས་དད་བྱེད་ན་རེད། ད་བར་དེ་རེད། ད་དུང་དེ་དགའ་ན་དེ་རེད།
ཁ་བརྡ་ཚང་ལགས། དྲ་རྒྱ་འདི་རང་དབང་སྨར་བརྗོད་ཀྱི་དྲ་རྒྱ་ཞིག་ཡིན་ན་དྲ་བྱང་འདི་མ་བསུབ། ཁ་བརྡའི་དྲ་རྒྱ་འདི་བདེན་དོན་བརྗོད་ས་ཞིག་ཡིན་ན་དྲ་བྱང་འདི་མ་བསུབ། དྲ་བྱང་འདིའི་ནང་བོད་ཀྱི་འབྲོག་སྡེ་རྩ་མེད་འགྲོ་བཞིན་པ་གསལ་འདུག འདི་ཕལ་ཆེ་བ་ཞིག་མཁན་ཚུལ་གྱི་བྱས་རྗེས་རེད། http://ti.tibet3.com/news/tibet/sc/2011-10/19/content_399250.htm
ངེད་ཚང་གི་ཀརྨ་ཡེ་ཤེས་ལགས་ཡེ་ཤུའི་སྟོན་པའི་རྒྱལ་ཚབ་ལྟར་འཁོད་པའི་སྣང་བརྙན་གཤམ་འདི་རེད།
http://3.bp.blogspot.com/-beBsLceSpM8/T3oDIV7HyRI/AAAAAAAAB28/sRltJ3Eh46o/s1600/101_6418.JPG
སྐྱོ་བྲག་ལགས། མཁན་ཆེན་དགྱེས་རྡོར་གྱི་པར་རེད་འདུག་པ།
ཁོང་གི་སྐུ་པར་འདི་མཐོང་དུས་ང་ནི་གད་མོ་ཤོར་ནས་རིལ་འགྲོ་འདུག་ཧཧཧཧཧཧཧཧཧཧཧཧཧ
རྣམ་པ་ཚོས་པར་འདི་འདིར་བཞག་པར་འབྲེལ་མེད་རེད་འདུག་མ་དགོངས་རོགས། དོན་དུ་གོ་རྒྱུ་ཆེན་པོ་ཡོད། དུས་ཚོད་འདིར་རྙིང་མའི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཁོང་བཞིན་བརྒྱ་ཐམ་པ་ཡོད་ན་ཉུང་སྐྱོན་དང་གཞན་་་་་་་་་་་་་་་་་་་་མང་སྐྱོན་རེད་ཟེར་གྱི་ཡོད།
སྐུ་སྒེར་གྱི་སྙིང་ནད་རྩོད་ཀྱི་ཡོད་ཚོད་རེད། དཔལ་རྙིང་བ་ལ་ཐུགས་ཁུར་བཞེས་མཁན་སྐྱེས་བུ་དམ་པ་རབ་དང་རིམ་པ་ཡོད་སྟབས་སྐུ་ཉིད་འོ་རྒྱལ་གནང་དགོས་ཆུང་སྙམ་མོ།།
ཨ་ཙི་སྐྱོ་བྲག་དགའ་དབང་ལགས་ཁྱོད་མ་དགོས་ང་ཡང་པར་འདི་མཐོང་དུ་མིག་གཅེར་རེར་ལུས་སོང།
ཅི་བསམ་འདི་བསམ་འདྲ་མི་འདུག་པཱ།
དུས་ཐོག་ཆར་བ དུས་ཐོག་ཆར་བ ད་ཐ་སྙད་རྫོགས་རེད་དམ། ཚང་མ་རྒྱ་ཚང་ལ་ཁུངས་བཅོལ་ནས། ཇག་པ་སུང་ཅང་གི་ཁོང་ལ་བཏགས་ན་ཡ་མཚར་རེད།
དུས་ཐོག་ཆར་བ་རེད་མིན་འདུག
དུས་ཐོག་ཆར་པ་རེད་འདུག་གོ དེ་ཡང་མནའ་མིའི་གཏམ་དཔེར་སྐབས་སུ་བབས་པའི་གཏམ། དུས་སུ་བབས་པའི་ཆར་ཞེས་པ་དང་འཐུན་འདུག ཇག་པ་སྐྱག་པ་ངོ་མི་ཤེས། ཁྱོད་རང་གི་གྲོགས་པོ་ཡིན་རྒྱུ་རེད།
ལགས་སོ།
མཁན་ཆེན་སྨྲ་བའི་དབང་ཕྱུག་མཆོག་གི་སྐུ་ཚེ་བརྟན་ཞིང་ཐུགས་བཞེད་མཐའ་དག་འགྲུབ་པའི་སྨོན་འདུན་ཞུ ་བ་དང་། མཁན་རྫ་ཚེ་རིང་བཀྲ་ཤིས་ལགས་སུ་ཐུགས་རྗེ་ཆེ་གྲངས་མེད་ཞུ །
ཁ་བརྡར་མཆན་འདེབས་པ་དགའ་ལྡན་ལགས།
ཁྱེད་རང་ནས་ tenzin@yahoo.com འདི་བརྒྱུད། ད་ཕན་བེད་སྤྱོད་བྱས་དང་བྱེད་མུས་ཀྱི་སྨུག་མིང་རྣམ་གྲངས་ནི་༼བསོད་དབང་། དགའ་ལྡན། བཀྲ་ཤིས། བསྟན་འཛིན་ཉི་མ། བསྟན་འཛིན། ཚངས་དབྱངས། Tenzin བསྟན་རྡོར། སྨྱུ་གུ སྟན། བློ་བཟང་དབང་རྒྱལ་གྱི་སྒྱུར་ཡིག གཏམ་བཟང་། རེ་བ།༽འདི་དག་རེད། ཁ་བརྡའི་ངོས་ནས་སླད་ཕྱིན་སྐུ་ཉིད་ནས་སྨྱུག་མིང་གཅིག་རང་བེད་སྤྱོད་གནང་རྒྱུའི་འབོད་སྐུལ་ཞུ་ཡི་ཡོད།
ཁ་བརྡ་རྩོམ་སྒྲིག་པས།
—
Khabdha editor
http://www.khabdha.org
http://www.khabdha.com
khabdha@gmail.com
ཁ་བརྡ་ལགས། རྫུན་རྐུབ་རྟོལ་བར་ཐུགས་རྗེ་བླ་མེད་དུ་ཆེ།
དགའ་ལྡན་ནམ་བསོད་དབང་ཞེས་པ་འདི་ཕྱོགས་རིས་ཀྱིས་ཕྱི་ཚོས་ནང་ཚོས་ཞིག་རེད་འདུག འདི་ལྟ་བུའི་མི་ལ་སུ་གང་གིས་ཡ་མ་བྱས་ན་བཟང་།
༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་རྣམས་དང་། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་ལ་སྐུལ་འདེབས་བྱེད་མཁན་ཚོ་ཚོགས་པ་གཅིག་གམ་ཡང་ན་འདྲ་མཚུངས་ཞིག་ཡིན་པ་གདོད་མི་ཟ། བོད་ནང་ཁུལ་དཀྲུག་ཤིང་རྒྱ་ཆེན་ཞིག་བྱེད་ཐུབ་ན་ཁོང་ཚོའི་འདོད་ཐོག་ལ་སོང་བ་རེད། བྱེད་ཙང་དྲ་གྲོགས་རྣམས་པས་དྲ་འབུ་འདི་རྣམས་ལ་ཡ་ལན་མ་བྱས་ན་བཟང་།
མཁན་ཆེན་ལགས་ཀྱི་མཛད་རྗེས་ལ་རྒྱ་བོད་གཉིས་ཀས་ཡིད་རང་ཡོད། ཐབས་མཁས་ཐུགས་རྗེ་ཟེར་ན་འདི་འདྲ་ཡིན་ས་རེད། ཧཧཧཧཧ
གྲོགས་པོ་མང་པོ་ཞིག་གིས་དོ་སྣང་དང་གཟིགས་ཞིབ་གནང་བར་མ་ཟད། བསམ་ཚུལ་བཏོན་པར་ཐུགས་རྗེ་ཆེ་ཞུ།
ངེད་བོད་པ་ཚང་གིས་མཚམས་རེར་བསྟོད་མི་ཐུབ། མཚམས་རེར་སྨད་མི་ཐུབ། སྔ་དྲོ་བསྟོད་ཅིང་ཕྱི་དྲོ་སྨད་ཀྱི་ཡོད་པས་མཐའ་གཅིག་ཏུ་ཡག་རྒྱུ་མེད། མཁན་ཆེན་ཁོང་ལ་ད་ལྟ་བསྟོད་མཁན་མང་ཡང་ཕུགས་སུ་ལྟ་ཆོག ངེད་ཚང་གི་ཀརྨ་ཡེ་ཤེས་སམ། དགྱེས་རྡོར་འདིར་ཐོག་མ་བསྟོད་མཁན་མང་པོ་ཡོད་རུང་དེང་སང་ཧཧཧཧཧཧ
ངེས་དོན་དགེ་བའི་བཤེས་གཉེན་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱི་བཀའ་སློབ་ཡིག་ཐོག་ཏུ་ཕབ་པ་དོན་སྙིང་ལྡན་པ་ཞིག་རེད་ཕབ་མཁན་ལགས་ཀྱི་བྱས་རྗེས་རླབས་ཆེན་ཞིག་བཞག་འདུག་པ་ལ་རྗེས་སུ་ཡིད་རིང་ཡོད་་་་་་་་་་་་ཁོང་གི་གསུངས་རྩོམ་དང་བོད་རྒྱ་སོགས་ལ་བཀའ་སློབ་གནང་བའི་རིན་ཐང་ལ་བསམ་ཚེ་དངོས་གནས་རླབས་ཆེན་དང་མུ་མཐའ་བྲལ་བའི་ལམ་སྟོན་སོགས་ཀྱི་ལོ་རྒྱུས་གླེང་ན་ཚར་རྒྱུ་མེད་པ་ཞིག་རེད་ང་ཚོའི་བོད་མི་རིགས་ལ་བཅང་བའི་ཤ་ཞེན་དང་སྐུ་ངལ་བསྐྱོན་པ་སོགས་བསམ་ཚེ་དངོས་གནས་སེམས་གཏིང་ལ་ཚོར་བ་ལྕིད་ཡོལ་ཡོལ་ཞིག་རང་ཤིག་གིས་ཐོན་གྱིན་འདུག་བོད་ཀྱི་རིགས་གཞུང་དར་སྤེལ་དང་ཁོར་ཡུག་གི་ཐད་སོགས་ལ་བཀའ་སློབ་གནང་ཡོད་པ་རྣམས་ཡོས་གྲུབ་ངོས་སུ་གཟིགས་དག་ཤེས་ཡོང་་་་་་་་་་་་་་མཁས་དབང་ཁོང་གི་སྐུ་ཚེ་ལ་བར་མེད་པ་དང་ཐུགས་བཞེད་མྱུར་ལྷུང་ཡོང་བའི་སྨོན་ལམ་ཡང་ཡང་འདེབས་སོ་་་་་་་་་་་
ཁ་བརྡ་དྲ་་ཚང་ལ་ཐུགས་རྗེ་ཆེ་ཞུ། ༸གོང་ས་མཆོག་དང་། རྒྱལ་བ་ཀརྨ་པ། མཁན་ཆེན་ཚུལ་ཁྲིམས་བློས་གཙོས་བསྟན་འཛིན་སྐྱེ་ཆེན་དག་ལ་མཚན་སྨོད་བྱེད་མཁན་དེ་དག་འཕྲལ་ལ་མེད་པ་བཟོ་རོགས། དྲ་འབུ་དེ་ཚོའི་མཚངས་བརྟོལ་རོགས། དེ་ཚོ་མང་ཆེ་བ་བསམ་བཞིན་དུ་ནང་དཀྲུགས་བྱེད་མཁན་དང་རྒྱ་མིའི་སོ་པ་འདྲ་བོ་ཡོད་རེད་པས་དེ་ལུགས་གནང་བར་ཞུ་འོ།
ཁ་བརྡ་ཚང་ལགས། ཁྱེད་ཚོས་་༼ཁྱེད་ཀྱིས་ tenzin@yahoo.com འདི་བརྒྱུད། ད་ཕན་བེད་སྤྱོད་བྱས་དང་བྱེད་མུས་ཀྱི་སྨུག་མིང་རྣམ་གྲངས་ནི་༼བསོད་དབང་། དགའ་ལྡན། བཀྲ་ཤིས། བསྟན་འཛིན་ཉི་མ། བསྟན་འཛིན། ཚངས་དབྱངས། Tenzin བསྟན་རྡོར། སྨྱུ་གུ སྟན། བློ་བཟང་དབང་རྒྱལ་གྱི་སྒྱུར་ཡིག གཏམ་བཟང་། རེ་བ།༽འདི་དག་རེད། ཁ་བརྡའི་ངོས་ནས་སླད་ཕྱིན་སྐུ་ཉིད་ནས་སྨྱུག་མིང་གཅིག་རང་བེད་སྤྱོད་གནང་རྒྱུའི་འབོད་སྐུལ་ཞུ་ཡི་ཡོད།༽ གསུང་འདུག་པས་དེ་ངའི་ནོར་འཁྲུལ་མ་རེད། ཁྱེད་ཚོའི་ནོར་འཁྲུལ་རེད། tenzin@yahoo.com ཐོག་ལ་སྨྱུག་མིང་དགའ་ལྡན་རང་ཡིན། དེ་མིན་ཚང་མ་tenzin@yahoo.com གི་ངའི་ཁ་བྱང་ཐོག་རྫུན་བཟོ་བྱས་པ་ཤ་སྟག་རེད་འདུག་པས་དགའ་ལྡན་ཕུད་པའི་དེ་མིན་ཚང་མ་མེད་པ་བཟོ་རོགས།
༄། །བཀའ་སློབ་<>གློག་རྡུལ་འཕྲུལ་དེབ་བཟོ་ཐུབ་ན་བོད་ཕྱི་ནང་གི་ཀློག་མཁན་མང་པོར་ཕན་རླབས་ཆེ་ངེས་ཡིན་པས་དེ་དོན་ཐུགས་འཛིན་དོན་སྨིན་གནང་གལ་ཤིན་ཏུ་ནས་ཆེའོ་ཞུ། དེ་མིན་བོད་ནང་ལ་དཔེ་དེབ་ཚར་སྟོང་གཅིག་དཔར་བ་དེས་སློབ་གྲྭ་གཅིག་ལ་ཡང་མི་ཐེམས་པའི་ཚོད་རེད་འདུག མཁན་ཚེ་བཀྲར་ཐུགས་རྗེ་ཆེ་ཞུ།
