ཆབ་བྲག་ལྷ་མོ་སྐྱབས།
མགོན་པོ་འོད་དཔག་མེད་ལགས། བདེ་བ་ཅན་ལ་བཞུགས་ཟེར། དེ་སྲས་པཎ་ཆེན་བླ་མ། མི་ཡུལ་བཙོན་རར་བཞུགས་འདུག སངས་རྒྱས་འདི་འདྲ་ཡིན་ན། མི་ཡུལ་ཕེབས་ནས་ཅི་བྱེད། སུ་ཡིས་སུ་ཞིག་སྐྱོབ་རྒྱུ།
པཎ་ཆེན་སྣང་བ་མཐའ་ཡས། འོད་ཟེར་སྤྲོ་རྒྱུ་མིན་ན། མུན་ནག་ནང་གི་ང་ཚོས། རང་ལུས་མཆོད་མེར་སྦར་ནས། གསོལ་བ་སྨོན་ལམ་བཏབ་པ། དོན་མེད་སྡུག་གྱོང་མིན་ནམ། ཐུགས་རྗེའི་སྤྱན་ཆབ་གང་ན།
བདེ་ལྡན་ཞིང་གི་མགོན་པོ། སྤྱན་རས་གཟིགས་དབང་རྣམ་སྤྲུལ། རྒྱལ་བ་བསྟན་འཛིན་རྒྱ་མཚོ། མི་ཡུལ་འཁྱམ་ཚུལ་བསམས་ན། ཕྱག་སྟོང་སྤྱན་སྟོང་དེ་ཡང། དེ་ག་ཙམ་ཞིག་རེད་ཨང། སྙིང་རྗེ་ཕར་སྐྱེ་ཚུར་སྐྱེ།
གཅིག་ནི་ཚེ་གང་འཁྱམ་པོ། གཅིག་ནི་ཚེ་བཙོན་ཉམས་ཆུང། རྒྱལ་བ་པཎ་ཆེན་རྣམ་གཉིས། བསྟན་འགྲོའི་དོན་ཆེན་ཕར་ཞོག བོད་མིའི་བདེ་སྡུག་ཚུར་ཞོག རང་མགོ་ཐོན་པ་གནང་དང། ང་ཚོའི་བློ་སེམས་བདེ་འོང།
ད་ནས་ལྷ་ལ་མི་རེ། སྨོན་ལམ་སྟོང་བ་མི་འདེབས། དམར་ཕྱོགས་འདྲེ་ལ་མི་རྒོལ། རང་ལུས་གསོན་སྲེག་མི་བྱེད། གཞན་དབང་ལྕགས་སྒྲོག་སྔོན་མོ། སྐེ་ལ་རྒྱན་དུ་བཅངས་ཏེ། འཆི་བདག་ཁྲིམས་ལ་སྒུག་ཆོག །
༢༠༡༢།༤།༢༤།
ཨ། ཆབ་བྲག དེ་ནི་རྒྱུད་རིམ་ཞིག་ལས་མགོན་པོ་གང་ཉིད་ཀྱིས་ཀྱང་སྤྱན་རས་གཟིགས་དང་ཕྱག་སྟོང་སྤྱན་སྟོང་ཡིན་གསུང་གི་མི་འདུག་ག ཁྱེདའང་འཁང་ར་འདི་འདྲའི་ནང་ལ་འཁོར་བསྡད་ན་ངས་ཁྱོད་སྙིང་རྗེ་ནི་འདྲ་ཞིག་རེད།
རེ་ཞིག་མུན་གནག་དབྱིངས་སུ།།
བཙན་པོའི་སྤྲིན་གྱིས་སྒྲིབ་ནས།།
རང་དབང་འོད་དཀར་ཐིག་ལེ།།
ས་སྟེང་འཕོ་དབང་མེད་ཀྱང་།།
ལས་འབྲས་དུས་ཀྱི་འཁོར་ལོ།།
ནམ་ཞིག་གཡས་སུ་འཁོར་དུས།།
དྭངས་གཙང་དྲི་མེད་འོད་ཀྱིས།།
འཇིག་རྟེན་གསལ་རྒྱུ་ལོས་ཡོད།།
སྐུ་ཡི་འཁྲུངས་སྐར་ལ་ཕུལ་ལོ།། །།
