༼བོད་ཀྱི་དུས་བབ་དྲ་ཚིགས་ནས་འདྲེན་བཀོད་ཞུས༽
ཉེ་སྔོན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ཀྱིས་སྤྱི་དངུལ་ཧིན་སྒོར་འབུམ་གཉིས་ལྐོག་ཟ་བྱས་པའི་གནས་ཚུལ་བྱུང་ཡོད་ཀྱང་། ཕྱིས་སུ་སྤྱི་དངུལ་ཕྱིར་རྩིས་སྤྲོད་དང་ཚོགས་པ་ནས་རྩ་དགོངས་ཞུས་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༡༡ ནས་ ༡༦ བར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༠ ངྷ་ཤོད་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་དུ་ཚོགས་བཞིན་པ་ལྟར། ཚོགས་ཆེན་གྱི་ཉིན་གཉིས་པར་ཕྱོགས་མཐའ་ཁག་ནས་ཕེབས་པའི་ཚོགས་མི་ཞིག་གིས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ཀྱིས་སྤྱི་དངུལ་ཧིན་སྒོར་འབུམ་ ༢ ལྐོག་ཟ་བྱས་ཡོད་པའི་གནད་དོན་དེའི་ཐད། ཚོགས་གཙོ་དང་རྒྱུན་ལས་ནས་ཚོགས་ཆེན་ཐོག་གསལ་བཤད་བྱ་དགོས་པའི་བསམ་འཆར་བཏོན་ཡོད་པ་ལྟར། རྒྱུན་ལས་ཀྱི་ངོས་ནས་གནས་ཚུལ་དེའི་སྐོར་ཚོགས་བཅར་བ་ཡོངས་ལ་གསལ་བཤད་བྱས་ཡོད་ཀྱང་། གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཡོངས་བསྒྲགས་ཐོག་གསལ་བཤད་གང་ཡང་གནང་མེད་པ་རེད། དེ་རིང་ཕྱི་ཚེས་ ༡༦ ཉིན་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ཀྱིས་དངུལ་འཛིན་སྤྱད་དེ་སྤྱི་དངུལ་ལྐོག་ཟ་བྱས་པའི་བདེན་དཔང་ཡིག་ཆ་ཁག་དང་མཉམ་དུ། ཚོགས་གཙོའི་ལས་ཚབ་དང་ཚོགས་གཞོན། དྲུང་ཆེ། ཟུང་དྲུང་། ཉམས་ཞིབ་པ་དང་གསར་འགོད་འགན་འཛིན་བཅས་ཀྱི་མཚན་རྟགས་བཀོད་པའི་གསལ་བཤད་ཡི་གེ་ཞིག་གནང་སོང་།
ཡིག་ཐོག་བཤད་དེའི་ནང་། ཉེ་ཆར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནང་། སྤྱི་དངུལ་ལྐོག་ཟ་བྱས་པའི་དོན་རྐྱེན་ཞིག་ལས་འཕྲོས་ཏེ་སྤྱི་ཚོགས་ནང་གླེང་སློང་མང་དག་ཅིག་བྱུང་ཡོད་པར། འདི་ག་སྐབས་དགུ་པའི་དབུས་རྒྱུན་ལས་ཁང་ནས་སྔ་ཕྱིའི་གནས་ཚུལ་བྱུང་རྐྱེན་དང་ཐག་གཅོད་ཇི་ལྟར་བྱུང་ཡོད་མེད་འཁྱོག་བཤད་ཅི་ཡང་མེད་པར་དྲང་བདེན་གཞུང་དྲང་གིས་གསལ་བསྒྲགས་མི་བྱེད་ཐབས་མེད་སོང་བར། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢ ཉིན་ཚོགས་གཞོན་གྱིས་དངུལ་འཛིན་ (Cheque ) ཨང་གྲངས་ ༦༡༦༤༤༢ བྱས་པ་ཞིག་ཚང་མེད་པ་ཤེས་རྗེས། འབྲེལ་ཡོད་ལས་བྱེད་ཚོར་སྐད་ཆ་དྲིས་ཀྱང་དངུལ་འཛིན་བེད་སྤྱོད་བྱས་མེད་པའི་ལན་འདེབས་བྱས་ཡོད། དེ་རྗེས་རྩིས་ཁྲར་ཞིབ་འཇུག་ཞིབ་ཚགས་བྱས་རྗེས་མེག་གྷན་ཨེས་བི་ཨེའི་དངུལ་ཁང་ལ་རྩད་གཅོད་བྱ་རྒྱུར་རེ་སྐུལ་ཞུས་པ་བཞིན། དངུལ་འཛིན་དེ་ནས་ཧིན་སྒོར་འབུམ་གཉིས་ལྡི་ལི་མཐོ་སློབ་ཨེས་བི་ཨེའི་དངུལ་ཁང་ནས་རྡོ་རྗེ་གླིང་གནས་སྡོད་མཱ་ཡ་པྲ་དྷན་ (Maiya Pradhan) ཟེར་བ་ཞིག་གི་མིང་ཐོག་ཏུ་བཏང་པ་ཤེས་རྟོགས་བྱུང་ཡོད། དེ་རྗེས་དྲུང་ཆེ་དང་རྩིས་པ་གཉིས་ཀྱི་རེ་སྐུལ་ཞུས་པ་ལྟར་མེག་གྷན་ཨེས་བི་ཨེའི་དངུལ་ཁང་འགན་འཛིན་གཞོན་པས་ལྡི་ལི་མཐོ་སློབ་དངུལ་ཁང་འགན་འཛིན་ལ་འབྲེལ་བ་ཞུས་ཏེ། དངུལ་དེ་དག་ཇི་ལྟར་བཏང་ཡོད་མེད་དང་གཏོང་མཁན་སུ་ཡིན་མིན་སོགས་དང་འབྲེལ་བའི་དངུལ་བཏང་འཛིན་རེའུ་མིག་(cheque deposit slip and cheque ) ཅིག་གློག་འཕྲིན་བརྒྱུད་མེ་གྷན་དངུལ་ཁང་ཨེས་བི་ཨེའི་འགན་འཛིན་ལ་ཆ་ཚང་ཞིག་བསྐུར་གནང་ཡོད་པས། དེ་དག་ལས་ཨེས་བྷི་ཨེ་དངུལ་ཁང་ལག་དེབ་ཨང་ ༡༠༢༡༩༨༡༦༤༢༧ ནས་དངུལ་འཛིན་ཨང་གྲངས་ ༦༡༦༤༤༢ འཁོད་པའི་དངུལ་འཛིན་ (cheque ) དེའི་ཐོག་དྲུང་ཆེ་དང་ཚོགས་གཞོན་གྱི་ས་རྟགས་འཁོད་ཡོད་པ་ཤེས་རྟོགས་བྱུང་ཡོད། (དངུལ་འཛིན་ནང་ཚོགས་གཞོན་གྱི་ས་ཡིག་འཁོད་དོན་ནི། དེ་སྔོན་དྲུང་ཆེ་མ་གཏོགས་རྒྱུན་ལས་དང་ལས་བྱེད་ཚང་མ་དུས་དབང་ཞུ་བར་ (༣༢) འགྲོ་གཏན་འཁེལ་བར་བརྟེན། སྐབས་འཕྲལ་དངུལ་ཁང་ནས་དངུལ་བཏོན་དགོས་ཚེ་ངེས་པར་རྒྱུན་ལས་གཉིས་ཀྱི་ས་རྟགས་དགོས་པས་ཚོགས་གཞོན་གྱིས་དངུལ་འཛིན་སྟེང་དུ་ཁོ་མོའི་ས་རྟགས་བརྒྱབས་ཡོད། འོན་ཀྱང་དུས་དབང་རིང་དངུལ་འཛིན་བེད་སྤྱོད་བྱ་དགོས་བྱུང་མེད། ) དྲུང་ཆེ་རང་ཉིད་ནས་དངུལ་འཛིན་དེའི་སྟེང་ས་རྟགས་བརྒྱབ་མེད་སྟབས་རྒྱུན་ལས་ནང་ཁུལ་དུ་དོགས་འཆར་བྱུང་སྟེ། ཕྱི་ཟླ་ ༣ ཚེས་ ༢༨ ཉིན་སླར་ཡང་དྲུང་ཆེ་དང་རྩིས་པ་གཉིས་ཀྱིས་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་ཆེད་གསང་བའི་ཐོག་མེག་གྷན་ཨེས་བྷི་ཨའེ་དངུལ་ཁང་དུ་བསྐྱོད་རྗེས། གནས་ཚུལ་དེ་ཚོགས་གཙོས་རྡོ་རྗེ་གླིང་གནས་སྡོད་མཱ་ཡ་པྲ་དྷན་(Maiya Pradhan)ཞེས་པའི་བུད་མེད་ཞིག་བརྒྱུད་ཁོ་མོའི་ཁྱོ་གར་བསྐུར་ཡོད་པའི་དཔང་རྟགས་ར་སྤྲོད་ཁུངས་བཙན་རག་ཐུབ་པ་བྱུང་ཡོད། ཅེས་དང་།
ཡང་གསལ་བཤད་དེའི་ནང་མུ་མཐུད་བཀོད་དོན། ཕྱི་ཟླ་ ༤ ཚེས་ ༣ ཉིན་རྒྱུན་ལས་ཚང་འཛོམས་ཀྱིས་ཚོགས་གཙོར་རང་སྐྱོན་ངོས་ལེན་ཞུ་རྒྱུར་གོ་སྐབས་ཇི་ཙམ་ཕུལ་ཀྱང་དོན་ཕན་གང་ཡང་སོན་མེད་པས་རྒྱུན་ལས་མ་ཡིན་པའི་ལས་བྱེད་ཚོར་ཡང་བཅར་འདྲི་བྱེད་དགོས་བྱུང་ཡོད། ཁོང་ཚོའི་ཕྱོགས་ནས་ཀྱང་ཁས་ལེན་གང་ཡང་བྱས་མེད་པར་བརྟེན་གནས་ཚུལ་ཅི་ཡང་ཤེས་རྟོགས་ཐུབ་མེད། མཐར་འུ་ཐུག་ཐབས་ཟད་ཀྱིས་ཚོགས་གཙོ་གཙོས་རྒྱུན་ལས་དང་ལས་བྱེད་ཚང་མ་མོས་མཐུན་ཐོག་དངུལ་ཁང་བརྒྱུད་འབྲེལ་ཡོད་ཉེན་རྟོགས་པར་སྙན་གསེང་ཞུ་རྒྱུར་ཐག་གཅོད་བྱུང་ཡོད། འོན་ཀྱང་། ཕྱི་ཟླ་ ༤ ཚེས་ ༤ ཉིན་ཞོགས་པ་ཕྱག་ཚོད་ ༩།༣༠ ཐོག་རྒྱུན་ལས་ཚང་འཛོམས་སར། ཚོགས་གཙོས་དཔང་རྟགས་གཞིར་བཞག་ན་དོན་རྐྱེན་དེའི་བརྒྱ་ཆ་ ༩༠ ཙམ་ཚོགས་གཙོ་རང་ཉིད་ཀྱི་ཐོག་བབ་ཚུལ་གསུངས་ཏེ། ཁོང་མོར་ནག་ཉེས་མེད་ཀྱང་ཚོགས་པའི་ཆེ་མཐོང་ཆེད་གནས་སྐབས་རིང་ཁས་ལེན་བྱ་རྒྱུའི་རྣམ་འགྱུར་བསྟན་ཀྱང་རྒྱུན་ལས་ཚང་མས་ཁས་ལེན་བྱས་མེད་པ་མ་ཟད། དེའི་རྗེས་རྩིས་པ་དང་དྲུང་ཆེ། ཚོགས་གཞོན་གསུམ་མེག་གྷན་ཨེས་བྷི་ཨེའི་ (SBI) དངུལ་ཁང་དུ་བསྐྱོད་ཁར་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོས་དོན་རྐྱེན་དེ་ལས་གཡོལ་ཐབས་མེད་པ་ཤེས་ཏེ། དེ་སྔོན་ཚོགས་གཞོན་གྱི་ས་ཡིག་འཁོད་པའི་དངུལ་འཛིན་ཞིག་ལྐོག་ཏུ་ཉར་ཏེ་དྲུང་ཆེའི་ས་རྟགས་བརྫུས་མ་བརྒྱབ་ནས། ཕྱི་ཟླ་ ༣ ཚེས་ ༡༥ ཉིན་ལྡི་ལི་མཐོ་སློབ་ཨེས་བྷི་ཨེའི་དངུལ་ཁང་བརྒྱུད་སྤྱི་དངུལ་ཧིན་སྒོར་འབུམ་གཉིས་རྡོ་རྗེ་གླིང་གི་ཁོ་མོའི་ཁྱིམ་མཚེས་མཱ་ཡ་པྲ་དྷན་(Maiya Pradhan) ཞེས་པའི་བུད་མེད་ཞིག་ལ་བསྐུར་བ་ངོས་ལེན་གཙང་མ་བྱས་ཡོད་པས། སྔ་ཕྱིའི་གནས་ཚུལ་བྱུང་རྐྱེན་དེ་དག་ལ་བརྟེན་ནས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ་ད་ལྟའི་ལས་གནས་ནས་རྩ་དགོངས་ཞུ་དགོས་པ་དང། རང་སྐྱོན་ངོས་ལེན་ཞུ་ཡིག་འབྲི་དགོས་པ། ཧིན་སྒོར་འབུམ་གཉིས་ལས་ཁུངས་ལ་ཕྱིར་སློག་དགོས་པ་བཅས་གཏན་འབེབས་བྱུང་བ་བཞིན། ཁོ་མོས་ཀྱང་དེ་ལྟར་ཁས་ལེན་བྱུང་བ་དུས་ཐོག་ཏུ་ལག་ལེན་བསྟར་ཡོད། ཅེས་བཀོད་འདུག
གནས་ཚུལ་དེའི་ཐད་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་སུ་ལ་བཅར་འདྲི་བྱས་པར། ཁོ་མོས་ “ང་རང་ལ་མཚོན་ན་ལོ་ ༢༠ ལྷག་གི་རིང་ལྷག་བསམ་རྣམ་དག་གིས་སྤྱི་ཚོགས་ནང་ཞབས་ཞུ་བསྒྲུབས་ཡོད་པ་ཚང་མས་མཁྱེན་གསལ་རེད། དུས་ཡུན་འདི་དག་ནང་མི་མང་གི་ངོས་ནས་ང་རང་ལ་ཡིད་ཆེས་ཡོད་ལ། ང་རང་གི་ངོས་ནས་ཀྱང་ལྷད་མེད་ཡིན། ད་རེས་གནས་ཚུལ་འདི་འདྲ་ཞིག་བྱུང་ཚར་བ་རེད། ཡིན་ཡང་། ངའི་ངོས་ནས་ཚོགས་པས་དངུལ་ཟ་སེམས་དང་ཀུན་སློང་ངན་པ་ཞིག་ཁུར་ཏེ་ལས་པ་ཞིག་ཆགས་ཀྱི་མེད། གནས་ཚུལ་བྱུང་སྟངས་དེ་ཉེ་སྔོན་ཕྱི་རྒྱལ་དུ་ཡོད་པའི་ངའི་བུས་ཁོའི་རོགས་པ་སྐྱོབ་ཆེད་གཞན་དང་འཁྲུག་འཛིང་ཤོར་སྟེ་བཙོན་འཇུག་བྱས་རྗེས། མཐའ་མར་ཚེ་བཙོན་གྱི་ཁྲིམས་ཐག་གཅོད་ཉེན་འདུག་ཅེས་ང་ལ་ཁ་པར་བསླེབས་སོང་། སྐབས་དེར་མགྱོགས་པོར་དངུལ་ཕོན་ཆེན་པོ་ཞིག་གྲ་སྒྲིག་བྱ་དགོས་བྱུང་སྟེ། མི་ཡར་མར་མང་པོ་ཞིག་ལ་གཡར་རྗེས་གང་འཚམ་རག་སོང་མོད། ཆ་ཚང་མ་འདང་སྟབས་ཐོག་མར་ལས་ཁུངས་ཀྱི་དངུལ་བེད་སྤྱོད་བཏང་རྗེས། མགྱོགས་པོ་ཕྱིར་སློག་དགོས་བསམ་སྟེ་བླངས་པ་ཡིན། ཕྱིས་སུ་ཕྱིར་སློག་པའི་དངུལ་ཡང་ང་ལ་རག་ཏེ་ཚོགས་པས་མ་བཤད་སྔོན་དུ་ཕར་རྩིས་སྤྲོད་དང་གསལ་བཤད་བྱ་དགོས་བསམ་ཡོད་ཀྱང་། ཚོགས་ཆེན་དང་ས་གནས་འདྲ་མིན་དུ་འགྲོ་དགོས་པ་སོགས་ཀྱིས་དུས་ཚོད་རྕ་བ་ནས་མ་རག་པར། ཕར་གསལ་བཤད་གནང་ཁོམ་མ་བྱུང་བར་ཚུར་ལབ་དགོས་བྱུང་བ་རེད། གོ་སྐབས་སྤྲད་ཡོད་ཀྱང་ལས་བྲེལ་གྱི་དབང་གིས་འཕྱི་དྲགས་ཏེ་གནས་ཚུལ་འདི་འདྲ་ཞིག་བྱུང་བ་རེད། དེ་ང་རང་གི་ནོར་འཁྲུལ་ཡིན་པ་ངོས་ལེན་བྱེད་ཀྱི་ཡོད། ” ཅེས་བརྗོད་བྱུང་།
གནས་ཚུལ་འདི་སྤྱི་ཚོགས་ཁྲོད་ཤུགས་ཆེན་པོ་ཁྱབ་ཀྱིན་ཡོད་སྟབས། མང་ཚོགས་ལ་གསལ་བཤད་དང་བརྗོད་འདོད་པའི་སྐད་ཆ་ག་རེ་ཡོད་མེད་དྲིས་པར། ཁོ་མོས། “ ཕྱིས་སུ་ངའི་ངོས་ནས་དངུལ་རྩིས་སྤྲོད་བྱས་པ་དང་མཉམ་དུ་རྒྱུན་ལས་རྣམ་པར་དགོངས་སེལ་ཞུས་པ་ཡིན་ལ། ཁ་སང་ཆེད་དུ་ཚོགས་ཆེན་དུ་བཅར་ཏེ་ཚོགས་བཅར་བ་ཡོངས་ལ་དགོངས་སེལ་ཞུས་པ་ཡིན། ཉེ་ཆར་ང་ཚོའི་ངོས་ནས་གནས་ཚུལ་ཕྱིར་བསྒྲགས་མི་བྱེད་རྒྱུ་བྱས་ཡོད་ཀྱང་། གནས་ཚུལ་གང་སར་ཁྱབ་འདུག་ལ། ད་རེས་ཁོང་ཚོའི་གསར་འགོད་གསལ་བསྒྲགས་ཤིག་ཀྱང་བསྐྱངས་པ་རེད། མ་འོངས་པར་གསར་འགོད་གསལ་བསྒྲགས་བརྒྱུད་དེ་གནས་ཚུལ་ཅི་ཞིག་བྱུང་ཡང་དེའི་འགན་ང་ལ་མེད་ཞུ་རྒྱུ་ཡིན། དེ་བཞིན། མི་མང་ལ་ང་རང་ཉིད་ཀྱི་ངོས་ནས་ད་ལྟའི་བར་ནང་མི་དང་ཕྲུ་གུ་ཚང་མ་བློས་བཏང་སྟེ་ཞབས་ཞུ་བསྒྲུབས་ཡོད་ཀྱང་། ད་རེས་ལས་ཀའི་ཐོག་འགལ་འཛོལ་བྱུང་སྟེ་གནས་ཚུལ་འདི་འདྲ་ཞིག་ལྷག་པར་ཚང་མར་དགོངས་སེལ་ཞུས་པ་ཡིན། ཚང་མས་ཐུགས་ལ་མ་གནོད་པ་ཞིག་གནང་རོགས་ཞེས་ཞུ་རྒྱུ་ཡིན། མ་འོངས་པར་ང་མི་སྒེར་བ་ཞིག་གིས་དམིགས་བསལ་གྱི་ཁྱད་པར་བཟོ་མི་ཐུབ་ཀྱང་། རང་ངོས་ནས་ལྷག་བསམ་རྣམ་དག་གིས་སྤྱི་ཚོགས་ལ་ཞབས་ཞུ་བསྒྲུབ་རྒྱུའི་འདུན་པ་ཡོད། ” ཅེས་བརྗོད་བྱུང་།
གསར་འགོད་པ། དོན་གོ
ཤ་ཚ། ངོ་ཚ།
གནོང་འགྱོད་ངོས་ལེན་བྱེད་རྒྱུ་ཕྱིས་དྲག་པ་རེད། མ་གཞི་ནས་མི་ལ་མིང་དང། མཚོན་ལ་ཡུ་བ་ཡོད་མཁན་ཞིག་ཡིན་དུས་དེ་འདྲ་རང་བྱེད་ཕོད་པའི་སྤོབས་པ་དང་སེམས་སྟོབས་བྱེད་ནུས་ཀྱི་བློ་ཡོད་པ་ནི་ཧ་ལས་དགོས་པ་ཞིག་རེད།
ལྷག་པར་དུ་མི་དམངས་ཀྱིས་བསྐོས་པའི་མི་དང། བཙུགས་པའི་འབེན་ཞིག་ཆགས་དུས་དེ་འདྲ་རང་བྱེད་ཕོད་པ་ནི་བློ་ངོར་ཤོང་དཀའ་བ་ཞིག་རེད།
ལྷག་པར་དུ་༸གོང་ས་མཆིག་ནས་བཀའ་ཆོས་ག་ཚོད་ཅིག་ཞུས་མེད་དམ། བོད་རྒྱུད་ནང་བསྟན་གྱི་རྗེས་འཇུག་པ་ཞིག་གིས་བྱེད་བབས་ལ་ལྟས་ན་ཕྱི་མི་ཚོས་ཅི་བསམ་གྱི་རེད།
༸གོང་ས་མཆོག་ཅེས་པར་བཅོས་རོགས།
ངོ་ཚ་མེད་པའི་ཁྱི་མོ་འདི་ད་ཐེངས་ཐར་བར་གཏོང་མི་འོས། བོད་མི་མང་སྤྱི་མཐུས་ཀྱི་སྟེགས་བུ་འདི་ལས་ངེས་པར་དུ་རྒྱང་འཕུད་གཏོང་དགོས། རྐུན་མར་དཔོན་ས་ནས་བཞག་ན་བོད་མིའི་མངོན་འདོད་སུ་ཞིག་གིས་སྒྲུབ། སྨྱུག་ཐོག་པ་ཚོས་ད་ཐེངས་ཀྱི་དོན་རྐྱེན་དུ་གུང་ཡངས་སུ་མ་བཏང་པར། ར་བསད་ན་ལུག་འདར་བ་ཞིག་ཅེས་ཀྱང་བཟོ་ཐུབ་པ་བྱ་དགོས།
གང་ཡོད་མ་རེད་མི་ལ་ནོར་འཁྲུལ་དང་ཤིང་ལ་འཛེར་པའི་དཔེ་ལྟར་རེད། འོན་ཀྱང་མི་མང་ཉམས་ཆུང་གི་གསོག་དངུལ་སྔར་ནོར་གླིང་ལ་འབུམ་གསུམ་དང་། ད་ལོ་དྷ་སར་འབུམ་གཉིས། རྗེས་མ་ས་གནས་གཞན་ཞིག་ཏུ་འབུམ་གཅིག་ལས་མང་བའི་དོན་རྐྱེན་མ་ཆགས་པའོ་རེ་བ་བྱ་རྒྱུ་ལས་ལྷག་མེད་པ་མ་རེད་པེ།
མོ་རང་མདོ་སྨད་སྤྱི་འཐུས་ནས་བཟང་སྤྱོད་ཐོག་དགོངས་པ་ཞུ་ན་ཡག་ཤོས་རེད
སྤྱི་དངུལ་རྐུ་ཟ་བྱས་མཁན་བཙན་བྱོལ་ནང་ཡོད་ཡོད་པ་རེད། མང་བོ་ཞིག་ཕྱོགས་གཏོགས་སོགས་ཀྱིས་རྐུབ་གསང་བྱས་ནས་སྤྱི་ཚོགས་ཐོན་ཀི་ཡོད་པ་མ་རེད།མོ་རང་རླུང་རྟ་ཆགས་ནས་མར་བསགས་པ་དེ་དཔེ་མཚོན་ཞིག་རེད། ད་ངེས་པར་བཟང་སྤྱོད་ཐོག་ནས་སྤྱི་འཐུས་ཀྱི་དགོངས་པ་ཞུ་དགོས་རེད། སྤྱི་འཐུས་ཀྱི་རྐུབ་བཀྱགས་དེ་སུ་གང་གིས་མོ་རང་མེད་པར་གཏོང་ཡོད་པ་མ་རེད།མི་མང་གིས་བདམས་ཡོད་རེད། དེ་མོ་རང་གིས་རང་ཉིད་ལ་མེད་པར་གཏོང་བ་རེད།གང་མགྱོགས་བཟང་སྤྱོད་ཐོག་ནས་དགོངས་པ་ཞུ་དགོས།
ངོ་མ་བློ་ཕམ་ཡོད་་་་་་་་ངོ་མ་ཡིན་་་་ཁྱོད་སུ་ཡིན་པ་ཁྱོད་ཀྱིས་འི་ཤེས་་་་མི་ཤེས་ན་ངའི་ཁྱོད་ལ་བཤད་ཁྱོད་མི་སྒེར་བ་ཞིག་གི་ཧིན་སྒོར་འབུམ་གཉིས་བླང་པ་མ་རེད་་་་་ཁྱོད་བོད་པ་རེད་་་་་མ་ཟད་མདོ་སྨད་ཆོལ་ཁའི་སྤྱི་འཐུས་རེད་་་་་ད་དུང་བོད་ཀྱི་བུད་མེད་ཚོགས་པའི་ཚོགས་གཙོ་རེད་ཡ་་་་ངོ་མ་དེ་འདྲའི་སྲོག་ཉེན་ལ་ཐུགས་པའི་ལས་དོན་ཞིག་གི་གནས་ཚུལ་ཡོད་ན་ཁྱོད་ཀྱིས་མདོ་སྨད་དབུས་རྒྱུན་དང་༸སྐྱབས་རྗེ་ཀིརྟིའི་རིན་པོ་ཆེ་དང་ཀིརྟིའི་གྲྭ་ཚང་སོགས་ལ་ཁ་ནས་བརླང་པ་ཙམ་ཐོན་དང་ཁྱོད་ལ་ཧིན་སྒོར་འབུམ་གཉིས་ཙམ་གང་ནས་བཙལ་བཙལ་རེད་་་་་་་ངོ་མ་དེ་འདྲེས་ཐབས་སྡུག་གི་ལས་དཀའ་འདི་འདྲ་བྱས་པ་ཡ་མཚན་གི་ཡ་་་ཡང་སྒོས་གཞིས་ལུས་རྔ་བ་ཀིརྟིའི་དགོན་པ་སོགས་ཀྱི་རྒྱལ་གཅེས་སྙིང་སྟོབས་ཀྱི་མེ་ལྕེ་བོད་ཁམས་ཡོངས་ལ་ཁྱབ་བཞིན་པའི་སྐབས་དེར་་་ད་ངོ་མ་བཤད་རྒྱུ་མང་གི་ཡ་་་་་ངོ་མ་བློ་ཕམ་ཧ་ཅང་ཡོད
མདོ་སྨད་རྒྱ་ཆེའི་མི་མང་གིས་བློ་གཏད་བཅོལ་ས་དེ་ནོར་ཡོད་པ་གཞི་ནས་ཧ་གོ་སོང། མ་གཞི་ནས་ང་ལ་མོ་སྤྱི་འཐུས་ཐོབ་ན་སྙམ་པའི་རེ་བ་གཏན་ནས་མེད། ད་རུང་གྲོས་ཚོགས་ར་བའི་ནང་ནས་ནམ་རྒྱུན་ལག་གཉིས་ཐལ་མོ་སྦྱར་བཞིན་ཅི་འདྲའི་བྱང་སེམས་ཅན་ཞིག་བློས་ཡིན་སྙམ་པའི་ཉམས་དང་བཅས་སྤྱི་ཚོགས་ལ་ཤ་ཚ་ཡོད་རབས་དང་། ལྷག་བསམ་རྣམ་དག་ཡིན་རབས་སོགས་ལ་ངོ་མ་ཐང་ཆད་སོང་། ངོ་མ་སྐྲ་རིང་མ་དང་བློ་ཐུང་མ། སྒོར་མོ་ཁ་ཤས་ཀྱི་ཆེད་ལ་མདོ་སྨད་རྒྱ་ཆེའི་མི་མང་དང་། ཆེ་ས་ནས་བཤད་ན་བོད་མི་ས་ཡ་དྲུག་གི་གདོང་ལ་ཇི་ལྟར་བལྟ་རྒྱུ་ཡིན། རྗེས་མ་ནས་ཁྱེད་དང་ཁྱེད་ལྟ་བུའི་ཞབས་འདྲེན་པ་རེ་མི་སྐྱེས་པའི་སྨོན་ལམ་རྒྱག་གི་ཡིན།
ངོ་མ་རྨེའུ་ཤེར་ཆུང་གི་སྐད་ཆ་བདེན་པ་རེད། དེ་འདྲ་བྱས་ཡོང་སེམས་ནང་ལ་མེད། ལོ་ངོ་མང་པོའི་རིང་་ཞབས་ཕྱི་ཞུས་ནས་མཐའ་མ་དེ་འདྲ་གཅིག་གི་རྐང་རྗེས་ལག་བསུབ་ཆགས་སོང་། གནོང་འགྱོད་ངོས་ལེན་བྱས་པ་དེ་ཡག་པོ་རེད། འགའ་ཤས་ཧམ་བཤད་ཀྱིས་དེ་ཡང་བྱེད་ཀྱི་མ་རེད། གཞན་ཡང་དབྱངས་འཛོམས་ནས་གསུངས་པ་བཞིན་ད་དུང་ལྐོག་དངུལ་བཟའ་མཁན་མང་པོ་ཡོད་སྲིད། གང་ལྟར་གཞིས་ལུས་རྔ་བ་མི་མང་ལ་སྐད་ཆ་དེ་གོ་མི་ཉན་པ་རེད། ཡིན་ནའང་སྐད་ཆ་རླུང་པོ་ལས་མགྱོགས་པ་ཡིན་ཙང་བྱ་ཐབས་བྲལ།
ཨ་ཁ་ཅི་བཤད་ཀྱང་ཚར་བ་རེད་ད་སྤྱི་འཐུས་ནས་དགོངས་པ་ཞུས་ན་ཡག་གི་རེད་མ་གཏོགས་གཞན་ལྷག་མ་སོང་།་ཨ་ཁ་ཁ།
ངོ་མ་ཞབས་འདྲེན་རེད་ཡ། ༧གོང་ས་མཆོག་གིས་གསན་སོང་ན་ཇི་ལྟར་བྱེད། ང་ཚོའི་ཁ་གཏད་རྒྱ་ནག་གཞུང་གིས་གོ་སོང་ན་ཇི་ལྟར་བྱེད། ང་ཚོས་ནམ་རྒྱུན་རྒྱལ་ཁབ་དང་ཚོགས་པ་སོགས་་ལྐོག་ཟ་མཁན་ལ་ཁ་རྡུང་བཏང་གི་ཡོད་པཱ། ད་ཇི་ལྟར་བྱེད་ཡ།
ང་ཚོས་བསམ་བློ་ཡག་པོ་ཞིག་གཏོང་ནས་སྐད་ཆ་བཤད་ན་གནས་ཚུལ་འདི་སྟབས་མི་ལེགས་པ་ཞིག་དང་གདོང་ཐུག་རྒྱག་ནས་མོ་རང་ངོ་ཚ་དགོས་པའི་གནས་སྟངས་ཤིག་ཆགས་པ་ལས་དོན་དངོས་ཐོག་མོས་བཤད་པ་ལྟར་དཀའ་ངལ་འཕྲལ་སེལ་ཞིག་གིས་ཆེད་གནས་སྐབས་སུ་དེ་ལྟར་བེད་སྤྱོད་བྱས་པ་ཡིན་སྲིད། ཕྲན་ཡང་ཚོགས་པ་ཁ་ཤས་ནང་དུ་ལས་ཀ་བྱས་མྱོང་བས་སྐབས་སྐབས་སུ་གནས་ཚུལ་འདི་ལྟ་བུ་འཕྲད་མྱོང་བས་མོས་བཤད་པའི་སྐད་ཆ་ལ་ཡིད་ཆེས་ཡོད། འོན་ཏེ་མོས་དངུལ་དེ་གཏོང་ཚར་དུས་སྐད་ཆ་ཞིག་རྒྱུན་ལས་ལ་བཤད་ཡོད་ཚེ་གནས་ཚུལ་དེ་ཚད་འདི་ལྟར་ལྷུང་དོན་མེད་སྙམ།
ཡང་གླིང་སློབ་གྲྭ་སྤྱི་རྒྱུ་སྒེར་བདག་བྱས་པའི་རྐུ་མ་ཟླ་བ་ཚེ་རིང་དང། བུད་མེད་ཚོགས་པའི་གཞུང་དངུས་ཟོས་པའི་རྐུན་མོ་འདི་གཉིས་ཀ་སྤྱི་འཐུས་གྲོས་ཚོགས་ནས་རྒྱང་ཕུད་གཏོང་དགོས།
ཁ་བརྡ་ཚང་གིས་མདོ་སྨད་སྤྱི་འཐུས་ཀི་རྟི་སྒྲོལ་དཀར་ལྷ་མོས་སྤྱིའི་དངུལ་འབུམ་གཉིས་རྐུ་མ་བརྐུས་པའི་གནས་ཚུལ་དེར་གཡོས་ནས་དེ་རིང་བར་སྡོད་པ་རེད། དེ་རིང་གཞི་ནས་དེའི་སྐོར་སྤེལ་དགོས་བྱུང་འདུག། དུས་བབ་ཚང་གི་དྲྭ་ཐོག་ཏུ་ད་དུང་ཡང་དེའི་སྐོར་གནས་ཚུལ་སྣ་གཅིག་བཀོད་མི་འདུག་པས་དུས་བབ་དང་ཁ་བརྡ་ཚང་གི་དྲང་ཚུབ་དེ་མི་རྣམས་ཀྱིས་གསལ་པོ་མཐོང་སོང་། ནམ་རྒྱུན་བོད་མིའི་ནང་ཁུལ་ཚིག་ཁམ་མཐོ་མན་ཕྲན་ཙམ་ཞིག་གི་གནས་ཚུལ་ཡང་དེ་མ་ཉིད་དུ་དུས་བབ་དང་ཁ་བརྡའི་དྲྭ་ཐོག་ཏུ་སྤེལ་ཡོང་གིན་ཡོད། ཀི་རྟི་སྒྲོལ་དཀར་ལྷ་མོ་ནི་ལོ་མང་རིང་བོད་མི་དམངས་སྤྱི་འཐུས་སུ་སྡོད་ནས་མི་རིགས་ཀྱི་ཆབ་དཔལ་རིག་གསུམ་དང་ཡར་རབ་བཟང་སྤྱོད་སོགས་ཀྱིས་སྤྱི་ཚོགས་སུ་བྱ་བཞག་སྣ་གཅིག་མེད་ཞུ་ན་རྫུན་དུ་མི་འགྱུར། ནམ་རྒྱུན་གྲོས་ཚོགས་ནང་དུ་མོས་སྤྱི་སེམས་དང་དྲང་ཚུབ་སྐོར་སྐད་ཆ་བཤད་པ་དེ་མ་གཏོགས། དེ་མིན་མོའི་སྐད་ཆ་དག་ལ་འབྲེལ་མེད་དང་གསར་ཆ་མེད་པ་སོགས་ཨ་བཤད་ཡང་བཤད་ཀྱིས་དུས་ཚོད་སྐྱེས་མཁན་ཞིག་རེད། འོན་ཀྱང་། བོད་མིའི་སྤྱི་ཚོགས་སུ་འགལ་རྫོབ་ཆེ་བའི་གཏམ་བཤད་གནང་མཁན་ཞིག་ཏུ་ངའི་སེམས་ནང་འཛིན་མྱོང་མེད། ད་ལམ་མོའི་འགལ་རྫོག་ཤིན་ཏུ་ཆེ་བའི་བྱ་སྤྱོད་དེས་རྒྱུན་དུ་མོས་བཤད་བཞིན་པའི་དྲང་ཚུབ་དང་མོ་རང་གི་མི་གཤིས་ངོ་མ་དེ་གསལ་སྟོན་བྱས་པ་རེད། དེ་བཞིན་མདོ་སྨད་སྤྱི་འཐུས་ཀྱི་མིའི་སྤུས་དང་བོད་མི་དམངས་སྤྱི་འཐུས་རྣམ་པའི་སྤྱོད་ཚུལ་རེ་ཞིག་ཡང་ནང་ཁྲོམ་ཕྱིར་སྟོན་པ་རེད། དེང་སྐབས་ངེད་བོད་པ་ཚང་གི་སྤྱི་འཐུས་སུ་སྤྱི་རྒྱུ་སྒེར་བདག་དང་སྤྱི་རྒྱུ་རྐུ་མ་བརྐུས་མཁན་མང་ནས་མང་དུ་འགྲོ་བཞིན་པ་འདིར་དབུ་བླ་མ་དང་འགོ་བཀའ་ཁྲི་སོགས་ཀྱིས་གཙོས་ཆོས་བདག་དང་སྲིད་བདག་རྣམས་ཀྱིས་ག་རེ་གནང་རྒྱུ་ཡོད་དམ། ཧཧཧཧཧཧ། རྒྱ་ནག་ལྐོག་ཟ་རུ་ཚོགས་དང་རྐུ་མ་ཚོགས་ཁག་བཅས་ལ་ངེད་རྣམས་ཀྱིས་བསམ་ཞིག་མི་ཐུབ་ཡ། ལྷག་བསམ་དང་དྲང་ཚུབ། སྤྱི་སེམས་དང་སྤྱི་མི་ཞེས་པ་དེ་ཚོ་ནི་གནང་སྟངས་འདི་འདྲ་བར་ཡིན་ཚད་འདུག་གོ།
ཡ་ཡ། ངོ་ཚ་དགོས་པའི་གནས་ཚུལ་འདིར་ང་ལ་ཅི་ཡང་བཤད་རྒྱུ་མེད།།
ཨིང་་་ཨིང་་་ཨིང་་་་་་་་་་་་་ཇོ་བོ་རིན་པོ།
ཀི་རྟི་སྒྲོལ་དཀར་ལྷ་མོའི་ལས་ཀ་འདིས་མོ་རང་དང་མོ་རང་གི་དེ་སྔོན་གྱི་ལས་ཀ་ཡོངས་གད་རྙིགས་ནང་གཡུག་པ་མ་ཟད། ཕ་ཡུལ་དང་ལུང་ཚན་ལའང་ངོ་ཚ་ཅིག་བཟོས་པ་རེད། དེའི་ག་ལ་ཚད།
གནས་ཚུལ་འདིས་པེ་ཅིང་གི་ཁ་ནང་ལ་ཤ་རྡོག་རློན་པ་ཅིག་བཞག་པ་རེད་ལ། ་ཨ་རི་དང་ཡུ་རོབ་གི་བོད་དོན་རྒྱབ་སྐྱོར་པ་ཚོའི་སེམས་ནང་ལ་རྣམ་རྟོག་ཅིག་བསླངས་པའང་རེད།
མ་ཟད་༧གོང་ས་མཆོག་ནས་ཡུལ་གྲུ་གང་སར་བོད་མི་ཚོ་ལྷག་བསམ་དྲང་ཚུགས་ལྡན་ཞིང་ལྐོག་ཟ་རུ་སུང་ཉུང་བའི་མི་རིགས་ཅིག་ཡིན་སྐོར་གསུང་བའི་ལེའུ་དེ་ལ་གནོད་ཆེན་པོ་ཅིག་བཟོས་ཡོད་པ་རེད།
ད་གང་ལྟར་་་རྟུག་དྲི་ཤོར་རྗེས་ལྟུ་ཁ་བཙུམ་ནས་ཕན་ཐོགས་ཡོད་པ་མ་རེད། ལས་ཁུངས་དང་ཚོགས་པ་སྒྲིག་འཛུགས། སློབ་གྲྭ་སོགས་གཞན་དག་ན་ཡང་འདི་འདྲ་བའི་གནས་ཚུལ་རུལ་དྲི་ཁ་བ་ཁ་ཤས་རྫབ་དུང་ནང་དུ་ལུས་བསྡད་ཡོད་ངེས་པས། འབྲེལ་ཡོད་སྡེ་ཚན་སོ་སོ་ནས་ཞིབ་བཤེར་ནན་པོས་རྩད་གཅོད་ཐུལ་ཕྱིན་བྱ་དགོས། གང་འགྱོགས་དེ་ལྟར་མ་བྱེད་ཚེ་ཉིན་མ་གཅིག་དབུས་བོད་མིའི་སྒྲིག་འཛུགས་འདི་འང་ཆོས་མེད་ཀླ་ཀློ་རྒྱ་གུང་ཁྲན་ཏང་ནས་ཀྱང་ཐབས་སྐྱོ་བའི་གནས་ཚུལ་བྱུང་ན་འཕྱིས་དྲག་པ་རེད།
སྙིང་རྗེ་ཧིན་སྒོར་འབུམ་གཉིས་སྒེར་སྤྱོད་བྱས་པའང་གསལ་བསྒྲགས་བསྐྱངས་འདུག དེ་ལས་རྐུན་མ་ཆེན་པོ་་བཀའ་ཁྲི་བློ་བཟང་སེང་གེས་སྔོན་ཨ་རིར་ཡོད་དུས་ཐེ་ཝན་གྱི་རོགས་དངུལ་ཚོད་མེད་ཟོས་པའི་མ་ཚད། དེས་ཀྱང་མ་འགྲང་བར་བོད་ཡོངས་རྫོགས་བཙོང་རིན་ཐོབ་འདོད་ཀྱིས་་བཀའ་ཁྲིས་ལངས་ཡོད་པ་རེད། རྐུན་མ་ཆེན་མོའི་འགྲམ་ན་རྐུན་ཕྲུག་གྲངས་མེད་ཡོད་ལེ་་རེད།
མི་ཞིག་ཅི་བྱ་གཏོམ་མེད་ཀྱི་ཚད་ལ་སླེབས་ན་སྲོག་ཀྱང་བློས་གཏོང་གི་རེད་་་དཀའ་ངལ་དེ་བདེན་པ་ཡིན་ན་་་་་
གཏོམ་་་་མ་རེད་་་གཏོལ་
མོ་ལ་ལམ་འགྲོ་མ་རྒྱུགས་པ་རེད། དེ་མ་གཏོགས་དེང་སང་དཔལ་འབྱོར་ལས་ཁུངས་ཀྱི་ལས་བྱེད་ཁ་ཤས་ཀྱིས་ཕྱྭ་ཁྲལ་ལག་དེབ་རྫུན་མ་བཟོས་ཏེ་ཧིན་སྒོར་ཁྲི་གསུམ་རེ་ལེན་བཞིན་འདུག་པ་དེ་ཚོ་ཡང་ལྐོག་ཟ་ཡིན་རྒྱུ་རེད། བཟོ་ས་ཡང་བལ་ཡུལ་དང་རྒྱ་གར་མཐའ་མཚམས་ཀྱི་མི་རིགས་བོད་དང་རྒྱལ་ཁོངས་བལ་བོ་དང་རྒྱ་གར་ཡིན་པ་སོགས་རེད་འདུག
ལང་ལ ་ཤོར་བའི་འདྲེ་ལག་ཟ་ཕྲུ་ལང་ནས་བཏང་འཛིན་མ་ཐུབ་པ་རེད། ཁག་མེད་སྙིང་རྗེ། ཨེ་ཡ་རང་དབང་རླུང་ཁང་གི་བཀའ་དྲི་ཞུ་ས་གཅིག་ཉུང་དུ་ཕྱིན་པ་རེད།
དངོས་གནས་ངོ་ཚ་། རྐུ་ཡིད་ལ་བཞག་ན། འཇབ་ཞོར་དུ་སོང་བ་རེད། རྒྱ་གར་གྱི་དཔོན་པོ་ལ་དཔེ་ལྟས་པ་འདྲ་།
་་་་ཨ་ཁ་ཁ།
ད་ནི་ཡོད་ཚད་ནས་ཡོད་ཚད་བརླག་ཐལ་་་་་་་་་་་་་་་་་་་་་་
༧གོང་ས་མཆོག་གི་ལམ་སྟོན་བརླག་ཐལ།
རང་གཞུང་འཐུས་མིའི་ཆེ་མཐོང་བརླག་ཐལ
བཙན་བྱོལ་བུ་མོའི་རིན་ཐང་བརླག་ཐལ།
གཞིས་བྱེས་བོད་མིའི་ཡིད་ཆེས་བརླག་ཐལ།
རྔ་བ་དཔའ་བོའི་ཞབས་རྗེས་བརླག་ཐལ།