ཡང་ན་གོང་འཁོད་སྨྱུག་མིང་ཚང་མེད་པ་བཟོ་རོགས། ང་ཁ་བྱང་གཞན་ཞིག་གི་ཐོག་ཏུ་སྨྱུག་མིང་དགའ་ལྡན་རང་གི་ཐོག་ཏུ་གསར་བཟོ་བྱ་ཡི་ཡིན།
མཁན་ཚུལ་བློ་ཡག་རྩོག་གང་ཡང་ཤེས་ཀི་མེད་ལ་བཤད་རྒྱུའང་མེད།འོན་ཀྱང་།རྒྱ་མིའི་ཆུ་ངོགས་གཏམ་རྒྱུད་ནང་གི་གླེན་རྒན་སུང་ཅང་སོང་ཡ་ཙི་མིང་དུས་ཐོག་ཆར་པ་ཟེར་པ་དེ་འདྲའི་མཚན་མཁན་ཚུལ་བློ་ལ་བཏགས་པ་བསྟོད་པ་རེད་དམ་སྨད་པ་རེད།
ཡང་ཁ་ཤས་ནས་དགོན་པ་ཞིག་གི་མཁན་པོ་ཁོང་ལྟ་བུ་༧རྒྱལ་དབང་དོན་གྱི་བདག་པོ་དང་༧རྒྱལ་དབང་ཀརྨ་པ་གཉིས་དང་ཉ་དང་ཉུང་མ་མཉམ་བསྲེས་བྱས་ཡོང་བ་ཁྱད་མཚར་རེད།
རབ་ཡིན་ན་ཕྱིས་སུ་མི་ཆེ་ཆུང་གང་ཡིན་༧གོང་ས་མཆོག་ལྟ་བུ་ཅིག་ཡིན་ཤག་གི་བཀའ་མོལ་དེ་འདྲ་མ་གནང་ན་ཡག་པོ་རེད།
སྟོད་ན་སྟོད་ཚོད་མི་ཟིན་ཡ་ཁའི་སྣབས་ལ་ཚ་དྲི་བྲོ། སྨད་ན་སྨད་ཚོད་ཚོད་མི་ཟིན་བདུད་རྩི་ཆང་ལ་ཆུ་དྲི་བྲོ། ཟེར་བ་ཅི་མ་བདེན། མདོར་བསྡུས་ན་ཁྲི་རལ་པ་ནས་བཤད་པ་དེའོ།
བདེན་པ་དང་གནས་ལུགས་བརྗོད་པའི་ཐོབ་ཐང་སུ་ལའང་ཡོད་པ་རེད། དེ་ལ་གྲལ་རིམ་གྱི་དབྱེ་བ་གང་ཡང་ཕྱེ་རྒྱུ་མེད་པ་ཤེས་དགོས།
ཁྲི་རལ་དང་ལྕགས་མགོ་གཉིས་ཀྱིས་བཤད་པ་དེ་ལ་ཅུང་མོས་པ་བྱུང།
བུ་ཕ་ཡིས་བསྟོད་པ་ལས།
དགྲ་བོས་བསྟོད་ན་དགའ།
ཞེས་བོད་ཀྱི་གཏམ་དཔེ་ཞིག་ཀྱང་དྲན་བྱུང།
དགོངས་དག་ལྕགས་འགོ་རུ་བཅོས་པ་གནང་རོགས།
ཁྲིལ་རལ་དང་། ལྕགས་མགོར་གཉིས་ཉོན། ཨ་མའི་བུ་ལ་ཡོན་ཏན་ཡོད་ན། །དགའ་ལྡན་ཁྲི་ལ་བདག་པོ་མེད་ཟེར་བ་འདི་གོ་ཨེ་མྱོང་། སྤྱིར་བཤད་ན་འདུལ་ཤེས་པའི་གང་ཟག་ཞིག་ཡིན་ན་འདུལ་བ་གཞིར་གཞག་བྱས་ན་གནས་བསྟན་འདུལ་བ་
འཛིན་པ་དག་གི་བསླབ་པའི་གོ་རིམ་ནསསྒྲིག་ནས་འགྲོ་ཡ་མ་གཏོགས་བོད་བསྒྱུད་ནང་བཞིན་ཐོབ་བཤད་ནས་འགྲོ་སྟངས་ཤིག་མེད་པ་རེད་མོད། བོད་བསྒྱུད་བླ་མ་ཚོའི་ཆོས་ལུགས་འདི་ལ་འདུལ་བའི་དྲི་བྲོ་མིན་བཤད་དཀའ་བ་ཞིག་རེད།
གང་ལྟར་ཡང་གང་ལྟར་མཁན་ཆེན་ཁོང་ལྟ་བུ་གངས་རིའི་ཁྲོད་ཀྱི་བསྟན་པའི་རྒྱན་གཅིག་ཡིན།
ན་ལེན་དྲའི་ཆོས་ལུགས་ཡིན་ཡང་ཁོང་ལྟ་བུ་རེས་ཆོག་ཡོད། ཕྱི་སོ་ཐར་ཡིན་ན་ཡང་རེད། བར་བྱང་སེམས། ནང་གསང་སྔགས་གང་ལ་གཏུགས་ཀྱང་ཁོང་གིས་མི་ཆོག་པ་མེད་ཡ།
ཁ་བརྡར་མཆན་འདེབས་པ་དགའ་ལྡན་ལགས།
སྐུ་ཉིད་ནས་གསལ་བཤད་གནང་བ་ཐུགས་རྗེ་ཆེ། ང་ཚོས་ཁྱེད་རང་གི་ཨིས་མལ་ཁ་བྱང་ tenzin@yahoo.com འདི་བརྒྱུད་ཡི་གེ་བཏང་ཡང་། ཨིས་མལ་ཁ་བྱང་འདི་སྟེང་འབྲེལ་བ་ཞུ་ཐུབ་པ་བྱུང་མ་སོང་། དེས་ན། ཁྱེད་རང་གིས་ tenzin@yahoo.com འདི་རང་སྤྱད་ནས་ཁ་བརྡའི་ཨིས་མལ་སྟེང་ཡི་གེ་ཞིག་གནང་རོགས་གནང་དང་། དེ་ནས་ང་ཚོས་དགའ་ལྡན་ཞེས་པ་ཁོ་ན་བེད་སྤྱོད་ཡོང་ཐབས་ཀྱི་ལམ་བུ་བཟོ་གི་ཡིན། དེ་ལུགས་དགོངས་འཇགས་ཡོང་བ་ཞུ།
ཁ་བརྡ་རྩོམ་སྒྲིག་པས།
–
Khabdha editor
http://www.khabdha.org
http://www.khabdha.com
khabdha@gmail.com
དྲྭ་གྲོགས་ཚོ་གཟིགས་དང་ཁོང་ལ་་་་
༼མཁན་ཆེན་ཁོང་ནི་དོན་གྱི་མཁན་ཆེན་ཞིག་ཡིན་པ་རྗེས་དཔག་ཚད་མས་དཔོགས་ཀྱི་འདུག ཡང་སྐྱར་སྐྱབས་སུ་མཆིས། སྐྱབས་སུ་མཆིས།༽འདི་འདྲའི་ཁྱད་ཆོས་གང་ཞིག་ཡོད་དམ་?????????????????
དགའ་ལྡན་ཟེར་བས་སྨྱུག་མིང་མང་པོ་ཞིག་བེད་སྤྱོད་གནང་འདུག་པ་ཡོངས་བསྒྲགས་གནང་བ་ཡག་པོ་བྱུང་། འདི་ཚོ་གསལ་བཤད་གནང་བ་ཡག་པོ་བྱུང་། ད་དུང་སྨྱུག་མིང་མང་པོ་བེད་སྤྱོད་གནང་མཁན་ཚང་མ་ཡོངས་བསྒྲགས་གནང་བའི་རེ་བ་ཡོད། ད་དུང་དགའ་ལྡན་ཟེར་བ་འདིའི་ཨིས་མལ་ཁ་བྱང་ལ་ཡི་གེ་འགྲོ་གི་མེད་དུས་ཁ་བྱང་དེ་ཡང་རྫུན་མ་ཞིག་ཡིན་རྒྱུ་རེད། ཧ་ཧ་ཧ། རྫུན་ཨ་བྲ་གཉིས་ཀྱི་རྔ་མ་ཐུང་ཟེར་བ་དེ་རེད།
ངའི་ཁ་བརྡ་ཚང་ལ་ངོས་ལེན་ཞུ་རྒྱུ་གཅིག་ཡོད། ངའི་ཨིས་མལ་ཁ་བྱང་འདི་རྫུན་མ་ཞིག་ཡིན། ང་ལ་ཨིས་མལ་ཁ་བྱང་ཟེར་བ་ཞིག་མེད། ལག་པས་གང་ཐེབས་ཤིག་བཟོས་ནས་མཆན་འགོད་ཀྱི་ཡོད། རྫུན་མ་བཀག་ན་འགོག་རྐྱང་གནང་རོགས། ང་ལ་བསམ་འཆར་ཚིག་གཅིག་ཞུ་རྒྱུ་མེད། ཁ་བརྡ་ཚང་ལ་བཀའ་དྲིན་ཆེ་ཞུ།
ཞེས་གཅན་ཚ་བ་སྲིན་པོ་རྫ་རྒན་ནས།
ད་དུང་མུ་མཐུད་བཞིན་དུ་མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱི་བཀའ་སློབ་ཡིག་ཐོག་ཏུ་ཕབ་རོགས་འབོད་བསྐུལ་ཞུ་བཞིན་ཡོད་ན་ཐུགས་ལ་འཇགས་པར་ཞུ་ཞུ་ཞུ་་་་་་་་་་་་་་་་་་་་་་་་་་་་་་་་་
(ངས་རྒྱ་གར་དུ་དེབ་གྲངས་གཅིག་སྟོང་ལྷག་ཅིག་དཔར་དེ་འདི་ལོའི་དུས་འཁོར་དབང་ཆེན་སྐབས་རིན་གོང་མ་གནས་ལས་དམའ་བར་བཙོངས་པ་རེད། ངོ་ཤེས་མི་ཤེས་མང་པོ་ཞིག་གིས་ངོ་དེབ་དང་ཁ་པར་ངག་ལམ་བཅས་ནས་སྔགས་བརྗོད་ཆེན་པོ་གནང་སོང་ལ། ཧ་ཅང་བྲིན་པོ་ཡང་བྱུང་འདུག
བོད་ནང་དུ་གར་དབང་ལྷ་དགུའི་སྒྲུབ་མཆོད་ཀྱི་ཉིན་འདི་གར་བླ་རུང་སྒར་དུ་འབྱོར་རྒྱུ་རེད།)འདི་གོང་གི་དྲིས་ལན་སྐབས་ཀྱི་གསལ་བཤད་རེད། འོན་ཀྱང་བོད་ནང་གི་གྲངས་ཀ་དངོས་སུ་གཅར་འདྲིར་མ་འཁོད་ཀྱང་དཔར་གྲངས་ཁྲི་གཅིག་རེད་ལགས།
དེ་བཞིན་གློག་རྡུལ་འཕྲུལ་དེབ་དུ་འཇོག་རྒྱུར་ཉེ་ཆར་ཐའེ་ཝན་གྱི་དག་ཞིང་ཆོས་ལུགས་ཀྱི་རྩ་བའི་སློབ་དཔོན་ཅིན་ཁུང་ཧྥ་ཧྲི་ལགས་ཀྱི་སངས་རྒྱས་སློབ་གསོའི་ཐེབས་རྩ་ཞེས་པས་མ་བསྐུལ་དང་བླངས་ཀྱིས་པར་སྐྲུན་གནང་རྒྱུའི་ཞལ་བཞེས་བྱུང་བ་ལྟར་རྩ་བའི་པར་གཞི་ལ་ཡིག་ནོར་དང་བཏགས་ནོར་རིགས་བཅོས་དགོས་ངེས་འགའ་ཞིག་བཅོས་ནས་ཕི་ཌི་ཨེ་ཧྥི་བཟོས་ཡོད་པ་གློག་རྡུལ་འཕྲུལ་དེབ་བཟོ་མཁན་ནང་ཆེན་བཀྲ་ཤིས་ལགས་ལ་གཏོང་གྲབ་བྱས་ཀྱང་ཁོང་གིས་ཕལ་ཆེར་གཤེར་འབེབ་ཟིན་པ་ཞིག་དགོས་གསུངས་ཀྱིན་ཡོད་པ་འདྲ་བས་ངས་ཀྱང་གང་མགྱོགས་གྲ་སྒྲིག་བྱེད་ཀྱིན་ཡོད།
གསལ་བཤད་འདི་ཡོས་ལོ་བར་ཡིན།
དྲ་ཐག་འདི་ཡག་གི
http://www.youtube.com/watch?feature=player_embedded&v=FeCqa3pDiMg
མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱི་མཛད་པ་རླབས་པོ་ཆེ་རེད། དེ་ལ་ཁ་ཟེར་གཏོང་བ་ཕྲག་དོག་གི་གཏམ་རང་དུ་ཟད། བོད་ཀྱི་ཆོས་དང་རིག་གཞུང་མི་རིགས་ཀྱི་དོན་དུ་དངོས་ཡོད་ཀྱི་ཕྱག་ལས་གནང་མཁན་དེང་དུས་ཁོང་ལྟ་བུ་རེ་གཉིས་ལས་མང་པོ་མེད་ཐག་ཆོད་རེད། དེས་ན་ཕྱག་ལས་མི་གནང་བར་ཁ་སྟོང་མཐོ་སྐད་སྒྲོགས་མཁན་ཚོས་རང་ལ་བྱས་རྗེས་ཅི་་འདུག་གཟིགས་ཏེ་ཐུགས་བསམ་བཞེས་པའི་དུས་ལ་བབས། དགེ་བཅུའི་ཁྲིམས་ནི་རེ་འབོད་དང་བསྐུལ་སློང་། དྲན་གསོ་དང་སློབ་གསོའི་རང་བཞིན་ལྡན་པ་ཞིག་ལས་བཙན་གནོན་དང་ཆད་པ། མི་འདོད་པར་གནོན་ཤུགས་སྤྲད་པ་ཞིག་ཡིན་ཚེ་བླ་རུང་གིས་རེ་བསྐུལ་མིན་པ་མཁན་ཆེན་གྱི་གསུང་དུ་གསལ། ཨ་མདོ་རྔ་བའི་སྔོ་རྟེན་ནི་དཀྲོག་གཏམ་ཞིག་ཡིན་སྲིད། གཤིན་པོའི་སྔོ་རྟེན་ལ་དགེ་བཅུའི་ཁྲིམས་དང་འགལ་ཡོད་མེད་ཀྱི་སྐད་ཆ་བླ་རུང་དུ་བྱུང་མྱོང་མེད་ཟེར། ཉིན་རེར་བསྔོ་རྟེན་འཇོག་མཁན་སྟོང་ཕྲག་ཁ་ཤས་ཡོད་པས་རེ་རེ་ནས་ཞིབ་གཞེར་བྱེད་པའི་དུས་ཚོད་ཡང་མི་ཡོང་བས་གནས་ཚུལ་ལ་རྒྱུས་མེད་པའི་དགོད་གཏམ་ཁོ་ནར་ཟད། ཡང་ན་བསྔོ་རྟེན་ཞུ་མཁན་དང་ལས་བྱེད་པའི་བར་བརྡ་མ་འཕྲོད་པ་ཡང་ཡིན་ལས་ཆེ། ཅིའི་ཕྱིར་ཞེ་ན། བླ་རུང་དུ་ཞག་སྡོད་བྱེད་དགོས་ཚེ་དམ་ཉམས་དང་ཁྲིམས་འགལ་ཡིན་མིན་གྱི་ཞིབ་གཞེར་གླིང་སོ་སོའི་་ཆོས་ཁྲིམས་པས་གནང་གི་ཡོད་པ་དང་། རྒྱུས་མེད་ཀྱི་མི་འཁྱལ་རྐུན་ཇག་གི་རིགས་སྔོན་ཆད་བྱུང་མྱོང་པས་དོགས་ཟོན་བྱེད་པ་ཡང་བདེན་པ་རེད། དེ་ལ་འགན་ལེན་ནམ་རྒྱུས་ཡོད་ཀྱི་མིས་ངོ་སྤྲོད་དགོས་པའང་དངོས་ཡོད་ཀྱི་གནས་ཚུལ་ལགས། །འདི་ནི་བླ་རུང་གི་གྲྭ་བ་རྒྱུས་ཡོད་ཅིག་གིས་གསུང་པའི་སྐད་ཆ་ཁུངས་ལྡན་ཡིན། དྲ་གྲོགས་རྣམས་ཀྱིས་ཐུགས་བསམ་ཞིབ་མོར་གནང་རོགས་ཞུ། །
