གཞིས་ཞོལ་ཚེ་རྡོར་གྱིས།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་མཛད་པའི་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་གཞུང་གིས་འཛིན་བཟུང་བཅོན་བཅུག་བྱས་ནས་ད་ལྟའང་ང་ཚོའི་མཇལ་ཡུལ་དུ་མེད་པ་དེར། ༡༩༩༥ ལོ་ནས་ད་བར་མི་ལོ་ ༡༧ ཙམ་རིང་གཞུང་སྒེར་ཚང་མས་རྒྱལ་སྤྱིའི་ནང་ཁོང་ཉིད་གར་ཡོད་དང་། གློད་བཀྲོལ་དགོས་སྐོར་ལས་འགུལ་ཇི་སྙེད་ཅིག་སྤེལ་དང་སྤེལ་བཞིན་ཡོད།
ཆུང་དུས་བོད་ནས་ཕེབས་ཞིང་ད་ལྟ་རྡ་རམ་ས་ལར་བཞུགས་མཁན་གྱི་བོད་རིགས་ན་གཞོན་སྒྱུ་རྩལ་བ་བཀྲ་ཤིས་བློ་གྲོས་ལགས་ཀྱིས་ཀྱང་རྒྱུན་དུ་ལས་འགུལ་མང་པོའི་ནང་མཉམ་བཞུགས་གནང་གི་ཡོད་ཅིང་། དེ་ཡང་ ༢༠༠༩ ལོར་༧པཎ་ཆེན་ཨེར་ཏེ་ནི་ཞབས་ཞུ་ལས་དོན་ལྟེ་གནས་ཁང་གིས་གཙོ་གཉེར་བྱས་པའི་༧པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་དགོངས་པ་རྫོགས་ནས་མི་ལོ་ ༢༠ འཁོར་བའི་དུས་དྲན་ཐོག་སྒྱུ་རྩལ་བ་ཁོང་གིས་འཛམ་གླིང་ནང་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་འཚོལ་བཞིན་ཡོད་པའི་རྣམ་པ་མཚོན་པའི་རི་མོ་གཅིག་འགྲེམས་སྟོན་གནང་ཡོད་པ་དང་། སྐབས་དེར་མི་ཚོས་རི་མོ་དེར་དམིགས་བསལ་གྱི་གདེང་འཇོག་དང་དོ་སྣང་ཆེན་པོ་ཐོབ་ཡོད།
ད་ལམ་སླར་ཡང་སྤྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༥ ཉིན་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་ ༢༣ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་དང་སྟབས་བསྟུན། ཁོང་གིས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ཀྱི་རྒྱབ་ལྗོངས་ལོ་རྒྱུས་མཚོན་པའི་རི་མོ་ཞིག་བྲིས་གནང་ཡོད་ཅིང་། དེ་ཡང་གཞོན་སྐྱེས་བཀྲ་ཤིས་བློ་གྲོས་ལགས་ཀྱིས་ད་རེས་ཀྱི་རི་མོ་དེ་ནི་དྲ་ཐོག་ནས་རྒྱ་ཆེའི་མི་མང་ནས་བསམ་ཚུལ་བསྡུ་ལེན་བྱས་ཏེ་རྒྱལ་སྤྱིའི་ཐོག་པཎ་ཆེན་རིན་པོ་ཆེའི་སྐོར་དྲིལ་བསྒྲགས་ཤུགས་ཆེ་རུ་གཏོང་ཐབས་སུ་གཙོ་དམིགས་བྱས་པ་ཞིག་ཡིན་གསུངས།
དེར་བརྟེན་རྒྱ་ཆེའི་དྲ་གྲོགས་ཚོས་ཁོང་གི་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་གྱི་རྒྱབ་ལྗོངས་མཚོན་པའི་དམིགས་བསལ་རི་མོ་འདིའི་ངོས་ནས་སོ་སོ་རང་ཉིད་ལ་དམིགས་བསལ་ཚོར་སྣང་མི་འདྲ་མི་འདྲ་ཇི་བྱུང་མཆན་བུའི་ནང་དུ་བཀོད་གནང་ཞུ། ང་ཚོས་དགོངས་ཚུལ་རྣམས་མཉམ་གསོག་གིས་རྒྱལ་སྤྱིའི་སྟེང་ལས་འགུལ་སྤེལ་རྒྱུར་ཕྱ་གྲུ་མཉམ་འདེགས་ཀྱི་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ།། །།
པཎ་ཆེན་ཨེར་ཏི་ནི་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་གི་ཐོག་མའི་མཚན་ལ་མགོན་པོ་ཚེ་བརྟན་ཞུ་ཞིང་།རབ་བྱུང་བཅུ་དྲུག་པའི་ས་སྟག་ལོ་སྟེ་སྤྱི་ལོ1938ལོའི་ཟླ་བ་དང་པོའི་ཚེས་ཉིན་མཚོ་སྔོན་ཞིང་ཆེན་གྱི་ཞུན་ཧྭ་རྫོང་ཁོངས་བིས་མདོ་ཤང་གི་ངོ་མཚར་ཞེས་པའི་གྲོང་ཚོར་ས་སྐྱ་འཁོན་གྱི་རིགས་ལས་མཆེད་པའི་བིས་མདོ་དཔོན་ཚང་དུ་ཡབ་མདོ་སྟོང་དཔོན་གུར་མགོན་ཚེ་བརྟན་དང་ཡུམ་བསོད་ནམས་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས།ལྕགས་སྦྲུལ་ལོ་སྟེ་སྤྱི་ལོ1941ལོར་པཎ་ཆེན་བཞུགས་སྒར་ནང་སྒང་ནས་པཎ་ཆེན་སྐུ་ཕྲེང་དགུ་པའི་ཡང་སྲིད་དུ་ངོས་འཛིན་ཞུས་པ་དང་།ས་གླང་ལོ་སྟེ་སྤྱི་ལོ1949ལོའི་ཟླ་བ་དྲུག་པའི་ཚེས་གསུམ་ཉིན།སྐབས་དེའི་མིང་གོ་སྲིད་གཞུང་ནས་ཆོག་མཆན་ཕུལ་བ་བཞིན།གསེར་བུམ་དཀྲུག་འདོན་མི་དགོས་པ་པཎ་ཆེན་སྐུ་ཕྲེང་བཅུ་པའི་མཚན་བཞེས་པ་དང་།སྐྱབས་རྗེ་རྡོ་རྗེ་འཆང་བླ་ཁོ་འཇིག་མེད་འཕྲིན་ལས་རྒྱ་མཚོའི་རིན་པོ་ཆེ་མཆོག་ནས་རྗེ་བཙུན་བློ་བཟང་འཕྲིན་ལས་ལྷུན་འགྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་ཞེས་པའི་མཚན་གསོལ།ལོ་དེའི་ཟླ་བ་བརྒྱད་པའི་ཚེས་བཅུ་ཉིན་སྐུ་འབུམ་བྱམས་པ་གླིང་དགོན་དུ་ཁྲི་གསོལ་གཟབ་རྒྱས་ཞུས།སྐུ་ན་ཕྲ་བའི་སྐབས་ནས་དངུལ་ཆུ་རིན་པོ་ཆེ་དང་བཀའ་ཆེན་ཨང་ཉི་མ་སོགས་ཡོང་འཛིན་དུ་བསྟེན་ནས།གཞུང་ཆེན་བཀའ་པོད་ལྔས་མཚོན་དམ་པའི་ཆོས་ཀྱི་གཞུང་ལུགས་ཁག་ལ་གསན་སྦྱངས་དང་ཉམས་བཞེས་མཐར་ཕྱིན་མཛད་པར་མ་ཟད།དགོན་སྡེ་ཉམས་གསོ་དང་སྐུ་གསུང་ཐུགས་བརྟེན་གསར་བཞེངས།ཆོས་ལུགས་ཀྱི་སློབ་གྲྭ་འཛུགས་གཉེར།དགོན་སྡེ་ཁག་ལ་བཤད་གྲྭ་འཛུགས་རྒྱུ་སོགས་ལ་ཐུགས་འཁུར་རྒྱུན་མར་འཛད་པས་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་པ་དང་།དེ་འབྲེལ་རྒྱ་ཆེའི་དད་ལྡན་སེར་སྐྱ་མང་ཚོགས་ལ་དུས་འཁོར་དབང་ཆེན་དང་།འཇིགས་བྱེད་དབང་ཆེན།བྱང་ཆུབ་ལམ་རིམ་གྱི་བཀའ་ཁྲིད་སོགས་ཆོས་འཁོར་རྒྱ་ཆེར་བསྐོར་ཏེ་སངས་རྒྱས་ཀྱི་བསྟན་པ་མི་ཉམས་གོང་འཕེལ་དང་ཡང་དར་ལ་མཛད་རྗེས་འགྲན་ཟླ་བྲལ་བ་འཇོག་གནང་མཛད་པ་དང་།ལྷག་པར་དུ་བོད་ལྗོངས་ཀྱིས་གཙོས་པའི་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་།རིག་གནས།སློབ་གསོ་སོགས་གོང་འཕེལ་ཡོང་ཆེད་འབད་པ་ལྷོད་མེད་གནང་ཡོད།རབ་བྱུང་དྲུག་པའི་ས་གླང་ལོ་སྟེ་སྤྱི་ལོ19449ལོའི་ཟླ་བ་བཅུ་པའི་ཚེས་གཅིག་ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བཪྙེས་པའི་མཛད་སྒོའི་ཉིན་དེར་པཎ་ཆེན་རིན་པོ་ཆེས་མཚོ་སྔོན་ཤང་སྡེ་ནས་ཀྲུའུ་ཞིང་མའོ་ཙེ་ཏུང་དང་སྤྱི་ཁྱབ་དམག་དཔོན་ཀྲུའོ་ཏེ་རྣམ་གཉིས་ལ་གློག་འཕྲིན་བཏང་ནས་ཀྲུང་གོ་གསར་པ་དབུ་བཪྙེས་པར་བརྩི་བཀུར་ཞུས་གནང་བ་རེད།ལྕགས་ཡོས་ལོ་སྟེ་སྤྱི་ལོ1951ལོའི་ཟླ་བ་བཞི་པར་པཎ་ཆེན་རིན་པོ་ཆེ་སྐུ་ངོ་མས་པཎ་ཆེན་བཞུགས་སྒར་ནང་སྒང་གི་དཔོན་རིགས་གཙོ་ཁྲིད་གནང་སྟེ།པེ་ཅིན་དུ་ཕེབས་ནས་ཀྲུང་དབྱང་མི་དམངས་སྲིད་གཞུང་ལ་བརྩི་བཀུར་ཞུས་ལུགས་མཚོན་པར་གནང་བ་དང་།བོད་ཞི་བས་བཅིངས་འགྲོལ་བྱུང་ཐབས་སྐོར་གྱི་གྲོས་མཐུན་འཇོག་རྒྱུར་སྐུལ་འདེད་དང་རྒྱབ་སྐྱོར་གནང་བར་མ་ཟད།གྲོས་མཐུན་ལ་མིང་རྟགས་བཀོད་རྗེས་པཎ་ཆེན་རིན་པོ་ཆེ་དང་ནང་སྒང་གིས་གསལ་བསྒྲགས་སྤེལ་ནས་བརྩི་བཀུར་ཞུས།ཤིང་རྟ་ལོ་སྟེ་སྤྱི་ལོ1954ལོའི་ཟླ་བ་དགུ་པར་སྐབས་དང་པོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་།སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་།མེ་སྤྲེལ་ལོ་སྟེ་སྤྱི་ལོ1956ལོའི་ཟླ་བ་བཞི་པར་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་དབུ་བཪྙེས་སྐབས་པཎ་ཆེན་རིན་པོ་ཆེ་ནས་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོནལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་དང་པོ་གནང་།ལོ་དེའི་ཟླ་བ་བཅུ་གཅིག་པར།རྒྱལ་གར་སྲིད་གཞུང་གི་གདན་ཞུས་ལྟར་རྒྱ་གར་དུ་ཕེབས་བསྒྱུར་གནང་ནས་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་འཁོར་བའི་དྲན་གསོའི་མཛད་ཆེན་ནང་ཞུགས།རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་གཡོན་གྱི་ནོར་འཁྲུལ་དང་དྲང་བཞག་མ་ཡིན་པའི་ལྟ་སྟངས་བཟུང་སྟེ་ལོ་དགུའི་རིང་ལ་བཙོན་དུ་བཞུགས་དགོས་བྱུང་།ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་ནོར་འཛོལ་དག་སེལ་དང་དབུ་གནས་སླར་གསོ་བྱུང་བར་མ་ཟད།བཅོས་བསྒྱུར་སྒོ་ཕྱེའི་ཇུས་འགོད་པ་ཏེང་ཞའོ་ཕིང་གིས“ཁྱེད་ནི་རྒྱལ་གཅེས་པ་ཆེ་ཤོས་ཡིན”ཞེས་གདེང་འཇོག་ཤིན་ཏུ་ཆེན་པོ་མཛད།ས་རྟ་ལོ་སྟེ་སྤྱི་ལོ1978ལོ་ནས་བཟུང་པཎ་ཆེན་རིན་པོ་ཆེའི་རྒྱལ་ཁབ་དབུ་ཁྲིད་ཀྱི་གོ་གནས་སླར་གསོ་བྱུང་བ་དང་།དེ་རྗེས་ལོ་བཅུའི་ནང་རྒྱལ་ཡོངས་ས་གནས་ཁག་དང་བོད་རིགས་ས་ཁུལ་དུ་ལས་དོན་གཟིགས་ཞིབ་གནང་བར་ཕེབས་ཏེ་སྤྲོ་སེམས་ཆེན་པོས་བོད་ཁུལ་གྱི་ལས་དོན་ཐད་འཛིན་པའི་ཏང་གི་བྱེད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་གནང་བ་དང་།བོད་ཁུལ་གྱི་འཛུགས་སྐྲུན་བྱ་གཞག་ཁག་དང་མི་དམངས་ཀྱི་ཐོན་སྐྱེད་འཚོ་བར་ཐུགས་ཁུར་གནང་ཞིང་།ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་།བོད་རིགས་ས་ཁུལ་ཁག་ཡར་རྒྱས་དང་དར་རྒྱས་ཡོང་བར་སྐུལ་མ་ཡོང་བའི་ཐད་ལེགས་སྐྱེས་ཤུགས་ཆེན་ཕུལ་གནང་བར་མ་ཟད།སྐུ་ཚབ་ཚོགས་པར་སྣེ་ཁྲིད་མཛད་དེ་པོ་ལེ་ཝེ་ཡ་དང་།ཨའོ་ཏ་ལི་ཡ།བལ་ཡུལ་བཅས་སུ་འཚམས་འདྲི་གནང་བར་ཕེབས་པ་དང་།རྒྱལ་ནང་དུ་ཕྱི་རྒྱལ་གྱི་གྲོགས་པོ་ཚོར་དངོས་ཐོག་བདེན་འཚོལ་གྱིས་རང་རྒྱལ་གྱི་སྲིད་ཇུས་དང་ལས་དོན་ཁག་ངོ་སྤྲོད་གནང་བ་དང་ཆབས་ཅིག