ལོ་ངོ་ཉི་ཤུའི་གྲུབ་འབྲས་བརླག་ཐལ།
མ་འོངས་མདུན་ལམ་ཡོད་ཚད་བརླག་ཐལ།
རེ་བའི་འཆར་སྒོ་མཐའ་དག་བརླག་ཐལ།
ནང་མི་ཡོངས་ཀྱི་མཚན་སྙན་བརླག་ཐལ།
བུ་དང་བུ་མོའི་མདུན་ལམ་བརླག་ཐལ།
ནང་མིའི་ཁ་རྗེ་དབང་ཐང་བརླག་ཐལ།
ཁོ་མོ་གསོན་པའི་ཚེ་སྲོག་བརླག་ཐལ།
ཨ་ཁ། ཨ་ཁ། ཨ་ཁ། ཨ་ཁ།
ཡ་ད་ཨ་ཡེ་ལོན་ལོན་པོ་ཨུ་ཐུག་ནས་སྒོར་འབུམ་གཉིས་རྐུས་པ་ས་བསྒྲགས་གནམ་བསྒྲགས་བྱུང་འདུག གཅིག་བྱས་ནས་གནས་ཚུལ་ཨུ་ཐུག་པ་དེ་འདྲ་བྱུང་ཡོད་ཤག་རེད། འོན་ཀྱང་ངས་བསམ་པ་ལ་མོ་རང་གིས་ལོ་༢༠ ལྷག་གི་རིང་ལ་བོད་གཞུང་གི་རྐུབ་སྟེགས་མནན་ནས་བསྡད་པ་དེ་མ་འགྲིག་པ་རེད། གཞུང་གི་སྤྱི་འཐུས་སོགས་ལས་བྱེད་རྣམས་ཀྱི་དུས་ཡུན་ཞབས་ཞུ་ལོ་ཉི་ཤུ་རིང་དྲག་པ་རེད། རྒྱུན་རིང་པོར་ལས་ཀ་ལས་ན་དོན་རྐྱེན་དེ་འདྲ་ཡོང་དན་དན་རེད། དེ་བས་ན་ཕྱི་རྒྱལ་ཁབ་ཁག་གི་སྲིད་འཛིན་སྲིད་བློན་སོགས་དང་སྤྱི་འཐུས་སོགས་ལ་དུས་བཀག་ལས་ཡུན་ལས་མེད་པ་དང་། དུས་བཀག་ལས་བརྒལ་ན་ཁྲིམས་ཐོགས་ནས་འོས་བླུག་མི་ཆོག་པ་དེ་ཡང་དགག་བྱ་དང་དགོས་པ་དན་དན་ཡོད་ཀྱི་རེད། དེ་བཞིན་ང་ཚོའི་སྤྱི་ཚོགས་ནང་ལ་ཡང་ཡར་རྒྱས་ཡོད་པའི་སྤྱི་ཚོགས། དཔེར་ན་གདན་ས་སོགས་ན་དགེ་བསྐོས་དང་། ཕྱག་མཛོད། མཁན་པོ་སོགས་དུས་བཀག་ལས་ལྷག་བསྡད་མི་ཆོག་པ་དང་། འོས་བླུགས་མི་ཆོག་པའི་ཕྱག་ལེན་འདུག་ཀ དེ་ཚོ་ལ་དགེ་མཚན་དན་དན་ཡོད་ཀྱི་རེད། ང་ཚོའི་གཞུང་འདི་དམངས་གཙོ་ཡིན་ཟེར་ན་ཡང་། བཀའ་བློན་ཁ་ཤས་དང་། སྤྱི་འཐུས་ཁ་ཤས། དྲུང་ཡིག་ཁ་ཤས། ལོ་ནས་ལོ་མཐུད། རྐུབས་སྟེགས་གཅིག་རལ་སོང་ན་ཡང་བསྐྱར་སྐུབས་སྟེགས་གཞན་ཞིག་གི་སྟེང་དུ་འཇར་ནས་བསྡད་ཡོད་པ་འདི་ཡང་ཡག་རྟགས་ཤིག་མ་རེད། འོ་ད་མང་ཐ། བཤད་ཀི་བཤད་གི་ཁ་ཕྱོགས་གང་ཞིག་ལ་འགྲོ་གི་ཡོད་པ་ཡང་མི་ཤེས་ཀི གང་ལྟར་ངས་བཤད་པའི་དོན་བསྡུས་ན། སྔོན་ཆད་ཀྱི་རྒྱལ་བོ་དང་བླ་བྲང་གི་ཕྱག་མཛོད་ལྟར་བརྗེས་བོ་མ་བརྒྱབ་པར་སྡོད་པ་དེ་ཡག་རྟགས་ཤིག་མ་རེད་འདོད།
༄༅།། ལྐོག་ཟ་རུལ་སོང་བྱེད་མཁན་གྱི་སྒྲོལ་དཀར་ལྷ་མོའི་གནད་དོན་གླེང་བ། བོད་ཀྱི་བང་ཆེན་ཚང་ལ་བློ་ཕམ་ཡོད།
བུད་མེད་ཚོགས་པའི་ཚོགས་གཙོ་སྒྲོལ་དཀར་ལྷ་མོས་ལྐོག་ཟ་རུལ་སོང་བྱས་པའི་དངོས་ཡོདཀྱི་བདེན་གཏམ་ལ་འགྲེལ་བཤད་རྫུན་མ་ཞིག་དང་འཁྱོགས་བཤད་ལྷག་པོ་ཞིག་རྒྱག་དགོས་ དོན་མ་མཆིས་ལ།ཁྲེལ་མེད་ཀྱི་ལས་གཞི་འདིའི་རིགས་ཤི་གསང་རོ་གསང་བྱེད་པ་ནི་དེ་བས་ ཀྱང་འོས་པོ་ཞིག་གཏན་ནས་མ་ཡིན་སྙམ།ཁྱད་པར་དུ་གཞུང་ཞིབ་ཀྱི་མི་སྣ་ཞིག་གིས་འདི་ལྟ་ བུའི་བྱ་ངན་གྱི་ལས་གཞི་བརྩམས་པ་འདི་མཐོང་ཚེ།བོད་སྤྱི་བའི་བདེ་སྡུག་ལ་བསམ་བློ་ཅི་ཙམ་ གཏོང་གི་ཡོད་མེད་ར་སྤྲོད་གསལ་བོ་བྱེད་འདུག་པ་མ་ཟད། དགྲ་དགའ་གཉེན་སྡུག་གི་བྱ་ ངན་སྐྱུག་བྲོ་བ་ཞིག་གིས་བོད་སྤྱི་བའི་རྩ་དོན་སྣང་མེད་དུ་རླུང་ལ་བསྐུར་བ་དང་། རྡོ་ལ་གཞུས་པ་ཞིག་ཡིན་པར་སེམས།
ད་དུང་ནག་ཉེས་ལ་ངོས་ལེན་དང་ཉེས་སྐྱོན་ལ་འགྱོད་བཤགས་མེད་པར་གསར་ཁང་དང་རྒྱུད་ལམ་ཁག་ལ་རང་སྐྱོན་འགེབས་བསུམ་བྱེད་པའི་ཐབས་ཤེས་ཡོད་དགུ་རྩ་དཀྲུགས་བྱས་པ་ སོགས་ངོ་ཚ་ཁྲེལ་མེད་ཀྱི་ལས་འགུལ་སྤེལ་བ་དེ་དང་།དེ་མཚུངས་གསར་ཁང་ཁག་གིས་ཀྱང་ སྒྲོལ་དཀར་གྱི་ནག་ཐིག་རྣམས་གཡོལ་ཐབས་ཀྱི་ལས་ལ་བརྩོན་པ་འདིའི་རིགས་ནི་དངོས་ གནས་བོད་སྤྱིའི་གནད་དོན་ལ་བསམ་གཞིགས་དང་། སྤྱི་ཚོགས་ཀྱི་འགན་འཁྲི་མ་ཁུར་པའི་ བརྡ་རྟགས་མ་ནོར་བ་ཞིག་ཡིན་པའི་ར་སྤྲོད་གསལ་བོ་བྱས།
སྤྱིར་གསར་ཁང་འགས་དགོས་མེད་ཉོག་གཏམ་མང་པོ་ཞིག་དོན་དངོས་ཡིན་མིན་ལ་མ་ལྟོས་ པར་གང་སར་ཁྱབ་བསྒྲགས་དང་།ལོ་མང་དྲ་ཐོག་ཏུ་བཞག་ལུགས་ལ་ལྟ་དུས་འདིའི་འདྲའི་གནད ་དོན་ཚབ་ཆེན་རིགས་དྲ་ཐོག་དང་ཚགས་ཤོག་ཁག་ཏུ་འགོད་དགོས་པ་ལས། ཅི་ཡང་མ་ཚོར་ མདོག་མདོག་གིས་སྦས་གསང་བྱེད་རོགས་བྱེད་པ་ནི་ཧང་སང་ཧོན་འཐོར་གྱི་གནས་སུ་གྱུར་བ་ཞིག་རེད།
ལྷག་དོན་ཁར་སང་བང་ཆེན་གསར་ཁང་གིས་འདིའི་སྐོར་གྱི་གནས་ཚུལ་ཞིག་དྲ་ཐོག་ཏུ་བཏང་ འདུག་མོད། འོན་ཀྱང་སྐར་ཆ་འགའི་རྗེས་ནས་ནག་བསུབ་བཏང་བ་སོགས་ལ་བསམ་ཚེ། སྒྲོལ་དཀར་ལྷ་མོ་ནི་ཇི་འདྲའི་ནུས་ཤུགས་ཅན་གྱི་དཔའ་མོ་ཞིག་ཡིན་པ་སེམས་སོ།
འཛམ་གླིང་རྒྱ་ཁབ་ཁག་གིས་ལྐོག་ཟ་རུལ་བྱེད་མཁན་ལ་ངོ་རྒོལ་དང་སྐྱོན་མཚང་ཐེར་འདོན་གྱི་འདྲེན་བརྡ་བཏང་དང་གཏོང་བཞིན་པའི་སྐབས་འདིར། འུ་ཚོ་དེ་ལས་ལྡོག་སྟེ་གཅིག་མཚང་ གཅིག་གིས་འགེབས་བཞིན་རང་མགོ་རང་གིས་གཡོག་ལུགས་ལ་ལྟ་དུས། ད་གཟོད་འུ་ཚོ་རྗེས ་ལུས་ནང་གི་ཡང་ལུས་ཡིན་པའི་ངེས་ཤེས་སྐྱེས་སོང་ལ་ད་དུང་མུ་མཐུད་དུ་འདི་ལྟ་བུའི་ ཁྲེལ་མེད་ཀྱི་སྟེགས་བུ་ལས་བརྒལ་མ་ཐུབ་ཚེ་ཡར་རྒྱས་དང་མདུན་སྐྱོད་ཀྱི་ལས་འགུལ་ཞིག་ གང་ནས་བཙལ་དགོས།
སྤྱིར་འུ་ཚོ་བོད་ལ་མཚོན་ན་དཔལ་འབྱོར་གྱི་ཡོང་འབབ་ཤིན་ཏུ་ཞན་པ་དང་། དེའི་ཐོག་རྒྱ་ དམར་གྱིས་ནང་ནས་ཟོས་ཏེ་ཤ་ཟད་རུས་པ་ལ་གཏུགས་པ་དང་། ཕྱི་སྡོད་བཙན་བྱོལ་བ་ནང་ ཁུལ་རང་མིས་ཟོས་ཏེ་སྤྲང་པོ་དབྱུགས་ཐོགས་པ་ལ་བསྒྱུར་བའི་ངང་ཚུལ་འདི་དག་མཐོང་ཚེ། ཕྱི་དགྲ་རྒྱ་དམར་ལས་ནང་སྒྲ་ལྐོག་ཟ་ཅན་ཚོར་ཁོང་ཁྲོ་གཏིང་ནས་ལངས་པ་དང་། སེམས་པ་ རྨང་ནས་འཁྲུགས་པའི་གནས་སུ་གྱུར་དོ།།
མི་ངན་དཔོན་ལ་བསྐོས་པའི་ལོ་མང་དྲགས་ན་མཐའ་མ་འབྲས་བུ་ངན་པ་ཞིག་ལས་བཟང་བ་ཞིག་མེད་པ་མི་འགྲོ་མའི་ལོས་རྒྱས་ནང་བདེན་དཔང་ཧ་ཅང་མང་པོ་ཡོད་ལ་། གལ་སྲིད་མོ་ལ་དཀའ་ངལ་དེ་འདྲ་ཡོད་པ་བདེན་ན་བུ་མེད་ཚོགས་པ་དང་ཚོགས་པ་གཞན་ལ་དྲང་མོའི་སྒོ་ནས་བཤན་ན་ཚོགས་པ་དེ་ཚོས་དངུལ་སྦྱིན་མ་ཐུབ་ཀྱང་གཡར་ནི་རེད་། ལྷག་པར་མོས་ཀིརྟི་དགོན་པ་དང་ཀིརྟི་རིན་པོ་ཆེ་ལ་མོ་ལ་ཡོད་པའི་དཀའ་ངལ་བཤད་ན་རོགས་ཆ་ཚང་བྱ་མི་ཐུབ་ཀྱང་གང་ལ་གང་འཚམས་ཞིག་མོ་དང་འབྲེལ་བ་ཡོད་པའི་ཆ་ནས་བྱ་རྒྱི་རེད་། ད་མོ་ལ་ལྷག་བསམ་ཡོད་ག་ཚོད་བཤད་ཀྱ་མི་སུ་ཡིད་ཆེ་ནིརེད་།
མི་ངན་དཔོན་ལ་བསྐོས་པའི་ལོ་མང་དྲགས་ན་མཐའ་མ་འབྲས་བུ་ངན་པ་ཞིག་ལས་བཟང་བ་ཞིག་མེད་པ་ནི་འགྲོ་བ་མིའི་ལོས་རྒྱུས་ནང་ན་བདེན་དཔང་ཧ་ཅང་མང་པོ་ཡོད་པ་རེད་། གལ་སྲིད་མོ་ལ་དཀའ་ངལ་དེ་འདྲ་ཞིག་ཡོད་པ་བདེན་ན་བུ་མེད་ཚོགས་པ་དང་ཚོགས་པ་གཞན་ལ་དྲང་མོའི་སྒོ་ནས་བཤན་ན་ཚོགས་པ་དེ་ཚོས་དངུལ་སྦྱིན་མ་ཐུབ་ཀྱང་གཡར་ནི་རེད་། ལྷག་པར་མོས་ཀིརྟི་དགོན་པ་དང་ཀིརྟི་རིན་པོ་ཆེ་ལ་མོ་ལ་ཡོད་པའི་དཀའ་ངལ་དག་བཤད་ན་རོགས་པ་ཆ་ཚང་བྱ་མི་ཐུབ་ཀྱང་གང་ལ་གང་འཚམས་ཞིག་མོ་དང་འབྲེལ་བ་ཡོད་པའི་ཆ་ནས་བྱ་རྒྱི་རེད་། ད་མོ་ལ་ལྷག་བསམ་ཡོད་ག་ཚོད་བཤད་ཀྱ་མི་སུ་ཡིད་ཆེ་ནི་རེད་།
ཁར་སྔོན་ལྡི་ལིར་རྟེན་གཞི་བྱས་པའི་ཀུན་ཕན་ཐེབས་རྩ་ཚོགས་པའི་གོ་སྒྲིག་འོག ཟླ་འདིའི་ཕྱི་ཚེས་ ༢༣ ནས་ ༢༥ ཉིན་བར་རྒྱལ་ས་ལྡི་ལའི་ཨ་ཤོ་ཀ་གསོལ་མགྲོན་ཁང་དུ། ༸གོང་ས་མཆོག་གིས་རྒྱ་གར་གནད་ཡོད་མི་སྣ་ ༣༠༠ ལྷག་ལ་བདེན་བཞིའི་བཀའ་ཆོས་བསྩལ་ཡོད་འདུག་ལ། གསུང་ཆོས་མགོ་འཛུགས་མ་གནང་གོང་༸གོང་ས་མཆོག་གིས་ཆོས་ཞུ་བ་ཚོར་རྒྱ་གར་གྱི་ལྐོག་ཟ་རུལ་སུངས་སྐོར་ལ་བཀའ་སློབ་འདེ་འདྲ་ཞིག་བརྩལ་ཡོད ། “རྒྱ་གར་གྱི་མི་མང་པོ་ཞིག་གིས་ཐེ་ཚོམ་མེད་པར་ལྐོག་ཟ་རུལ་སུངས་བྱེད་ཀྱི་ཡོད་པ་རེད།ལྐོག་ཟ་རུལ་སུངས་བྱེད་མཁན་དེ་དག་གིས་ཞོགས་པར་ལྷ་ལ་གསོལ་བ་འདེབས་ཀྱི་ཡོད་ནའང་། དོན་དངོས་ཐོག་ལྐོག་ཟ་རུལ་སུངས་དང་ལྷ་ལ་གསོལ་བ་སྨོན་ལམ་འདེབས་པ་གཉིས་འགལ་ཟླ་ཆགས་ཡོད། མི་དེ་དག་གིས་ཡང་ན་དཀོན་མཆོག་ཁས་བླངས་ཏེ་ལས་དོན་རྣམས་དྲང་པོ་དྲང་བཞག་བྱ་དགོས་པ་རེད། ཡང་ན་དཀོན་མཆོག་ཁས་མ་བླངས་པར་ལྐོག་ཟ་རུལ་སུངས་བྱ་རྒྱུ་དེ་རེད།རྒྱ་གར་ལ་རང་བཙན་ཐོབ་སྟེ་ལོ་ངོ་ ༦༠ ལྷག་འགྲོ་གི་ཡོད་སྟབས། རྒྱ་གར་མི་མང་གིས་ད་འགྲིག་སོང་བསམ་བསྡད་ན་ནོར་འཁྲུལ་ཆགས་ཡོད། རྒྱ་གར་དུས་ཚོད་དང་སྤྱི་ཚོགས་ཀྱི་འགྱུར་འགྲོས་དང་བསྟུན་ཏེ་འགྲོ་དགོས་པ་མ་ཟད།གོ་སྐབས་དམ་འཛིན་དང་ཉེན་ཁར་གདོང་ལེན་བྱ་རྒྱུ་དེ་བས་ཀྱང་ཧ་ཅང་གལ་ཆེན་ཆགས་ཡོད” ཨ་ཁ་ཁ་ད་ག་རེ་བྱེད་ནམ་རྒྱུན་༧གོང་ས་ཆེན་པོ་ཟེར་གྲོས་འཚོགས་སུ་ཐར་མོ་སྦྱར་ཡ་དེ་རིང་༧གོང་ས་མཆོག་ཡང་་་་་་་་་་་་་་་་་་་་་་་་་་་་་་་།
ངོ་མ་དེ་འདྲ་དཀའ་ངལ་ཞིག་ཡོད་ན་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་དང་ཨ་མདོ་རྔ་བའི་ཚོང་པ་སོགས་ལ་ལབ་རོགས་སྐྱོར་ཡག་ཁོ་ཐག་རྒྱག་ངས་རེད་་་་་་་ཁྱེད་ཀྱི་ཇི་ལྟར་ལབ་ཀྱང་བརྐུས་པ་རེད་ཁྱེད་ཀྱི་ཕ་ས་མདོ་སྨད་རྔ་བའི་ཡུལ་གྲུ་འདིར་མཁས་པ་དང་རྒྱལ་གཅེས་དཔའ་བོ་དག་གི་ཕ་ས་རེད་མོད་ཡིན་ཡང་མི་ཁྱོད་ལྟ་བའི་ཞིག་གིས་བོད་དོན་དང་རྔ་བའི་མི་མང་སོགས་ཀྱིས་ཡོད་ཚོད་ཀྱི་བསམ་གཞིག་རླུང་ལ་བསྐུལ་ཡོད་པ་རེད་་་་་་་་་་་ད་མྱུར་དུ་སྤྱི་མཐུས་ཀྱི་ནང་ནས་མྱུར་དུ་ཕྱི་ཕུད་མ་བཏང་ན་གོ་བཞིན་དུ་འདི་ལྟར་བྱས་ན་ངོ་གནོང་བའི་དོན་སྐྱེན་རྣལ་མ་ཞིག་རེད་མྱུར་དུ་མཐའ་སྤྲོད་བཏང་རོགས་་་་་་་་་་་་་་་་་་་་མདོ་སྨད་ཀྱི་ཞབས་འདྲེན་མ་མོར་རྡོ་མོ་རང་རེད་་་་་་་་་ད་དུང་དད་པ་ཡོད་མདོག་དང་སྙིང་རྗེ་ཆེ་མདོག་སོགས་ཀྱི་འཁྲབ་སྟོན་གང་མང་ཞིག་འཁྱབ་ཀྱིས་ལས་འཆར་ཡོད་ཀྱང་ལམ་ལ་མ་སོང་པ་རེད་་་་་་་་་་་་མིའུ་ཐུང་མ་སྤྱི་མཐུས་ཀྱི་ནང་ནས་རྩ་དགོང་མི་ཞུ་པ་ག་རེ་ཡིན་ནམ་ཁྱོད་ཀྱི་སྐྱབས་རྗེ་ཀིརྟི་རིན་པོ་ཆེའི་མདུན་དུ་ག་འདྲ་ཞུ་རྒྱུ་ཡིན་ད་དུང་ངོ་ཚ་རྒྱུ་མེད་པའི་བྱ་ངན་སྤེལ་ལུགས་ལ་ལྟོས་དང་མིན་མདོག་མདོག་དང་ཡིན་ལོ་ལོ་སོགས་བྱས་ཏེ་རྒད་པོའི་གམ་དུ་བུད་མེད་ཚོགས་བའི་དངུལ་འབུམ་གཉིས་བརྐུས་ཏེ་བཏང་ད་དུང་མདོ་སྨད་སྤྱི་མཐུས་ཀྱི་ནང་ནང་དགོངས་པ་མ་ཞུས་ཁྱེད་ར་བཟི་སོང་བ་མ་ཡིན་ནམ་་་་་་་་་་་་་་་་དུས་བབས་སང་གི་ཡང་ཤ་གསང་རུས་གསང་དགོས་དོན་གང་ཡིན་ནམ་གཞན་དཀྲུག་ཤིང་དང་དཀྲོག་གཏམ་སོགས་གང་སུར་ཁྱབ་བསྒྲགས་བྱེད་ལུགས་ལ་ལྟོས་དང་བསམ་གཞིག་ཡང་དག་ཅིག་བཏང་དགོས་པ་རེད་་་་་་་་་་་་་འདི་འདྲ་རིགས་ཁྱབ་སྤེལ་དགོས་པ་ལས་གསང་དགོས་པ་ཡོད་དོན་མེད་རྩ་བ་ནས་མེད་པ་ཞིག་རེད་་་་་་་་་
ཡ་ཡ་ད་ཁ་བརྡ་ཚང་གི་མཆན་ལ་བལྟས་ཟིན་པ་ཡིན། ད་ཡང་དུས་བབས་ཚང་གི་མཆན་ལ་བལྟ་གི་འགྲོ མི་ལ་མ་སྡིག་པར་རྒྱུན་རིང་པོ་འགོར་སོང་། ད་སྡིག་ས་ཞིག་ཡོད་ཐ། སྡིག སྡིག་སྡིག བསྡིགས། བསྡིགས། ཁ་ཟད་མ་སོང་པར་དུ་བསྡིགས། སོ་ལྷུང་མ་སོང་པར་དུ་བསྡིགས། རྒྱག་རེས་རྒྱག་ས་མེད་མཁན་ཚོས་འདིར་ཡོང་ནས་བསྡིགས། ཧཧཧ