དེབ་དེའི་ནང་བསླབ་བྱ་རྩ་ཆེན་ལེན་རྒྱུ་མང་པོ་འདུག་སྟེ། ཕབ་སྒྲིག་བྱེད་སྐབས་ཡིག་ནོར་མང་ཙམ་ཤོར་བའི་མཐོང་ཚུལ་བྱུང་། རྩོམ་སྒྲིག་སྡེ་ཚན་ནམ་དཔེ་སྐྲུན་ཁང་གང་ཡང་མ་བརྒྱུད་པར་སྒེར་གྱིས་དཔར་བའི་དཔེ་དེབ་མི་ཉུང་བ་ཞིག་ལ་དེའི་སྐྱོན་ཡོད་པར་སྣང་།
གོང་དུ་ཁྲི་རལ་པ་དང་ལྕགས་འགོར་གཉིས་ནས་མཁན་ཚུལ་བློ་ལ་མཚན་སྨད་དེ་འདྲ་ཚིག་གཅིག་ཞུས་མི་འདུག་པས།དྲ་གྲོགས་ཁ་ཤས་ནང་བཞིན་ང་རྒྱལ་བྱེད་དགོས་དོགས་མེད་པ་རེད།ཁོ་གཉིས་ལ་བསྟོད་འདོད་མེད་ན་བསྟོད་པ་མི་བྱེད་རྒྱུའི་ཐོབ་ཐང་ཡང་གཅིག་མཚུངས་ཡོད་རེད།
འོན་ཀྱང་།ཁྲི་རལ་པས་བཤད་པ་ལྟར་བོད་ཀྱི་བླ་སྤྲུལ་གང་ཡིན་ན་༧གོང་ས་སྐྱབས་མགོན་ཆེན་པོར་བསྡུར་གནང་ན་ཡག་པོ་མ་རེད་སྙམ།བློ་གཟུ་བོར་གནས་ཏེ་བསམ་ཞིབ་བྱས་ན་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་རྙིང་ཆོས་ལ་མཁས་པ་ཅིག་ཡིན་པ་བདེན་པ་རེད་དེ།ཁོང་གི་ཤུགས་རྐྱེན་དེ་ཁམས་དཀར་མཛེས་ས་ཁུལ་དང་ཨ་མདོ་སྐད་ཤེས་མཁན་ཚོའི་ཁོར་ཡུག་ཙམ་རེད།བོད་དབུས་གཙང་ཙམ་ཕར་བཞག་ཐ་ན་ཁམས་ཁུལ་དུའང་ཁོང་མི་ཤེས་མཁན་གང་ཙམ་འདུག།
དེས་ན་༧རྒྱལ་བ་རིན་པོ་ཆེ་དེང་སང་ཤར་ནུབ་གསར་ལམ་གྲགས་ཅན་གང་སར་འཛམ་གླིང་གི་མི་གྲངས་མང་ཤོས་གནས་སྡོད་ཨེ་ཤེ་ཡ་གླིང་གི་མི་སྐད་གྲགས་དང་ཤུགས་རྐྱེན་ཆེ་ཤོས་སུ་ངོས་འཛིན་བྱེད་བཞིན་འདུག་ག
དེ་འདྲ་བསྡུར་ན་གནམ་དང་ས་བསྡུར་པ་རེད་ད།
ཡིན་ནའང་།མཁན་པོ་ཁོང་གི་བྱས་རྗེས་སོགས་ལ་རྗེས་སུ་ཡིད་རངས་དང་གུས་ཞབས་ཆེན་པོ་ཡོད།
གོང་དུ་བསོད་དབང་ཞེས་པའི་དྲྭ་འབུ་དེས་རང་ཉིད་ལ་འཇོན་ཐང་དང་ཤེས་ཡོན་བོད་མི་རིགས་དང་རིག་གཞུང་གི་དོན་དུ་ལ་རྒྱ་དང་སེམས་ཤུགས་ཇི་ཙམ་ཡོད་མི་ཤེས་པར་ཕྱོགས་རིས་དང་ཕྲག་དོགས་ཀྱིས་ཀུན་ནས་སློང་སྟེ་མཁན་ཚུལ་བློ་ལ་མ་རང་པའི་མཆོག་ཚིགས་བརྗོད་པ་ནི་གད་མོ་ཤོར་ཡ་རང་རེད་ཧ་ཧ་ཧ་་་་་་་་་་་་་་་་་དོན་མེད་ཀྱི་སྨྲ་བ་མ་མང་ཨི་ཀོ།
རྡོ་རྗེ་རྒྱལ་མཚན་ལགས། འདི་ན་སུས་གང་གིས་ཅི་ཡང་༸གོང་ས་མཆོག་ལ་བསྡུར་གི་མི་འདུག བསྡུར་གི་མེད་དུས་བསྡུར་གི་འདུག་མ་ཟེར། མིང་བཟུང་ཙམ་ལ་ཕྲག་པ་དོག་གི་མ་འདུག་ལོ། རྔ་བ་འཁྱམས་པོ་དེ་ཚོ་དད་པ་མེད་ན་མེད་དུ་ཆུག དཀྲོགས་གཏམ་བཟོ་མ་འདུག་ལབ་རོགས། རྔ་འཁྱམས་དེ་ཚོ་ལ་སྡེ་སྲུང་དང་སྐུ་སྒེར་གྱིས་སྒོར་མོ་ཡོད་རེད། དཀྲོགས་གཏམ་མང་པོ་བཟོ་རྒྱུ་རེད་དེ་ཅང་འཇོན་མི་ཡོང་བསམ། གཞན་རྙིང་འ
བྱོ་ཕུ་དུང་ཅན་དེ་ཚོས་ད་ལྟ་བར་དུ་སྐུ་སྒེར་ཚང་དང་སྡེ་སྲུང་ལག་ལས་སྒོར་མོ་རག་མ་མྱོང་བ་ཨེ་ཤེས་མཆུ་ཐོ་ཚུམས་སྡོད་ལོ།
བླ་རུང་ཆོས་སྡེ་ཆེན་མོས་གཏན་ལ་ཕབ་པའི་དགེ་བཅུའི་ཁྲིགས་ཡིག་ནང་ན་བཤས་བཙོང་མ་བྱེད་ལབ་འདུག དེ་འབྲི་དགོས་དོན་གཙོ་བོ་འབྲོག་པ་ཁག་གཅིག་གིས་སྒོ་ཕྱུགས་སྡེབས་ཚོང་བྱས་ནས་སྤྲང་པོ་ཆགས་པ་དང་འབྲོག་པ་སྟོང་རྒྱུའི་ཉེན་ཁ་ལ་བརྟེན་ནས་བཤས་བཙོང་མི་བྱེད་རུང་བའི་ཁྲིམས་ཡིག་བཟོས་པ་རེད། དེ་མ་གཏོགས་གཞན་བཤས་མ་བྱ་ཟེར་བ་དང་ཤ་མ་ཟ་ཟེར་བ་ཞིག་བླ་རུང་གི་དགེ་བཅུའི་ཁྲིམས་ཡིག་ནང་ན་མེད་པ་མིག་འདྲ་ཡོད་ན་མཐོང་ས་ཡོད། གཞན་དགོན་པ་ཆུང་ཆུང་རེས་བཟོས་པའི་ཁྲིམས་ལུགས་ཚང་མ་བླ་རུང་དང་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་བཟོས་པ་རེད་ཟེར་ནས་དགག་པ་གཏོང་མ་ཡོང་།
མཁན་པོ་མཆོག་གི་བཀའ་སློབ་ནང་ན་སྲོག་གཅོད་རྒྱུ་ཉུང་དུ་ཐོངས་གསུང་གི་འདུག་མ་གཏོགས་གཡག་གཅིག་ཀྱང་མ་བཤའ་ཟེར་བ་ཚོར་མ་མྱོང་གལ་ཏེ་དེ་འདྲ་གསུང་ས་ཡོད་ན་སྟོན་ཤོག གཞན་རྫུན་བཤད་ཀི་མ་འདུག
དེ་དགེ་བ་སྒྲུབ་དགོས་པ་རེད། མི་དགེ་བ་སྤང་དགོས་པ་རེད་ཟེར་གསུང་གི་འདུག འཛམ་གླིང་གི་ནང་པའི་རྒྱལ་ཁབ་ཁག་གི་ནང་ན་་སྤྱོད་ངན་མང་པོ་ཁྱབ་འདུག་པས་དེ་ཚོ་བསྒྱུར་བཅོས་གཏོང་དགོས་ཚུལ་ཡང་ཡང་གསུང་འདུག
དགེ་བ་བཅུ་ལ་གནས་དགོས་པ་གལ་ཆེ་ཚུལ་ཡང་ཡང་གསུང་འདུག སྔོན་ཆོས་རྒྱལ་རྣམ་པའི་སྐབས་ནས་ཡོད་བསྡད་པ་ཞིག་རེད་མ་གཏོགས་གསར་བ་ཅང་མ་རེད། གཞན་ཁྱེད་ཚོ་ཕྲག་པ་ན་དགོས་པའི་བྱ་བ་ཅང་མེད་ཀི ཁོང་ཆོས་པ་རྣལ་མ་ཞིག་རེད། བྱང་ཆུབ་སེམས་དཔའ་ཞིག་རེད་མ་གཏོགས་བཙན་བྱོལ་ནང་གི་མྱི་ཚོ་ནང་བཞིན་མ་རེད་བཞག
བཀྲ་ཤིས་ལགས།གོང་དུ་བདེན་པ་ལགས་ནས་༼༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་རྣམས་དང་། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་ལ་སྐུལ་འདེབས་བྱེད་མཁན་ཚོ་ཚོགས་པ་གཅིག་གམ་ཡང་ན་འདྲ་མཚུངས་ཞིག་ཡིན་པ་གདོད་མི་ཟ། ༽འདི་འདྲ་གསུངས་འདུག་པ་ཁོང་གཉིས་གདན་གྲལ་གཅིག་ཏུ་བཞག་འདུག་ག།
ལར་ཁྱེད་ནས་རྒྱལ་ཞེན་ལྷག་བསམ་འགྲན་ཟླ་བྲལ་བ་གཞིས་ལུས་རྔ་བ་མི་མང་ལ་༼རྔ་བ་འཁྱམས་པོ་དེ་ཚོ་དད་པ་མེད་ན་མེད་དུ་ཆུག དཀྲོགས་གཏམ་བཟོ་མ་འདུག་ལབ་རོགས། རྔ་འཁྱམས་དེ་ཚོ་ལ་སྡེ་སྲུང་དང་སྐུ་སྒེར་གྱིས་སྒོར་མོ་ཡོད་རེད། དཀྲོགས་གཏམ་མང་པོ་བཟོ་རྒྱུ་རེད་དེ་ཅང་འཇོན་མི་ཡོང་བསམ།༽སྐད་ཆ་འདི་འདྲ་བཤད་མཁན་དེང་སང་གི་རྒྱ་གཞུང་གི་མགྲིན་ཚབ་པ་དང་ཁྱོད་གཉིས་པོ་ཙམ་རེད་ལོ།ཡང་ཁྱེད་ནས་༼གཞན་རྙིང་འ
བྱོ་ཕུ་དུང་ཅན་དེ་ཚོས་ད་ལྟ་བར་དུ་སྐུ་སྒེར་ཚང་དང་སྡེ་སྲུང་ལག་ལས་སྒོར་མོ་རག་མ་མྱོང་བ་ཨེ་ཤེས་མཆུ་ཐོ་ཚུམས་སྡོད་ལོ།༽འདི་འདྲ་བོད་མིའི་སྤྱི་ཚོགས་ནང་ཆོས་བརྒྱུད་ཕན་ཚུན་བར་དྲ་རྒྱ་བརྒྱུད་དཀྲུག་ཤིང་བརྒྱབ་པར་རྒྱ་ནག་གཞུང་གིས་ཁྱོད་ལ་སྒོར་མོ་ག་ཚོད་སྤྲད་བྱུང་།
ངས་མཁན་པོ་ཁོང་ལ་མཚན་སྨོད་བྱེད་རྒྱུ་མ་བྱུང་། བྱེད་དགོས་དོན་ཡང་མེད། ཁོང་དགེ་སློང་རྣམ་དག་ཞིག་ཡིན་པ་ང་ལ་ཡིད་ཆེས་ཡོད། གཞན་འུ་ཅག་བོད་པ་ཚང་གཤིས་ལུགས་ཤིག་ལ་དགའ་ན་སྟོད་ཚོད་མི་ཟིན་དགུང་སྔོན་ནམ་མཁའི་དབྱིངས་ལ་འདེགས། དཔྱད་པ་མེད་པར་འུར་སྒྲོགས་བྱེད། འོན་ཀྱང་ཁོང་གི་བྱ་བྱེད་ཚང་མ་བརྗོད་ན་སྐྱོན་དང་དགེ་མཚན་གཉིས་ཀ་ཡོད་ཀྱང་ཚང་མ་རེ་རེར་བྱས་ནས་བཤད་དགོས་པའི་དོན་ཡང་མེད།
སྐྱབས་སུ་མཆི།
མཁན་མིན་ཅན་ཚུལ་ཁྲིམས་བློ་གྲོས་ཀྱིས་ཆོལ་ཁ་དང་ཆོས་ལུགས་མཐུན་སྒྲིལ་གྱིས་གསུང་ཚིག་སྒྲོགས་ཡོད་དམ་????????????
མཁན་པོ་ཚུལ་ཁྲིམས་བློ་གྲོས་བསྟོད་ན་ཡག་པོ་འཛིན་མཁན་དང་མ་བསྟོན་ན་སྡུག་པོ་འཛིན་མཁན་རྣམ་པ་ནོར་འཁྲུལ་རེད། ཁོང་ཉིད་སྐྱེས་བོ་དམ་པ་ཞིག་ཡིན་ཕྱིན་བསྟོད་སྨད་གང་བྱས་ཀྱང་དེ་ཙམ་མི་གནོད་པར་ལུང་རིག་ཚད་མའི་བཞལ་ནུས། སྤྱིར་དེང་བར་གོང་ས་མཆོག་གི་བཀའ་སློབ་ལས་ལྷག་པ་ཞིག་ཧ་ལམ་འཛམ་བུ་གླིང་དུ་མཐོང་དཀོན། གཞན་ཙག་ཙིག་མག་མིག་ཚང་མའི་བཀའ་སློབ་ཡིན་ཅེས་ཕབ་བསྒྱུར་བྱེད་ཁུལ་གྱིས་བརྗོད་ཚིག་གཟབ་ཏུ་སྟོན་ནས་དམངས་ལ་འགོ་བསྐོར་ཐེབས་འགྲོ་བའི་གཟབ་པར་མཛོད།
མཆན་བུ་ལྔ་བཅུ་ང་གསུམ་པ་དེ་མེད་དམ་།??????????
དྲི་བ་དེ་དགོངས་དག
རྡོ་རྗེ་རྒྱལ་མཚན་ལགས། རྙིང་འབྱོ་ཕུ་དུང་ཅན་དེ་ཚོས་ད་ལྟ་བར་དུ་སྐུ་སྒེར་ཡིག་ཚང་དང་སྡེ་སྲུང་ལག་ལས་སྒོར་མོ་རག་མ་མྱོང་བ་དངོས་ཡོད་རེད། ཁྱེད་རང་ཚོས་བསམ་ན་ཡང་། རྙིང་འབྱོ་ཕུ་དུང་ཅན་དང་ཨ་ཅག་ཚོ་ཞལ་བཙུམ་ནས་བསྡད་ན་ཡག་གི་བསམ་གི་ཡོད་རེད། དེ་བདེན་པ་རེད་མོད་བོད་སྤྱི་ལ་ཕན་ཐོགས་ཕྲན་བུ་རེད་ཡོད་པའི་ལས་ཀ་རེ་ཡིན་ན་ཡང་ལྷག་བསམ་ཅན་དག་གིས་གང་ཐུན་བྱས་ན་ཡག་པོ་རེད་མ་གཏོགས་་ད་རུང་ང་ཚོས་ཐོབས་ཐང་འབའ་ཞིག་ལ་སེམས་པའི་རྗེས་ལུས་ཀྱི་བྱ་བ་སྒྲུབ་མི་རུང་བས་མྱི་བུའུ་་རང་ཉིད་ལ་མྱི་བུའུ་རང་ཉིད་ཀྱི་རིན་ཐང་ཡོད་པ་ཤེས་དགོས་པ་གལ་ཆེ།
སྐྱོ་བྲག་ལགས་། ༸གོང་ས་མཆོག་གི་བཀའ་སློབ་ལ་གུས་ཞབས་ལོས་དེ་དེའི་ནང་ན་ཡང་ནོར་བ་མང་པོ་ཡོད་རེད། དེ་ལ་ཧ་ལས་རྒྱུ་ཅང་མེད་ཀི་མྱི་བུའུ་ཡིན་ཞིག་ཡིན་ཕྱིན་ནོར་བ་གཏན་ནས་མེད་ཟེར་དགོས་ན་དཀའ། དེ་ལས་གཞན་པའི་བོད་ཀྱི་མྱིབུའུ་དག་གི་གཏམ་ལ་རིན་ཐང་མེད་ཟེར་ན་ད་རུང་བཀས་བཀོད་བརྒྱུད་འཛིན་གྱི་གཏམ་རེད་པས། རིམ་བཏེགས་དགོན་ནང་ནེའུ་ཕྲུག་ཀླད་མེད་ཁ་ཤས་མ་གཏོགས་མྱི་བུའུ་རང་ཚུགས་ཅན་ཚོས་སྐད་ཆ་དེ་འདྲ་ལ་ཉན་རྒྱུའི་དུས་ཚོད་རྫོགས་ཚར་ནི་རེད། ད་རུང་འདུལ་བ་བཤད་ནས་ཉན་ཐོས་ཀྱི་སྤྱོད་པ་སྐྱོང་ཨེ་བསམ་གི ན་ལེན་དྲ་བཟང་རབས་བཤད་ཨེ་བསམ་གི་དེ་འདྲ་བསམ་ན་ཁྱེད་དང་། རྡོ་རྗེ་རྒྱལ་མཚན་གྱིས་་་ཀླད་པ་ལ་འགྱུར་བ་གཏོང་དགོས་པ་འདྲ།
བཀྲ་ཤིས་ལགས་ནས་བསམ་བློ་གཏོང་དགོས་འདུག་སྙམ།གོང་དུ་མི་སུས་ཀྱང་གྲུབ་མཐའ་གསར་རྙིང་དང་ཆོས་ལུགས་དབྱེ་འབྱེད་ཀྱི་སྐད་ཆ་ཅིག་བཤད་ཀི་ཁོ་རང་མི་འདུག་ག།ཤི་འཐམ་རོ་འཐམ་གྱིས་རྙིང་ཕྱོགས་འཛིན་ཁུལ་བྱས་ཏེ་ཆེད་མངགས་སྐུ་སྒེར་ཡིག་ཚང་དང་བོད་གཞུང་ལ་གླེང་ཕྱོགས་ཤིག་བཟོ་འདོད་པ་དེ་ག་རེ་ཡིན་ནམ།
ཡང་(གོང་ས་མཆོག་གི་བཀའ་སློབ་ལ་གུས་ཞབས་ལོས་དེ་དེའི་ནང་ན་ཡང་ནོར་བ་མང་པོ་ཡོད་རེད། དེ་ལ་ཧ་ལས་རྒྱུ་ཅང་མེད་ཀི་མྱི་བུའུ་ཡིན་ཞིག་ཡིན་ཕྱིན་ནོར་བ་གཏན་ནས་མེད་ཟེར་དགོས་ན་དཀའ།)ཧམ་བཤད་དེ་འདྲ་བྱས་འདུག་སྟེ་༧གོང་ས་མཆོག་གིས་ནོར་འཁྲུལ་དེ་འདྲ་མང་པོ་ཅིག་ག་དུས་གསུངས་སོང་།ས་གནས་གང་དུ།གསུང་ས་སུ་ལ།བརྗོད་གཞི་གང་ཞིག་ནོར་སོང་།རེ་རེ་བཞིན་ར་སྤྲོད་བྱོས་དང་།
གཉིས་ནས་བོད་མི་རིགས་ཆེད་སྐྱ་སེར་ཉི་ཤུ་རྩ་གྲངས་མེར་བསྲེགས་གཏང་སྟེ་ད་ལྟ་དམྱལ་བའི་བཙོན་དོང་གི་སྡུག་བསྔལ་མྱོང་བཞིན་པའི་གཞིས་ལུས་རྔ་པ་མི་མང་ཚོར་(རྔ་བ་འཁྱམས་པོ་དེ་ཚོ་དད་པ་མེད་ན་མེད་དུ་ཆུག དཀྲོགས་གཏམ་བཟོ་མ་འདུག་ལབ་རོགས། རྔ་འཁྱམས་དེ་ཚོ་ལ་སྡེ་སྲུང་དང་སྐུ་སྒེར་གྱིས་སྒོར་མོ་ཡོད་རེད། དཀྲོགས་གཏམ་མང་པོ་བཟོ་རྒྱུ་རེད་དེ་ཅང་འཇོན་མི་ཡོང་བསམ།)ངན་སྨྲས་འདི་འདྲ་བྱེད་དོན་གང་ཡིན་ན།
ང་ཉིན་གང་པར་འཛིན་གྲར་སོང་ནས་ཚུར་སླེབས་དུས་མཆན་ཞབས་པ་ཚང་མ་དྲ་འཛིངས་ཐུག་ནས་ལྷག་ཅིག་མི་འདུག
ད་ང་ལ་ནི་བཤད་རྒྱུ་གང་ཡང་མེད། བརྗོད་བྱ་དངོས་དང་རྒྱུ་མཚན་ལ་བརྟེན་པའི་བཀའ་མོལ་གནང་མཁན་ཞིག་ནི་ཕལ་ཆེར་མི་འདུག
ཚང་མས་ཁྱོད་བཟང་ང་ངན་རང་གསུང་གིན་འདུག
གསུང་མཁན་ཚང་མས་༸གོང་ས་ཡིད་བཞིན་ནོར་བུའི་ཆེད་དུ་ཐུགས་ཁུར་གནང་གིན་ཡོད་ན་འདྲ། མཁན་པོ་ཚུལ་ཁྲིམས་བློ་གྲོས་ལ་ཤ་ཞེན་བྱེད་ཀྱིན་ཡོད་ན་འདྲ། དེ་ཚོ་ལ་ཁྱད་པར་མི་འདུག འགྲོ་བ་མིའི་ཐོབ་ཐང་རེད། རང་དབང་རེད། དགའ་ཕྱོགས་རེད། ཡིན་ན་ཡང་རང་གི་གཏམ་སྤྱོད་རྣམ་འགྱུར་ཚང་མ་ནི་ཁོང་རྣམ་པའི་དགོངས་གཞི་དངོས་དང་རྒྱབ་འགལ་ཤ་སྟག་རེད་སྙམ་པ་བྱུང་།
མ་མཐའ་ཡང་གཅིག་གིས་གཅིག་ལ་སྙིང་པོ་མེད་པའི་སྐད་ཆ་མང་པོ་མི་བཤད་རྒྱུའི་རེ་བསྐུལ་ཡིན།
བཀྲ་ཤིས་ལགས་ཀྱི་བཀའ་མོལ་ཁ་ཤས་ལ་ཐལ་ཆ་ངེས་པར་འདུག
འདི་རིགས་ཀྱིས་གཞན་སེམས་བཀྲུགས་ཀྱིན་ཡོད་རེད། དེ་ལས་ལེགས་ཆ་ཞིག་ཐོབ་རྒྱུ་མེད་ངེས་རེད།
ཡང་དྲ་གྲོགས་གཉིས་ཀྱིས་དེབ་ཀྱི་རྒྱབ་ཤ་དང་ཡིག་ནོར་རིགས་ལ་བསམ་ཚུལ་བཏོན་པར་ཐུགས་རྗེ་ཆེ་ཞུ།
གལ་ཏེ། མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་བཤས་ཚོང་དགག་སྟངས་སོགས་ཀྱི་དགོངས་གཞི་ཆ ་ཚང་བ་ཤེས་དགོས་ན་ངེས་པར་དུ་འོག་གི་མཆན་བུ་དེ་ཆ་ཚང་ཀློགས་རོགས།
བསམ་བཞིན་དུ་བཞན་དུ་བཤད་ཀྱིན་ཡོད་ན་ནི་ཞུ་ཡ་གང་ཡང་མེད།
འོག་གི་མཆན་བུ་ནི་དུས་ཐོག་ཆར་པའི་ནང་གི་༼དྲང་བདེན་གྱི་འཚོ་ཐབས༽ཅེས་པའི་ས་བཅད་ཟུར་དུ་བཏོན་པ་ཡིན་ལགས།
བཤས་ཚོང་སྐོར་གྱི་བཀའ་མོལ་ཆ ་ཚང་ཤོས་་་་་་་་་་་་་་་
དུས་ཐོག་ཆར་པའི་ས་བཅད་ཅིག
༼དྲང་བདེན་གྱི་འཚོ་ཐབས༽
ང་ཚོས་མི་མང་ལ་བཤས་ཚོང་མ་རྒྱག་ཅེས་བཤད་པར་
རྒྱུ་མཚན་ཡོད། དེ་ཡང་ངས་བསམ་ན། ང་ཚོ་དཔལ་འབྱོར་
ཡར་རྒྱས་མེད་པ་དང་དཔལ་འབྱོར་མཐའ་བརྡིབས་ནས་བྱ་
ཐབས་མེད་པ་ཆགས་སྤྱད་ཀྱི་འགག་རྩ་ངོ་མ་དེ་བཤས་ཚོང་
ལ་འགོ་འཁོར་བཅུག་ནས་རིག་གནས་ལག་རྩལ་སོགས་
འཚོ་ཐབས་གཞན་སློབ་པར་སྐུལ་འདེད་མ་བྱས་ཤིང་དེའི་
ཕྱོགས་ལ་བསམ་བློ་གཏོང་དུ་མ་བཅུག་པས་རེད། ལས་ཀ་
ལས་སྟངས་འདིར་ང་ཚོས་དོགས་པ་སློང་དགོས་ཤིང་། དཔལ་
འབྱོར་ཡར་རྒྱས་མི་འགྲོ་བའི་རྩ་བའི་གནད་འགག་གཅིག་འདི་
ལ་ཐུག་ཡོད་པ་དེ་ཚང་མས་ཧ་གོ་དགོས། དེ་ངའི་བསམ་བློ་དང་
ལྟ་གྲུབ་ཡིན། གལ་ཏེ་གཞན་ལ་དེ་ལྟར་མིན་པའི་རྒྱུ་མཚན་ཞིག་
བཤད་རྒྱུ་ཡོད་ན་དེ་རེད། མེད་ན་ཨུ་ཚུགས་བྱ་རྒྱུ་གང་ཡང་ལྷག་
མེད།
དེ་ཡང་འབྲོག་པ་ཞིག་ལ་མཚོན་ན་ཕའི་རིང་ལ་བཤས་ཚོང་
ལས་ཅི་ཡང་མ་ཤེས། བུའི་རིང་ལ་ཡང་དེ་ལས་མ་ཤེས། བུའི་
བུའི་རིང་ལ་ཡང་བཤས་ཚོང་རྒྱག་རྒྱུ་ལས་ཅི་ཡང་མི་ཤེས་པ་
ཡིན་ན་སྒོ་རྩ་ན་གཤས་ཚོང་གི་མ་རྩ་ཅི་ཙམ་འདུག འབྲོག་པ་ཧ་
ཅང་ཕྱུག་པོའ་ིགྲས་ཤིག་ཡིན་ན་ཡང་ཟོག་མནག་སུམ་བརྒྱ་ཡར་
མར་རེ་ལས་ཨེ་ཡོད་མི་ཤེས། ཟོག་གནག་སུམ་བརྒྱ་ཟེར་ན་
དོས་སྐྱེལ་རླངས་འཁོར་བཅུ་ཐམ་པ་རེད། དེ་ཡང་ཟོང་འཁོར་ཆེ་
གྲས་ཤིག་ཏུ་ཟོག་སུམ་ཅུ་ཤོང་གི་རེད།
ལོ་གཅིག་གིས་རླངས་འཁོར་བཅུ་པོ་ཡོངས་རྫོགས་
བཙོངས་ཟིན་པའམ། དེ་མིན་ཡང་ལོ་གཉིས་ཀྱི་ནང་ལ་ད་ལོ་
རླངས་འཁོར་ལྔ་དང་། ལོ་རྗེས་མར་རླངས་འཁོར་ལྔ་བཙོངས་པ་
ཡིན་ན་དེ་ནས་རྔ་མ་བུད་ཚར་བ་རེད། ཉག་རོང་ལུང་པའི་ནང་
གི་ཤིང་ནགས་གཅིག་པུ་ལ་བསམ་བློ་བཏང་ན་ཡང་ཅི་འདྲའི་
གཞི་རྒྱ་ཆེན་པོ་ཡོད་པ་རེད་དེ། རྒྱལ་ཁབ་ཀྱིས་ཡུན་རིང་པོར་
བཅད་ནས་མཐར་འབྲི་ཆུའི་སྨད་རྒྱུད་ལ་ཆུ་ལོག་རྒྱུགས་ཏེ་མི་
རྣམས་རྩ་བ་ནས་འདུག་མ་བཅུག་པའི་དབང་གིས་ད་ལྟ་སྒེར་གྱི་
ཁང་ཤིང་ཙམ་ཡང་གཅོད་མི་ཆོག་པ་བཟོས་ཡོད་པ་ཡང་ཤིང་
ནགས་ཟད་སོང་བའི་དབང་གིས་རེད། ཤིང་ནགས་ཀྱང་དེ་ལྟར་
ཟད་ནས་འགྲོ་བ་ཡིན་ན་འབྲོག་པའི་སྒོ་རྩ་ན་ཡོད་པའི་ཕྱུགས་
ཟོག་ཉུང་ཉུང་དེ་དག་དེ་བས་ཀྱང་ད་ལྟ་ད་ལྟ་ཟད་འགྲོ་གི་རེད།
འོ་ན་ང་ཚོར་འཕེལ་རྒྱས་དགོས་སམ་མི་དགོས་ཟེར་ན། ང་ཚོ་
བནྡེ་དག་གིས་ཀྱང་བོད་ཀྱི་ཁྱིམ་ཚང་དག་ལ་དཔལ་འབྱོར་
ཡར་རྒྱས་སུ་གཏོང་དགོས་ཟེར་བ་ལས་མི་དགོས་ཟེར་རྒྱུ་
མེད། འོན་ཀྱང་ཡར་རྒྱས་གཏོང་སྟངས་དེ་བཤས་ཚོང་གི་
འཚོ་ཐབས་མིན་པ་གསལ་པོ་བྱེད་དགོས། དེང་སང་འཛམ་བུ་གླིང་གིས་རྒྱུན་སྲིང་གི་འཕེལ་རྒྱས་
ཟེར་བ་ཞིག་བཤད་ཀྱི་ཡོད་ཅིང་། དེ་ཚོ་ཚང་མས་ཡང་ནས་ཡང་
དུ་ཡུན་རིང་པོའ་ིབར་དུ་རྒྱུན་བསྲིངས་ནས་འཕེལ་རྒྱས་འགྲོ་
ཐུབ་པ་དེ་འདྲ་ཞིག་ལ་བསམ་བློ་བཏང་གིན་ཡོད་པ་རེད། འོན་
ཀྱང་བཤས་ཚོང་འདི་རིགས་ལ་རྒྱུན་བསྲིང་མི་ཐུབ་པའི་ཕེལ་
རྒྱས་ཟེར་བ་རེད། དེས་ན་ད་ནས་རབ་ན་རིག་གནས་སྦྱོང་། དེ་
མིན་ན་ལོ་བཞི་བཅུ་མན་ཆད་ཀྱིས་ལག་རྩལ་སྦྱོང་། དེ་ཡང་མ་
འཇོན་ན་ངལ་རྩོལ་བྱས་ནས་ཁ་གསོ་བ་འདི་རྒྱུན་བསྲིངས་ཐུབ་
པའི་འཕེལ་རྒྱས་རེད། དེས་ན་ཚང་མས་བསམ་ལུགས་དང་
བཤད་ལུགས་ལས་ལུགས་ངོ་མ་གང་ཡིན་དེ་གོ་དགོས།
དེ་ཡང་། བོད་ཀྱི་མགར་དང་ཚེམས་གྲུབ་ཤིང་བཟོ་
སོགས་སྦྱོང་དགོས། ཆུང་ས་ནས་བཤད་ན་ཉག་རོང་ལྟ་བུའི་
ཤིང་ཆ་མོད་ས་ཞིག་ལ་མཚོན་ན་ཤིང་གི་རྩ་བ་སྐམ་ཟིན་པའི་
འཛེར་ཐོ་འདི་དག་གིས་ཅ་ནེ་འཇོག་ས་དང་དབྱིབས་གཟུགས་
འདྲ་མིན་བརྐོ་གཞོག་བྱས་ནས་བཙོང་པ་ཡིན་ན་ཡང་མི་མང་པོ་
ཞིག་གི་ཁ་སོས་ཐུབ། རྒྱ་ཡུལ་དུ་མི་མང་པོ་ཞིག་གི་འཚོ་བ་འདི་
འདྲ་ལ་བརྟེན་ཡོད་པ་རེད།
མདོར་ན་ད་ནས་ང་ཚོས་ཤེས་རིག་དང་ལག་རྩལ་
གྱིས་ཁ་གསོ་བ་ལས་ཞིང་ཁའི་ནང་དུ་ཚེར་མ་བཏབ། སྒོ་
ཕྱུགས་ཚང་མ་བཤས་ཚོང་བྱས། རིག་གནས་དང་ལག་རྩལ་
གང་ཡང་མ་བསླབས་པ་ཡིན་ན་ནམ་ཞིག་སྒོ་ཕྱུགས་དག་
ཟད་པ་དང་མི་གེའི་འཆི་རྒྱུ་མ་གཏོགས་མེད། ཕར་ཐད་ཀར་
ལྟས་ན་བཤས་ཚོང་ཞིག་བརྒྱབ་པ་ཡིན་ན་དེ་མ་ཐག་སྒོར་མོ་
ཁྲི་ཁ་ཤས་རག་གི་རེད་དེ། ཕུགས་ལ་ལག་རྩལ་སྦྱངས་ནས་
ལས་ཀ་ལས་ན་དེ་ཕན་ཐོགས་ཆེ། དེ་ཡང་ང་ཚོ་བོད་པ་ལྟ་བུ་ས་
རྒྱ་ཆེན་པོ། མི་ཉུང་ཉུང། གཏེར་ཁ་དང་ཐོན་ཁུངས་རྒྱ་ཆེན་པོ་
ཡོད་པའི་མི་རིགས་ཤིག་གིས་བཤས་ཚོང་ཞིག་རྩ་བ་ནས་རྒྱག་
དགོས་དོན་ཡོད་པ་མ་རེད། གོང་དུ་བཤད་པ་ལྟར་ཐ་ན་ཤིང་གི་
འཛེར་ཐོ་རྐྱང་པ་བརྐོ་བཞོག་བྱས་བསྡད་ན་ཡང་ཁ་སོས་འགྲོ་གི་
རེད།
ལག་རྩལ་གཞན་མ་ཤེས་ཀྱང་རྡོ་རྩིག་རྩིག་རྒྱུ། གྱང་རྡུང་རྒྱུ་
སོགས་དང་། དེ་མིན་ལམ་ལས་ས་སོགས་སུ་ཨར་འདམ་གྱི་
ལས་ཀ་མང་པོ་ཡོད་རེད་ལ་ཨར་འདམ་གྱི་ལས་ཀ་ལས་རྒྱུ་
འདི་དག་ལ་མི་ཤེས་རྒྱུ་ཞིག་རྩ་བ་ནས་མེད་ན་ཡང་། ད་ལྟ་ང་
ཚོར་མཚོན་ན་འདི་དག་ཚང་མ་རྒྱ་རིགས་ཀྱིས་ལས་ཀྱིན་ཡོད་
པ་རེད། དེ་ཡང་རྒྱ་རིགས་ཤིག་གིས་ལས་ན་ཉིན་གླ་སྒོར་མོ་
བརྒྱ་དང་བཞི་བཅུ་ལྔ་བཅུ་དགོས་པ་དང་། བོད་པ་ཞིག་གིས་
ལས་ན་སྒོར་མོ་ལྔ་བཅུ་དྲུག་བཅུ་ལས་མི་ལོན་པ་རེད། ལས་ཀ་
ལས་དགོས་པ་འདྲ་འདྲ་ཡིན་བཞིན་གོང་ཆེ་ཤོས་ལོན་ན་དེར་
མི་དགའ་མཁན་སུ་ཡོད། ཁང་པ་ཞིག་ལས་དགོས་ན་ཡང་ཇུས་
འགོད་བྱེད་རྒྱུ་སོགས་ལག་ཤེས་ཅུང་དཀའ་མོའ ་ིརིགས་དེ་དག་
ནི་རྒྱ་རིགས་ལས་བཟོ་བ་དེ་དག་གིས་ཀྱང་མང་ཆེ་བས་ཤེས་ཀྱི་
མེད་པར་གཞན་ཞིག་གི་ཇུས་འགོད་ཟིན་པའི་རི་མོར་ལྟས་ནས་
ལས་གིན་ཡོད་པ་ལས་དེའི་ནང་ན་ཤེས་མཁན་གཅིག་གཉིས་རེ་
ལས་ཡོད་པ་མ་རེད།
དེ་བཞིན་གསེར་རྟ་ལྟ་བུར་མཚོན་ན་མཛུབ་མོ་ལ་སྐོན་
རྒྱུའི་འཛུབ་དཀྲིས་ཐེབས་ཆག་ཅིིག་ཡིན་ན་ཡང་བོད་པ་མགར་
མཁན་མེད་པར་ཡུན་ནན་ནས་ཡོང་བའི་རྒྱ་རིགས་རྐྱང་པས་
མགར་གྱིན་ཡོད་པ་རེད། ལྷ་སར་མཚོན་ན་ཡང་ཁྲོམ་བར་ན་
མགར་བྱེད་གྱིན་ཡོད་པ་ཡོངས་རྫོགས་རྒྱ་ཁོ་ན་རེད། དེ་བཞིན་
ཁྲིན་ཏུ་ན་ཡོད་པའི་བོད་ཀྱི་ས་གདན་ལས་སར་མཚོན་ན་ཉི་མ་
རེ་རེ་བཞིན་ས་གདན་ཟོང་འཁོར་(དོས་སྐྱེལ་རླངས་འཁོར་གྱི་ཐ་སྙད་གསར་པ)ཧ་
ཅང་མང་པོ་སྐྱེལ་འདྲེན་བྱེད་གྱིན་ཡོད་པར་མ་ཟད། བོད་ཀྱི་ཅ་
ལག་ཡིན་པས་དར་རྩེ་མདོ་དང་འབར་ཁམས་ལྟ་བུ་བོད་ཀྱི་ས་