པཎ་ཆེན་སྐུ་འཕྲེང་དགུ་པ་ཆོས་ཀྱི་ཉི་མ་ནི། རབ་བྱུང་བཅོ་ལྔ་པའི་ཆུ་ལུག་སྤྱི་ལོ་༡༨༨༣ལོར་སྐུ་འཁྲུངས། ལྷ་སའི་ཇོ་བོའི་མདུན་དུ་གསེར་བུམ་དཀྲུགས་ཏེ་པཎ་ཆེན་སྐུ་འཕྲེང་བརྒྱད་པ་བསྟན་པའི་དབང་ཕྱུག་གི་ཡང་སྲིད་དུ་ཐག་བཅད། དགུང་ལོ་དྲུག་པའི་ཐོག་རྒྱལ་དབང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་ལས་སོ་སོར་ཐར་པའི་ཚིགས་སྔ་མའི་སྡོམ་པ་ཡང་དག་པར་བཞེས་ཏེ་མཚན་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་ཞེས་གསོལ། ཡོངས་འཛིན་དམ་པ་བློ་བཟང་བསྟན་འཛིན་དབང་རྒྱལ་བསྟེན་ཏེ་གཞུང་ལུགས་རབ་འབྱམས་ཀྱི་ཚིག་དོན་ལ་མཁས་པར་གྱུར། དགུང་ལོ་བཅུ་དགུ་པའི་ཐོག་ལྷ་ལྡན་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དུ་གོང་ས་རྒྱལ་བའི་དབང་པོ་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོ་དཔལ་བཟང་པོའི་ཞལ་སྔ་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་ཉེར་ལྔ་པར་དབྱིན་ཇིས་གདན་འདྲེན་ཞུས་པ་ལྟར་རྒྱ་གར་དུ་ཕེབས་ཏེ། བཙན་འཛུལ་གྱི་དམག་གདུག་པ་ཅན་རྣམས་ལ་བཀོད་པ་ལུས་ཀྱི་རྫུ་འཕྲུལ་སྣ་ཚོགས་བསྟན་ཏེ་གདུག་སེམས་བྱང་ཞིང་བཀའ་ལས་མི་འདའ་བར་གྱུར་པའི་ངོ་མཚར་བའི་ལོ་རྒྱུས་ཀྱང་ཤིན་ཏུ་མང་ངོ་། །དགུང་ལོ་སོ་གཉིས་པར་གཙང་གི་བྱམས་ཆེན་ཏེ་མ་འོངས་བྱམས་པ་མགོན་པོའི་སྣང་བརྙན་རྒྱུ་ཟངས་གསེར་ལས་གྲུབ་ཅིང་མཐོ་ཁྱད་སྨི་༢༦.༢ཅན། འཛམ་གླིང་འདི་ན་དཔེ་ཟླ་བཙལ་དུ་མེད་པའི་རིང་བསྲེལ་རྣམ་བཞིས་ཕྱུར་བུར་གཏམས་ཤིང་ཡེ་ཤེས་པ་མངོན་སུམ་དུ་བཞུགས་པའི་བྱིན་རླབས་ཀྱི་གཟི་འོད་འབར་བ་དེའི་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་མཛད། སྐུ་རྒྱུའི་གཙོ་བོ་ཟངས་དང་གསེར་གཉིས་ལའང་། ཟངས་སྤྱི་རྒྱ་ཆིག་འབུམ་ཆིག་ཁྲི་དང་། གསེར་སྤྱི་རྒྱ་ཉིས་བརྒྱ་དང་ཉེར་དགུ་སོང་། མཛོད་སྤུའི་རྒྱུ་དབུས་སུ་རྡོ་རྗེ་ཕ་ལམ་སྟར་ཀ་ཙམ་དང་མཐའ་སྐོར་དུ་རྡོ་རྗེ་ཕ་ལམ་རྒྱ་སྲན་གྱི་ཚད་ཙམ་བཅུ་ཕྲག་གསུམ་གྱིས་མཛེས་པ། དེའི་མཐའ་སྐོར་དུ་མུ་ཏིག་བརྒྱ་ཕྲག་གསུམ་དང་། བྱུ་རུ་ཆིག་སྟོང་། དེ་མཚུངས་ཀྱི་གཡུ་དང་སྤོས་ཤེལ་སོགས་རིན་པོ་ཆེ་སྣ་ཚོགས་ལས་བསྒྲུབ་ཚུལ་《བོད་བརྒྱུད་ནང་བསྟན་སྒྱུ་རྩལ་》ཞེས་པ་ལས་གསལ་བས། མཛོད་སྤུའི་རིན་ཐང་ཙམ་ཡང་གཞལ་བར་དཀའ་ན། དེའི་ནང་གཞུག་དང་། འཇིག་རྟེན་ན་དཀོན་པའི་རིན་པོ་ཆེའི་རིགས་ཀྱི་ཕྲ་རྒྱན་དང་། བཟོ་སྐྲུན་གྱི་གླ་ཕོགས། རབ་ཏུ་གནས་པར་བྱེད་པའི་མཛད་སྒོའི་འགྲོ་སོང་བཅས་ཀྱིས་གནོད་སྦྱིན་རྣམ་ཐོས་བུ་ཡང་སྐྱེངས་པར་བྱེད་པའི་ལོངས་སྤྱོད་ཀྱི་གཏེར་ཆེན་པོས་མ་འོངས་སྐལ་ལྡན་རྣམས་ཀྱི་བསོད་ནམས་ཀྱི་ཞིང་ས་ཆེན་པོ་བཀོད་ལེགས་རྫོགས་ལྡན་ལ་ཡོངས་སུ་འགྲན་པ་དེ་བཞེངས་སོ། །
དེ་ནས་བོད་ཀྱི་གཡོ་ཅན་འགའ་ཞིག་གིས་རྒྱལ་དབང་དང་པཎ་ཆེན་རིན་པོ་ཆེ་གཉིས་ཀྱི་བར་སེལ་འཇུག་དང་དཀྲུགས་ཤིང་བྱས་པའི་རྐྱེན་ལས། དགུང་ལོ་ཞེ་གཅིག་པར་བྱང་ཐང་བརྒྱུད་པེ་ཅིང་དུ་ཕེབས་པར་ཀྲུང་ཧཱ་མིན་གོའི་ཞི་དྲག་དཔོན་རིགས་ཐམས་ཅད་ཀྱིས་འཇམ་དབྱངས་གོང་མ་མཆོད་ཡོན་གྱི་མཛད་སྲོལ་ལྟར་སྣེ་ལེན་དང་བཀུར་བསྟི་རྒྱ་ཆེན་པོ་ཐོབ། དེ་ནས་སྐུ་ཚེ་དེ་ཉིད་དུ་རྡོ་རྗེ་འཆང་འཇིགས་མེད་འཕྲིན་ལས་རྒྱ་མཚོ་སོགས་དགེ་བའི་བཤེས་གཉེན་ཆེན་པོ་དུ་མ་ཡོངས་འཛིན་དུ་བཞེས་ནས་མདོ་སྔགས་ཆོས་ཚུལ་ཟབ་རྒྱས་མཐའ་ཡས་པ་གསན་ཅིང་ཉམས་བཞེས་དང་རྒྱ་ནག་གི་བྱང་ཤར་དང་། སོག་པོ་ནང་མ། ནན་ཅིན། ཧང་ཀྲོའུ། བླ་བྲང་བཀྲ་ཤིས་འཁྱིལ། སྐུ་འབུམ་བྱམས་པ་གླིང་སོགས་དགོན་སྡེ་ཆེན་མོ་དང་ཡུལ་གྲུ་མང་པོར་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། སྐུ་ཚེ་དེར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ལན་དགུ་བསྩལ། མི་རིགས་མང་པོའི་གདུལ་བྱ་གྲངས་ལས་འདས་པ་ཞིག་སྨིན་གྲོལ་གྱི་ལམ་ལ་བཀོད། རྩོམ་ཆོས་ཀྱང་དགའ་ལྡན་ལྷ་བརྒྱ་མའི་ཟིན་བྲིས་དང་། ལམ་རིམ་ཚིགས་བཅད་མ། ལམ་སྒྲོན་འགྲེལ་པ་སོགས་པོད་བཞི་ཙམ་བཞུགས། དགུང་ལོ་ལྔ་བཅུ་ང་གཅིག་པར་དབུས་གཙང་དུ་ཕེབས་རྒྱུའི་ཐུགས་ཐག་བཅད་དེ་ཁམས་སྐྱེ་དགུ་མདོར་ཕེབས་ཀྱང་རྐྱེན་སྣ་ཚོགས་ཀྱིས་ཆིབས་བསྒྱུར་མ་ཐུབ་པར། དགུང་ལོ་ང་ལྔ་བཞེས་པ་རབ་བྱུང་བཅུ་དྲུག་པའི་མེ་གླང་སྤྱི་ལོ་༡༩༣༧ལོར་བོད་ཟླ་དགུ་པའི་ཚེས་ཉེར་བརྒྱད་ཉིན་སྐྱེ་དགུ་ཀླུ་ཤོད་དགོན་དགའ་ལྡན་ཆོས་འཁོར་གླིང་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ཏོ། །
འཁྲུངས་སྐར་ལ་རྟེན་འབྲེལ་ཞུ
པཎ་ཆེན་བླ་མ་མྱི་རེད།
པཎ་ཆེན་བླ་མ་མྱི་རེད། དཀའ་སྡུག་བཟོད་པའི་བུ་རེད། དེ་བས་རྗེས་འཇུག་ང་ཚོས། ནམ་ཡང་མིག་ཆུ་མ་འདོན།
པཎ་ཆེན་བླ་མ་མྱི་རེད། མགོ་ནག་བོད་ཀྱི་དཔོན་རེད། དེ་བས་འབངས་མི་ང་ཚོས། དཔོན་གྱི་ཞལ་ཆེམས་མ་བརྗེད།
པཎ་ཆེན་བླ་མ་མྱི་རེད། བསྟན་དང་འགྲོ་བའི་མགོན་རེད། དེ་བས་དད་ལྡན་ང་ཚོས། བླ་མའི་ཐུགས་བཞེད་སྒྲུབ་རོགས
པཎ་ཆེན་བླ་མ་མྱི་རེད། །
ཤེས་ཡོན་ལྡན་མི་མྱི་རེད། །
ལ་རྒྱ་ཅན་གྱི་མྱི་རེད། །
བློ་སྤོབས་ལྡན་པའི་མྱི་རེད། །
པཎ་ཆེན་བླ་མ་མྱི་རེད། །
བོད་ལ་སྐྱེས་བུའི་མྱི་རེད། །
བོད་སྐད་བཤད་པའི་མྱི་རེད། །
ོབོད་འབངས་སྐྱོབ་པའི་མྱི་རེད། །
པཎ་ཆེན་བླ་མ་མྱི་རེད། །
སྙིང་སྟོབས་ཅན་གྱི་མྱི་རེད། །
རྒྱ་མགོ་མི་སྒུར་མྱི་རེད། །
རྒྱ་དམར་སྐྲག་སའི་མྱི་རེད། །
པཎ་ཆེན་བླ་མ་མྱི་རེད། །་་་་་་་་་་་་་
པཎ་ཆེན་སྣང་བ་མཐའ་ཡས། །
བྱིན་རླབས་མེད་པ་མ་རེད། །
ལས་དང་དུས་ཀྱི་དབང་གིས། །
མཛད་པ་མི་དང་བསྟུན་རེད། །
པཎ་ཆེན་སྣང་བ་མཐའ་ཡས། །
མཐུ་རྩལ་མེད་པ་མ་རེད། །
མགོ་ནག་བོད་ཀྱི་ཆེད་དུ། །