ཨ་མ་དེ་ལ་བརྩེ་བ་ཡོད་ཀི།
རང་གི་བུ་ངན་བཙོན་ནས་སྐྱོབས་ཕྱིར།།
འབུམ་གཉིས་དངུལ་ཁང་བརྒྱུད་ནས་རྐུས་ཐ།།
སྐད་གྲགས་སྦིར་གྲགས་ཆེན་པོ་ཆགས་ཐལ།།
ལོ་ངོ་ཉི་ཤུར་སྤྱི་འཐུས་བྱས་རུང་།།
མིང་དང་ལོ་རྒྱུས་གོ་ཡ་མི་འདུག།
འབུམ་གཉིས་ཐེངས་གཅིག་རྐུ་མ་བརྒྱབ་པས།།
སྐད་གྲགས་འཛམ་བུ་གླིང་ལ་ཆོད་ཐལ།།
བུ་ངན་བརྩེ་བ་ཅན་ཞིག་ཡིན་ན།།
ཨ་མ་མགོ་ལ་འཁུར་ནས་རྒྱུགས་རུང་།།
ད་དུང་དྲིན་ལན་གསབ་ས་མ་རེད།།
ཨ་མི་དྲིན་ཆེན་སེམས་པ་བུ་ཐོག།
བུ་ཕྲུག་སེམས་པ་རྡོ་ཐོག་བཞག་ཡོད།།
རྐུན་མ་ཆེ་མོ་བ་མཁས་དབང་བློ་བཟང་སེང་གེས་རྐུན་ཕྲུག་རྣམས་ཚར་གཅོད་དགོས་ངེས་པར་དུ།།།
སྙིང་རྗེ་འཕྲེལ་སེར་བདེ་བའི་ཆེད་དུ་མི་ཚེའི་མདུན་ལམ་བརླགས་སོང་།།། སྤྱི་མཐུས་རྣམས་གཙོས་པའི་གཞུང་ཞིབ་དང་ལས་ཁུངས་ཀྱི་འགེན་འཛིན་སློབ་གྲྭ་ཁག་གི་སྐུ་ངོ་གཞུང་ཞིབ་ཀྱི་རྒྱུན་ལས་རྣམས་པ་གཙོས་པའི་ལས་བྱེད་ཡོངས་ཀྱིས་དེ་ཡི་རིག་ལ་དོ་སྣང་བག་ཡོད་ངང་ནས་ཞབས་སུ་ཞུ་བ་ཐུགས་གལ་ཆེ།།།
ནམ་རྒྱུན་ང་ཚོའི་རྩོམ་པ་པོ་ཡིན་ཟེར་མཁན་ཚོས་དྲང་བདེན་དང་། ལྐོག་བཟའ་སོགས་ལ་ངོ་རྒོལ་ཡོད་ཚུལ་ཁོ་ན་གླེང་སོང་། ད་ཆ་རྩོམ་པ་པོ་དེ་དག་གང་དུ་འབུད་སོང་བ་རེད་དམ། ཨ་མདོའི་སྤྱི་འཐུས་ཀྱིས་ཞབས་འདྲེན་ཞུས་པར་ཁྱོད་ཚོའི་བླ་འཁྱེར་སོང་བ་མ་རེད་དམ།
ཀིརྟི་བུ་མོ་ཁྱོད་འཇོན་པོ་རང་རེད་མིན་འདུག ཧིན་སྒོར་འབུམ་གཉིས་འཁྱེར་བ་བློ་ཆུང་རང་རེད། ང་ཡིན་ན་དངུལ་ཁང་སྟོང་པ་བཟོ་བཞག་ས་རེད།
གོང་གི་དྲ་བུ་བ་སྟག་སྨྱོན་ཟེར་བ་དེ་་་་་་་་་་་་་་་་་་འབྲེལ་ཡོད་ཞིག་རེད་འདུག་དངོས་གནས་སྙིང་རྗེ།།།
དུས་བབས་ཚང་དང་སྤྱི་ཚོགས་མེ་ལུང་ཟེར་བ་དེ་ཚོ་བོད་སྤྱི་ལ་ཁྱབ་པའི་ཚ་ཤོག་གཅིག་དངོས་གནས་མ་རེད་ད་དུང་ཁོང་ཚོས་སྤྱི་ཚོགས་ནང་དུ་ཀྲོག་གཏམ་དང་དཀྲུག་ཤིང་གང་ཐུབ་བྱེད་ཀྱི་རེད་དངོས་ཡོད་དང་བདེན་པ་ནི་ཉིན་མོའི་ནམ་མཁའི་སྐར་མ་བལྟུ་རེད།།།
མོ་རང་གིས་མི་ལོ་ཉི་ཤུར་བོད་དོན་ལས་ཀ་གཉེར་བ་ལས་དེ་རིང་མི་མང་གིས་འཕྱ་སྨོད་བྱེད་ས་ཞིག་ཏུ་གྱུར་འདུག སྐྱོན་ཐེར་འདོན་བྱེད་པ་རང་དབང་ལུང་པའི་ཁྱད་ཆོས་ཡིན་ངེས་ཀྱང་། ད་ནི་བཤད་རྒྱུ་མཐའ་དག་བཤད་བསྒྲགས་རྒྱུ་མཐའ་དག་བསྒྲགས་འདུག་པས་ར་བསད་ནས་ལུག་འདར་བ་ཞིག་བྱེད་དགོས་ན་ཡང་དེས་མ་ཆོག་པ་ཞིག་མི་འདུག་བསམ། ད་ནི་ཁ་ཕྱིར་ཕྱོགས་ནས་མོ་ལ་ཡང་འོས་བབས་ཀྱི་སེམས་གསོ་ཞིག་གནང་དགོས་མཐོང་སོང་། མི་ལོ་ཉི་ཤུའི་ལང་ཚོ་གང་དུ་ཐིམ་སོང་བ་དེས་ཀྱང་ཁ་ངོ་ཅུང་ཟད་ཅིག་སྤྲད་ཆོག་པ་ལ། འདི་ནས་ཞོར་དུ་གཟི་བརྗིད་ཅིག་ཀྱང་ལྷང་ལ་བུད་བྱུང་ནི་བོད་བཙན་བྱོལ་སྲིད་གཞུང་ནང་ལྐོག་ཟ་འདི་ཙམ་ཞིག་བྱས་པས་ཀྱང་ལས་གནས་ནས་དགོངས་ཞུ་བྱེད་དགོས་བྱུང་པ་དེ་རེད། རྒྱ་ནག་ལ་མཚོན་ན་མཐོ་རིམ་དཔོན་རིགས་ནས་རྒྱ་སྒོར་ས་ཡ་མང་པོ་ཟས་ཀྱང་ལྷང་ལ་འབུད་དཀའ་ནི་རེད། དེ་ནི་མི་འདྲ་སའི་གནད་གཙོ་དེ་ཡིན་པས་འུ་ཅག་ངོ་གནོང་དགོས་པ་མི་འདུག ཟོས་པ་གཟི་བརྗིད་མིན་ཀྱང་ཐེར་འདོན་ཏེ་གཟི་བརྗིད་ཅིག་ཏུ་མཐོང་སོང་།
གོང་དུ་སངས་རྒྱས་བཞག
འོག་ཏུ་བདུད་རྒྱལ་མཆོད།
ཁ་ནས་་ལྷག་བསམ་ཡོད་ཟེར།
བྱས་སྟངས་དེ་ལས་སྐྱོ་བ།
གནས་ཚུལ་འདི་ལ་ལྐོག་ཟ་བྱས་ན་མི་འགྲིགས། སྒེར་སྤྱོད་བྱས་ན་རན་པར་སྣང་། གང་ལྟར་ཡང་བདེན་པ་བཤད་ན་གནས་ཚུལ་འདི་ཚབ་ཆེན་ཞིག་རེད། མདོ་སྨད་ཚོ་ངོ་ཚ་དགོས་པ་བཟོས་འདུག ཀིརྟིའི་དཔའ་བོ་ཚོ་ལ་བསམ་ན་སྤོབས་པ་སྐྱེ་དགོས་པ་ཞིག་དང་། གནས་ཚུལ་འདི་ལ་བསམ་ན་བློ་ཕམ་པ་ཞིག་རེད།༡ ༽སྐྱིན་ཚབ་སྤྲོད་རྒྱུ་དུས་ལས་མི་ཡོལ་བ་དང ། ཟ་འདོད་སྦེད་སྐུང་གི་བསམ་བློ་མེད་པར་གནས་ཚུལ་དྲང་པོར་བརྗོད་པ་ནས་བཟུང་ལྐོག་ཟ་དངོས་མིན་པ་གསལ་པོ་རེད། སྤྱི་དངུལ་གཡར་དགོས་ན་ལས་རོགས་ཚོར་གོ་བསྡུར་དགོས་པ་རེད། དེ་མ་བྱུང་ན་ལྐོག་ཟ་མིན་ཀྱང་སྒེར་སྤྱོད་ཆགས་པ་རེད། ༢ ༽ སྐྱོན་ཆ་ཁྲིམས་རར་མ་སླེབས་སྔོན་དྭངས་བླང་གི་སྒོ་ནས་འཐོལ་བཤགས་བྱས་ན་ཉེས་པ་གུ་ཡངས་བཟོ་རྒྱུ་རྒྱལ་སྤྱིའི་ཁྲིམས་རེད། མི་གསོད་སོགས་གཏན་ཁྲིམས་ཡིན་ན་ཉེས་པ་ཡང་དུ་གཏོང་བ་དང་། རྐུན་མ་བརྐུ་བ་དང་ཁ་རྩོད་ཤོར་བ་སོགས་སྤྱིཚོགས་ཀྱི་ཁྲིམས་ཡིན་ན་དངུལ་ཆད་དམ་ཡང་ན་སྐྱིན་ཚབ་སྤྲད་ནས་ཡོངས་ཁྱབ་ཏུ་དགོངས་དག་ཞུས་ན་འགྲིག ༣ ༽ ཆབ་སྲིད་པའི་འགན་འཁྲི་དང་མི་ཆོས་བཟང་སྤྱོད་ཀྱི་ངོས་ནས་ཡོངས་སུ་ཉམས་པ་རེད། རང་གི་བུའི་ཆེད་དུ་བོད་མི་མང་གིས་སྤྱི་དངུལ་སྒེར་སྤྱོད་བཏང་བ་མིག་ལྟོས་ངན་པ་དང་། སྤྱི་དོན་བློས་གཏོང་པ་ཞིག་ཡིན་པའི་གསལ་བཤད་རང་ངོས་ནས་བྱས་པ་རེད། ༤ ༽ སྐྱོན་ཆ་ངོས་ལེན་དང་། དགོངས་སེལ་ཞུས་ཚར་བ་ནས་བཟུང་གནས་ཚུལ་མཇུག་བསྒྲིལ་བ་རེད། ཆབ་ཅིག་དེ་ལ་དམའ་འབེབས་སྐྱོན་བརྗོད་སོགས་མཚམས་འཇོག་བྱས་ན་ལེགས། ༥ ༽ གནས་ཚུལ་འདིས་ཆབ་སྲིད་པ་རྣམས་ལ་སྔོན་བརྡ་ཞིག་བཏང་བ་རེད། སློབ་གསོ་ཡིན་པར་ངོས་འཛིན་ཐོབ་ན་ཕན་པ་འབྱུང་ངེས། སྤྱི་དོན་པ་ཞིག་ཡིན་ནས་བཟུང་ནམ་ཡིན་ཡང་སྒེར་གྱི་དོན་དུ་སྤྱི་མི་བཙོང་མཁན་ཞིག་དང་། སྤྱི་དོན་གྱི་ཆོད་སེམས་ནམ་ཡང་མི་འགྱུར་པ་ཞིག་དགོས་ཨང་།
ནས་ཚུལ་འདི་དང་པོ་ཁ་བརྡ་དྲ་བའི་མཆན་ཞིག་གི་ནང་དེ་འདྲ་ཞིག་མཐོང་ཡ།ངོ་མས་ཐབས་སྐྱོ་བོ་རེད། འདི་འདྲ་ཞིག་ཡོང་དོགས་གཏན་ནས་མེད། ང་ཚོའི་ངོས་ནས་ཁྱེད་ལ་ཡིད་ཆེས་དང་བློས་གཏད་བྱས་པ་ཡིན། ད་དེ་རིང་ཚང་མ་ཆུ་ལ་གཡུག་ཚར་སོང་། ད་དུང་གཞུང་སྒེར་ཚང་མས་དོ་སྣང་གནང་ནས་འདི་འདྲའི་རིགས་ཤེས་རྟོགས་བྱུང་ན་ངེས་པར་དུ་ཐེར་འདོན་བྱས་ན་ལེགས།
རྒྱ་མིའི་དཔོན་རིགས་ཀྱིས་སྒོར་ས་ཡ་གཅིག་ལྐོག་ཟ་བྱས་པ་དང་། བཙན་བྱོལ་ལས་བྱེད་གཅིག་ཀྱིས་སྒོར་འབུམ་གཅིག་ལྐོག་ཟ་བྱས་པ་གཉིས་སུ་ཉེས་ཆ་བགྱིད་རེད། ཧ་ཧ། ཧུ་ཧུ། ཧི་ཧི། །
རུལ་སུངས་ཀྱི་བྱ་སྤྱོད་འདིས་ཁྱོད་ལ་རེ་བཞག་བྱས་པའི་མི་བུ་གང་མང་ཞིག་གི་སེམས་སུ་ཆུ་འཁྱགས་བཤོས་སོང་།
ང་ཚོ་ནི་ཁྲིམས་ཀྱིས་དབང་བསྒྱུར་འོག་ཡོད་ན་བྱས་འབྲས་མཐའ་དག་ཁྲིམས་ལུགས་ལྟར་ཐག་གཅོད་པ་འོས་མེད།
༡༽འོག་གི་དུས་ཚོད་ལ་གཞལ་ན་དངུལ་འཛིན་མེད་པ་ཤེས་པའི་རྗེས་སུ་དངུལ་བསྐུར་འདུག (འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢ ཉིན་ཚོགས་གཞོན་གྱིས་དངུལ་འཛིན་ (Cheque ) ཨང་གྲངས་ ༦༡༦༤༤༢ བྱས་པ་ཞིག་ཚང་མེད་པ་ཤེས།) དངུལ་སྐུར་དུས(ཕྱི་ཟླ་ ༣ ཚེས་ ༡༥ ཉིན་ལྡི་ལི་མཐོ་སློབ་ཨེས་བྷི་ཨེའི་དངུལ་ཁང་བརྒྱུད་སྤྱི་དངུལ་ཧིན་སྒོར་འབུམ་གཉིས་རྡོ་རྗེ་གླིང་གི་ཁོ་མོའི་ཁྱིམ་མཚེས་མཱ་ཡ་པྲ་དྷན་(Maiya Pradhan) ཞེས་པའི་བུད་མེད་ཞིག་ལ་བསྐུར་བ་ངོས་ལེན་གཙང་མ་བྱས་ཡོད་པས།)། ༢༽ ཞིབ་གཤེར་བྱེད་པའི་དུས་ཚོད་ཤིན་ཏུ་མྱུར་ཁྱད་ཆེ། (ཕྱི་ཟླ་ ༣ ཚེས་ ༢༨ ཉིན་སླར་ཡང་དྲུང་ཆེ་དང་རྩིས་པ་གཉིས་ཀྱིས་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་ཆེད་གསང་བའི་ཐོག་མེག་གྷན་ཨེས་བྷི་ཨའེ་དངུལ་ཁང་དུ་བསྐྱོད་རྗེས། གནས་ཚུལ་དེ་ཚོགས་གཙོས་རྡོ་རྗེ་གླིང་གནས་སྡོད་མཱ་ཡ་པྲ་དྷན་(Maiya Pradhan)ཞེས་པའི་བུད་མེད་ཞིག་བརྒྱུད་ཁོ་མོའི་ཁྱོ་གར་བསྐུར་ཡོད་པའི་དཔང་རྟགས་ར་སྤྲོད་ཁུངས་བཙན་རག་ཐུབ་པ་བྱུང་ཡོད། ཅེས་དང་།)༣༽ཞག་པོ་གཅིག་གི་ཡུན་དུ་བསམ་བློ་གཏོང་བཅུག་སྟེ་ཁྱབ་བསྒྲགས་བཏང་འདུག བོད་ཀྱི་བྱ་བ་ཆེ་ཕྲ་ཀུན་ལ་འདི་ལྟར་ལས་ཀ་མགྱོགས་མྱུར་གནང་ན་ཤིན་ཏུ་ལེགས།( ཕྱི་ཟླ་ ༤ ཚེས་ ༣ ཉིན་རྒྱུན་ལས་ཚང་འཛོམས་ཀྱིས་ཚོགས་གཙོར་རང་སྐྱོན་ངོས་ལེན་ཞུ་རྒྱུར་གོ་སྐབས་ཇི་ཙམ་ཕུལ་ཀྱང་དོན་ཕན་གང་ཡང་སོན་མེད་པས་རྒྱུན་ལས་མ་ཡིན་པའི་ལས་བྱེད་ཚོར་ཡང་བཅར་འདྲི་བྱེད་དགོས་བྱུང་ཡོད། ཁོང་ཚོའི་ཕྱོགས་ནས་ཀྱང་ཁས་ལེན་གང་ཡང་བྱས་མེད་པར་བརྟེན་གནས་ཚུལ་ཅི་ཡང་ཤེས་རྟོགས་ཐུབ་མེད། མཐར་འུ་ཐུག་ཐབས་ཟད་ཀྱིས་ཚོགས་གཙོ་གཙོས་རྒྱུན་ལས་དང་ལས་བྱེད་ཚང་མ་མོས་མཐུན་ཐོག་དངུལ་ཁང་བརྒྱུད་འབྲེལ་ཡོད་ཉེན་རྟོགས་པར་སྙན་གསེང་ཞུ་རྒྱུར་ཐག་གཅོད་བྱུང་ཡོད། འོན་ཀྱང་། ཕྱི་ཟླ་ ༤ ཚེས་ ༤ ཉིན་ཞོགས་པ་ཕྱག་ཚོད་ ༩།༣༠ ཐོག་རྒྱུན་ལས་ཚང་འཛོམས་སར། ཚོགས་གཙོས་དཔང་རྟགས་གཞིར་བཞག་ན་དོན་རྐྱེན་དེའི་བརྒྱ་ཆ་ ༩༠ ཙམ་ཚོགས་གཙོ་རང་ཉིད་ཀྱི་ཐོག་བབ་ཚུལ་གསུངས་ཏེ། ཁོང་མོར་ནག་ཉེས་མེད་ཀྱང་ཚོགས་པའི་ཆེ་མཐོང་ཆེད་གནས་སྐབས་རིང་ཁས་ལེན་བྱ་རྒྱུའི་རྣམ་འགྱུར་བསྟན་ཀྱང་རྒྱུན་ལས་ཚང་མས་ཁས་ལེན་བྱས་མེད།) ༤༽ལས་ཀ་གནང་སྟངས་ཐད་ལྐོག་ཟ་རུལ་སྲུང་མི་བྱེད་པར་ཞལ་འཆམ་པོ་སྔ་ན་མེད་པ་བྱུང་འདུག (དེའི་རྗེས་རྩིས་པ་དང་དྲུང་ཆེ། ཚོགས་གཞོན་གསུམ་མེག་གྷན་ཨེས་བྷི་ཨེའི་ (SBI) དངུལ་ཁང་དུ་བསྐྱོད་ཁར་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོས་དོན་རྐྱེན་དེ་ལས་གཡོལ་ཐབས་མེད་པ་ཤེས་ཏེ། དེ་སྔོན་ཚོགས་གཞོན་གྱི་ས་ཡིག་འཁོད་པའི་དངུལ་འཛིན་ཞིག་ལྐོག་ཏུ་ཉར་ཏེ་དྲུང་ཆེའི་ས་རྟགས་བརྫུས་མ་བརྒྱབ་ནས། སྔ་ཕྱིའི་གནས་ཚུལ་བྱུང་རྐྱེན་དེ་དག་ལ་བརྟེན་ནས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ་ད་ལྟའི་ལས་གནས་ནས་རྩ་དགོངས་ཞུ་དགོས་པ་དང། རང་སྐྱོན་ངོས་ལེན་ཞུ་ཡིག་འབྲི་དགོས་པ། ཧིན་སྒོར་འབུམ་གཉིས་ལས་ཁུངས་ལ་ཕྱིར་སློག་དགོས་པ་བཅས་གཏན་འབེབས་བྱུང་བ་བཞིན། ཁོ་མོས་ཀྱང་དེ་ལྟར་ཁས་ལེན་བྱུང་བ་དུས་ཐོག་ཏུ་ལག་ལེན་བསྟར་ཡོད།)ཚོགས་བཞོན། དྲུང་ཆེ། རྩིས་པ། རྒྱུན་ལས་ཚང་མས་གནད་དོན་ཐག་གཅོད་ཐད་མྱུར་མགྱོགས་སྐྱེན་ལུགས་ལ་བསམ་ན་ཆབ་སྲིད་ཀྱི་གཡོ་འཕྲུལ་ཞིག་ཀྱང་ཡིན་ལས་ཆེ། ཕྱིན་ཆད་སྐྱོན་ཆ་ཐེར་འདོན་ལ་གཅིག་རྒྱབ་གཉིས་སྣོན་མི་བྱེད་པར་ཞག་པོ་གཅིག་རེའི་ཡུན་དུ་གནད་དོན་ཆེན་པོ་རེ་འདི་ལྟར་ཐག་གཅོད་བྱུང་ན་ངེས་པར་དགེ་མཚན་ཆེ།
ད་མདོ་སྨད་སྤྱི་འཐུས་ནས་དགོངས་པ་ཞུ་རྒྱུ་ལས་ལྷག་མི་འདུག ཕྱིན་ཆད་བོད་གཞུང་མང་གང་ལ་ཡང་ཞབས་ཕྱི་ཞུ་རྒྱུའི་ཆོད་སེམས་ཡོད་ཀྱང་ཁྱོད་ལ་ཡིད་ཆེས་བརླགས་ཚར་པ་རེད།
སྐྱེས་དམན་ཐུང་ཐུང་ཞིག །
ལག་པ་རིང་པོ་ཞིག །
བཤད་སྟངས་སྙིང་རྗེ་ཞིག །
བྱེད་སྟངས་རྩུབ་པོ་ཞིག །
སྐྱེས་དམན་ཆུང་ཆུང་ཞིག །
ཧམ་པ་ཆེན་པོ་ཞིག །
རྒྱུ་མཚན་ཆུང་ཆུང་ཞིག །
ལས་ཀ་ཆེན་པོ་ཞིག
སྐྱེས་དམན་རྡོག་རྡོག་ཅིག །
བསམ་བློ་འཁྱོག་འཁྱོག་ཅིག །
གོ་ས་ལོག་ལོག་ཅིག །
ཕྱག་ལས་རྫོབ་རྫོབ་ཅིག །།
གོང་གི་མཆན་འགོད་པ་ཚོས་བཤད་སྟངས་ལ་བརྟགས་ན་དུས་བབ་ཚང་དང་། ཁ་བརྡ་ཚང་ཕྱོགས་གཅིག་ལ་ཡོ་མེད་དམ།???