གནས་ཞིག་གམ། ཐ་ན་ཉག་རོང་རྫོང་ནས་འཐག་བཞག་ན་ཡང་
ཆོག་གི་རེད་དེ། ཚང་མ་རྒྱ་རིགས་ཁོ་ནས་འཐག་གིན་ཡོད་པ་
དང་། བོད་ཀྱི་སྤོས་ཀྱང་། དང་པོ་བོད་ཀྱིས་ལས་ཁུལ་བྱས་ན་
ཡང་ད་ལྟ་རྒྱ་རིགས་ཁོ་ནས་ལས་ཀྱིན་ཡོད་པ་འདི་རེད། དེས་
ན་འདི་རིགས་ཀྱི་ཐོག་ལ་བསམ་བློ་བཏང་ནས་འདི་དག་ལ་
སློབ་སྦྱོང་མ་བྱས་ན་དཔལ་འབྱོར་ཡར་རྒྱས་འགྲོ་གི་མ་རེད་མི་
ཟེར་བར་ཡིན་གཅིག་མིན་གཉིས་བཤས་མ་བཤས་ན་དཔལ་
འབྱོར་ཡར་རྒྱས་འགྲོ་གི་མ་རེད་ཟེར་དགོས་པའི་རྒྱུ་མཚན་ཅི་
རེད། ངས་བསམ་ན་སྐད་ཆ་འདི་ནོར་བ་རེད། གལ་ཏེ་དེ་ལྟར་
སློབ་མཁན་ཞིག་ཡོད་ན་དེ་བསམ་ནག་གི་བསླབ་བྱ་ཞིག་གམ་
བསམ་པ་ཕྱིན་ཅི་ལོག་གི་བསླབ་བྱ་ཞིག་རེད།
དེས་ན་བོད་ཀྱི་འཚོ་བ་སྐྱེལ་སྟངས་ཀྱང་ད་ཕན་ཆོད་
བཤས་ཚོང་རྒྱག་རྒྱུ་མིན། དཔལ་འབྱོར་ཡར་རྒྱས་ལ་འགྲོ་རྒྱུ་
ཡིན་ཞེས་པའི་སློབ་གསོ་འདི་གཏོང་དགོས། འདི་ཧ་ཅང་གལ་
ཆེན་ཡིན།
འོན་ཀྱང་། ང་ཚོས་ཁྲིམས་བཞག་ནས་འདི་ཆོག་དང་མི་
ཆོག་ཟེར་རྒྱུ་མེད། རྒྱལ་ཁབ་ཀྱིས་ཀྱང་བཤས་ཟོག་མ་བཤའ་
ཟེར་ནས་བསླབ་བྱ་རྒྱག་ཆོག་ཀྱང་བཤའ་མི་ཆོག་ཟེར་ནས་
ཁྲིམས་འཇོག་མི་ཆོག་ཟེར་གྱི་ཡོད་པ་ཡིན་དུས་སློབ་གསོ་སྤྲོད་
རྒྱུ་ཙམ་ང་ཚོའི་འོས་འགན་རེད།
རྫ་བཀྲ་ལགས། གང་ལྟར་བཀའ་སློབ་ཡིན་ན་འཆད་ཁྲིད་ཡིན་ན་དེབ་དའི་ཁ་བྱང་ནི་ངོ་མོ་བློ་ལ་བབ་མ་སོང་། ལོ་རྙིང་ནང་རྡོ་གདན་ལ་དུས་དབང་ཞུ་རུ་འགྲོ་དུས་དེབ་དེ་མཐོང་སོང་། ཁ་བྱང་དེ་གས་སེམས་ལ་མ་བདེ་བ་ཞིག་བཟོས་སོང་དེ་དུས་གཞན་ལ་བཤད་རྒྱུར་བྱུང་བོད་པ་ཚང་ལ་ཐ་སྙད་རྫོགས་ཡིན་རྒྱུ་ར་ད་འདིའི་ཁ་བྱང་ལ་ཅིག་ལྟོས་དང་ང་ལ་ཉོ་འདོད་མ་ཟེར་ལྟ་འདོད་མེད་པར་བྱས་སོང་། དེ་མིན་མཁན་པོ་ཁོང་གི་དེབ་མང་བཀླགས་མྱོང་ཡོད་ལོ་སྔོན་མར་རྡ་ས་ནས་ཁོང་གི་གསུང་རྩོམ་དེབ་ཕྲེང་དྲུག་ཅན་ཞིག་རེག་སོང་རེ་རེ་ཞིབ་ཀློག་བྱས་ཡིན། འོན་ཀྱང་ད་ཐེངས་ཀྱི་དེབ་དེ་ཀློག་འདོད་མེད་པར་ཆགས་སོང་། དེ་ནི་ཁ་བྱང་དེ་ལན།
ཁ་བྱང་དེ་ནི་ངས་བཏགས་པ་རེད། ཚང་མ་ང་ལན། གསལ་གཞན་ནི་མེད། ངས་སྐུ་ཉིད་ཀྱི་ཐུགས་ཚོར་ལ་བསམ་ཤེས་ཐུབ་ཀྱི་འདུག ཡིན་ན་ཡང་ཚིག་ལ་མི་རྟོན་དོན་ལ་རྟོན་པའི་སྒོ་ནས་ནང་དོན་བབ་ཀློག་རེ་བྱས་ན་སྐད་ཆ་ནི་གལ་ཆེན་མང་པོ་ཡོད་ངེས་རེད། ཐུགས་རྗེ་ཆེ།
བཀྲ་ཤིས་ཟེར་བ་དེ་དགའ་ལྡན་རེད། དགའ་ལྡན་ཟེར་བ་བསྟན་འཛིན་ཉི་མ། བསྟན་འཛིན་ཉི་མ་ཟེར་བ་དེ་བསྟན་འཛིན་རེད། བསྟན་འཛིན་ཟེར་བ་དེ་ཚངས་དབྱངས་རེད། ཚངས་དབྱངས་ཟེར་བ་དེ་ Tenzin་རེད། དེ་བཞིན་བསྟན་རྡོར། སྨྱུ་གུ སྟན། བློ་བཟང་དབང་རྒྱལ་གྱི་སྒྱུར་ཡིག གཏམ་བཟང་། རེ་བ་བཅས་རེད། དེ་གོང་དུ་ཁ་བརྡས་བཤད་འདུག
ཁྲི་རལ་བ་ལགས། མྱི་ཞིག་གིས་སྐད་ཆ་བཤད་ཚད་ཡིག་བྲིས་བཞག་ན་དེའི་ནང་ན་ནོར་བ་དང་མ་ནོར་བ་གཉིས་ཡོད་ཡོད་པ་རེད། རྒྱལ་བའི་བཀའ་སློབ་ཡིན་ན་ཡང་ཚིག་གཅིག་ནོར་འཁྲུལ་མེད་ཅེས་ཨུ་ཚུགས་བྱེད་རྒྱུ་ཡོད་མ་རེད། ནོར་བ་རེ་ཟུང་ཡོད་རེད་ལ་དེ་ཡོང་ཆོག་གི་རེད། ཡིན་ན་ཡང་རྒྱལ་བའི་བཀའ་སློབ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཅིག་ཡོད་པ་དེ་ནི་ལྷག་བསམ་རྣམ་དག་དེ་རེད། དེ་ཁོང་གིས་ཁྱད་ཆོས་རེད། བླ་རྒན་འདིས་ད་རེས་ཕྱོགས་རིས་བྱས་སོང་བསམ་བསམ་དང་ད་རེས་ཀུན་སློང་སྡུག་ཅག་ཅིག་འདུག་བསམ་པ་གོ་མ་མྱོང་། བཀའ་སློབ་ཚང་མ་བསམ་པ་རྣམ་དག་ཡིན་ནི་རེད།
དེ་ཡིན་དུས་རེ་ཟུང་ནོར་ཡོད་ན་ཡང་སྐྱོན་ཡོད་ནི་མ་རེད།
xxxxxxxxxxxxxxxxxxxxxxxxxxxxxxxxxxxx
ཚེ་བཀྲ་ལགས་ཀྱི་གསུངས་པ་དེ་དངོས་ཡོད་གནས་ཚུལ་ཞིག་ཡིན་པས་ཐུགས་ལ་འཇགས་པར་ཞུ་་་་་་་་་་་་དགེ་བཅུའི་ལུགས་སྲོལ་སོགས་ཀྱི་དོན་སྙིང་ཤེས་འདོད་ཡོད་ཚེ་ཁོང་གི་གསུངས་རྩོམ་དང་བཀའ་སློབ་སོགས་སུ་ཉན་རོགས་་་་་་་་་་་་་་་་་་་་
ལྕགས་འགོར་ལགས་ཀྱིས་དུས་ཐོག་ཆར་པ་ཞེས་པའི་ཁ་བྱང་བློར་མི་བབས་པ་ནི་ཆུ་ངོགས་གཏམ་བརྒྱུད་བཀླགས་མྱོང་བའི་བག་ཆགས་ཀྱིས་ཡིན་པ་འདྲ།གཞན་དག་བོད་ནང་དུ་ཁ་བྱང་འདི་ཇི་འདྲའི་འོས་ཤིང་འཚམས་པ་ཞིག་རེད་ཅེས་ཤོད་མཁན་མང་པོ་ཡོད་པར་ཐོས། དོན་དུ་བོད་ཀྱི་སྔར་ཡོད་ཀྱི་གཏམ་དཔེ་སྟེ། དུས་སུ་བབས་པའི་ཆར་ཞེས་པའི་དོན་རེད། དེས་ན་སྐབས་ཐོབ་ཀྱི་གོ་བ་མི་ལེན་པར་རྟོག་བཟོའི་མི་སྣ་ཞིག་གི་སྣང་བརྙན་ལ་བཙན་སྦྱོར་བྱེད་དགོས་དོན་མི་འདུག་སྙམ། དགོངས་དག བསམ་ཚུལ་ཙམ་བརྗོད་པ་ཡིན།
ཞབས་མཆན་ ༦༦པའི་རྔ་མ་ཁ་བརྡ་ཚང་གིས་གཏུབ་འདུག་ག ཡཡ་ད་ཕྱིན་ཆད་དེ་འདྲ་ཡིན་ན་བཟང་གི ཉེ་ཆར་རྒྱ་མིའི་སོ་པ་ཨོ་རྒྱན་རིག་འཛིན་ཟེར་བ་སོགས་ཀྱི་མིང་ཐོག་ནས་མཁན་ཆེན་མཆོག་ལ་ཚད་ལས་བརྒལ་བའི་མཚན་སྨོད་བྱས་པ་དེ་ད་རུང་གཞག་འདུག དེ་ལ་བལྟས་ན་ངས་ཅི་ཡང་མ་འགྲིག་པ་མེད། ངས་དྲང་བདེན་བཤད་ནི་རེད། ཡིན་ན་ཡང་ཁ་བརྡ་་་དྲ་ཚང་ལ་ཕྱོགས་མེད་པའི་རེ་བ་ཡོད།
་ཁ་བྱང་དུས་སུ་བབ་པ་ཞིག་རེད་དྲན་གྱིན་འདུག་དུས་རབས་ཉེར་གཅིག་པའི་ནང་ལ་དེ་འདྲའི་བཀའ་སློབ་ཞིག་དུས་སུ་བབ་པ་རེད་་་་་་་་་
ཡ་ཡ་ཡ། བསོད་ཕུན། ཅིག་ཤོད་ད། ཁྱོད་ལ་ངོ་ཚ་རྒྱུ་མེད་པ་རེད་དམ།
ད་ཅི་ཙམ་བཤད་ཀྱང་འདྲ། ཇི་ལྟར་བཤད་ཀྱང་། གང་ལྟར་དགེ་བཅུའི་ཁྲིམས་ཟེར་བར་ཁ་གཡར་བའི་རོང་འབྲོག་མང་ཚོགས་ཀྱི་འཚོ་བར་ཆེད་དུ་གནོད་བྱེད་ཀྱི་སྒོ་ཕྱུགས་བེད་སྤྱོད་མི་ཆོག་པའི་དབང་ཐང་རྒྱ་སྐྱེད་འདི་རིགས་ལ་དེང་སྐབས་གཉིད་སད་ཡོད་པའི་སྤྱི་ཚོགས་ཚོས་ནམ་ཡང་ངོ་ལེན་བྱེད་མི་སྲིད་མོད། ད་དུང་གཉིད་འཐུག་པོས་ནོན་པའི་ས་ཁུལ་ཁུག་འཁྱོགས་ཀྱི་མང་ཚོགས་ཚོས་རྨོངས་དད་དང་། ཞེད་སྣང་ཅི་རིགས་ལ་བརྟེན་གནས་སྐབས་རིང་ངོས་ལེན་བྱེད་སྲིད་མོད། མང་ཚོགས་ཀྱི་མགོ་ནང་གི་རྨོངས་གཉིད་སད་ཐུབ་ན་ད་ནས་བླ་སྤྲུལ་གྱི་སྟེངས་འཛིན་འོག་ལ་བོད་པ་ཚང་འགྲོ་མི་དགོས་པ་གཙོར་འདོན་ང་ཚོས་བྱེད་དགོས།