རང་རྒྱལ་ནས་བཅོས་བསྒྱུར་སྒོ་ཕྱེ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པར་སེམས་ཁུགས་ཀྱིས་ཁེངས་ཚུལ་གསུངས་པར་ཕྱི་རྒྱལ་གྱི་གྲོགས་པོ་ཚོའི་ཚད་མཐོའི་བསྟོད་བསྔགས་དང་ཡིད་ཆེས་ཐོབ་ཡོད།པཎ་ཆེན་རིན་པོ་ཆེས་བོད་མི་རིགས་ཀྱི་ལས་དོན་གོང་འཕེལ་དང་ཡར་རྒྱས་འགྲོ་རྒྱུར་ཐུགས་ཁུར་ཆེ་བཞེས་དང་།བོད་རིགས་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་གོང་འཕེལ་འགྲོ་རྒྱུར་ཐུགས་འཁུར་གནང་ཆེ་བཞེས་ཡོད་ཅིང་།ལོ་བཅུ་ལྷག་གི་མཛད་འཕྲིན་གཙོས་གྲས་ནི།1.མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་ལག་བསྟར་བྱེད་རྒྱུར་ཐུགས་ཁུར་ཆེ་བཞེས་གནང་ནས་དུས་རྒྱུན་དུ་རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྟེན་ནས་མི་རིགས་ས་ཁོངས་རང་སྐྱོང་གི་དབང་ཆ་གང་ལེགས་དང་ཡང་དག་པའི་སྒོ་ནས་སྤྱོད་དགོས་པའི་ནན་གསུང་གནང་གི་ཡོད་ལ།མི་རིགས་མཐུན་སྒྲིལ་ལ་ཧ་ཅང་མཐོང་ཆེན་གནང་ནས་བོད་རིགས་དང་རྒྱ་རིགས་བར་དང་།བོད་རིགས་དང་མི་རིགས་གཞན་དག་བར།བོད་རིགས་ནང་ཁུལ་བཅས་ཀྱི་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་དགོས་པའི་ནན་གསུང་ཡང་ཡང་གནང་མྱོང་བ་རེད།2.བོད་དང་བོད་ཁུལ་གཞན་དག་གི་དཔལ་འབྱོར་འཛུགས་སྐྲུན་ལ་རོགས་སྐྱོར་བྱེད་ཆེད་པཎ་ཆེན་རིན་པོ་ཆེ་མཆོག་དང་ང་ཕོད་ངག་དབང་འཇིགས་མེད་མཆོག་རྣམ་གཉིས་ཀྱིས་ནས་གྲོས་འགོ་གནང་བ་ལྟར།རབ་བྱུང་བཅུ་བདུན་པའི་མེ་ཡོས་ལོ་སྟེ་སྤྱི་ལོ1987ལོའི་ཟླ་བ་བཞི་པའི་ཚེས་བཅོ་ལྔ་ཉིན་བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་རྩ་བཙུགས་གནང་མཛད།3.བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་།བེད་སྤྱོད།གོང་འཕེལ་གཏོང་རྒྱུར་ལྷག་པར་དུ་མཐོང་ཆེན་གནང་ཞིང་།མེ་ཡོས་ལོ་སྟེ་སྤྱི་ལོ1987ལོའི་ཟླ་བ་བདུན་པར་ཨུ་ཡོན་ཀྲང་གཞོན་པ་ང་ཕོད་ངག་དབང་འཇིགས་མེད་མཆོག་དང་ལྷན་དུ་གྲོས་འགོ་འདོན་གནང་མཛད་ནས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐོག《བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་།བེད་སྤྱོད།གོང་འཕེལ་བཅས་གཏོང་རྒྱུའི་སྐོར་གྱི་གཏན་འབེབས་འགའ་ཞིག》ཅེས་པར་གྲོས་འཆམས་བྱུང་བ་རེད།བོད་བརྒྱུད་ནང་ཆོས་ལུགས་ཀྱི་ཁྱད་དུ་འཕགས་པའི་གཙོ་འཛིན་ཞིག་གི་ངོས་ནས་ཕྱོགས་གཅིག་ནས་ཏང་དང་སྲིད་གཞུང་ལ་གཞོགས་འདེགས་ཀྱིས་ཆོས་དད་རང་མོས་ཀྱི་སྲིད་ཇུས་ལག་ལེན་མཐར་ཕྱིན་གནང་ཏེ་དགོན་པ་དང་གྲྭ་བཙུན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་གནང་བ་དང་།ཕྱོགས་གཞན་ཞིག་ནས་སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་བོད་བརྒྱུད་དེ་རིམ་བཞིན་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་འཚམས་པ་ཡོང་ཆེད་ཕན་ཡོད་ཀྱི་ཕག་ལས་མང་པོ་གནང་ཡོད་པ་སྟེ།བོད་བརྒྱུད་ནང་བསྟན་ཆོས་ལུགས་མི་ཉམས་གོང་འཕེལ་དང་བསྟན་པ་ཡང་དར་ཡོང་ཆེད་སྐུ་ངོ་མས་པེ་ཅིན་དུ་ཀྲུང་གོའི་བོད་བརྒྱུད་ནང་བསྟན་སློབ་གླིང་བཙུགས་གནང་བ་དང་འབྲེལ་དབུ་འཛིན་ཡང་གནང་ནས་ཆབ་སྲིད་ཐད་མེས་རྒྱལ་ལ་དགའ་ཞེན་བྱེད་པ་དང་།ཆོས་ལུགས་ཐད་ནང་བསྟན་ཆོས་ལུགས་སྐུ་ཡོན་ཆེ་ཙམ་ཡོད་མཁན་གྱི་བླ་སྤྲུལ་གསོ་སྦྱོང་མཛད་པ་སོགས་ཡིན།ཁོང་གི་གསུང་རྩོམ་ནི《སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་འགྲེལ་བ》དང《སྐྱེ་རྡོར་ལྷན་སྐྱེས་ཀྱི་ཆོ་ག་གསུམ་བསྐྱེད》ཅེས་པ་སོགས་ཡོད།ས་སྦྲུལ་ལོ་སྟེ་སྤྱི་ལོ1989ལོའི་སྤྱི་ཟླ་དང་པོའི་ཚེས9ཉིན་གཙང་ལྗོངས་ཀྱི་གདན་ས་ཆེན་བཀྲ་ཤིས་ལྷུན་པོར་པཎ་ཆེན་སྐུ་ཕྲེང་ལྔ་པ་ནས་དགུ་པའི་བར་གྱི་མཉམ་བཞུགས་སྐུ་གདུང་མཆོད་ཁང་ཤར་བཀྲ་ཤིས་རྣམ་རྒྱལ་བསྐྱར་བཞེངས་གཙོ་སྐྱོང་གནང་བརཕེབས།མཛད་བྲེལ་ཆེ་དྲག་པའི་རྐྱེན་གྱིས་གློ་བུར་དུ་སྐུ་སྙིང་ལ་སྙུན་གཞི་ཕོག་ཏེ་ཕྱོགས་གང་ཐད་ནས་མྱུར་སྐྱོབ་བྱེད་ཀྱང་འབྲས་བུ་མ་ཐོབ་པར་ལོ་དེའི་སྤྱི་ཟླ་དང་པོའི་ཚེས28ཉིན་གཞིས་རྩེ་གྲོང་ཁྱེར་གྱི་བདེ་ཆེན་སྐལ་བཟང་ཕོ་བྲང་གི་གཟིམ་ཆུང་བཤད་སྒྲུབ་འཕེལ་རྒྱས་གླིང་དུ་དགོངས་པ་གཞན་དུ་གཤེགས།།
ཀྲུང་གོའི་བོད་ཀྱི་དྲྭ་བ། Ti.tibet3.com/culture/2011-05/04/conten_382300.htm
ཞོར་དུ་་་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་མཛད་པའི་སྐྱེ་བ་སྔ་ཕྱིའི་རྣམ་བཞག་སྲིད་པ་གསལ་བའི་མེ་ལོང་།
དྲྭ་ཚིགས་འདི་ནས་ཕབ་ལེན་བྱེད་རོགས་ཞུ། http://www.tibetanebooks.com
རྒྱརིགས་དཔོན་ངན་བཞི་ནི།
ཆེ་བདུག་རྩུབ། མའོ་ཙེ་ཏུང་།
ཆེས་ཀླ་ཀློ། ཏིང་ཤའོ་་ཕིང་།
ཆེས་མུན་ནག ཛང་ཛིན་་མིན།
ཆེས་རྗེས་ལུས། ཧུའུ་ཆིན་ཐའོ།
ཡང་།
ཡ་མཚན་སྐྱེ་གཞིའི་སྐྱེ་ཆེན་བཞི་ནི།
ཆེས་བྱམས་བརྩེ་ཅན་༸གོང་མཆོག
ཆེས་ཡར་ཐོན་ཅན་པཎ་ཆེན་བཅུ་པ། །
ཆེས་རྩ་ཆེན་ཀརྨ་པ་ཨོ་རྒྱན་མཚན་ཅན།
ཆེས་བཀའ་དྲིན་ཅན་ས་སྐྱ་༸གོང་མ་རིན་པོ་ཆེ།
བོད་མིར་ལ་རྒྱ་ཡོད་ན་པཎ་ཆེན་འཁྲུངས་སྐར་སྲུང་དང་།།
བོད་ཀྱི་བདེ་སྡུག་བསམས་ན་པཎ་ཆེན་རྩོད་འཁྲོལ་རྩོད་།།
འདས་པའི་ལོ་ཟླ་བསམས་ན་པཎ་ཆེན་སེམས་ལ་དྲན་དང་།།
བོད་མིར་བོད་ཞེན་ཡོད་ན་པཎ་ཆེན་ཡིད་ལ་དྲན་དང་།།
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་དང་འབྲེལ་སྐུ་ཚེ་ཞབས་པད་བརྟེན་ཅིང་ཐུགས་ཀྱི་བཞེད་དགོངས་ལྷུན་གྲུབ་ཡོང་བའི་སྨོན་འདུན་ཤུགས་དྲག་དང་རྒྱ་ནག་དམར་གཞུང་ནས་ཉེས་མེད་བཙོན་འཇུག་དོ་དམ་གྱིས་ད་ལྟའི་ཆར་ཁོང་གང་དུ་ཡོད་མེད་ཤེས་རྟོགས་མེད་པའི་གནས་སྟངས་བཟོ་བར་ངོ་རྒོལ་དང་འཛམ་གླིང་རྒྱལ་སྤྱིའི་མི་མང་ཡོངས་ནས་ཁོང་ཕྲལ་མར་གློད་གྲོལ་ཡོང་བར་རྒྱབ་བསྐྱོར་སྔར་ལྷག་ཡོང་བའི་གསོལ་འདེབས་ཞུ་རྒྱུ། ད་ལྟ་འདིར་དྲ་ཐོག་བཀོད་པའི་རི་མོར་ཕྲན་ནས་སེམས་འཚབ་དང་མ་སྐྱིད་པའི་སེམས་ཚོར་ཤུགས་ཆེ་ཞིག་རང་བཞིན་གྱི་བྱུང་། གང་ལགས་ཞེས་ན་སངས་རྒྱས་ཀྱི་ན་བཟའ་སྣམས་པའི་བླ་མ་ཞིག་གི་རྒྱ་ནག་དམར་གཞུང་གི་གཙོས་འཛིན་གྱི་ལག་ནས་ནུ་མ་འཐུང་བཞིན་མཛུན་མོ་གར་འཁྲིད་ཡིན་པ་གསལ་ཡང་དོན་དངོས་ཐོག་དེ་དག་ཚང་མ་རྒྱ་ནག་དམར་གཞུང་གི་འགོ་འཁྲིད་ཚོར་ལན་པ་ཡོད་པ་ལས་བོད་མི་དང་བླ་མ་ལྷག་པར་རྒྱལ་མཚན་ནོར་བུ་བྱིས་པ་ཁོང་ལ་ཁག་དཀྲིས་བྱས་པའི་གལ་རུང་། རི་མོ་བྲིས་མཁན་གྱི་ཀུན་སློང་དང་ལྷག་བསམ་ལ་ལྷད་མེད་རུང་རི་མོ་རང་སྟེ་ནས་བསམ་ཚུལ་མི་འདྲ་བ་མང་པོ་ཡོང་གཞི་དང་ལྷག་པར་ནང་ཆོས་དང་རང་རིག་ལ་དམའ་འབེབ་ཡོང་གཞིར་མི་འགྲོ་བ་གནང་གལ་ཆེ་བ་དགོངས་འཇགས་ཞུ་རྒྱུ།།
མཛད་མཐའ་མེད་པའི་༧པཎ་ཆེན་སྐུ་ཕྲེང་བཅུ་བའི་སྐུ་དྲིན་ནི་མི་ཐོག་འདིའི་བོད་མི་རབས་ལ་མཚོན་ན་དུས་ཀྱི་ཆ་ཡུན་ཙམ་ལའང་བརྗེད་དུ་མི་རུང་བ་དང་།བརྗེད་ན་དྲིན་ལན་ལོག་འཇལ་དང་རྒྱུ་འབྲས་གོ་ལྡོག་གི་རྗེས་སུ་འགྲོ་ངེས་ཡིན།
དེས་ན་ང་ཚོས་༧པཎ་ཆེན་སྐུ་ཕྲེང་བཅུ་བའི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མའི་འཁྲུངས་སྐར་ལ་རྟེན་འབྲེལ་དང་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་འདུན་ཞུ།