ཀིརྟི་སྒྲོལ་དཀར་ལྷ་མོས་མི་ལི་ཉི་ཤུ་ལྷག་ལ་ཕྱི་སྡོད་བོད་མིའི་སྤྱི་ཚོགས་ཁྲོད་དུ་ཞབས་ཞུ་དང་།རོགས་རམ་མང་རབས་བཤད་ཀིན་འདུག་མོད། ཉེ་སྔོན་ལྐོག་འཁྱེར་གྱི་དོན་རྐྱེན་དེས་ད་གཟོད་ལོ་ངོ་ཉི་ཤུ་ལྷག་ལ་རང་གི་ངོ་གདོང་གཡོགས་བྱེད་ཀྱི་ཀོ་བ་དེ་བཤུས་པ་རེད། ཡང་གཅིག་བཤད་ན་ཁོ་མོས་ད་བར་དུ་མི་མང་འདུ་ཚོགས་ཀྱི་སྔུན་ནས་ཀི་རིང་བྱས་པའི་ཕྱི་ཚུལ་གྱི་རྣམ་འགྱུར་རྫུན་མ་དེའང་ཧོབ་ ཀྱིས་མངོན་པ་རེད། ཆེས་དགོད་སྤྲོ་བ་ཞིག་ནི་ཁོ་མོས་རང་ཉིད་ལ་ད་དུང་གནས་ལུགས་ཤིག་ཡོད་མདོག་གིས་སྐད་ཆ་བཤད་པ་དེ་རེད། དཔེར་ན། རྐུན་མ་གྱོན་པ་མེད་མཁན་ཞིག་གིས་གཞན་གྱི་གྱོན་པ་བརྐུས་ཏེ་སྟབས་མ་ལེགས་པར་བདག་པོས་ཟིན་པ་ཡིན་ན་རྐུན་མ་དེས་ རང་ཉིད་ལ་གྱོན་པ་མེད་ལུགས་ཀྱི་སྐད་ཆ་བཤད་སྤྱིར་བཏང་གི་སྐད་ཆ་བཤད་སྟངས་ཤིག་མིན་ནམ།མོས་ཀྱང་དེ་ལྟར་བཤད་པ་དང་འདྲ་ བས་དངོས་གནས་ཁོང་དགོད་ཤོར་བ་ཞིག་རེད། ཁོ་མོས་སྟབས་གླགས་མ་འགྲིག་པ་མི་བཤད་པར་ད་དུང་ཧིན་སྒོར་འབུམ་གཉི་ཀ་ཟ་ བསམ་མེད་ལུགས་ཟེར།སྤྱིར་ཧིན་སྒོར་འབུམ་གཉིས་མང་པོ་ཞིག་མ་རེད་མོད།བྱིས་པ་ཞིག་གི་ཨ་མ་དང་ཚོགས་པ་ཞིག་གི་གཙོ་མ་ཞིག་ ཡིན་དུས་གནད་དོན་འདི་ཡང་ལྐོག་ཟ་རུལ་སུངས་མིན་རུང་དེའི་ཆ་ཤས་སམ་ཡང་ཤས་ཤིག་མིན་ཐབས་མི་འདུག་པས་ དེ་རིང་ནས་བཟུང་ཆོལ་ཁ་གང་རུང་དང་། ཚོགས་པ་གང་རུང་ཡང་ན་མི་ཆེན་གང་རུང་སུ་ཡིན་རུང་ཁ་ཡག་ཡག་དང་། ཁོག་ནག་ནག་གིས་ཚིག་ཅི་ཡང་བཤད་མི་དགོས། ལྷག་པར་དུ”ངོས་ལེན”དང་”སྙིང་རྗེ”ཟེར་བའི་ཐ་སྙད་དེ་ལ་ཁ་གཡར་ཏེ་ གུ་ཡངས་སུ་གཏོང་བའི་གྲ་སྒྲིག་ཀྱང་བྱ་མི་དགོས་སོ། ང་རང་ཉིད་མདོ་སྨད་པ་ཞིག་ཡིན་པའི་ཆ་ནས་སྐད་ཆ་ཞིག་བཤད་ཀྱི་ཡིན། དེ་ནི་ཀིརྟི་སྒྲོལ་དཀར་ལྷ་མོ་ཅི་མགྱོགས་གང་མྱུར་གྱིས་མདོ་སྨད་སྤྱི་འཐུས་ནས་ཕྱིར་འཐེན་བྱོས་ཟེར་བ་ཡིན་ནོ།
ད་དེ་འདྲ་མ་གསུངས་ཡ། མི་ལོ་ཉི་ཤུའི་རིང་ལ་ལས་ཀ་བྱས་ཡོད་ན་མི་ལོ་བཅུ་རེ་ལ་སྒོར་འབུམ་༡་རེ་ལོས་དགོས། ཨ་རི་ལ་ལས་ཀ་སོང་ཡོད་ན་ཟླ་བ་རེ་ལ་འབུམ་རེ་ལྷོད་ལྷོད་རེད་ཧཧ
རྣམ་པ་སྐྱོ་བོ་རེད། འོན་ཀྱང་ རང་སྑྱོན་ངོས་ལེན་བྱས་པ་དང་། སྐྱིན་ཚབ་སྤྲད་པ་འདིའི་ེལྷག་བྱེད་རྒྱུ་མེད་གི་སྙམ། སྐྱོན་གང་བྱས་པ་ངོས་ལེན་བྱེད་ཐུབ་ན་དེ་ལ་དེ་འདྲའི་དམའ་འབེབ་ཡང་བྱེད་འེ་དགོས་བསམ།
ཐོག་མར་རང་ལ་བསམ་བློ་ཞིག་བཏང་ནས་གཞན་ལ་བཤད་ན་ཡག་ནི་རེད།
ཨ་ཨ་ཨ། ལས་འདི། གསུང་བཤད་འདི་ལ་གཅིག་ཉོན་དང་སྐར་མ་༨་དང་༩་ལ་སླེབས་དུས་སེམས་འདར་སོང་། དཀོན་མཆོག་མཁྱེན། http://m.youtube.com/index?desktop_uri=%2F&gl=US#/watch?v=4Mxc8sPNJog
ད་རེས་མདོ་སྨད་མི་མང་ལ་ལྟ་རྒྱུ་རེད། དབུས་ལ་མི་མང་ཡིན་ན་ཟླ་བ་ཚེ་རིང་གིས་གཞུང་རྒྱུ་ཟོས་ཀྱང་ད་དུང་གྲོས་ཙོགས་གཏོང་པས་མ་ཚད། ཁོ་རང་ཚོའི་ཚོགས་གཙོ་བསྐོས་སོང་། ད་མདོ་སྨད་མི་མང་ལ་ལྟ་རྒྱུ་རེད།
ཁ་བརྡ་ཚང་གིས་དོ་དམ་བྱོས། བློ་བཟང་སེང་གེས་ཐེ་ཝན་ནས་དངུལ་ཟོས་པའི་སྐྱོན་འཛུགས་ཤིག་སྟག་སྐྱོན་ཟེར་བ་དེས་བྱས་བྱུང་། དེ་ཚོ་ལ་ཚད་བཀག་མེད་དོན་གང་རེད
༼མ་འོངས་པར་རང་ངོས་ནས་ལྷག་བསམ་རྣམ་དག་གིས་སྤྱི་ཚོགས་ལ་ཞབས་ཞུ་བསྒྲུབ་རྒྱུའི་འདུན་པ་ཡོད་༽
འོ་རྫི་ལ་ ཧང་སང་བ་ལ་ བོད་ཀྱི་བེུད་ཚོགས་པའི་ཚོགས་རྩོ་ བོད་མི་མང་སྤྱི་འཐུས་ གཙུག་ལག་ཁན་དུ་ ༧གོང་ས་རྒྱལ་བ་རིན་པོ་ཆེའི་ཞལ་དྲོན་མོ་ནས་ཡ་རབ་བཟང་སྤྱོད་ཀྱི་གསུངས་ཆོས་གྲངས་མེད་ཞུ་མྱོང་ཁན་ཞིག་གིས་སྤྱི་དངུལ་རྐུ་མ་འདི་འདྲ་རྐུས་ཏེ་ མ་འོངས་པར་ལྷག་བསམ་རྣམ་དག་ཇི་འདྲ་ཟེར་ཡང་ མཐོང་དང་ ཡིད་མཆེས་ རིན་ཐང་ཚང་མ་རླགས་ཚར་དུས་ སུ་གང་གིས་ཀྱང་ཡིད་མཆེས་ལེ་མ་རེད་།
གསར་ལམ་ཁག་ད་ལྟ་བར་ལྐོག་ཏུ་ཞིབ་ཕོར་པར་ངོ་མ་ཡ་མཚན་བློ་ཕམ་ཡོད་དོ།།
རྐུན་མོ་སྒྲོལ་དཀར་ལྷ་མོ་སྤྱི་འཐུས་ནས་ཕྱིར་འབུད་ངེས་པར་བྱེད་དགོས།
ཨ་མདོ་བ།
༢༠༡༢/༠༤/༡༧ ཉིན་འདོན་སྤེལ་བྱས། མི་མང་གི་ངོས་ནས་ཁྱོད་ལ་ཡིད་ཆེས་ཡོད་པ་རེད། ཡིན་ཡང་གནས་ཚུལ་འདི་འདྲ་ཞིག་བྱུང་ཚར་དུས་སྤྱི་འཐུས་ནས་དགོང་པ་ཞུ་ན་ཡག་གི་རེད། ཨ་མ་ཞིག་གིས་བུ་ཡི་ཆེད་དུ་འདི་འདྲ་ལས་སྲིད་པ་རེད། ཨ་མས་ལོ་༢༠་ལྷག་གི་རིང་ལ་ལས་དཀའ་བྱས་བ་ཚང་མ་བུ་ངན་འདིའི་ཆེད་དུ་མེད་པ་བཟོས་སོང་། འཕང་བ་ལ། འཕང་བ་ལ།
དཀའ་ངལ་དེ་ཙམ་ཆེན་པོ་ཡོད་ན་མདོ་སྨད་རྒྱུན་ལས་དེ་མིན་ན་བོད་པའི་སྤྱི་ཚོགས་ནང་ངོ་ཤེས་དང་གྲོགས་པོ་གྲོགས་མོ་སོགས་ལ་ཞུས་ན་རོགས་པ་བྱས་མི་སྲིད་པ་མ་རེད། ཁྱོད་ཀྱིས་སྒོར་འབུམ་གཉིས་རྐུས་ཀྱང་རྐུ་མ་རེད། ས་ཡ་རྐུས་ཀྱང་རྐུ་མ་རེད། བུད་མེད་ཚོགས་པ་ལ་ས་ཡ་མེད་ཀྱང་ཅི་ཙམ་ཡོད་པ་ཐམས་ཅད་མ་རྐུས་པ་དེ་བློ་ཕམ་ཡོད། ཧཧཧཧ་ཅང་རྩེ་མོ་ཡིན་ད ། རྗེས་སུ་སྤྱི་འཐུས་ལ་ཡོད་པའི་སྒོར་མོ་ཐམས་ཅད་་་་་་་་་་་་་་
གུང་ཤིང་བཀུར་བ་འོས་པའི་དྲ་གྲོགས་གྲོགས་མཆེད་རྣམ་པ་ལགས། སྒྲོལ་དཀར་ལྷ་མོས་བཤད་སྟངས་དང་ལས་སྟངས་འགྲིགས་མི་འདུག འོན་ཀྱང་མོ་ལ་ཡང་འགྱོད་པ་རྟས་མི་ཟིན་པ་ཞིག་ཡོད་རྒྱུ་རེད། དེའི་ཁར་དྲ་གྲོགས་ཚོས་ཚིག་ངན་འཕེན་རྒྱུ་མང་དྲགས་ནས་ད་ནི་མོ་རིག་འཚོ་ཟིན་མིན་མི་ཤེས་པའི་ཚོད་དུ་བསླེབ་ཡོད་རྒྱུ་རེད། དེས་ན་ད་ནི་སྤྱི་འཐུས་ནས་དགོངས་ཞུ་གནང་ནས་ཅུང་གུ་ཡངས་ལྟ་བུ་བཟོས་ན་སྤྱིར་སྒེར་ཚང་མ་ལ་ཕན་ངེས་རེད། ད་དུང་དེ་དང་མཉམ་དུ་དབུས་གཙང་སྤྱི་འཐུས་རྐུན་མ་ཟླ་བ་ཚེ་རིང་ནས་ཀྱང་སྤྱི་འཐུས་ལས་གནས་ནས་དགོངས་ཞུ་བྱས་ནས་མི་མཐོང་མི་གོ་བའི་སར་འགྲོ་རོགས། སྤྱི་འཐུས་གྲོས་ཚོགས་འདི་རྐུ་མའི་ཚོགས་པ་མ་རེད།ཆ
http://www.youtube.com/watch?v=4Mxc8sPNJog གསུང་བཤད་འདི་ལ་གཅིག་ཉོན་དང་སྐར་མ་༨་དང་༩་ལ་སླེབས་དུས་སེམས་འདར་སོང་། དཀོན་མཆོག་མཁྱེན།
སྙིང་རྗེ་ཧིན་སྒོར་འབུམ་གཉིས་སྒེར་སྤྱོད་བྱས་པའང་གསལ་བསྒྲགས་བསྐྱངས་འདུག དེ་ལས་རྐུན་མ་ཆེན་པོ་་བཀའ་ཁྲི་བློ་བཟང་སེང་གེས་སྔོན་ཨ་རིར་ཡོད་དུས་ཐེ་ཝན་གྱི་རོགས་དངུལ་ཚོད་མེད་ཟོས་པའི་མ་ཚད། དེས་ཀྱང་མ་འགྲང་བར་བོད་ཡོངས་རྫོགས་བཙོང་རིན་ཐོབ་འདོད་ཀྱིས་་བཀའ་ཁྲིས་ལངས་ཡོད་པ་རེད། རྐུན་མ་ཆེན་མོའི་འགྲམ་ན་རྐུན་ཕྲུག་གྲངས་མེད་ཡོད་ལེ་་རེད།
དེ་ཨ་བདེན་ན། ད་ཡིན་ན་བཀའ་ཁྲི་ལའང་ཞིབ་བཤེར་ཐེངས་ཤིག་བྱེད་དགོས་འདུག་གོ
རེ་བ་དང་ཡིད་ཆེས་བྱ་ས་ཞིག་གིས་འདི་ལྟར་བྱས་ན་ངོ་མ་བློ་ཕམ་རང་རེད། མོ་རྗེས་སུ་རང་སྐྱོན་བཅོས་ཏེ། མི་བཟང་པོ་ཞིག་བྱེད་པའི་རེ་བ་ཞུ།
གང་ལྟར། ཨ་མའ་བྱམས་བརྩེའི་ངོས་ཐད་ནས་བཤད་ན་དངོས་གནས་རླབས་ཆེན་རེད།
མོ་རང་གི་མི་ལོ་ཉི་ཤུ་རིང་ལ་བཙན་བྱོལ་བོད་མིའི་ཁྲོད་དུ་ཕྱག་ལས་གནང་གནང་ནས་མཇུག་འབྲས་འདི་འདྲ་ཞིག་བྱུང་བ་ནི་ངོ་མ་བློ་ཡུལ་འདས་པ་ཞིག་རེད།་་་་སྤྱིར་མོ་རང་སྤྱི་སེམས་ཆེན་པོ་དང་འཇོན་པོའི་འཇོན་རྟགས་ཅན་ཞིག་ཏུ་མངོན་པས་ཐེངས་ཁ་ཤས་ལ་མདོ་སྨད་སྤྱི་འཐུས་སུ་སླེབས་པ་རེད།་་་ཡིན་ན་ཡང་རླུང་རྟ་འདི་ལྟར་ཆག་པའི་རྒྱུ་མཚན་གང་ཡིན་ནམ།་་་་མོ་ལ་དེ་འདྲའི་དཀའ་ངལ་ཞིག་གལ་སྲིད་འཕྲད་པ་ཡིན་ན་འབྲེལ་ཡོད་ཀྱི་མི་དག་ལ་དཀའ་ངལ་ལམ་རྒྱུ་མཚན་བཤད་པ་ཡིན་ན་ཧིན་སྒོར་འབུམ་གཉིས་གཡོར་མཁན་ཞིག་ནི་ཏན་ཏན་རེག་ངེས་སྙམ་ཡང་བློ་སྔོན་ནས་ཤེས་ན་མཁས་པ་དང་།་་་རྗེས་ནས་འགྱོད་པ་བླུན་པོ་ཟེར་བ་ནང་བཞིན་ད་འཕྱིས་དྲགས་པ་རེད།་་་ད་ཡིན་ན་ཡག་ཐོག་ཡར་བརྩེགས་ཀྱི་ལྷན་པ་ག་ཚོད་བརྒྱབ་ཀྱང་རྐུན་མའི་མིང་འདི་མོ་རང་གི་འདག་ཐབས་མེད་པ་ནི་བཤད་མ་དགོས་པ་མ་ཟད་རྐུན་མ་ཞིག་སྤྱི་འཐུས་སུ་བསྡད་ན་དེ་བས་མི་འོས་པ་ནི་སུས་བལྟས་ཀྱང་ཤེས་ངེས་པས་ཡག་བཤད་སྡུག་བཤད་གང་བྱས་ཀྱང་སྤྱི་འཐུས་ནས་ཕུད་དགོས་པ་བཤད་ཅི་དགོས།་་་་ངོ་མ་སྙིང་རྗེ།་་་ཤ་ཚ།་་་
སྤྱི་འཐུས་སྐྱེ་དམན་དེའི།
བུ་ཕྲུག་སྐྱོང་ཐབས་ལ།
རྐུ་རྒྱུ་སྤྱི་རྒྱུ་ཞིག།
སྤྱི་མི་ཡིན་མདོག་བྱས།
སྤྱི་མི་རྐུ་མ་དག །
ངོ་ཚར་སུ་ཡིས་ཁུར།
དེ་འདྲའི་སྡུག་ཡ་ལ།
བརྟགས་འཛིན་སུ་ཡིས་གནང་།
སྒྲོལ་དཀར་ལྷ་མོ་འདི་པ་སྔོན་ནས་ལང་ཤོར་ཞིག་ཡིན་གྱི་དེ་ནི་རང་རྒྱུད་ཀྱི་ན་ཚ་ཞིག་རེད་ཤ་ཚ།
གནས་ཚུལ་འདིའི་ཐོགས་བསམ་བློ་ལེགས་པོ་བཏང་དུས་ཀརྟི་སྒྲོལ་དཀར་ལྷ་མོས་བཟང་སྤྱོད་ཧ་ལས་པའི་ཐ་ཞལ་མངོན། གནས་ཚུལ་དེའི་རིགས་ང་ཚོའི་སྤྱི་ཚོགས་ནང་ནད་ཡམས་ལྟ་བུ་ཆགས་པའི་ཉེན་ཁ་འདུག དེར་བརྟེན་ཉེས་ཆད་ཚབས་ཆེན་ཞིག་གཏོང་རྒྱུ་ཤིན་ཏུ་ནས་གལ་གནད་ཆེ།
ད་རེས་སྐྱུག་བྲོ་བའི་བྱ་ངན་འདི་འདྲ་ཞིག་གི་ཐོག་ནས་སྤྱི་འཐུས་ནས་འབུད་ཐུབ་ན་ལེགས་ཤོས་རེད་དེ་མིན་མདོ་སྨད་པའི་ནང་མི་རྫོགས་ཡོད་ཀྱི་མ་རེད་ལ་ན་གཞོན་ཤེས་འཇོན་པ་ག་ཚོད་ཀྱི་ལམ་བཀག་ཡོད།
སྤྱི་རྒྱུ་སྒེར་སྤྱོད་བྱས་པ་ནི་མི་འོས་པའི་ལས་ཤིག་ཡིན་རུང་བཙན་བྱོལ་སྤྱི་ཚོགས་ནང་འདི་རིགས་མེད་པ་མ་ཡིན་ཏེ་དེ་ལས་ལྷག་པ་ཡང་ཡོད་ངེས་ཡིན། དེ་ལྟར་ན་ཁྲིམས་བཟོ་ལྷན་ཚོགས་ནས་འབྱུང་རྒྱུར་གྲོས་ཚོགས་ནང་ངན་པ་ལངས་ཤོར་མི་འགྲོའི་ཁྲིམས་གཞི་ནན་མོ་ཞིག་དང་གྲོས་བསྡུར་ཐིལ་ཕྱིན་གནང་གལ་ཆེ་བ་མཐོང་། སྤྱི་མི་ལ་ནོར་འཕྲུལ་མེད་པ་དང་ཤིང་ལ་འཛེར་པ་མེད་པ་ཡོང་མི་སྲིད། འོན་ཀྱང་སྐྱོན་ངོས་ལེན་དང་དེ་འདོད་སེམས་ཀྱིས་གཡོ་གསང་བྱེད་པའི་བློ་ཡོད་ལ་དགོས་སྐབས་ཤིག་སྤྲོད་དགོས་ངེས་རེད། དེ་ལས་ཧམ་ཤོད་དང་ངོས་ལེན་མེད་པར་སྤྱི་ཚོགས་ནང་ངན་རྒྱ་ཞེན་དུ་ཕྱིན་པ་ག་ཚོད་ཡོད་མེད་སྤྱི་ཚོགས་ནང་དབྱེ་ཞིབ་བྱེད་ཐུབ་ན་ད་ཟོད་ང་ཚོའི་སྤྱི་ཚོགས་འདི་ཚགས་ཚུད་དང་ཡར་རྒྱས་ལམ་བུར་འཇུག་ཐུབ། དེར་བརྟེན་མང་ཚོགས་ནས་ཀྱང་གནད་དོན་དེའི་ཐོག་ཤུགས་སྣོན་བྱེད་པའི་དུས་ལ་འབབ་ཡོད།