གོང་འཁོད་དྲ་ཐོག་འདི་ལhttp://ti.tibet3.com/news/tibet/sc/2011-10/19/content_399250.htm་ཅིག་བལྟས་དུས་སེམས་ནང་ནས་ངོ་མ་ཞེན་པ་ལོགས་སོང་། ང་ཚོའི་རང་བརླགས་ལ་རོགས་འདེགས་ཡག་པོ་ཡོང་བཞིན་པ་དེ་རིང་མིག་མཐོག་ལག་ཟིན་རེད། ཁ་ནས་སུས་ཀྱང་སྙན་པོ་ཤོད་ངེས་རེད། དེ་གཙོ་བོ་མ་རེད། ག་རེ་བྱེད་ཀྱིན་འདུག ཅི་ཞིག་བྱས་པར་འབྲས་བུ་གང་ཞིག་ཡོང་བཞིན་འདུག་དེ་ཚོ་གཙོ་བོ་རེད་དོ། །
མི་དགོས། མི་དགོས། ད་ངས་ཆ་ཚང་ཤེས་སོང་། ཕྱོགས་ཞེན་ཅན་གྱི་དྲ་འབུ་རེ་ཟུང་གིས་ཕྱོགས་ཞེན་ཇི་ལྟར་དང་། འུད་བསྟོད་ཇི་ལྟར་བྱས་ཀྱང་དེས་ང་དང་ང་འདྲ་བ་ཚོ་མགོ་སྐོར་གཏང་ཐུབ་དོན་མེད། མི་དགོས། མི་དགོས། མི་དགོས། མི་དགོས།
ཞབས་བཆན ༦༢ པར་རྫ ་ཚེ་རིང་བཀྲ་ཤིས་ནས་བྲིས་པ་དེ་ཡག་པོ་འདུག
བཤས་ཚོང་སྐོར་གྱི་བཀའ་མོལ་ཆ ་ཚང་ཤོས་་་་་་་་་་་་་་་
དུས་ཐོག་ཆར་པའི་ས་བཅད་ཅིག
༼དྲང་བདེན་གྱི་འཚོ་ཐབས༽
ང་ཚོས་མི་མང་ལ་བཤས་ཚོང་མ་རྒྱག་ཅེས་བཤད་པར་རྒྱུ་མཚན་ཡོད། དེ་ཡང་ངས་བསམ་ན། ང་ཚོ་དཔལ་འབྱོར་ཡར་རྒྱས་མེད་པ་དང་དཔལ་འབྱོར་མཐའ་བརྡིབས་ནས་བྱ་ཐབས་མེད་པ་ཆགས་སྤྱད་ཀྱི་འགག་རྩ་ངོ་མ་དེ་བཤས་ཚོང་ལ་འགོ་འཁོར་བཅུག་ནས་རིག་གནས་ལག་རྩལ་སོགས་འཚོ་ཐབས་གཞན་སློབ་པར་སྐུལ་འདེད་མ་བྱས་ཤིང་དེའི་ཕྱོགས་ལ་བསམ་བློ་གཏོང་དུ་མ་བཅུག་པས་རེད། ལས་ཀ་ལས་སྟངས་འདིར་ང་ཚོས་དོགས་པ་སློང་དགོས་ཤིང་། དཔལ་འབྱོར་ཡར་རྒྱས་མི་འགྲོ་བའི་རྩ་བའི་གནད་འགག་གཅིག་འདི་ལ་ཐུག་ཡོད་པ་དེ་ཚང་མས་ཧ་གོ་དགོས། དེ་ངའི་བསམ་བློ་དང་ལྟ་གྲུབ་ཡིན། གལ་ཏེ་གཞན་ལ་དེ་ལྟར་མིན་པའི་རྒྱུ་མཚན་ཞིག་བཤད་རྒྱུ་ཡོད་ན་དེ་རེད། མེད་ན་ཨུ་ཚུགས་བྱ་རྒྱུ་གང་ཡང་ལྷག་མེད།དེ་ཡང་འབྲོག་པ་ཞིག་ལ་མཚོན་ན་ཕའི་རིང་ལ་བཤས་ཚོང་ལས་ཅི་ཡང་མ་ཤེས། བུའི་རིང་ལ་ཡང་དེ་ལས་མ་ཤེས། བུའི་བུའི་རིང་ཡང་བཤས་ཚོང་རྒྱག་རྒྱུ་ལས་ཅི་ཡང་མི་ཤེས་པ་ཡིན་ན་སྒོ་རྩ་ན་གཤས་ཚོང་གི་མ་རྩ་ཅི་ཙམ་འདུག འབྲོག་པ་ཧ་ཅང་ཕྱུག་པོའ་ིགྲས་ཤིག་ཡིན་ན་ཡང་ཟོག་མནག་སུམ་བརྒྱ་ཡར་མར་རེ་ལས་ཨེ་ཡོད་མི་ཤེས། ཟོག་གནག་སུམ་བརྒྱ་ཟེར་ན་དོས་སྐྱེལ་རླངས་འཁོར་བཅུ་ཐམ་པ་རེད། དེ་ཡང་ཟོང་འཁོར་ཆེ་གྲས་ཤིག་ཏུ་ཟོག་སུམ་ཅུ་ཤོང་གི་རེད།ལོ་གཅིག་གིས་རླངས་འཁོར་བཅུ་པོ་ཡོངས་རྫོགས་བཙོངས་ཟིན་པའམ། དེ་མིན་ཡང་ལོ་གཉིས་ཀྱི་ནང་ལ་ད་ལོ་རླངས་འཁོར་ལྔ་དང་། ལོ་རྗེས་མར་རླངས་འཁོར་ལྔ་བཙོངས་པ་ཡིན་ན་དེ་ནས་རྔ་མ་བུད་ཚར་བ་རེད། ཉག་རོང་ལུང་པའི་ནང་གི་ཤིང་ནགས་གཅིག་པུ་ལ་བསམ་བློ་བཏང་ན་ཡང་ཅི་འདྲའི་གཞི་རྒྱ་ཆེན་པོ་ཡོད་པ་རེད་དེ། རྒྱལ་ཁབ་ཀྱིས་ཡུན་རིང་པོར་བཅད་ནས་མཐར་འབྲི་ཆུའི་སྨད་རྒྱུད་ལ་ཆུ་ལོག་རྒྱུགས་ཏེ་མི་
རྣམས་རྩ་བ་ནས་འདུག་མ་བཅུག་པའི་དབང་གིས་ད་ལྟ་སྒེར་གྱི་ཁང་ཤིང་ཙམ་ཡང་གཅོད་མི་ཆོག་པ་བཟོས་ཡོད་པ་ཡང་ཤིང་ནགས་ཟད་སོང་བའི་དབང་གིས་རེད། ཤིང་ནགས་ཀྱང་དེ་ལྟར་ཟད་ནས་འགྲོ་བ་ཡིན་ན་འབྲོག་པའི་སྒོ་རྩ་ན་ཡོད་པའི་ཕྱུགས་ཟོག་ཉུང་ཉུང་དེ་དག་དེ་བས་ཀྱང་ད་ལྟ་ད་ལྟ་ཟད་འགྲོ་གི་རེད། འོ་ན་ང་ཚོར་འཕེལ་རྒྱས་དགོས་སམ་མི་དགོས་ཟེར་ན། ང་ཚོ་བནྡེ་དག་གིས་ཀྱང་བོད་ཀྱི་ཁྱིམ་ཚང་དག་ལ་དཔལ་འབྱོར་ཡར་རྒྱས་སུ་གཏོང་དགོས་ཟེར་བ་ལས་མི་དགོས་ཟེར་རྒྱུ་མེད། འོན་ཀྱང་ཡར་རྒྱས་གཏོང་སྟངས་དེ་བཤས་ཚོང་གི་འཚོ་ཐབས་མིན་པ་གསལ་པོ་བྱེད་དགོས། དེང་སང་འཛམ་བུ་གླིང་གིས་རྒྱུན་སྲིང་གི་འཕེལ་རྒྱས་ཟེར་བ་ཞིག་བཤད་ཀྱི་ཡོད་ཅིང་། དེ་ཚོ་ཚང་མས་ཡང་ནས་ཡང་དུ་ཡུན་རིང་པོའ་ིབར་དུ་རྒྱུན་བསྲིངས་ནས་འཕེལ་རྒྱས་འགྲོ་ཐུབ་པ་དེ་འདྲ་ཞིག་ལ་བསམ་བློ་བཏང་གིན་ཡོད་པ་རེད། འོན་ཀྱང་བཤས་ཚོང་འདི་རིགས་ལ་རྒྱུན་བསྲིང་མི་ཐུབ་པའི་ཕེལ་རྒྱས་ཟེར་བ་རེད། དེས་ན་ད་ནས་རབ་ན་རིག་གནས་སྦྱོང་། དེ་མིན་ན་ལོ་བཞི་བཅུ་མན་ཆད་ཀྱིས་ལག་རྩལ་སྦྱོང་། དེ་ཡང་མ་འཇོན་ན་ངལ་རྩོལ་བྱས་ནས་ཁ་གསོ་བ་འདི་རྒྱུན་བསྲིངས་ཐུབ་པའི་འཕེལ་རྒྱས་རེད། དེས་ན་ཚང་མས་བསམ་ལུགས་དང་བཤད་ལུགས་ལས་ལུགས་ངོ་མ་གང་ཡིན་དེ་གོ་དགོས།དེ་ཡང་། བོད་ཀྱི་མགར་དང་ཚེམས་གྲུབ་ཤིང་བཟོ་སོགས་སྦྱོང་དགོས། ཆུང་ས་ནས་བཤད་ན་ཉག་རོང་ལྟ་བུའི་ཤིང་ཆ་མོད་ས་ཞིག་ལ་མཚོན་ན་ཤིང་གི་རྩ་བ་སྐམ་ཟིན་པའི་འཛེར་ཐོ་འདི་དག་གིས་ཅ་ནེ་འཇོག་ས་དང་དབྱིབས་གཟུགས་འདྲ་མིན་བརྐོ་གཞོག་བྱས་ནས་བཙོང་པ་ཡིན་ན་ཡང་མི་མང་པོ་ཞིག་གི་ཁ་སོས་ཐུབ། རྒྱ་ཡུལ་དུ་མི་མང་པོ་ཞིག་གི་འཚོ་བ་འདི་འདྲ་ལ་བརྟེན་ཡོད་པ་རེད།མདོར་ན་ད་ནས་ང་ཚོས་ཤེས་རིག་དང་ལག་རྩལ་གྱིས་ཁ་གསོ་བ་ལས་ཞིང་ཁའི་ནང་དུ་ཚེར་མ་བཏབ། སྒོ་ཕྱུགས་ཚང་མ་བཤས་ཚོང་བྱས། རིག་གནས་དང་ལག་རྩལ་གང་ཡང་མ་བསླབས་པ་ཡིན་ན་ནམ་ཞིག་སྒོ་ཕྱུགས་དག་ཟད་པ་དང་མི་གེའི་འཆི་རྒྱུ་མ་གཏོགས་མེད། ཕར་ཐད་ཀར་ལྟས་ན་བཤས་ཚོང་ཞིག་བརྒྱབ་པ་ཡིན་ན་དེ་མ་ཐག་སྒོར་མོ་ཁྲི་ཁ་ཤས་རག་གི་རེད་དེ། ཕུགས་ལ་ལག་རྩལ་སྦྱངས་ནས་ལས་ཀ་ལས་ན་དེ་ཕན་ཐོགས་ཆེ། དེ་ཡང་ང་ཚོ་བོད་པ་ལྟ་བུ་ས་རྒྱ་ཆེན་པོ། མི་ཉུང་ཉུང། གཏེར་ཁ་དང་ཐོན་ཁུངས་རྒྱ་ཆེན་པོ་ཡོད་པའི་མི་རིགས་ཤིག་གིས་བཤས་ཚོང་ཞིག་རྩ་བ་ནས་རྒྱག་དགོས་དོན་ཡོད་པ་མ་རེད། གོང་དུ་བཤད་པ་ལྟར་ཐ་ན་ཤིང་གི་འཛེར་ཐོ་རྐྱང་པ་བརྐོ་བཞོག་བྱས་བསྡད་ན་ཡང་ཁ་སོས་འགྲོ་གི་རེད།ལག་རྩལ་གཞན་མ་ཤེས་ཀྱང་རྡོ་རྩིག་རྩིག་རྒྱུ། གྱང་རྡུང་རྒྱུ་