གོང་གི་རི་མོའི་སྒྱུལ་རྩལ་འདི་བཞིན་མིག་ངོར་སྣང་བཞིན་བློ་ངོར་ཤར་མ་ཐག་ངུ་རྒྱུ་ཞིག་དགོད་རྒྱུ་ཞིག་གི་ཚོར་སྣང་ཡ་མ་ཟུང་ཞིག་སྐྱེས་སོང་།་་་་སྤྱིར་རི་མོའི་སྒྱུ་རྩལ་གྱི་གསང་འགྲེལ་ནི་རི་མོ་རང་ཉིད་ཀྱི་ཡུལ་སྟེང་ན་མེད་པར།་་མཛེས་དཔྱོད་པའི་བློ་ངོར་ཡོད་པས།་་་སྒྱུ་རྩལ་བའི་ཀུན་སློང་ལ་བརྟག་ཅིང་དཔྱད་པ་ནི་དཔྱད་ལུགས་མཐའ་ཅན་ཞིག་རེད།་་་རྒྱལ་མཚན་ནོར་བུ་ཁོ་རང་ཡང་ད་ཕོ་ལོ་༢༣ཙམ་སླེབས་ཟིན་པས་བསམ་བློ་ཐོངས་བའི་དུས་ལ་སླེབས་པ་རེད།་་ཁོ་པའི་ལུས་ལ་གྲྭ་ཆས་གྱོན་པ་ཙམ་ལས་དོན་དངོས་རྒྱ་དམར་གཞུང་གི་ནུ་ཞོའི་འོག་ཏུ་འཚར་ལོངས་བྱུང་བཞིན།་་སྒེར་གཅོད་པས་ཅི་འདོད་བཀོལ་སྤྱོད་ཆོག་པའི་རྒྱུག་ཁྱི་དང་གཉིས་སུ་མེད་པས།་་་ཁོ་ལ་དམད་པ་ནི་སངས་རྒྱས་བསྟན་པའི་བསྲི་ཞུ་ལས་རྨ་བྱིན་པར་མི་འགྲོ།་་་༸ཆུང་སྲིད་རིན་པོ་ཆེ་གློད་གྲོལ་མི་ཐུབ་པའི་འགེགས་རྐྱེན་གཙོ་བོ་གཅིག་ཁོ་རེད་དོ།།
རྒྱལ་མཚན་ནོར་བུའི་གཉའ་བ་ཧུའུ་ཡིས་བཟུང་།།
ཆོས་ཀྱི་ཉི་མ་སྤྲིན་ནག་གསེབ་ནས་ཡལ།།
རྨེ་ཤ་ཅན་གྱི་འདྲ་རིས་ནག་པོ་ཞིག།
ཁྲག་གིས་བརླན་པའི་པོ་ཏཱ་ལ་ནས་མངོན།།
རྨེ་ཤ་ཅན་གྱི་གྲིབ་རིས་ནག་པོ་ཞིག། ཅེས་པར་བཅོས་ཡོད། ཉི་མ་སྤྲིན་གསེབ་ནས་ཡལ་དུས་གྲིབ་རིས་ནག་པོ་འཁོར་བ་ཆོས་ཉིད་དུ་གྲུབ་པས་སོ་སྙྲམ།
———པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་འཁྲུངས་གཞིས་སུ་ཕྱིན་རྗེས།
ཉིན་མོ་སྨག་གིས་བཟུང་བའི་རི་གྲོང་འདི་ན།།
རྣ་ལ་གཟན་པའི་གཏམ་ལས་གོ་རྒྱུ་མི་འདུག།
གངས་སེང་རི་ནས་བོར་བའི་གཏམ་རྒྱུད་བཞིན་དུ།།
ཡུལ་རིའི་རྒྱན་ཆ་ཐམས་ཅད་གཞན་དུ་བཞུད་ཐལ།།
བྱམས་བརྩེའི་ཕུག་རོན་དཀར་མོའི་གཤོག་རླབས་ཁྲོད་ནས།།
གྲངས་མེད་གདུལ་བྱ་འོད་ཀྱི་ཞིང་དུ་དྲངས་ཡོད།།
མུན་པའི་གཤེར་ཁུ་བཞུར་བའི་རྒྱལ་ཁམས་དག་ལ།།
ནང་རིག་ཞི་བདེ་དམ་པའི་འཇིག་རྟེན་བསྐྲུན་ཡོད།།
རྒྱ་ཆེན་ཐུགས་བརྩེ་ཟབ་མོའི་ཕུགས་རྒྱང་རིང་བོ།།
ཉམས་ཆུང་མི་རིགས་ཤིག་གི་ཁྱིམ་གཞིར་གཏད་ཡོད།།
ཟླ་བྲལ་ཐོས་བསམ་སྒོམ་པའི་མན་ངག་ཟབ་མོ།།
བགྲང་ཡས་འགྲོ་བ་རྒྱ་མཚོའི་སྙིང་ལ་བརྐོས་ཡོད།།
བགྲང་བྱ་དུ་མ་མུན་པའི་ཀློང་ནས་བསྐྱལ་དུས།།
འཇིགས་མེད་སྙིང་སྟོབས་གོ་ཆས་བཙན་ས་ཟིན་ཡོད།།
ཡེ་དག་བདེན་དོན་གནས་ལུགས་རྡོ་རྗེ་བྲག་གིས།།
མི་ཤིགས་བཙོན་གྱི་ལྕགས་མཁར་ཐལ་བར་བྱས་མྱོང་།།
རེ་མིག་ཡུན་ལ་བསྲིངས་པའི་རིགས་ཅན་དག་གིས།།
དད་གདུང་མཆི་མའི་དགའ་འབོད་ཡུག་གཅིག་སྦྲེལ་ཏེ།།
རྟ་མཆོག་རྨིག་སྒྲ་ལྡིར་བའི་ཀི་བསྭའི་ཁྲོད་ནས།།
མི་ཐེག་སྡུག་གི་རི་མོ་རི་ལ་སྤུར་མྱོང་།།
ཆོས་སྲིད་མཛད་འཕྲིན་སྐྱོང་བའི་ལོ་ཟླའི་དབྱིངས་ནས།།
བྱང་སེམས་ཆོས་ཀྱི་ཆར་ཆེན་ཅིག་ཅར་ཕབས་ཡོད།།
བཀྲེས་མནར་སེམས་ཅན་ཡོངས་ཀྱི་སྤྱི་བོའི་གཙུག་ཏུ།།
སྙིང་རྗེའི་བསིལ་གྲིབ་བརླན་ནས་ཚིམས་པར་བྱས་མྱོང་།།
འོན་ཀྱང་འཛམ་གླིང་གཙུག་གི་ཉི་མ་སེར་བོའི།།
གཟི་བྱིན་གློ་བུར་ཡལ་བའི་ཚུལ་སོགས་བསམ་ན།།
ཁྱིམ་བྲལ་མ་མེད་དྭ་ཕྲུག་བདག་མེད་ང་ཚོ།།
མི་ཐེག་སྡུག་བསྔལ་བཟེད་པའི་ཉེས་ཅན་མིན་འགྲོ།།
རིང་ནས་སྙིང་ལ་བརྣག་པའི་མདུན་པས་སྒུལ་ནས།།
གོམ་ཁ་གཞིས་ཀའི་ཕྱོགས་སུ་དངོས་སུ་བསྒྱུར་ཡང་།།
ལྷིང་འཇགས་མྱ་ངན་ཀློང་གི་ཁང་ཆེན་དེ་ཡིས།།
ཡ་ཆུང་མཆི་མའི་མཆོད་པ་དབང་མེད་བཞེས་སོང་།།
སྣ་ཚོགས་རིགས་འདུས་དད་ལྡན་ཁྲི་མ་འབུམ་གྱིས།།
དྲི་མེད་ལྷ་དར་དཀར་བོ་སོར་རྩེར་ལེན་དུས།།
བརྩེ་ཞེན་ཡོལ་གོར་ཀློང་ནས་ཉེར་གཟིགས་མཛད་སའི།།
ཕ་གཞིས་དཔོན་ཚང་ད་ལྟ་ཁ་བས་གཡོག་འདུག།
དཀོན་གཉེར་བཙུན་པ་ཞིག་གི་བདག་གཉེར་ཁྲོད་ན།།
ལྷམ་ལྷེམ་དལ་མོར་འབར་བའི་མཆོད་མེ་ཞིག་གིས།།
ཉམས་ཆུང་མཇལ་བ་ང་ལ་དགའ་འཛུམ་སྟོན་ཡང་།།
སེམས་བརྣངས་བུ་ལོར་མིག་ཆུའི་ལན་ལས་མ་བྱུང་།།
ལག་གི་དྲི་མེད་ཁ་བཏགས་གནམ་ལ་འགྱོག་དུས།།
འབུལ་སའི་གནས་ཤིག་ཡོད་པའི་མོས་པ་ཡོད་མོད།།
མཇལ་དར་ལག་ནས་ལེན་མཁན་སུ་ཡང་མེད་པས།།
མཇལ་ཡུལ་གང་ན་ཡོད་པ་མཐོང་ཐབས་མ་བྱུང་།།
སྟོང་སེང་གཞིས་ཀའི་སྒོ་ཆེན་དལ་མོར་ཕྱེས་དུས།།
སྒྲ་ཆེན་འབྲུག་སྐད་འདྲ་ཞིག་སྦུག་ལ་འཛུལ་ཐལ།།
ཞེན་ཆགས་དྲན་ཤིང་ཀློང་ནས་ཕྱིར་ལ་ཅེར་དུས།།
ཡངས་པའི་ཕོ་བྲང་མུན་པ་སྟུག་ཏུ་ཕྱིན་འདུག།
སྒྱུ་རྩལ་བ་ཁོང་གིས།