དེ་སྔོན་དྲ་ཐོག་ཏུ་གནས་ཚུལ་དའེི་སྐོར་ཐོག་མ་དྲ་འབུ་དགའ་ལྡན་ཞེས་པ་ཞིག་གི་བྲིས་འདུག་མོད། ད་ལྟ་ཁོ་གོ་རྒྱུ་མཚོར་རྒྱུ་མི་གེ་ཡ། ཡ་ད་ཁྱོད་ཀྱི་བསམ་དོན་སྒྲུབ་ཐལ། ཁྱོད་ཀྱི་མཆན་མི་འདོན་པ་ཅི་རེད།
བོད་མིའི་སྒྲིག་འཛུགས་གིས་ཁྲིམས་བཟོ་ལྷན་ཚོགས་ནང་། རྐུ་མ་གཞག་ན།
དེས་བཟོས་པའི་བཅའ་ཁྲིམས་ལ་སུས་བརྩི་བཀུར་ཞུ་གི་རས།།
གནས་ཚུལ་ཞིག་ཐོན་སྐབས་དེ་ལ་ཁ་བཏགས་ནས་ཆོལ་ཁ་གསུམ་དཀྲུག་མཁན་ནི། སྒོར་འབུམ་གཉིས་ཙམ་དུ་མ་ཟད་ས་ཡ་གཉིས་སྒེར་སྤྱོད་བྱ་མཁན་ལས་ཀྱང་བོད་མི་ལ་གནོད་ཚབ་ཆེ་བ་ཡིན།དཔེར་ན་ཀླུ་ཚང་ལྟ་བུས་གོ་སྐབས་འདི་ཟིན་ནས་ཆོལ་ཁ་གསུམ་དཀྲུག་བཞིན་འདུག བོད་མི་ཚོ་མཁྱེན་པར་འཚལ།།
སྒོར་མོ་འབུམ་གཉིས་ནི་གལ་མ་རེད། མོས་གནང་བ་དམིགས་བསལ་སྐྱོན་གལ་ཆེན་པོ་མ་རེད། རྡོག་རྡོག་མོས་སྒོར་མོ་བེད་སྤྱོད་བྱུང་བས་སྤྱིའི་པེད་ཤག་བེད་སྤྱད་པ་དང་། དུས་ཐོག་ཏུ་ཚོགས་མི་ལ་བརྡ་བརྒྱབས་དགོངས་ཀྱང་བྲེལ་འཚུབ་ཀྱིས་བརྡ་རྒྱག་ཁོམ་མ་བྱུང་བ་དང་། དེའི་བར་ནས་ཁོང་མོས་གསུངས་པ་ལྟར་ཕར་མ་ལབ་གོང་ཚུལ་ལབ་པས་དོན་དག་འདི་འདི་ལྟ་བུ་ཞིག་ཆགས་པ་རེད། འདི་ལ་ཧ་ལས་ཡ་གལ་མི་འདུག
མོས་གསུངས་སྟངས་ལ་གཞིགས་ན་བུད་མེད་ལྷན་ཚོགས་དང་ཁོ་ཚོས་ཕྱི་ལ་མི་སྒྲོག་པར་གྲོས་འཆམ་བྱུང་ནའང་སུ་ཡིན་འདི་ཡིན་མི་ཤེས་པ་དག་གིས་འུར་ཆིལ་ལེར་བསྒྲགས་འདུག་པ་དེ་སུ་ཡིན་ངེས་པར་རྩད་གཅོད་དགོས་པ་རེད།
དོན་དག་འདི་ཐག་དང་པོར་བོད་ཀྱི་བང་ཆེན་སོགས་སུ་ཐོན་སོང་བས། བང་ཆེན་སོགས་ཀྱིས་གོ་སྐབས་འདི་འཚལ་ནས་བསྡད་ཡོད་པ་རེད། དགྲ་ཤ་ཡོད་པ་ཡིན་ན་གང་ལྟར་ཟིན་བྲིས་སོགས་འདྲ་མིན་གྱི་འོག་ཏུ་བཀོད་ཀྱིན་འདུག དངོས་གནས་ཞབས་འདྲེན་རེད། མི་ཞིག་དང་ཡང་ན་སྐྱོན་ཕྲན་བུ་ཤོར་བ་ལ་བརྟེན་ནས་དོན་མེད་ཀྱི་ཆོལ་ཁའི་འཐེན་འཁྱེར་གྱི་ནད་རྙིང་ཡར་བསྐྱར་ལངས་པ་དང་གང་སར་དོན་མེད་ཀྱི་ཅ་ཅོ་ཇི་དགར་སྒྲོག་གིན་འདུག ཞབས་འདྲེན་དངོས་གནས་པ་དེ་འདི་ཚོ་རེད།
ད་དུང་མི་ཀླད་མེད་ཁ་ཤས་ཀྱི་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ཀྱིས་ཕྱག་ལས་གནང་སྟངས་ཏོག་ཙམ་ནོར་འཁྲུལ་ཤོར་བ་ལ་བརྟེན་ནས་དེ་གཏོགས་པའི་ཆོལ་ཁ་འགྲིག་མེད་ཚུལ་དང་། ད་དུང་ཡིད་ལ་དྲན་མི་སྲིད་པ། ད་བར་རྔ་བའི་རྒྱལ་གཅེས་དཔའ་བོ་དག་གི་མཛད་རྗེས་རླབས་ཆེན་བཞག་པ་དེ་ཆུ་ལ་བཏགས་པ་ཡིན་པའི་སྐུར་འདེབས་གནམ་ལ་མི་ཤོངས་པ་རེ་འང་བྱེད་ཀྱིན་འདུག དངོས་གནས་ཡིད་སྐྱོ་བ་ཞིག་རེད། ནོར་འཁྲུལ་བཟོས་ན་བཟོ་མཁན་ལ་འབྲེལ་བ་ཡོད་པ་ལས་དེ་དག་གི་མཛད་རྗེས་ཁྱོད་ཅག་གིས་ཕྲག་དོག་སྟེ་བསུབ་འདོད་ཀྱས་ནམ་ཡང་གཞར་ཡང་བསུབ་མི་ཐུབ་པ་སེམས་ལ་བཟུང་། བང་ཆེན་ཚང་གཙོ་བྱས་པའི་མི་ཆུང་ཀླད་མེད་དེ་དག་ལ་ཟེར་བ་ཡིན།
སྐད་ཆ་འདི་ལྟ་བུ་བཤད་མཁན་གྱི་ཕུགས་བློ་ཅི་ཞིག་ཡིན་པ་ཤིན་ཏུ་ཧ་ཙང་གསལ་བ་ལྟར་རེད། བོད་ནང་ཁུལ་དཀྲུགས་འདོད་པ་དེ་རེད།
ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ལ་བྱུང་བ་འདི་གཅིག་བྱས་ན་མོ་རང་རླུང་རྟ་ཆགས་པས་ཡིན་སྲིད། འདི་དོན་དག་ཆེན་པོ་ཞིག་ཏུ་མཐོང་གི་མི་འདུག སྤྱི་རྒྱུ་ལྐོག་ཟ་བྱས་ཚུལ་ཞིག་བྱེད་ཀྱིན་འདུག དེ་ནི་ཡིན་མི་སྲིད་དེ། སྒོར་མོ་འབུམ་གཉིས་ཟོས་ནས་མིང་ཆད་ཅིག་འཁྱེར་ནས་ག་རེ་བྱས་དགོས་རེད།
འདི་ནི་མོ་རང་དུས་ཚོད་ཀྱི་དབང་གིས་གསལ་བྱེད་བྱེད་ཁོམ་མ་བྱུང་བ་ཙམ་ལས་སྐྱོན་ཆེན་པོ་གང་ཡང་མ་རེད།
དེ་ལས་ད་དུང་ཞེད་སྣང་ཚ་བ། ད་དུང་ཧ་གོ་རྒྱུར་བསྡད་ཡོད་ཅིང་། སྤྱང་པོ་སུ་ལའང་འགྲན་དུ་མེད་པ་གང་མང་ཞིག་གིས་སུས་ཀྱང་མི་ཤེས་ས། སུས་ཀྱང་མ་གོ་བའི་ངང་ནས་སྤྱི་དངུལ་དུང་ཕྱུར་དུང་ཕྱུར་ཟ་གི་ཡོད་པས། དེ་དག་མཐོང་བའི་མིག་ཅིག་ཅིས་ཀྱང་ཡོད་པར་མཛོད་ཅེས་ཞུ་འདོད་བྱུང་།
གང་ལྟར་ང་རང་ཉིད་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ལ་གདུང་སེམས་མཉམ་སྐྱེད་ཡོད། གཞོན་ནུ་ཟླ་མེད་ཀྱིས་གསུངས་པ་ལྟར་ཁྱོད་ཚོའི་མདུང་ཁ་ནང་ལ་མ་གཏོགས་སྐོར་མི་ཤེས་པས། ད་ནི་ཁ་མི་ན་ན་ཡིད་ཚིམས་པ་ཞིག་སྡིགས་རོགས་ཟེར་རྒྱུ་ཡིན།
མི་མང་པོས་བུད་མེད་ལྷནཚོགས་ནང་གི་རྙོག་དྲ་ངོ་མ་དེ་ཤེས་ཀྱི་མེད་ས་རེད། བུད་མེད་ལྷན་ཚོགས་ནང་དུ་སྔོན་ཚོགས་གཙོ་བུ་མོ་ཚེ་རིང་པྱིར་འཐེན་གྱིས་ཀི་རྟི་སྒྲོལ་དཀར་ལྷ་མོ་ལགས་ལ་ཚོགས་གཙོའི་གོ་གནས་ཐོབ་རྗེས། བུམོ་ཚེ་རིང་གིས་མངོན་ལྐོག་ནས་བུད་མེད་ཀྱི་རྒྱུན་ལས་ཚོར་ནང་འགུག་གིས། བུད་མེད་ཚོགས་པའིར་ྒྱུན་ལས་ནང་ཁུལ་དུ་ཕྱོགས་གཉིས་སུ་བགོས་པས། ཕྱིས་སུ་ལས་དོན་གང་བྱས་ཀྱང་། ནམ་ཡིན་ཡང་གྲོས་ཐོག་གཅིག་ལ་མི་ཡོང་བའི་དཀའ་ངལ་རིམ་པས་འཕྲད་ཡོད། ཤར་གླིང་ཟླ་སྒྲོན་དང་བུ་མོ་ཚེ་རིང་གི་འབྲེལ་བ་ང་ཚོས་འདིར་བརྗོད་མ་དགོས་རེད། བུད་མེད་ལྷན་ཚོགས་ནང་དུ་ཀི་རྟི་སྒྲོལ་དཀར་ལྷ་མོ་ཚོགས་གཙོ་ཡིནཔ་ཙམ་ལས། རྒྱུན་ལས་ཁྱོན་ཡོངས་བུ་མོ་ཚེ་རིང་གི་ལག་འོག་ཏུ་ཡོད། བུ་མོ་ཚེ་རིང་གི་ཆབ་སྲིད་འཁྲབ་སྟངས་དེ་ཧང་སངས་ཡ་ཡོད་པ་རེད། སྔོན་མ་བོད་གཞུང་གི་ཉམ་ཐག་སློབ་པྲུག་ཚོ་ཨ་རིར་གཏོང་སྐབས་ཀྱང་སློབ་ཕྲུག་ཅིག་གི་གོ་སྐབས་འཕྲོག་ཏེ་རང་གི་བུ་མོ་བཏང་བ་རེད། རྗེས་ནས་བོད་པའི་སློབ་ཕྲུག་ཁྱོན་ནས་གོ་སྐབས་མེད་པ་ཆགས་ཡོད་རེད། བུ་མོ་ཚེ་རིང་དང་ཤར་གླིང་ཟླ་སྒྲོན་ལ་སོགས་པས་སྤྱི་དངུལ་བེད་སྤྱོད་བཏང་ཏེ་ཁ་གསབ་སྤྲད་པའི་གནས་སྟངས་བྱུང་མེད་པ་སུས་ཀྱང་ཤེས་མེད། ཁོ་ཚོས་ནང་ཁུལ་ནས་འགྲིག་རག་བྱེད་ཀྱིན་རེད། ཡིན་ཡང་ཀི་རྟི་སྒྲོལ་དཀར་ལྷ་མོ་ལ་གནད་དོན་སླེབས་དུས་ལམ་སེང་ཕྱི་ལ་སྒྲགས་པ་རེད། ད་དུང་བུད་མེད་ལྷན་ཚོགས་ནང་དུ། ལོ་རེར་ཉམ་ཐག་ཨ་མ་ཚོ་ལ་རོགས་རམ་གྱི་དངུལ་སྒོར་ག་ཚོད་ཅིག་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ལེན་གྱིན་ཡོད་དམ། དོན་དངོས་སུ་དངུལས་ྒོར་དེ་དག་ཉམས་ཐག་ཚོར་སྤྲོད་ཀྱིན་ཡོད་དམ། རྡ་རམ་ས་ལར་བུད་མེད་ཉམས་ཐག་མང་པོ་ཡོད། དེ་ཚོ་ཚང་མར་སྐད་ཆ་དྲིས་ཤིག བུད་མེད་ལྷན་ཚོགས་ཀྱིས་ཚེམས་བཟོའི་སློབ་སྦྱོང་གི་གོ་སྐབས་སྤྲད་ཀྱིན་ཡོད། དེའི་ནང་དུ་ཨ་མདོ་དང་ཁམས་པའི་གསར་འབྱོར་སུ་གཅིག་ཀྱང་མེད། ད་དུང་མཐོ་སློབ་ཁག་ཏུ་སློབ་ཡོན་སྤྲོད་ཀྱིན་ཡོད་པ་ཁག་ཅིག་གི་ནང་དུ་རྒྱུན་ལས་ལ་སོགས་པའི་ངོ་ཤེས་དང་ཤ་ཉེ་ཡིན་པ་གསལ་བོར་ཐཽན་ཡོད། རྡ་རམ་ས་ལའི་རྒན་རྒན་ལོ་ལོན་བདག་མེད་ཚོར་་དངུལ་སྤྲོད་རྒྱུ་རྩིས་པས་མ་སྤྲད་པ་དང་། སྤྲད་ཀྱང་འུད་ཤོབས་ག་ཚོད་ཤོད་ཀྱིན་པ་ཀྱེད་ཚོས་བུད་མེད་ལྷན་ཚོག་སལ་སོང་ནས་རྟོགས་དཔྱད་བྱེད་རོགས། བུད་མེད་ལྷན་ཚོགས་ནི་ཆབ་སྲིད་ཀྱི་ཚོགས་པ་ཞིག་ཏུ་ངོས་འཛིན་བྱ་ཐབས་བྲལ་ཏེ། བུད་མེད་ཁག་ཅིག་གི་ཁེ་གྱོང་བརྗོད་ས་དང་ཕམ་ཉེས་གླེང་ས། འུད་ཤོབ་བཤད་ས་ཆགས་ཡོད་དོ།
བོད་ཀྱི་དུས་བབ་ཏུ་ཁྲག་ཟེར་བ་ཞིག་གིས་འདི་འདྲ་ཞིག་ཀྱང་བཀོད་འདུག
འདི་ཁོང་ཚོ་ནང་ཁུལ་གྱི་རྙོག་དྲ་ཞིག་རེད། བུ་མོ་ཚེ་རིང་ཟེར་བ་དེ་དངོས་གནས་ངོ་ཚ་རྒྱུ་མེད་མཁན་ཞིག་ཡིན།
རང་གི་བུ་མོ་ཕྱི་རྒྱལ་ལ་གཏོང་ཐུབས་བྱ་ངན་གང་འདྲ་ཞིག་བྱས་སོང་།
ད་ཐེངས་སྒྲོལ་དཀར་ལྷ་མོ་ལགས་ལ་དོན་དག་འདི་འདྲ་ཞིག་བྱུང་བ་མོ་ངན་དྲགས་པ་མ་རེད་བསམ་གྱི་ཡོད།
བུད་མེད་ཚོགས་པ་ནང་ཁུལ་གྱི་འཆམ་མཐུན་དང་འཐེན་འཁྱེར་ཕྱིར་མངོན་པ་ཙམ་རེད་བསམས།
ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ཀྱིས་དོན་མེད་དུ་འདི་འདྲ་ཕམ་ཁ་ཞིག་མྱངས་པ་ལ་གདུང་སེམས་མཉམ་སྐྱེད་བྱེད་ཀྱི་ཡོད།
ད་ནི་སྒྲོལ་དཀར་ལྷ་མོ་མོ་རང་གིས་ཇི་ལྟར་གསལ་བཤད་བྱས་རུང་རྐུན་མ་ངོ་མར་ཆགས་པ་རེད། དེ་ལ་བཅོས་ཐབས་ཤིག་གང་ན་ཡོད། རྐུན་མས་རྐུ་རྒྱུར་མཚམས་ཤིག་ཡོད་རུང་རྐུན་མའི་མིང་དེ་ནམ་ཡང་འབོར་གྱི་མ་རེད་སྙམ། སྤྱིར་བཏང་གི་ཆ་ནས་ངོས་ལེན་བྱས་པ་དེ་བཟང་སྤྱོད་ཅིག་རེད། འོན་ཀྱང་མོ་རང་མཇུག་མཐར་འུ་ཐུག་ན་མ་གཏོགས་ངོས་ལེན་མ་བྱས་པ་འདི་ངོ་མ་ཐབས་སྐྱོ་བ་ཙམ་དུ་མ་ཟད། བཟང་སྤྱོད་ཀྱི་རྣམ་པའི་ཐོག་ནས་ངོས་ལེན་བྱས་པ་ཞིག་རྩ་བ་ནས་མིན་པ་བྱ་སྤྱོད་དེས་གསལ་བཤད་ཡག་ཐག་ཆོད་ཅིག་བྱས་འདུག དེ་ལྟར་ཡིན་དུས་ཁྲིམས་ལྟར་སྤྱི་འཐུས་ནས་ཀྱང་ངེས་པར་དུ་ཕུད་མ་དགོས་པར་རང་ཉིད་ནས་བཟང་སྤྱོད་ཐོག་ནས་དགོངས་པ་ཞུ་དགོས།
ད་དུང་ཁ༌ནས་བློ་བཟང་སེངྒེ་དང་སྤྱི་འཐུས་ཟླ་བ་ཚེ་རིང་གཉིས་ནས་ཀྱང་ལྐོག་ཟ་བྱས་ཡོད་རབ་བཤད་ཀྱི་འདུག ངོ་བ་ལྐོག་ཟ་བྱས་པའི་བདེན་དཔང་སོགས་གསལ་པོ་ཡོད་ན་དེ་ལྟར་བཤད་འོས་པ་ཙམ་དུ་མ་ཟད། ངེས་པར་དུ་བཤད་དགོས་པ་ཞིག་རེད། ཡིན་ན་ཡང་རང་དབང་ལུང་པར་ཁྲིམས་ཁ་སོགས་ལ་འཇིགས་དགོས་ས་ཞིག་མེད་དུས། ཕྱོགས་ཞེན་དང་འཐེན་འཁྱེར་ཞིག་གིས་གཞན་གྱི་ཟེར་སྒྲོས་ཙམ་གྱི་རྗེས་སུ་འབྲངས་ནས་བཤད་ཀྱི་ཡོད་ན། དེ་ནི་ཕན་ལས་གནོད་ཆེ་བ་ཞིག་ཏུ་འགྱུར་བ་ངས་བཤད་མ་དགོས་པ་ཞིག་རེད། ཁུངས་མེད་ལུང་མེད་ཀྱི་སྐད་ཆ་འདྲ་མིན་ཞིག་བཤད་བསྡད་ན་དེས་འུ་ཅག་གི་སྤྱི་ཚོགས་ཀྱི་བརྟན་བརླིང་དང་མཐུན་ལམ། ཆིག་སྒྲིལ་དང་མཛའ་བརྩེ་སོགས་ལ་གནོད་པ་ཅི་ཙམ་ཐེབས་ཀྱི་ཡོད་མེད་ཤེས་གསལ་རེད། ད་དུང་ཁུངས་མེད་ཀྱི་སྐད་ཆ་འདི་འདྲ་ཞིག་བཤད་བསྡད་ན་དགྲ་དགའ་གཉེན་སྡུག་ཅིག་ཏུ་གྱུར་པ་མ་རེད་དམ། དོན་དངོས་ཤིག་ཡོད་ན་དེ་ངས་མ་གླེང་དང་མ་བརྗོད་རྩ་བ་ནས་ཟེར་གྱི་མེད་ལ། གོང་དུ་བཤད་པ་བཞིན་ངེས་པར་དུ་འཐེར་འདོན་བྱེད་དགོས་པ་རེད། སྤྱིར་བཏང་འདི་འདྲའི་སྐོར་ལ་སྐད་ཆ་བཤད་དུས་རང་ཉིད་སྤྱི་མི་ཞིག་མིན་རུང་སྤྱི་འགན་ཞིག་བླངས་ནས་བཤད་རྒྱུ་ཧ་ཅང་གིས་གལ་ཆེན་མཐོང་གི་འདུག
ད་དུང་ཁ༌ཤས་ཞེས་བཅོས་དགོས།