སོགས་དང་། དེ་མིན་ལམ་ལས་ས་སོགས་སུ་ཨར་འདམ་གྱི་ལས་ཀ་མང་པོ་ཡོད་རེད་ལ་ཨར་འདམ་གྱི་ལས་ཀ་ལས་རྒྱུ་འདི་དག་ལ་མི་ཤེས་རྒྱུ་ཞིག་རྩ་བ་ནས་མེད་ན་ཡང་། ད་ལྟ་ང་ཚོར་མཚོན་ན་འདི་དག་ཚང་མ་རྒྱ་རིགས་ཀྱིས་ལས་ཀྱིན་ཡོད་པ་རེད། དེ་ཡང་རྒྱ་རིགས་ཤིག་གིས་ལས་ན་ཉིན་གླ་སྒོར་མོ་བརྒྱ་དང་བཞི་བཅུ་ལྔ་བཅུ་དགོས་པ་དང་། བོད་པ་ཞིག་གིས་ལས་ན་སྒོར་མོ་ལྔ་བཅུ་དྲུག་བཅུ་ལས་མི་ལོན་པ་རེད། ལས་ཀ་ལས་དགོས་པ་འདྲ་འདྲ་ཡིན་བཞིན་གོང་ཆེ་ཤོས་ལོན་ན་དེར་མི་དགའ་མཁན་སུ་ཡོད། ཁང་པ་ཞིག་ལས་དགོས་ན་ཡང་ཇུས་འགོད་བྱེད་རྒྱུ་སོགས་ལག་ཤེས་ཅུང་དཀའ་མོའ ་ིརིགས་དེ་དག་ནི་རྒྱ་རིགས་ལས་བཟོ་བ་དེ་དག་གིས་ཀྱང་མང་ཆེ་བས་ཤེས་ཀྱི་མེད་པར་གཞན་ཞིག་གི་ཇུས་འགོད་ཟིན་པའི་རི་མོར་ལྟས་ནས་ལས་གིན་ཡོད་པ་ལས་དེའི་ནང་ན་ཤེས་མཁན་གཅིག་གཉིས་རེ་ལས་ཡོད་པ་མ་རེད།དེ་བཞིན་གསེར་རྟ་ལྟ་བུར་མཚོན་ན་མཛུབ་མོ་ལ་སྐོན་རྒྱུའི་འཛུབ་དཀྲིས་ཐེབས་ཆག་ཅིིག་ཡིན་ན་ཡང་བོད་པ་མགར་མཁན་མེད་པར་ཡུན་ནན་ནས་ཡོང་བའི་རྒྱ་རིགས་རྐྱང་པས་མགར་གྱིན་ཡོད་པ་རེད། ལྷ་སར་མཚོན་ན་ཡང་ཁྲོམ་བར་ན་མགར་བྱེད་གྱིན་ཡོད་པ་ཡོངས་རྫོགས་རྒྱ་ཁོ་ན་རེད། དེ་བཞིན་ཁྲིན་ཏུ་ན་ཡོད་པའི་བོད་ཀྱི་ས་གདན་ལས་སར་མཚོན་ན་ཉི་མ་རེ་རེ་བཞིན་ས་གདན་ཟོང་འཁོར་(དོས་སྐྱེལ་རླངས་འཁོར་གྱི་ཐ་སྙད་གསར་པ)ཧ་ཅང་མང་པོ་སྐྱེལ་འདྲེན་བྱེད་གྱིན་ཡོད་པར་མ་ཟད། བོད་ཀྱི་ཅ་ལག་ཡིན་པས་དར་རྩེ་མདོ་དང་འབར་ཁམས་ལྟ་བུ་བོད་ཀྱི་ས་
གནས་ཞིག་གམ། ཐ་ན་ཉག་རོང་རྫོང་ནས་འཐག་བཞག་ན་ཡང་ཆོག་གི་རེད་དེ། ཚང་མ་རྒྱ་རིགས་ཁོ་ནས་འཐག་གིན་ཡོད་པ་དང་། བོད་ཀྱི་སྤོས་ཀྱང་། དང་པོ་བོད་ཀྱིས་ལས་ཁུལ་བྱས་ན་ཡང་ད་ལྟ་རྒྱ་རིགས་ཁོ་ནས་ལས་ཀྱིན་ཡོད་པ་འདི་རེད། དེས་ན་འདི་རིགས་ཀྱི་ཐོག་ལ་བསམ་བློ་བཏང་ནས་འདི་དག་ལ་སློབ་སྦྱོང་མ་བྱས་ན་དཔལ་འབྱོར་ཡར་རྒྱས་འགྲོ་གི་མ་རེད་མི་ཟེར་བར་ཡིན་གཅིག་མིན་གཉིས་བཤས་མ་བཤས་ན་དཔལ་
འབྱོར་ཡར་རྒྱས་འགྲོ་གི་མ་རེད་ཟེར་དགོས་པའི་རྒྱུ་མཚན་ཅི་རེད། ངས་བསམ་ན་སྐད་ཆ་འདི་ནོར་བ་རེད། གལ་ཏེ་དེ་ལྟར་སློབ་མཁན་ཞིག་ཡོད་ན་དེ་བསམ་ནག་གི་བསླབ་བྱ་ཞིག་གམ་བསམ་པ་ཕྱིན་ཅི་ལོག་གི་བསླབ་བྱ་ཞིག་རེད།དེས་ན་བོད་ཀྱི་འཚོ་བ་སྐྱེལ་སྟངས་ཀྱང་ད་ཕན་ཆོད་བཤས་ཚོང་རྒྱག་རྒྱུ་མིན། དཔལ་འབྱོར་ཡར་རྒྱས་ལ་འགྲོ་རྒྱུ་ཡིན་ཞེས་པའི་སློབ་གསོ་འདི་གཏོང་དགོས། འདི་ཧ་ཅང་གལ་ཆེན་ཡིན།འོན་ཀྱང་། ང་ཚོས་ཁྲིམས་བཞག་ནས་འདི་ཆོག་དང་མི་ཆོག་ཟེར་རྒྱུ་མེད། རྒྱལ་ཁབ་ཀྱིས་ཀྱང་བཤས་ཟོག་མ་བཤའ་ཟེར་ནས་བསླབ་བྱ་རྒྱག་ཆོག་ཀྱང་བཤའ་མི་ཆོག་ཟེར་ནས་ཁྲིམས་འཇོག་མི་ཆོག་ཟེར་གྱི་ཡོད་པ་ཡིན་དུས་སློབ་གསོ་སྤྲོད་
རྒྱུ་ཙམ་ང་ཚོའི་འོས་འགན་རེད།
རེད། རེད། རེད། སྐྱབས་སུ་མཆི། དེང་སང་བཤས་ཚོང་མ་བྱས་པར་བརྟེན། མང་ཚོགས་ཀྱི་འཚོ་བ་ངོ་དངོས་ཡར་རྒྱས་འགྲོ་བཞིན་འདུག
བཀྲ་ཤིས་ལགས། བཀའ་དྲིན་ཆེ། ད་དངོས་གནས་འདི་རེད། ཆོས་པ་ཚོར་སྤྱི་ཚོགས་ལ་ཉམས་མྱོང་མེད་སྐོར་དེང་སང་འཛམ་གླིང་ལ་ཡོངས་གྲགས་ཆགས་དོན་འདི་རེད། ད་དཔེར་ན་མཁན་ཚུལ་བློས་གསུངས་ལ་ལྟོས་དང་ཤེས་པ་འདི་རེད། ༼༼མེད་ན་ཨུ་ཚུགས་བྱ་རྒྱུ་གང་ཡང་ལྷག་མེད།དེ་ཡང་འབྲོག་པ་ཞིག་ལ་མཚོན་ན་ཕའི་རིང་ལ་བཤས་ཚོང་ལས་ཅི་ཡང་མ་ཤེས། བུའི་རིང་ལ་ཡང་དེ་ལས་མ་ཤེས། བུའི་བུའི་རིང་ཡང་བཤས་ཚོང་རྒྱག་རྒྱུ་ལས་ཅི་ཡང་མི་ཤེས་པ་ཡིན་ན་སྒོ་རྩ་ན་གཤས་ཚོང་གི་མ་རྩ་ཅི་ཙམ་འདུག འབྲོག་པ་ཧ་ཅང་ཕྱུག་པོའ་ིགྲས་ཤིག་ཡིན་ན་ཡང་ཟོག་མནག་སུམ་བརྒྱ་ཡར་མར་རེ་ལས་ཨེ་ཡོད་མི་ཤེས། ཟོག་གནག་སུམ་བརྒྱ་ཟེར་ན་དོས་སྐྱེལ་རླངས་འཁོར་བཅུ་ཐམ་པ་རེད། དེ་ཡང་ཟོང་འཁོར་ཆེ་གྲས་ཤིག་ཏུ་ཟོག་སུམ་ཅུ་ཤོང་གི་རེད།ལོ་གཅིག་གིས་རླངས་འཁོར་བཅུ་པོ་ཡོངས་རྫོགས་བཙོངས་ཟིན་པའམ། དེ་མིན་ཡང་ལོ་གཉིས་ཀྱི་ནང་ལ་ད་ལོ་རླངས་འཁོར་ལྔ་དང་། ལོ་རྗེས་མར་རླངས་འཁོར་ལྔ་བཙོངས་པ་ཡིན་ན་དེ་ནས་རྔ་མ་བུད་ཚར་བ་རེད།༽༽བོད་ཀྱི་འབྲོག་ཕྱོགས་ཀྱིས་ལོ་ངོ་སྟོང་ཕྲག་མང་པོའི་རིང་འཚོ་བ་བསྐྱངས་ཤིང་། དེའི་རིང་བཤས་ཚོང་བྱེད་མཁན་མང་པོ་བྱུང་མོད། སེམས་ཅན་ཚང་མ་བཤས་ཚོང་བྱས་ནས་ཚར་བཅུག་གི་མེད་པ་རེད། བཤས་ཚོང་སོགས་བྱས་ཏེ། སེམས་ཅན་ལ་བེད་སྤྱོད་ཅི་ཙམ་ཡོད་པ་དེའི་ཚོད་ཀྱིས་ཕྱུགས་ཟོག་ལ་བདག་སྐྱོང་བྱེད་བཞིན་ཡོད་པ་རེད།
འོན་ཀྱང་དེང་སང་བཤས་ཁྲིམས་ཟེར་བ་དེ་བཞག་པར་བརྟེན། འབྲོག་ཕྱོགས་ལ་སྒོ་ཕྱུགས་བེད་མེད་ཆགས་སྐབས་སྒོ་ཕྱུགས་རྟ་ནོར་ལུག་གསུམ་ལ་བདག་པོ་མ་བརྒྱབས་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བཞིན་པ་དེ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་༧གོང་ས་སྐྱབས་མགོན་ཆེན་པོས་ཀྱང་གསུང་སྐད་ཤོར་དགོས་བྱུང་པ་རེད།
འོ་ན་སྒོར་མོ་སྟོང་ཡོད་ཀྱང་དེ་རིང་༥༠༠བཏང་། སང་ཉིན་༥༠༠བཏང་ན་རྫོགས་སོང་བ་རེད། ད་ནས་སྒོར་མོས་ཚོང་མི་བྱེད་ཟེར་རམ། སྤྱི་ཚོགས་ཀྱི་ཉམས་མྱོང་མེད་ན་སྤྱི་ཚོགས་ལ་ཁ་བདེ་པོ་ཅི་ཙམ་བཤད་ཀྱང་དེས་ཕན་ཐོགས་ལས་གནོད་ཆེ་ངེས་རེད།
ཉེ་ཆར་རྒྱ་མིའི་སོ་པ་ཨོ་རྒྱན་རིག་འཛིན་ཟེར་བ་སོགས་ཀྱི་མིང་ཐོག་ནས་མཁན་ཆེན་མཆོག་ལ་ཚད་ལས་བརྒལ་བའི་མཚན་སྨོད་བྱས་པ་དེ་ད་རུང་གཞག་འདུག དེ་ལ་བལྟས་ན་ངས་ཅི་ཡང་མ་འགྲིག་པ་མེད། ངས་དྲང་བདེན་བཤད་ནི་རེད། ཡིན་ན་ཡང་ཁ་བརྡ་་་དྲ་ཚང་ལ་ཕྱོགས་མེད་པའི་རེ་བ་ཡོད།
གང་གི་མཆན་དེ་དྲ་གྲོགས་ཤིག་གིས་བྲིས་འདུག་ངས་སྐྱར་པར་བྱས་པ་ཡིན་དགོངས་གནང་ཡོད་པར་མཁྱེན་་་་་་
རྩོམ་འདི་ལ་མཆན་སྒོ་བརྒྱབ་ཡོད།
ཁ་བརྡ་རྩོམ་སྒྲིག་པས།
–
Khabdha editor
http://www.khabdha.org
http://www.khabdha.com
khabdha@gmail.com