རི་མོ་འདིའི་ཆ་ཤས་མང་ཆེ་བ་མུན་ནག་གི་ཀློང་དུ་ཡོད་པ་དང་སྤྲིན་དམར་ལང་ལོང་དུ་འཁྱུག་པ་ནི། རྒྱ་གཞུང་གིས་བོད་ནང་འཛིན་པའི་སྲིད་ཇུས་ཀྱི་ཁོར་ཡུག་ཚང་མ་ཆེས་མུན་ནག་ཡིན་པ་དང་། ཆེས་སྡུག་རྩུབ་བཅས་ཡིན་པ་མཚོན་འདུག
རྒྱ་རྒན་མའོ་ཙེ་ཏུང་གི་དཔར་སྒྲོམ་གྱི་སྟེང་དུ་ཁ་བཏགས་ཞིག་གཡོགས་ཡོད་པ་ནི། བོད་ནང་གི་བོད་མི་ཚོས་སེམས་གཏིང་ནས་གུང་བྲན་ཏང་ལ་མི་དགའ་ནའང་བཙན་དབང་འོག་ནས་དགའ་མདོག་བྱེད་དགོས་པ་མཚོན་འདུག
ཁ་བཏགས་སྟེང་སྦྲང་བུ་གསུམ་བབ་ཡོད་པ་ནི། གུང་བྲན་ཏང་ལ་དགའ་བའི་རྣམ་འགྱུར་མཚོན་བྱེད་ཀྱི་ཁ་བཏགས་ཀྱི་ནང་དོན་རྫུན་པའམ་རུལ་པ་ཡིན་པ་མཚོན་འདུག
དཔར་སྒྲོམ་སྟེང་ནས་པོ་ཕོ་བྲང་པོ་ཏ་ལའི་སྟེང་དུ་ཁྲག་ཐིག་ཟགས་བཞིན་ཡོད་པ་ནི། གུང་ཁྲན་ཏང་གིས་བོད་ནང་མི་གསོད་ཁྲག་སྦྱོར་གྱི་མནར་གཅོད་རྒྱུན་ཆད་མེད་པ་གཏོང་བཞིན་ཡོད་པ་མཚོན་འདུག
རྒྱལ་མཚན་ནོར་བུས་ལག་གཅིག་གིས་རྒྱ་ལོར་འཁྱེར་ནས་མིག་ཟུང་ཅེ་རེར་རྒྱང་བལྟ་བྱེད་བཞིན་རྒྱ་དཔོན་ཧུའུ་ཅིན་ཐའོ་ཡིས་འོ་མའི་འཇིབ་རུ་ནས་འོ་མ་འཐུང་བཞིན་པ་དང་། ཧུའུ་ཡི་ལག་ཏུ་མེ་མདའ་ཐོག་པ་ནི། རང་དབང་བྲལ་བའི་བོད་ཀྱི་བྱིས་པ་རྒྱལ་མཚན་ནོར་བུས་གུང་ཁྲན་ཏང་གི་མནར་གཅོད་ཀྱི་མེ་མདར་ཞེད་ནས་གུང་ཁྲན་ཏང་གི་གསོ་སྐྱོང་འོག་མི་སྡོད་ཀ་མེད་བྱུང་བ་མཚོན་འདུག
འོད་ཁྱིམ་སྒྲོན་པའི་དགེ་འདུན་ཆོས་ཀྱི་ཉི་མའི་སྐུ་དཔར་དེས། བོད་མི་མང་གི་སེམས་གཏིང་གི་འོད་མཚན་མགོན་པོའི་རྣམ་སྤྲུལ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ངོ་མ་ནི་དགེ་འདུན་ཆོས་ཀྱི་ཉི་མ་ཁོ་ན་ཡིན་པ་མཚོན་ཡོད།
རི་མོའི་ནང་གི་མི་སྣ་ཚང་མའི་གདོང་མདོག་ཤིན་ཏུ་སྐྱོ་པོ་ཡོད་པ་ནི། གུང་བྲན་ཏང་གི་སྡུག་རྩུབ་ཆེ་བའི་སྲིད་ཇུས་ཀྱི་ཁོར་ཡུག་ནང་ཡོད་པའི་མི་ཚང་མ་སེམས་སྐྱིད་པོ་རྩ་བ་ནས་མེད་པ་མཚོན་འདུག
དེ་དག་ནི་ང་རང་གི་མཐོང་ཚུལ་དང་ཚོར་སྣང་ཙམ་ཡིན། གང་ལྟར་ཡང་སྒྱུ་རྩལ་བ་ཁོང་གི་ལྷག་བསམ་ལ་རྗེས་སུ་ཡི་རངས་ཞུ། མུ་འཐུད་ལས་འགུལ་དེ་རིགས་སྤེལ་རྒྱུར་དགའ་བསུ་ཞུ།
འཇིགས་མེད་བློ་གྲོས་ལགས་དང་ལུང་ཤར་ཚེ་སྟོབས་ལགས་གཉིས་ཀྱི་ཚོར་སྣང་དང་ངའི་མཐོང་སྣང་གཅིག་མཚུངས་སུ་འདོད།
པཎ་ཆེན་རིན་པོ་ཆེའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།
ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ཁོང་ལྟ་བུ་ཞིག་གི་འཁྲུངས་སྐར་སྲུང་བརྩི་བྱེད་རྒྱུ་འདི་གལ་ཆེན་ནང་གི་དོན་ཆེན་ཞིག་ཡིན་པར་མ་ཟད། ལྷག་པར་དེང་སང་གི་ཆབ་སྲིད་ཀྱི་དགོས་དབང་གིས་ཡིན་ནའང་ངེས་པར་དུ་སྲུང་བརྩི་བྱེད་དགོས་པ་ཡིན་དུས། མི་མང་ཚང་མ་འཁྲུངས་སྐར་སྲུང་བརྩི་ལ་ཕེབས་རྒྱུར་ཤིན་ཏུ་གནད་ཆེ།
པཎ་ཆེན་སྐུ་ཕྲེང་བཅུ་པའི་སྐུ་དྲིན་ལ་བསམ་ནའང་སྲུང་བརྩི་བྱེད་དགོས། དེ་ཙམ་དུ་མ་ཟད་པཎ་ཆེན་ཆུང་སྲིད་རིན་པོ་ཆེའང་རྒྱ་དམར་ཀླ་ཀློའི་བཙོན་འོག་ནས་མྱུར་དུ་གློད་གྲོལ་ཐོབ་ཆེད་གསར་འགྱུར་བརྒྱུད་ལམ་འདྲ་མིན་ཐོག་ཁྱབ་བསྒྲགས་དང་། རྒྱལ་སྤྱིའི་ཐོག་རྒྱ་དམར་གཞུང་ལ་གནོན་ཤུགས་སྤྲོད་རྒྱུར་འབོད་བསྐུལ་ཡང་ནས་བསྐྱར་དུ་ཞུ་དགོས།
མུན་པའི་སྤྱི་ཚོགས་ཤིག་གིས་གྲུ་འཛིན་ཞིང་།
ཁྲག་གི་འཁོར་ལོ་བསྐོར་ནས་བདག་ཏུ་བཟུང་།
པཎ་ཆེན་བླ་མའི་ཡང་སྲིད་འཁྲུལ་མེད་དེ།
བཙོན་དུ་བཅུག་ནས་ཡང་སྲིད་རྫུན་མ་བཟོས།
ངོ་མ་མཚར་ཡ། སྒྱུ་རྩལ་གྱི་ཤུལ་ལམ་འདེད་ནས་མུ་མཐུད་བོད་དོན་འཐབ་རྩོད་ལ་འབད་ལ་ཕན་རླབས་ཆེ།
བོད་ལ་མཁོ་བ་ཡང་སྲིད་འཁྲུལ་མེད་ཡིན།
རྒྱ་ལ་དགོས་པ་སྲིད་ཀྱི་སྙན་གྲགས་རེད།
རྒྱ་བོད་དགོས་མཁོ་ཐ་དད་གཉིས་འཐབ་བར།
པཎ་ཆེན་བླ་མའི་ཡང་སྲིད་ཨོཾ་ཨཱ༔ཧཱུྂ།
ད་བོད་མི་ཚོས་པཎ་ཆེན་བླ་མའི་བཀའ་དྲིན་ཞིག་དྲན་འདུག
ད་ཕྱིས་དྲགས་པ་རེད། བླ་མ་བཙོན་དུ་བཅུག བོད་མིར་ནང་འཁྲུག་བསླངས། སྡེ་གཟར་འདི་ལས་ཆེ་བ་གང་ན་འདུག
དེ་ལས་པཎ་ཆེན་བླ་མའི་བཀའ་བཞིན་བསྒྲུབ་དང་། བོད་མི་རིགས་ལ་ཁ་ཡོད་ལག་ཡོད་ཁེ་ཕན་ཞིག་ཐོབ་ངེས།