མོས་ལོ་ཉི་ཤུའི་རིང་བོད་སྤྱི་བའི་ལས་ཀ་བྱས་པ་དེ་ལ་བལྟས་ན་སྒོར་འབུམ་གཉིས་དེ་གལ་ཆེན་པོ་མ་ཅང་རེད། དེ་གཉིས་ལྕི་ཡང་ལ་བལྟ་དགོས། ཚོགས་གཙོ་དང་སྤྱི་མཐུས་མིང་ཁུར་ནས་སྤྱི་དངུལ་ལྐོག་ཟ་བྱས་པ་དེས་མ་འགྲིགས་པ་ག་རེ་བྱུང་བ་རེད་ཟེར་ན། སྤྱི་བའི་སྒྲིག་འཛུགས་ཀྱི་ལས་བྱེད་དེ་ཚོ་ལ་ཡིད་ཆེས་བརླག་པ་དང་ལྷག་པར་ཀིརྟི་ཚང་གི་མཚན་ཤས། དཔའ་པོ་དཔའ་མོ་རྣམས་ཀྱིས་རང་གི་གཅེས་བའི་ལུས་སྲོག་ཚུན་ཆད་བཏང་ནས་བོད་མི་རིགས་བདེན་དོན་རྩོད་གི་ཡོད་པ་རེད། འདི་ལ་བསམ་བློ་ཞིག་མ་མཐར་གཏོང་ལོས་དགོས།
འདོད་ཆེན་སྙིང་ལ་ཞུགས་པ་ཡིས།།སྐྱེས་བོ་དེ་ཡིས་མི་བྱེད་མེད།།ཅེས་གསུངས་བ་ཅིས་མ་བདེན། ད་ཚར་བ་རེད།
གསེར་རྟ་བསོད་ནམས་ཕུན་ཚོགས་ཟེར་བ་དེ་ལ་ཚང་མའི་གཟོབ། ཆོལ་ཁའི་ཕྱོགས་ཞེན་གྱིས་མེ་འབར་གྲབས་རེད། མི་དེ་སྔོན་འབྲས་སྤུངགས་ནས་སློབ་སྦྱོངས་ཁུངས་མ་འཁྱོལ། དེའི་རྣམ་གྲོལ་གླིང་ནས་ཁེ་བཟང་རེ་ཨེ་རག་བལྟས་དེ་ནས་ཅང་མ་ཐོབ། དེའི་རྗས་གོ་ལེ་སྒལ་རྫོགས་ཆེན་དགོན་ནས་བསྡད་དེ་ནས་ཅང་ཁུངས་མ་འཁྱོལ་མཁན་ཞིག་རེད། ཁོས་མདོ་སྨད་ཚང་མ་དགྲ་རུ་འཛིན་མཁན་ཞིག་རེད། དེ་སྔོན་ཨ་རི་ན་༧ཤིང་བཟའ་བཞུགས་ཡོད་སྐབས་ཁོས་ངན་སྨྲོས་མང་པོ་ཁོང་གི་ངོ་དེབ་ནང་བྱས་པ་རེད། གསེར་རྟ་བ་དེ་མའི་རིན་ཐང་ཅང་མི་འདུག ཁོས་འཇོན་ཐང་ངོམས་ས་ཆོལ་ཁ་ནང་དཀྲུག་ཤིང་འཕངས་ནས་མཐུན་སྒྲིལ་ལ་གཏོར་བརླགས་བཏང་ནས་རྒྱ་མའི་མངོན་འདོད་སྒྲུབ་རྒྱུ་དེ་རེད།
་ཟླ་ཚེ་ཟེར་བའི་གླེན་པ་ཞིག། སྒྲོལ་དཀར་ཟེར་བའི་གླད་མེད་ཞིག། བོད་ལ་སྐྱེས་པའི་དོན་དགོ་ཙམ།། འདི་དག་མྱུར་དུ་ཤི་ན་བཟང་།
ཀིརྟི་སྒྲོལ་དཀར་ལྷ་མོ་ཞེས་པ་དེ་རྐུསྟུ་སྒྲོལ་དཀར་ལྷ་མོར་བསྒྱུར་དང་གྲོས་ཚོགས་ཀྱི་སྐུ་རྐུ་རུ་བསྒྱུར་རྒྱུ་ལྟ་བུ་ཞིག་ཏུ་ཆགས་ཡོད།གྲོས་ཚོགས་ནས་མ་སྤོས་གོང་དགོངས་ཞུས་ན་ཡག་ཤོས་རེད།
བོད་པའི་གཏམ་དཔེར། དྲེད་མོང་ཐུར་རྒྱུག་ལ་སོད་སོད་དང་རྒྱོབ་རྒྱོབ། གཡུ་འབྲུག་གྱེན་འགྲོ་ལ་ཀི་ཀི་དང་བསྭོ་བསྭོ་ཟེར་བ་ཞིག་ཡོད་རེད། དེ་འདི་ན་འཁྲབ་ཀྱིན་འདུག
ད་ཡིན་ན་རྒྱ་འདྲེ་ཚང་མ་འདིར་འདུས་ནས་ནང་དམེ་བྱེད་ཀྱི་འདུག བཟློག་ཅིག་ སྒྱུར་ཅིག་ ཞི་བར་གྱུར་ཅིག་ མཐའ་ཡས་རྒྱ་མཚོའི་ཕ་རོལ་ཏུ་སོང་ཞིག་ རྒྱ་མི་ལ་དགོས་རྒྱུ་ཚང་མ་འདི་ན་འདུག་
ལྟས་ངན་ཚང་མ་མེད་པར་གྱུར་ཅིག་གོ
སྟག་སྨྱོན་འཇོན་པོ་ཡོད་ན་བཀའ་ཤག་ཏུ་བསྐྱོད་ནས་གནས་ཚུལ་ཕྱི་གསལ་ནང་གསལ་བཟོས་ན་ལེགས། ཁྱོད་ལ་དངོས་གནས་དཔང་རྟགས་ཡོད་ན་ངེས་པར་དུ་བཏོན་དགོས། དཔང་རྟགས་མེད་ན་ད་ནས་བཟུང་མི་ཁྱོད་དྲ་བའི་ཐོག་དཀྲུག་ཤིང་རྒྱག་པར་མ་ཡོང་རོགས་བརྗོད་ཡག་ཡིན།
གནས་ཚུལ་འདི་ལ་ཞིབ་མོར་དཔྱད་ན་ཆབ་སྲིད་ཀྱི་གཡོ་འོག་ཏུ་ཚུད་པ་ཞིག་ཀྱང་མིན་མི་སྲིད། སྐུབ་སྟེགས་ཀྱིའཐབ་རྩོད་ཅིག་ཀྱང་ཡིན་སྲིད། བསམ་བཞིན་བཞག་པའི་དྲ་རྒྱར་ཚུད་པ་ལྟ་བུ་ཞིག་ཀྱང་རེད། བརྒྱུད་རིམ་གང་ལྟར་ཡང་མོ་རང་གི་སྐྱོན་ཡིན་པ་སྙོན་དུ་མེད། ད་སྐྱོན་ཆ་ངོས་ལེན་བྱས་ཟིན་པས་ལོ་རྒྱུས་མཇུག་སྒྲིལ་པ་རེད། ད་མོ་སྙིང་རྗེ། དྲ་གྲོགས་ཚོ། མི་ཤི་བའི་རྗེས་སུ་གཏམ་ངན་དང་། རོ་འགྱེལ་བའི་མགོ་ལ་རྡོག་ཐོ་མ་གནང་རོགས། ཉམས་ཉེས་སུ་ལྷུང་པ་ལ་ཁྱད་གསོད་མི་བྱེད་པ་དམ་པའི་རྟགས་སུ་གསུང་པ་ཐུགས་ཉམས་སུ་བཞེས་པ་དང་། མ་འོངས་པར་བོད་ཕྱི་ནང་ཀུན་ལ་འདི་འདྲ་མི་བྱུང་བའི་སྨོན་ལམ་དང་། རང་གིས་མི་ཚེའི་ནང་ལ་ཤི་ཡང་ཉེས་པ་འདི་འདྲ་མི་བྱེད་པའི་དམ་བཅའ་གནང་རོགས། གྲོགས་གཞན་ལའང་སློབ་གསོ་མཛད་དུ་གསོལ། དེ་ལྟར་བྱས་ན་རང་གཞན་ལ་ཕན་པ་འབྱུང་ངེས།
ད་གང་ལྟར་བྱེད་ཉེས་བསགས་ཚར་བས་སྤྱི་འཐུས་ནས་དགོང་པ་མྱུར་དུ་ཞུ་དགོས་
མདོ་ཁམས་པ་ཚོ་ཀླད་མེད་རེད། ལམ་སེང་རང་མི་སྒོ་ལ་ཕུད། སྡེ་དབུས་གཙང་ནང་དུ་འདི་འདྲའི་ག་ཚོད་དགོས་དགོས་ཡོད་རེད།
ལྐོག་ཟ་བྱས་པ་ངོ་མ་ཡག་པོ་མ་རེད། ལྐོག་ཟ་ཆེ་ཆུང་གང་འདྲ་ཞིག་ཡིན་ནེ་ང་ཚོས་དེ་ལ་ངོ་རྒོལ་བྱེད་དགོས་ངེས་རེད། འོན་ཀྱང་། ཐེངས་འདིར་ཀིརྟི་སྒྲོལ་དཀར་ལྷ་མོར་རྒྱབ་རྩ་དང་དཔུང་གཉེན་མེད་ཙང་འདི་ལྟར་ཕྱི་ལ་ཐོན་པ་རེད། མ་ཟད། མི་རེ་ཟུང་གིས་ད་འདི་གང་མིན་ཚད་རེད་ཟེར་ནས་སྐད་ངན་གནམ་འོག་ལ་མི་ཤོང་བ་རེ་སྒྲོག་གིན་འདུག་པ་མ་ཟད། དེ་དང་མཉམ་དུ་ཆོལ་ཁའི་ནད་རྙིང་ཡང་འཁུར་ནས་འོང་གི་འདུག རླུང་གི་རྒྱུག་ཕྱོགས་ལ་བལྟས་ན་ཡག་རྟགས་ཤིག་རྩ་ནས་མཐོང་མ་སོང་། མདོ་སྨད་སྤྱི་འཐུས་ནས་ཐོན་དགོས་པའི་ཁྱི་སྐད་ལུང་པ་གང་རྒྱབ་འདུག དེ་ཚོ་བྱུས་གཏོགས་མེད་སར་བྱུས་གཏོགས་མ་བྱས་ན་ཡག་གི་རེད། མདོ་སྨད་སྤྱི་འཐུས་ནས་དགོངས་པ་ཞུ་མ་ཞུ་ཟེར་ཡ་དེ་ཚོ། མདོ་སྨད་མི་མང་གི་བསམ་བློ་གཏོང་ཡ་ཞིག་རེད།
ལྐོག་ཟ་ལྐོག་ལེན་བྱས་ཚར་འདུག རང་ཉེས་ངོས་ལེན་གང་ལྟར་བྱས་འདུག གཞུང་དངུལ་ཕྱིར་སྤྲད་ཚར་འདུག ལས་གནས་ནས་བུད་ཕྱིན་ཚར་འདུག ད་དུང་གཟེར་རྒྱབ་ནས་སྐད་ཅོར་རྒྱག་ཡ་ག་རེ་འདུག མི་རེ་ཟུང་གིས་ད་དུང་སྤྱི་འཐུས་ཟླ་བ་ཚེ་རིང་གིས་ཅིག་ཅིག་ཅིག་ཟེར་ནས་བཤད་ཀྱིན་འདུག་ག སྐད་ངན་རྒྱག་ཡ་ག་རེ་འདུག བློ་ཁོག་ཡོད་ན་མདུན་ལ་ཐོན་ནས་གཅིག་དང་གཉིས་བྱས་ནས་སྐད་ཆ་ཤོད་དང་། ཁྲིམས་ལ་གཏུགས་དང་། དྲ་ཐོག་ནས་མིང་རྫུན་འོག་ལ་བཀབ་ནས་ཡར་དཀྲུགས་མར་དཀྲུགས་དང་། ཁ་གདངས་པ་དང་སྤོབས་ཤོབ་རྐྱང་བཤད་བསྡད་ཡ་དེ་ཚོ། ཚུལ་ལྡན་གྱི་སློབ་སྦྱོང་བྱས་ནས། ཚུལ་་མཐུན་གྱི་སྤྱི་ཚོགས་ནང་དུ་མིའི་འཚོ་བ་བསྐྱལ་ནས་འོང་མཁན་ཚོའི་བྱེད་སྟངས་མ་རེད། དེ་ཚོ་བ་ཕྱུགས་འཚོ་མཁན་དང་ར་ལུག་འཚོ་མཁན་ཚོའི་དཔུང་འགྲན་སྟངས་རེད།
མ་གཞི་ནས་ངས་འདི་ནས་ལྐོག་ཟ་བྱས་བཞག་པ་དེ་ལ་རྒྱབ་སྐྱོར་བྱས་བཞག་པ་ཞིག་གཏན་ནས་མིན། ཀིརྟི་སྒྲོལ་དཀར་ལྷ་མོ་མོ་རང་གིས་བྱས་ཉེས་ཆེན་པོ་བསགས་པ་རེད། མཐར་ངོས་ལེན་བྱས་ནས་གཙང་མ་བཟོས་བཞག་པ་རེད། བྱས་ཙང་། ད་དུང་འདི་ལ་ཅིག་ཅིག་ཅིག་ཟེར་ནས་མི་ས་འོག་ལ་འཇུག་རྩིས་བྱེད་མཁན་ཚོར། ཆོལ་ཁ་ལུང་ཁུག་གི་ན་ཚ་ཆེན་པོ་འདུག་ཟེར་ཡ་ཡིན། མི་དེ་ཚོ་བསམ་བློ་ཡག་པོ་གཏང་ན་ཡག་གི་རེད། ཐེ་ཝན་གྱི་ཁྲག་དངུལ་དང་། དོལ་རྒྱལ་གདོང་འདྲེ་ཚོགས་པའི་ལྐོག་དངུལ་ལེན་མཁན་ཚོར་དེ་འདྲའི་ངོ་རྒོལ་ཅིག་བྱེད་མི་ཐུབ་པ་ག་རེ་ཡིན་ན། དེ་ཚོས་མིང་བཏོན་ན་ཁྱེད་རང་ཚོའི་གདོང་པགས་ཚ་གི་འདུག་གས། ད་དུང་ཡང་འདི་ལྟར་རང་གིས་སྐྱག་པ་བཏང་བཞག་ནས་མིས་རྟུག་དྲི་བཏང་གིས་ཟེར་ནས་བསྡད་ཡ་ཡིན་པས། བསམ་བློ་ཐོངས་ཤིག བསམ་བློ་ཐོངས་ཤིག་ཨ་རོ།
ངོ་ཚ་རྒྱུ་མེད་པའི་ཞབས་འདྲེན་མ། རྐུ་བྱས་པའི་མ་ཚད་ད་དུང་བྱས་རྗེས་ངོམ་ནས་ཧམ་པ་ཚ་དྲག་པ་རེད།
གནས་ཚུལ་ཐབས་སྡུག་བྱུང་བ་དངོས་ཡོད་རེད། གསལ་པོ་ཆགས་པ་རེད། འོན་ཀྱང་དྲ་འབུ་ཚོས་ནང་ཁུལ་ལ་སྡིག་སྨོད་བྱེད་རྒྱུ་མང་དྲགས་ན་ཡག་པོ་མི་འདུག ངོ་མ་བྱབ་ཆུང་རྐྱང་རྐྱང་རེད་འདུག
ད་དུང་སྟག་སྨྱོན་ཟེར་བ་ཞིག་གིས་བཀའ་བློན་ཁྲི་པ་ལ་རྐུན་མ་ཆེན་པོ་ལབ་འདུག འདི་ངོ་མ་རྫབ་ཆེན་རེད། མི་མང་གིས་བདམས་པའི་བཀའ་ཁྲི་རྐུན་མ་ཡིན་ན། འདི་ངོ་མ་གུང་ཁྲན་ཏང་གི་རྒྱུགས་ཁྱི་ཡིན་པའི་དོགས་པ་ཡོད།
མ་གཞི་དངོས་སུ་མི་ཞིག་ལ་སློབ་སྦྱོང་གི་ཆེད་དུ་རོགས་དངུལ་འདྲ་མངོན་གསལ་དོད་པོས་སྤྲད་ཡོད་ན། ལུགས་མཐུན་གྱིས་ལེན་སྟངས་ཤིག་བྱས་ནས་བླངས་ཡོད་ཀྱི་རེད།
དེ་ལ་རྐུན་མ་ཟེར་གྱི་མ་རེད། སྤྲད་མཁན་གྱིས་སྤྲད། ལེན་མཁན་གྱིས་བླངས་པ་རེད། དེ་ནི་ལྐོག་ཟ་རུལ་སུངས་དང་འབྲེལ་བ་མི་འདུག་གོ།
སོང་བའི་རྗེས་ལ་རི་མོ་ཅི་ཡང་ཡོད། བྱས་པའི་ལས་ལ་ཕན་གནོད་གཉིས་ཀ་ཡོད།
སྔ་འགྱོད་ཕྱི་འདོམས་ཡོང་བའི་རེ་བ་ཡོད། ཀུན་ལ་དོགས་ཟོན་དགོས་པའི་སྐུལ་མ་ཡོད།
ཁྲིམས་དང་བདེན་པས་སྲུང་ལ་སྐྱབས་འཇུག་ཡོད།
བཀའ་ཁྲི་བློ་སེང་གིས་ཐེ་ཝེན་དངུལ་བཟས་པ་གསལ་པོ་མཁྱེན་གྱི་ཡོད་ན་དྲ་གྲོགས་ཚོས་འདིར་བཀོད་རོགས་གནང་། ང་ཡང་མི་དེ་ལ་ཡིད་ཆེས་མེད།
དུས་བབ་དང་ཁ་བརྡའི་དྲ་ཐོག་ཏུ་ལག་འགུལ་ཤེས་ཚད་ཀྱིས་སྐྱོན་བརྗོད་དང་ཁ་བརྡུང་གཏོང་གི་འདུག གཏོང་ཡང་ལོས་དགོས། འདི་དང་འདི་འདྲ་བ་ད་དུང་མང་པོ་ཞིག་བཙན་བྱོལ་སྤྱི་ཚོགས་ཁྲོད་ཡོད་ཡོད་པ་རེད། དེས་ན་ང་ཚོས་དཔུང་ལྡང་སྒྲེལ་ནས་འདི་ཚོའི་རིགས་ད་དུང་ཐར་ས་མེད་པ་བཟོས་དགོས་པ་རེད། འདི་ཉམས་མྱོང་རེད། འདི་ནང་བཞིན་ད་དུང་མང་པོ་ཞིག་ཡོད་པ་རེད། ཚང་མས་འདི་འདྲའི་རིགས་ལ་ནུས་ཤུགས་ཡོད་རྒུ་འདོན་དགོས། འདི་ཆོལ་ཁ་དང་ལུང་ཚན་གྱི་ཞེན་ཁོག་གི་ཐོག་མ་སོང་བར་སྤྱི་དོན་ཁོ་ན་ལ་བསམ་གཞིག་ནན་ཏན་བྱེད་གལ་ཆེ། དུས་བབ་ནང་མཆན་འདེབས་བསམ་ཀྱང་འདེབས་ཤེས་མ་བྱུང་། དེའི་ནང་བློ་བཟང་མདོ་སྔགས་ཟེར་བ་ཞིག་གིས་མཆན་བཙན་ཚུགས་ཅན་རེ་བཏབ་འདུག་ཀྱང་། ཀ་ཉག་ཚེ་རིང་ཟེར་པ་ཞིག་གིས་ཀིརྟིའི་ཕྱག་མཛོད་མདོ་སྔགས་མིན་རབས་ཀྱི་གསལ་བཤད་གནང་འདུག་པ་འདི་ཚོའི་དགོས་པ་གང་ཡིན་མི་ཤེས།
མོས་རྐུ་མ་བརྐུ་རྒྱུའི་གྲ་སྒྲིག་སྔ་ས་ན་བྱས་འདུག དེ་མིན་དུས་དབང་རྫོགས་ནས་ཟླ་ངོ་གཉིས་ལྷག་འགོར་ཡང་ ཚོགས་གཞོན་གྱིས་ས་ཡིག་འཁོད་པའི་འཛིན་བྱང་བདག་ཉར་བྱེད་དགོས་དོན་ཨེ་ཡོད།
བཀའ་བློན་ཁྲི་པར་སྐྱོན་འདོགས་མཁན་གྱི་སྐྱག་ཕྲུག་ཚོ་ཉོན་ཞིག
བཀའ་ཁྲིར་སྐྱོན་འདོགས་རྒྱུ་རག་གི་མི་འདུག་ན། སྡུག་ཤི་བརྒྱབ་བསྡད་ན་དགའ་མིན་འགྲོ། བོད་ནང་གི་གནས་སྟངས་ཛ་དྲག་འདི་འདྲའི་སྐབས་ལ། འགན་ཁུར་མེད་པའི་ཁྱི་སྐད་མ་བརྒྱབ་ན་ཡག་གི་རེད།
བཀའ་ཁྲིས་དངུལ་ཟས་པ་རེད་ཟེར་བ་དེ་ད་ལྟ་སྔ་དྲགས་པ་རེད། ད་ལྟ་གསར་པ་རེད། དེ་སྔོན་གཞུང་གི་ལས་བྱེད་མིན་སྟབས། ལྐོག་ཟ་བྱེད་པའི་ཆ་རྐྱེན་ཚང་ཡོད་མ་རེད།
གུང་ཁྲན་ཏང་གི་དངུལ་ཕོགས་དེས་གྲོད་ཁོག་རྒྱགས་མ་སོང་ན། སྐེ་ལ་རྡོ་བཏགས་ནས་གཡང་ལ་ཆོངས་ཤིག ཧ་ཧ་ཧ་ཧ་ཧ་ཧ།