རང་ཉིད་བཙོན་དུ་འཛུལ་རེད། །
མགོ་ནག་བོད་ཀྱི་མི་ལ། །
སེམས་དང་བསམ་པའི་གཏིང་ནས། །
བླ་མར་མཇལ་འདོད་ཡོད་ན། །
ཁོང་གི་ཐུགས་དགོངས་བསྒྲུབས་ཤིག །
“རྒྱལ་བ་པཎ་ཆེན་ཉི་ཟླ་ཟུང། འཆར་ནུབ་ཡོད་ཀྱང་གཏན་ནུབ་མེད། ལྷག་དཀར་ཉིན་ལ་འཁྲུངས་སྐར་བསུ། གཞིས་བྱེས་ལྷན་འཛོམས་བཀྲ་ཤིས་ཤོག”
(འདི་བདག་གི་ངོ་དེབ་ཐོག་ལས་བཤུས། འབྲི་མཁན་ཟླ་བ)
སྣང་མཐའི་ཟློས་གར་ཀུན་གཟིགས་པན་ཆེན་མཆོག་དྲན་མགུར་གངས་ལྗོངས་ཁུ་བྱུག་སྔོན་མོ་བདུད་བྷེའི་བླང། http://www.youtube.com/watch?v=vxkisrcRu1M&feature=relmfu
འཛམ་གླིང་ཡོངས་ལ་མཁོ་བ། །
གནམ་ལ་ཉི་ཟླ་རྣམ་གཉིས། །
སྙིགས་དུས་མི་ལ་མཁོ་བ། །
རྒྱལ་དབང་པཎ་ཆེན་རྣམ་གཉིས། །
༸རྒྱལ་བསྟན་ཡོངས་ཀྱི་མངའ་བདག །
ནམ་མཁའི་དབྱིངས་སུ་ངོམ་བགྱིད། །
༸པཎ་ཆེན་བསྟན་དགེའི་ཉི་མ། །
ཤར་བའི་དུས་གཅིག་ཤར་ཡོང་། །
པན་ཆེན་རིན་པོ་རྒྱལ་མི་ལག་ལ་གལ་རི་བྱེས་ནས་བཞག་པ་ཡིན་ནམ་ཟམས་གདུང་བླ་མ་ཡིན་ན་འཇུ་ཆེན་ཐུབས་བསྟན་ཡིན་ནམ་སུ་ཡིན་སེམས་པ་ནག་བ་ལ་ཨ་ཁ་ཨ་ཁ་
ཉི་མ་དང་ཟླ་བ་དངོས་གནས་རེད་གཅིག་ཡོད་ན་གཅིག་མེད་
བསིལ་ལྗོངས་འགྲོ་བའི་དོན་དུ།
ཁྱོད་ཀྱིས་ཡོད་ཚད་ཕུལ་སོང་།
སྐུ་ལུས་རི་རྒྱལ་ལྷུན་པོ།
ཁ་བའི་ཆེད་དུ་ཕུལ་སོང་།
ནག་ཆུ་ཤར་རིའི་རྩེ་ནས།
ཉི་མ་གཞོན་ནུ་མཚེས་ཀྱང་།
འོད་ཟེར་འཕྲོས་པའི་མོད་ལ།
སྒྲ་ཅན་གཟའ་ཡིས་ཟིན་སོང་།
ས་གཞི་མུན་པས་སྒྲིབ་སོང་།
རི་བོ་སྨུག་པས་འཐིབ་སོང་།
ལྷ་དང་བླ་མའི་ཚོགས་རྣམས།
མུན་པའི་བཙོན་དུ་བཅུགས་སོང་།
པཎ་ཆེན་འོད་དཔག་མེད་པས།།
དུང་ཟླའི་འོད་ཅིག་འཚེར་ཡང་།།
གདུལ་བྱ་བསོད་ཟད་པདྨ།།
བཞད་པའི་བསྐལ་བ་གང་ཡོང།།
རང་ཉིད་བསོད་བདེ་ཟད་པར།།
ལྷ་བླར་འཁང་ར་མ་བྱེད།།
སྤྱི་བསོད་ཉེར་ལེན་བསྒྲུབ་དང་།།
འབྲས་བུ་ལས་ཀྱི་འཁོར་ཡོང་།།