པཎ་ཆེན་སྐུ་ཕྲེང་བཅུ་པ་དེ་ཡང་རྒྱ་ཡིས་བཙོན་དུ་བཅུག བོད་མིས་ཟུར་ནས་སྡང་། སྲིད་དོན་ཟེར་ན་དེ་ཚོ་རེད། བོད་པ་འདི་ནང་རུལ་གྱི་སྲིད་ཇུས་ལ་མཁས། བླ་མས་མཁྱེན། བླ་མས་མཁྱེན། བླ་མས་མཁྱེན།
པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་དེ་ངོ་མ་བོད་ཀྱི་ཆོས་ལུགས་གྲུབ་མཐའ་ཚང་མར་དབྱེར་མེད་གཟིགས་མཁན་དང་། མི་དམངས་སྐྱོ་པོ་ཚང་མར་ཐུགས་སྣང་ཚད་མེད་གནང་མཁན་གྱི་སྐྱེས་བུ་དམ་པ་ཞིག་རེད། ཁོང་གི་ཡང་སྲིད་དེ་ཆབ་སྲིད་ཀྱིས་ལམ་ལོག་ཏུ་འཁྲིད་པར་བློ་ཕམ་བྱུང་། པཎ་ཆེན་རིན་པོ་ཆེའི་ཡང་སྲིད་གཉིས་ཡོད་ཀྱང་ཆོག གང་ལྟར་སྐུ་ཕྲེང་བཅུ་པ་དེ་ལྟ་བུའི་ཐུགས་སྟོབས་ཅན་གྱི་རླབས་ཆེན་གྱི་མི་སྣ་ཞིག་དུས་ཚོད་འདིར་འབྱུང་རྒྱུ་ཤིན་ཏུ་དཀའ་བ་ཡིན། རྒྱལ་མཚན་ནོར་བུ་ཁྱོད་ཀྱང་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ཀྱི་སྐུ་ཚབ་ཏུ་མཁོ་ངེས། ད་མང་པོ་ཟེར་ནེ་མིན། ཚང་མར་ཁོང་ཁྲོ་ལངས་ཀྱི་འདུག
དྲ་གྲོགས་དཔྱིད་འགོའི་མེ་ཏོག་ལགས། ཁྱེད་ཀྱི་སྐྱེས་སྐར་ཉིན་ཀྲུང་གོའི་བོད་ལྗོངས་དང་། རྒྱབ་ཤ་དཀར་པོའི་དེབ་གཅིག་ལག་རྟགས་སུ་འབུལ་རྒྱུ་ཡིན།
བོད་མིའི་སེམས་ཀྱི་ཉི་མ་ནུབ་ཏུ་བསྐྲད། །
ཟླ་བ་གཞོན་ནུ་སྤྲིན་ནག་ཁྲོད་དུ་ཡལ། །
སྐྱེ་བ་སྔ་ཕྱི་མེད་པར་སྒྲོག་བཞིན་དུ། །
ཡང་སྲིད་བཙན་བསྐོ་བྱས་པ་ཅི་ཕྱིར་ཡིན། །
ཚུགས་ཀ་མེད་པའི་བོད་མིའི་དོན་དུ་བོད་ལ་སྐྱེས། །
ལོ་མང་དུ་ཡང་བོད་མའི་དོན་དུ་བཙོན་ལ་བསྡད། །
ཚོང་བ་རྒྱག་པའི་ཞྭ་མོ་ནག་པོ་ལོ་མང་གོན། །
ཨམ་ཕྲུག་ཁྱོད་ནི་ཅི་འདྲའི་མི་བུ་ལས་ངན་ཞིག །
ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོའི་སྐུའི་འཁྲུངས་སྐར་ལ་འཚམས་སྤྲིའི་བཀྲ་ཤིས་བདེ་ཞུ་བ་དང་ཆབས་ཅིག ང་ཚོས་སྤྱི་སྨན་ལས་སྐུལ་གང་འདྲ་ཞིག་སྤེལ་ཡང་རང་ཕྱོགས་ཁྱབ་བསྒྲགས་གཙོ་དོན་མ་བྱས་པར། ལས་སྐུལ་དེ་རང་གི་ཐོག་ལ་བྱ་སྤྱོད་ཚང་མ་སྤུངས་ན་གྲུབ་འབྲས་ཆེན་པོ་ཐོན་ངེས་སོང་། ལས་སྐུལ་བ་སུ་འདྲ་ཞིག་ཡིན་རུང་ཐུགས་སྣང་ཆེན་པོས་ལག་ལེན་ཁྱོལ་བ་གནང་གལ་ཆེའོ།།
ལུང་ཤར་ཚེ་སྟོབས་ལགས་ཀྱི་གོང་གི་རི་མོའི་མཚོན་དོན་གོ་རྒྱུ་ཅན་ཞིག་བཀྲལ་བར་རྗེས་སུ་ཡིད་རངས་ཞུ།
བགྲང་ཡས་སྔོན་ནས་ཐུགས་བསྐྱེད་དམ་བཅའི་འཁུར།།
གཅིག་ཏུ་འདེགས་པའི་བྷོཌའི་མགོན་པོ་མཆོག།
བདག་ཅག་སྐྱབས་མགོན་དགེ་འདུན་ཆོས་ཀྱི་ཉི།།
བརྟེན་ལ་སྐད་ཅིག་ལྷོད་པ་མེད་འགྱུར་ཅིག།
ཀུན་གཟིགས་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མའི་སྐུའི་འཁྲུངས་སྐར་ལ་གུས་པས་སྙིང་དབུས་ནས་གུས་རྩིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བ་དང་ཆབས་ཅིག། ངག་དབང་ཆོས་འཕེལ་གྱི་སྐྱེད་མས་ངག་ཆོས་བཙོན་བཀྲོལ་འཐོབ་ཐབས་ལ་འབད་བརྩོན་བྱས་པ་ལྟར་ང་ཚོས་ཀྱང་༧པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱའི་བཙོན་འོག་ནས་ཕྲལ་མྱུར་གློད་བཀྲོལ་འཐོབ་ཐབས་ཀྱིས་ལས་སྐུལ་རྒྱུན་འཁྱོངས་པ་ཞིག་སྤེལ་རྒྱུའི་དམ་བཅའ་ཕྲལ་མ་ཉིད་དུ་འཇོགས་དགོས་ངེ་སུ་མཐོང་ངོ།། །།
གོང་གི་ཆན་ཨང་༢ ནང་ ཡ་མཚན་སྐྱེ་གཞིའི་སྐྱེ་ཆེན་ལྔ་ནི་། ཞེས་དགོས་འདུག་
སྐྱེ་ཆེན་ལྔ་པ་དེ་ནི ཆེས་ངོ་མཚར་ཅན་ སྐྱབས་རྗེ་བདུད་འཇོམ་རིན་པོ་ཆེ་རེད།
སྐུ་སྲོག་བོད་མིའི་དོན་དུ་བཏང་ཡང་བོད་པའི་མི་ཡིས་སྡང་མིད་བགྲད།
བོད་ཀྱི་རང་དབང་ཉོ་བར་བརྩོན་ཀྱང་བོད་ཁམས་འཚོང་བའི་མིང་གིས་བསྙད།
ཡར་ལ་བཞེངས་ན་མཉའ་ནས་གནོན་བཞིན་མར་ལ་བཞུགས་དབང་ཁྱོད་ལ་མེད།
ཇི་ལྟར་མཛད་ཀྱང་སྐྱོན་དུ་ལྟ་བའི་བོད་མི་འདི་རྣམས་ཅི་ཡིས་ནོངས།
རྒྱ་དམར་དམར་པོས་ཉིན་མོ་མ་ཐུབ་མཚན་དུ་དུག་ཆེན་ཕུལ་ནས་བཀྲོངས།
གདོང་དམར་བོད་པས་འཚོ་བཞུགས་རིང་ལ་བསྟོད་པའི་དབྱངས་སྙན་འབུལ་མྱོང་མེད།
ཡང་སྤྲུལ་ཉི་མ་གཞོན་ནུ་དེ་ཡང་སྤྱི་མ་དོ་རུ་བཙོན་དུ་བསྐྱལ།