ཕྱོགས་རུས་ཀྱི་ལ་རྒྱལ་འཛིན་པའི་མྱི་ངན་ཁ་ཤས་ལ་མོ་རང་གིས་རྐུ་ཡོད་ན་རྐུ་མ་ལས་འདས་ཡིན་ན་ཡང་མོ་རང་ལ་སྨོད་རྒྱུ་་གང་ཡང་མེད མ་ངེས་བཞིན་དུ་བཀའ་ཁྲི་ལའང་སྐྱོན་འཛུགས་པ་ཆོལ་གའི་ཞེན་ཁོག་གི་གནག་སེམས་ལས ངོ་མ་རྐུ་མ་ཡིན་ན་ཁྲིམས་དཔོན་ལ་གཏུགས་ཐུབ་པ་གྱིས་དང ངས་ཁྱེད་ཕོ་ཆོ་ག་བརྩི་གཞན་ཐུབ་པ་མིང་ཅན་བཞིན་དུ་ཆོལ་ག་བར་ཕན་་ཚུལ་ཕར་ཀྲུག་མདའ་བཀྲུག་བྱེད་ན་བོད་སྤྱི་ཡོངས་གནད་པ་ལས་ཕན་པ་མེད རང་ལུས་མེ་ལ་འཕུལ་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་རེ་བ་འགྲུབ་གྱུར་ཅིག
ཡ་ད་ཁ་ལག་ཡོད་ཚད་ཀྱིས་ཚོགས་གཏམ་ཚ་ཐག་ཆོད་བཏང་སོང་། དེ་འདྲ་མ་གནང་། མྱིག་སྐྱང་ཐོག་ཏུ་ཁུ་ཚུར་རེད། ཉིང་མ་བརྗེ། བཙན་བྱོལ་ནང་འདི་འདྲ་མང་ལེ་རེད། ཉིན་གཅིག་ལྷང་ལ་འབུད་རྒྱུ་རེད། ཕྱོགས་གཅིག་ནས་ཧང་སངས་དགོས་པ་དང་ངོ་ཚ་དགོས་པ་ཞིག་ལོས་ཡིན། ཕྱོགས་གཅིག་ནས་མིའི་སྤྱི་ཚོགས་ནང་འདི་འདྲ་ཡོང་སྲིད་པ་ཞིག་ཀྱང་རེད། དེ་ཡིན་དུས་ཚང་མས་བསམ་བློ་གུ་ཡངས་ས་ནས་གཏོང་རྒྱུ་དེ་གལ་ཆེ་བར་སེམས།
མདོ་ཁམས་པ་ཚོ་ཀླད་མེད་རེད། ལམ་སེང་རང་མི་སྒོ་ལ་ཕུད། སྡེ་དབུས་གཙང་ནང་དུ་འདི་འདྲའི་ག་ཚོད་དགོས་དགོས་ཡོད་རེད།
འདི་བདེན་པ་འདྲ་པོ་མི་འདུག་གས།
མདོ་ཁམས་པ་ཚོས་གཟབ་ན་རེད། ཧེཧེ
ད་ཡིན་ན་ངོ་ཚ་ཞབས་འདྲེན་རྐུ་མོ་ཁྱོད་སྒོར་མོ་ཁ་ཤས་ཀྱི་ཆེད་དུ། ཆེ་ས་ནས་བཤད་ན་བོད་མི་ས་ཡ་དྲུག་དང་མདོ་སྨད་རྒྱ་ཆེའི་མི་མང་ལྷག་པར་དུ་ཁྱོད་ལ་ཡིད་ཆེས་དང་རྒྱབ་བསྐྱོར་བྱེད་མཁན་གྱི་གྲོགས་པོ་གྲོགས་མོ་ཚོས་གདོང་ལ་ཇི་ལྟར་བལྟ་རྒྱུ་ཡིན། ལོ་ངོ་ཉི་ཤུ་གི་རིང་གཞུང་ལ་ཞབས་ཞུ་ཇི་ཙམ་སྒྲུབ་པ་དེ་ཉི་མ་དེ་རིང་བཟུང་ཆུའི་ནང་ལ་བརླགས་ཚར་རེད། དེ་ལས་མདོ་སྨད་རྒྱ་ཆེའི་མི་མང་ལ་དགོངས་འགལ་མེད་པ་ཞུ་རྒྱུ་དང་ཆབས་ཅིག་ཏུ་ སྤྱི་མཐུས་ནས་དགོངས་པ་ཞུ་ན་ཡག་པོ་རེད།
ཐུབ་པ་ཟེར་བ་འདི་ཡང་། གདོན་གྱི་བརླམས་པ་ཞིག་མིན་འགྲོ སྐད་ཆ་ཆོ་མེད་རྐྱང་རྐྱང་བཤད།
ཕྱག་རྒྱའི་གར་སྟབས་ཅན།
རྐུན་མའི་ངང་ཚུལ་མ།
རིལ་རིལ་རྡོག་རྡོག་ཅན།
ཁ་མཁས་ཧམ་རྫུན་མ།
ཀརྟིའི་མིང་ཐོགས་ཅན།
སྤྱི་རྒྱུ་ལྐོག་བཟའ་མ།
ཚོགས་གཙོའི་གོ་གནས་ཅན།
སྤྱི་ཆུས་རླུང་བསྐུར་མ།
ཁ་མཁས་སྐད་གྲགས་ཅན།
ལག་ལེན་འབུམ་གཉིས་མ།
འཇགས་འཇགས་ལེབ་ལེབ་ཅན།
ཡོ་ཡོ་འཁྱོག་འཁྱོག་མ།
སྒོར་མོ་འབུམ་གཉིས་ནི་གལ་མ་རེད། མོས་གནང་བ་དམིགས་བསལ་སྐྱོན་གལ་ཆེན་པོ་མ་རེད། རྡོག་རྡོག་མོས་སྒོར་མོ་བེད་སྤྱོད་བྱུང་བས་སྤྱིའི་པེད་ཤག་བེད་སྤྱད་པ་དང་། དུས་ཐོག་ཏུ་ཚོགས་མི་ལ་བརྡ་བརྒྱབས་དགོངས་ཀྱང་བྲེལ་འཚུབ་ཀྱིས་བརྡ་རྒྱག་ཁོམ་མ་བྱུང་བ་དང་། དེའི་བར་ནས་ཁོང་མོས་གསུངས་པ་ལྟར་ཕར་མ་ལབ་གོང་ཚུལ་ལབ་པས་དོན་དག་འདི་འདི་ལྟ་བུ་ཞིག་ཆགས་པ་རེད། འདི་ལ་ཧ་ལས་ཡ་གལ་མི་འདུག
མོས་གསུངས་སྟངས་ལ་གཞིགས་ན་བུད་མེད་ལྷན་ཚོགས་དང་ཁོ་ཚོས་ཕྱི་ལ་མི་སྒྲོག་པར་གྲོས་འཆམ་བྱུང་ནའང་སུ་ཡིན་འདི་ཡིན་མི་ཤེས་པ་དག་གིས་འུར་ཆིལ་ལེར་བསྒྲགས་འདུག་པ་དེ་སུ་ཡིན་ངེས་པར་རྩད་གཅོད་དགོས་པ་རེད།
དོན་དག་འདི་ཐག་དང་པོར་བོད་ཀྱི་བང་ཆེན་སོགས་སུ་ཐོན་སོང་བས། བང་ཆེན་སོགས་ཀྱིས་གོ་སྐབས་འདི་འཚལ་ནས་བསྡད་ཡོད་པ་རེད། དགྲ་ཤ་ཡོད་པ་ཡིན་ན་གང་ལྟར་ཟིན་བྲིས་སོགས་འདྲ་མིན་གྱི་འོག་ཏུ་བཀོད་ཀྱིན་འདུག དངོས་གནས་ཞབས་འདྲེན་རེད། མི་ཞིག་དང་ཡང་ན་སྐྱོན་ཕྲན་བུ་ཤོར་བ་ལ་བརྟེན་ནས་དོན་མེད་ཀྱི་ཆོལ་ཁའི་འཐེན་འཁྱེར་གྱི་ནད་རྙིང་ཡར་བསྐྱར་ལངས་པ་དང་གང་སར་དོན་མེད་ཀྱི་ཅ་ཅོ་ཇི་དགར་སྒྲོག་གིན་འདུག ཞབས་འདྲེན་དངོས་གནས་པ་དེ་འདི་ཚོ་རེད།
ད་དུང་མི་ཀླད་མེད་ཁ་ཤས་ཀྱི་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ཀྱིས་ཕྱག་ལས་གནང་སྟངས་ཏོག་ཙམ་ནོར་འཁྲུལ་ཤོར་བ་ལ་བརྟེན་ནས་དེ་གཏོགས་པའི་ཆོལ་ཁ་འགྲིག་མེད་ཚུལ་དང་། ད་དུང་ཡིད་ལ་དྲན་མི་སྲིད་པ། ད་བར་རྔ་བའི་རྒྱལ་གཅེས་དཔའ་བོ་དག་གི་མཛད་རྗེས་རླབས་ཆེན་བཞག་པ་དེ་ཆུ་ལ་བཏགས་པ་ཡིན་པའི་སྐུར་འདེབས་གནམ་ལ་མི་ཤོངས་པ་རེ་འང་བྱེད་ཀྱིན་འདུག དངོས་གནས་ཡིད་སྐྱོ་བ་ཞིག་རེད། ནོར་འཁྲུལ་བཟོས་ན་བཟོ་མཁན་ལ་འབྲེལ་བ་ཡོད་པ་ལས་དེ་དག་གི་མཛད་རྗེས་ཁྱོད་ཅག་གིས་ཕྲག་དོག་སྟེ་བསུབ་འདོད་ཀྱས་ནམ་ཡང་གཞར་ཡང་བསུབ་མི་ཐུབ་པ་སེམས་ལ་བཟུང་། བང་ཆེན་ཚང་གཙོ་བྱས་པའི་མི་ཆུང་ཀླད་མེད་དེ་དག་ལ་ཟེར་བ་ཡིན།
སྐད་ཆ་འདི་ལྟ་བུ་བཤད་མཁན་གྱི་ཕུགས་བློ་ཅི་ཞིག་ཡིན་པ་ཤིན་ཏུ་ཧ་ཙང་གསལ་བ་ལྟར་རེད། བོད་ནང་ཁུལ་དཀྲུགས་འདོད་པ་དེ་རེད།
ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ལ་བྱུང་བ་འདི་གཅིག་བྱས་ན་མོ་རང་རླུང་རྟ་ཆགས་པས་ཡིན་སྲིད། འདི་དོན་དག་ཆེན་པོ་ཞིག་ཏུ་མཐོང་གི་མི་འདུག སྤྱི་རྒྱུ་ལྐོག་ཟ་བྱས་ཚུལ་ཞིག་བྱེད་ཀྱིན་འདུག དེ་ནི་ཡིན་མི་སྲིད་དེ། སྒོར་མོ་འབུམ་གཉིས་ཟོས་ནས་མིང་ཆད་ཅིག་འཁྱེར་ནས་ག་རེ་བྱས་དགོས་རེད།
འདི་ནི་མོ་རང་དུས་ཚོད་ཀྱི་དབང་གིས་གསལ་བྱེད་བྱེད་ཁོམ་མ་བྱུང་བ་ཙམ་ལས་སྐྱོན་ཆེན་པོ་གང་ཡང་མ་རེད།
དེ་ལས་ད་དུང་ཞེད་སྣང་ཚ་བ། ད་དུང་ཧ་གོ་རྒྱུར་བསྡད་ཡོད་ཅིང་། སྤྱང་པོ་སུ་ལའང་འགྲན་དུ་མེད་པ་གང་མང་ཞིག་གིས་སུས་ཀྱང་མི་ཤེས་ས། སུས་ཀྱང་མ་གོ་བའི་ངང་ནས་སྤྱི་དངུལ་དུང་ཕྱུར་དུང་ཕྱུར་ཟ་གི་ཡོད་པས། དེ་དག་མཐོང་བའི་མིག་ཅིག་ཅིས་ཀྱང་ཡོད་པར་མཛོད་ཅེས་ཞུ་འདོད་བྱུང་།
གང་ལྟར་ང་རང་ཉིད་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ལ་གདུང་སེམས་མཉམ་སྐྱེད་ཡོད། གཞོན་ནུ་ཟླ་མེད་ཀྱིས་གསུངས་པ་ལྟར་ཁྱོད་ཚོའི་མདུང་ཁ་ནང་ལ་མ་གཏོགས་སྐོར་མི་ཤེས་པས། ད་ནི་ཁ་མི་ན་ན་ཡིད་ཚིམས་པ་ཞིག་སྡིགས་རོགས་ཟེར་རྒྱུ་ཡིན།
མི་མང་པོས་བུད་མེད་ལྷནཚོགས་ནང་གི་རྙོག་དྲ་ངོ་མ་དེ་ཤེས་ཀྱི་མེད་ས་རེད། བུད་མེད་ལྷན་ཚོགས་ནང་དུ་སྔོན་ཚོགས་གཙོ་བུ་མོ་ཚེ་རིང་པྱིར་འཐེན་གྱིས་ཀི་རྟི་སྒྲོལ་དཀར་ལྷ་མོ་ལགས་ལ་ཚོགས་གཙོའི་གོ་གནས་ཐོབ་རྗེས། བུམོ་ཚེ་རིང་གིས་མངོན་ལྐོག་ནས་བུད་མེད་ཀྱི་རྒྱུན་ལས་ཚོར་ནང་འགུག་གིས། བུད་མེད་ཚོགས་པའིར་ྒྱུན་ལས་ནང་ཁུལ་དུ་ཕྱོགས་གཉིས་སུ་བགོས་པས། ཕྱིས་སུ་ལས་དོན་གང་བྱས་ཀྱང་། ནམ་ཡིན་ཡང་གྲོས་ཐོག་གཅིག་ལ་མི་ཡོང་བའི་དཀའ་ངལ་རིམ་པས་འཕྲད་ཡོད། ཤར་གླིང་ཟླ་སྒྲོན་དང་བུ་མོ་ཚེ་རིང་གི་འབྲེལ་བ་ང་ཚོས་འདིར་བརྗོད་མ་དགོས་རེད། བུད་མེད་ལྷན་ཚོགས་ནང་དུ་ཀི་རྟི་སྒྲོལ་དཀར་ལྷ་མོ་ཚོགས་གཙོ་ཡིནཔ་ཙམ་ལས། རྒྱུན་ལས་ཁྱོན་ཡོངས་བུ་མོ་ཚེ་རིང་གི་ལག་འོག་ཏུ་ཡོད། བུ་མོ་ཚེ་རིང་གི་ཆབ་སྲིད་འཁྲབ་སྟངས་དེ་ཧང་སངས་ཡ་ཡོད་པ་རེད། སྔོན་མ་བོད་གཞུང་གི་ཉམ་ཐག་སློབ་པྲུག་ཚོ་ཨ་རིར་གཏོང་སྐབས་ཀྱང་སློབ་ཕྲུག་ཅིག་གི་གོ་སྐབས་འཕྲོག་ཏེ་རང་གི་བུ་མོ་བཏང་བ་རེད། རྗེས་ནས་བོད་པའི་སློབ་ཕྲུག་ཁྱོན་ནས་གོ་སྐབས་མེད་པ་ཆགས་ཡོད་རེད། བུ་མོ་ཚེ་རིང་དང་ཤར་གླིང་ཟླ་སྒྲོན་ལ་སོགས་པས་སྤྱི་དངུལ་བེད་སྤྱོད་བཏང་ཏེ་ཁ་གསབ་སྤྲད་པའི་གནས་སྟངས་བྱུང་མེད་པ་སུས་ཀྱང་ཤེས་མེད། ཁོ་ཚོས་ནང་ཁུལ་ནས་འགྲིག་རག་བྱེད་ཀྱིན་རེད། ཡིན་ཡང་ཀི་རྟི་སྒྲོལ་དཀར་ལྷ་མོ་ལ་གནད་དོན་སླེབས་དུས་ལམ་སེང་ཕྱི་ལ་སྒྲགས་པ་རེད། ད་དུང་བུད་མེད་ལྷན་ཚོགས་ནང་དུ། ལོ་རེར་ཉམ་ཐག་ཨ་མ་ཚོ་ལ་རོགས་རམ་གྱི་དངུལ་སྒོར་ག་ཚོད་ཅིག་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ལེན་གྱིན་ཡོད་དམ། དོན་དངོས་སུ་དངུལས་ྒོར་དེ་དག་ཉམས་ཐག་ཚོར་སྤྲོད་ཀྱིན་ཡོད་དམ། རྡ་རམ་ས་ལར་བུད་མེད་ཉམས་ཐག་མང་པོ་ཡོད། དེ་ཚོ་ཚང་མར་སྐད་ཆ་དྲིས་ཤིག བུད་མེད་ལྷན་ཚོགས་ཀྱིས་ཚེམས་བཟོའི་སློབ་སྦྱོང་གི་གོ་སྐབས་སྤྲད་ཀྱིན་ཡོད། དེའི་ནང་དུ་ཨ་མདོ་དང་ཁམས་པའི་གསར་འབྱོར་སུ་གཅིག་ཀྱང་མེད། ད་དུང་མཐོ་སློབ་ཁག་ཏུ་སློབ་ཡོན་སྤྲོད་ཀྱིན་ཡོད་པ་ཁག་ཅིག་གི་ནང་དུ་རྒྱུན་ལས་ལ་སོགས་པའི་ངོ་ཤེས་དང་ཤ་ཉེ་ཡིན་པ་གསལ་བོར་ཐཽན་ཡོད། རྡ་རམ་ས་ལའི་རྒན་རྒན་ལོ་ལོན་བདག་མེད་ཚོར་་དངུལ་སྤྲོད་རྒྱུ་རྩིས་པས་མ་སྤྲད་པ་དང་། སྤྲད་ཀྱང་འུད་ཤོབས་ག་ཚོད་ཤོད་ཀྱིན་པ་ཀྱེད་ཚོས་བུད་མེད་ལྷན་ཚོག་སལ་སོང་ནས་རྟོགས་དཔྱད་བྱེད་རོགས། བུད་མེད་ལྷན་ཚོགས་ནི་ཆབ་སྲིད་ཀྱི་ཚོགས་པ་ཞིག་ཏུ་ངོས་འཛིན་བྱ་ཐབས་བྲལ་ཏེ། བུད་མེད་ཁག་ཅིག་གི་ཁེ་གྱོང་བརྗོད་ས་དང་ཕམ་ཉེས་གླེང་ས། འུད་ཤོབ་བཤད་ས་ཆགས་ཡོད་དོ།
བོད་ཀྱི་དུས་བབ་ཏུ་ཁྲག་ཟེར་བ་ཞིག་གིས་འདི་འདྲ་ཞིག་ཀྱང་བཀོད་འདུག
འདི་ཁོང་ཚོ་ནང་ཁུལ་གྱི་རྙོག་དྲ་ཞིག་རེད། བུ་མོ་ཚེ་རིང་ཟེར་བ་དེ་དངོས་གནས་ངོ་ཚ་རྒྱུ་མེད་མཁན་ཞིག་ཡིན།
རང་གི་བུ་མོ་ཕྱི་རྒྱལ་ལ་གཏོང་ཐུབས་བྱ་ངན་གང་འདྲ་ཞིག་བྱས་སོང་།
ད་ཐེངས་སྒྲོལ་དཀར་ལྷ་མོ་ལགས་ལ་དོན་དག་འདི་འདྲ་ཞིག་བྱུང་བ་མོ་ངན་དྲགས་པ་མ་རེད་བསམ་གྱི་ཡོད།
བུད་མེད་ཚོགས་པ་ནང་ཁུལ་གྱི་འཆམ་མཐུན་དང་འཐེན་འཁྱེར་ཕྱིར་མངོན་པ་ཙམ་རེད་བསམས།
ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ཀྱིས་དོན་མེད་དུ་འདི་འདྲ་ཕམ་ཁ་ཞིག་མྱངས་པ་ལ་གདུང་སེམས་མཉམ་སྐྱེད་བྱེད་ཀྱི་ཡོད།
ཕྱི་རྐུན་མ་རེད་ནང་རྐུན་རེད།།ནང་རྐུན་འཛིན་པ་ཁག་པོི་ཡིན་ཟེར་བ་མ་ཡིན་ནམ།།
ཡིན་ནའང་བུད་ཚོགས་པས་ནང་རྐུན་བཟུང་འདུག
ངོ་ནས་ངར་བ་རེད།དགའ་བསུ་ཞུ།
ད་ནས་བུད་མེད་ཚོགས་པ་ལྟར་ཚོགས་གཞན་ཚོའི་ཡང་བློ་རིག་གྲིམ་པོ་བྱས་དང་ད་དུང་
འདི་འདྲ་མང་པོ་ཡོད་རྒྱུ་རེད།ཤུགས་རྒྱོད་དང་།
མི་འདིས་ནོར་འཁྲུལ་ཆེན་པོ་ཞིག་ཤོར་འདུག་རྕ་བ་ནས་དྲན་གྱི་མི་འདུག སྒོར་མོ་ཟ་རྒྱུ་རེད། མ་ཟོས་ལྐུགས་པ་རེད།
རྩོམ་འདིར་མཆན་སྒོ་བརྒྱབ་ཡོད།
ཁ་བརྡ་རྩོམ་སྒྲིག་པས།
–
Khabdha editor
http://www.khabdha.org
http://www.khabdha.com
khabdha@gmail.com