ཁྱོད་ནི་ཡོད་མེད་གཉིས་ཀར་ཁོ་བའི་གླིང་གི་྄ཨ་ཁུ་སྟོན་ཉིད།
བོད་མི་ཚང་མས་ཀུན་གཟིགས་༧པཎ་ཆེན་གོང་མའི་བཀའ་དྲིན་རྗེས་དྲན་ཞུ་དགོས་པ་དང་།ཡང་སྲིད་རིན་པོ་ཆེའི་འཁྲུངས་སྐར་སྲུང་རྩི་ཞུ་དགོས་པ། ལྷག་པར་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་ཕྲལ་མྱུར་བཙོན་ནས་གློད་འཐབ་བཅས་ལ་རང་རིགས་ཚང་མ་གཅིག་བསྒྲིལ་དགོས་གལ་ཤིན་ཏུ་ཆེ་བས། ངས་དྲ་གྲོགས་(སྐྱུ་རྩི་མཆོག་ལ་)རེ་བ་ཞུ་རྒྱུར་ཁྱེད་རང་ནས་ནད་རྙིང་སློངས་འཐབ་ཁོ་ན་མ་བྱས་པར། གོང་སྨོས་གལ་ཆེ་བའི་དོན་ཆེན་རྣམས་བསྒྲུབ་པའི་ཆེད་རྩོམ་ཕྲིས་པ་སོགས་ཕྱག་ལས་མ་ཙམ་གནང་བ་ལས་འཁྲུགས་གཞིའི་རྒྱུ་ལ་མ་འབད་ན་དགེ་མཚན་ཆེ་བ་མངོན་ཞུ་རྒྱུ་ཡིན།།
དྲ་གྲོགས་དྲ་གཉིད་ལགས། ཁྱེད་རང་་ནས་ཞེན་བསྐུལ་གནང་བ་ཐུགས་རྗེ་ཆེ། འོན་ཀྱང་ངས་རང་བཞིན་བརྗོད་པ་ལས། ནད་རྙིང་སློང་བའི་འུར་སྒྲོག་གང་ཡང་བྱས་མེད།
མ་འོ་ཤི་ཡང་རོ་དང་དཔར་ལ་མཆོད། །
ཧུ་ཅིན་སྨྱོ་ཡང་རྒྱལ་ནོར་པཎ་ཆེན་བསྒྲགས། །
༸པཎ་ཆེན་བཆུ་པ་རྟག་ཏུ་རྒྱལ་བ་དང་། །
༸པཎ་ཆེན་བསྟན་དགེའི་སྐུ་ཚེ་ཡུན་བརྟན་ཤོག །
དྲ་གྲོགས་ཚོ་གོང་གི་མོ་དེ་ལ་མཚོན་དོན་འགྲེལ་བཤད་བྱོས་དང་།
གོང་གི་རི་མོ་དེ་ལ་བཅོས་རོགས།
ཨ་རོགས་སྐྱུ་རྩིས་དྲང་གཏམ་ཞིག་བརྗོད་འདུག འོན་ཀྱང་དེང་སང་དུས་ཚོད་དང་བསྟུན་མཁས་གནང་དགོས། དེ་མིན་ཁ་བརྡ་ཚང་ནས་གནས་དབྱུང་བཏང་ཡོང་། གཟབ་པར་འཚལ།
གུ་རུའི་སྲས་ཀྱི་སྐད་ཆ་ཆོ་མེད་དེར། lobsang choedak ལགས་ཀྱིས་ལན་འདེབས་ལྗིད་ཐག་ཆོད་གནང་འདུག བདེན་པ་རེད། རྒྱལ་མཚན་ནོར་བུས་རང་ཐག་གཅོད་པའི་དུས་ལ་བབ་ཡོད།
འུར་ཁང་ལགས་་་་ཐུགས་རྗེ་བླ་མེད་ཞུ་ངས་རེ་སྒུག་བྱེད། ངའི་སྐྱེས་སྐར་ཟླ་དང་པོའི་ཚེས་ལྔ་ཉིན་ཡིན། 1992/1/5ཉིན་སྐྱེས་པ་ཡིན།
དྲ་གྲོགས་སྐྱུ་རྩི་ལགས་ངས་ཁྱེད་ལ་བསམ་བཞིན་དུ་སྐྱོན་བརྗོད་པ་མིན། དེས་བོད་མི་ཡོངས་ལ་བཀའ་དྲིན་སྐུ་ཚེ་གང་པོ་སྐྱོངས་གནང་མཛད་མཁན་༧པཎ་ཆེན་སྐུ་གོང་མའི་མཛད་རྗེས་དྲན་གསོ་ཞུ་བའི་ལས་སྐུལ་དང་། ༧པཎ་ཆེན་བཅུ་གཅིག་པ་ཆེན་པོ་བཙོན་གྲོལ་འཐོབ་ཐབས་ཀྱི་ལས་སྐུལ་ལ་གཅིག་སྒྲིལ་གྱི་ནུས་པ་མེད་དུ་མེད་རུང་བ་སོང་རང་དབང་མེད་པ་ཞུ་བར་ཐལ་སོང་། ལ་ནས་དྲང་པོ་ཡིན་ཚད་བཤད་ན་ཕན་ལས་གནོད་ཆེ་བ་ཡོང་སྲིད་པས་གང་ལྟར་ཐུགས་སྣང་གནང་རོགས།།
ཁ་སང་ཁྱེད་རང་འཁྲུངས་སོང་།
འཇའ་མཚོན་དབུས་ནས་འཁྲུངས་སོང་།
འཇའ་དང་མེ་ཏོག་ཆར་པས།
ཁྱེད་ལ་བསུ་མ་ཞུས་སོང་།
གངས་སྟོད་སེང་གེ་དཀར་མོ།
རས་པ་ངོམ་ནས་ཕེབས་སོང་།
ལྷོ་ཡི་གཡུ་འབྲུག་བཞིན་དུ།
མགྲིན་དབྱངས་ངོམ་ནས་ཕེབས་སོང་།
གདམ་སྐྱེས་འདབ་མ་དཀར་པོ།
ཡངས་པའི་ལྡུམ་རྭའི་རྒྱན་རེད།
ཁྱེད་རང་ཁ་བར་ཕེབས་པ།
གངས་ཅན་ལྗོངས་ཀྱི་རྒྱན་རེད།
དེ་རིང་་་་་
སྐྱུ་རྩི་ལགས་འདི་ལྟ་བུ་གནང་དང་།དྲ་གྲོགས་རྣམས་གཟིགས་དང་སྐྱུ་རྐྱལ་འདི་ཉན་པོ་ཞེས་པོ་འདུག་ག་་་ཧེ་་་ཧེ་་་ཧེ།།
དྲ་གྲོགས་རྣམས་ པན་ཆེན ཆོས་ཀྱི་ཉི་མ་ དང་པོ་ཚུར་རྒྱ་གར་ཚུར་གདན་དྲངས་མ་ཞུས་ནས་ཁྱབ་བསྒྲགས་ག་རེ་བྱེད་རེད
བདེན་འདྲེན་ཞུ་སྐོར་གྱི་གསང་བ་ཤོར་སོང་བ་རེད་་་་་གསང་བ་སྐྱེལ་མཁན་གྱི་མི་ངན་དེ་དེང་སང་ཐེ་བན་ན་ཡོད་རབས་གོ་ཡ་འདུག་ག་་་་བདེན་མིན་མི་ཤེས།
མ་གཞི་ནས་ང་ར་བཟི་ཞིག་ཡིན་དགེ་འདུན་ཆོས་ཀྱི་ཉིན་མ་བཙོན་དུ་བཅུག་པ་ནས་བཟུང་ངས་ང་རང་མི་ཡིན་པའི་འདུ་ཤེས་་འཛིན་མྱོང་མེད། ང་ནི་ར་བཟི་ཡིན་ལ་སྨྱོན་པ་ཡིན། ང་དེ་རིང་ཤི་ན་སྔས་པ་དང་། སང་ཉིན་ཤི་ན་འགྱངས་པ་གང་ཡང་མེད། སྲིད་དོན་གྱི་གཡོ་འཇུས་དེ་ལྟ་བུའི་འོག་ཏུ་ང་མི་ཡུལ་དུ་འཚོ་ཡང་དགོས་པ་མེད། གལ་སྲིད་ཁྱེད་རང་དགེ་འདུན་ཆོས་ཀྱི་ཉིན་མའི་ཡབ་ཡུམ་་ཡིན་ན་ཚོར་སྣང་ཅི་འདུག
སྐྱུ་རྩི་ལགས་མི་ལུས་རིན་ཆེན་གསེར་ལས་དཀོན། མ་ཞི་ནས་མུ་གེ་ལ་ཁ་བརྟགས་ནས་རྣ་བུ་ཕམ་འཚོང་མ་སྐྱོན། དེ་ལས་ཁོང་གློད་གྲོལ་འཐོབ་ཐབས་ཀྱི་ལས་སྐུལ་ཞིག་སྤེལ་ན་ཡག་རྒྱུ་རེད་ཨ་རེད།།