པཎ་ཆེན་འོད་དཔག་མེད་པས།།
དུང་ཟླའི་འོད་ཅིག་འཚེར་ཡང་།།
གདུལ་བྱ་བསོད་ཟད་པདྨ།།
བཞད་པའི་བསྐལ་བ་གང་ཡོང་།།
པཎ་ཆེན་བླ་མ་མྱི་རེད། །
ཤེས་ཡོན་ལྡན་མི་མྱི་རེད། །
ལ་རྒྱ་ཅན་གྱི་མྱི་རེད། །
བློ་སྤོབས་ལྡན་པའི་མྱི་རེད། །
པཎ་ཆེན་བླ་མ་མྱི་རེད། །
བོད་ལ་སྐྱེས་བུའི་མྱི་རེད། །
བོད་སྐད་བཤད་པའི་མྱི་རེད། །
ོབོད་འབངས་སྐྱོབ་པའི་མྱི་རེད། །
པཎ་ཆེན་བླ་མ་མྱི་རེད། །
སྙིང་སྟོབས་ཅན་གྱི་མྱི་རེད། །
རྒྱ་མགོ་མི་སྒུར་མྱི་རེད། །
རྒྱ་དམར་སྐྲག་སའི་མྱི་རེད། །
པཎ་ཆེན་བླ་མ་མྱི་རེད། །་་་་་་་་་་་་་
རྩ་བའི་བླ་མ་ཉི་ཟླ་ཟུང་གཅིག་བོད་ཀྱི་ཡུལ་འདི་རྒྱན་པའི་དུས།།
མྱི་ནི་པན་ཆེན་བླ་མ།།
བླ་མའི་ནང་གི་མྱི་རེད།།
མྱི་ཡི་ནང་གི་རྒྱན་རེད།།
རྒྱན་གྱི་ནང་གི་མཆོག་རེད།།
མཆོག་གི་ལྷ་ལས་ངར་བ།།
པན་ཆེན་སྣང་བ་མཐའ་ཡས།།
ལྷ་མོ་སྐྱབས་ཀྱིས་བྲིས་བ།།
གཡག་གི་སྙིང་ལ་བབས་ཡོད།།
བོད་མིའི་སེམས་ནང་གི་ཉི་མ། །
ཕོ་བྲང་དམར་བོ་ཡི་རྩེ་ནས། །
སེར་གྱི་ལེར་ནམ་ཤར་དེ་བསྒུགས་ཏེ། །
ལོ་ངོ་དུ་མ་ཞིག་བུད་ཐལ། །
བོད་མིའི་སེམས་ནང་གི་ཟླ་བ། །
ཇོ་མོ་བླ་རི་ཡི་རྩེ་ནས། །
འཛུམ་གྱི་ལེར་ནམ་ཤར་དེ་བསྒུགས་ཏེ། །
ལོ་ངོ་དུ་མ་ཞིག་བུད་ཐལ། །
བོད་མིའི་སེམས་ནང་གི་རྒྱ་སྟག །
གངས་ཅན་རྒྱ་རྫོང་གི་ནག་ནས། །
གསལ་གྱི་ལེར་ནམ་ཡོང་དེ་བསྒུགས་ཏེ། །
ལོ་ངོ་དུ་མ་ཞིག་བུད་ཐལ། །
བོད་མིའི་སེམས་ནང་གི་ཁུ་བྱུག །
ནོར་གླིང་དགའ་སྐྱིད་ཀྱི་ཚལ་ནས། །
སྐད་སྙན་མོ་ནམ་གྲགས་དེ་བསྒུགས་ཏེ། །
ལོ་ངོ་དུ་མ་ཞིག་བུད་ཐལ།།
པཎ་ཆེན་ཟེར་བ་མི་རེད།།
མི་ཡི་ནང་གི་སྡུག་རེད།།
ཚེ་གང་གཙོན་དུ་ཚུད་པས།།
རང་མགོ་མ་ཐོན་ལས་ངན།།
རང་མགོ་རང་དབང་མེད་ཚེ།།
གཞན་མགོ་ཅི་ལ་སྐྱོབ་ཐུབ།།
མི་ཐུབ་ཚུལ་གསུམ་རིག་པ།།
ཆབ་བྲག་ཕོ་ཉས་གསུངས་འདུག།
དག་པའི་ཞིང་ཁམས་བསྐྱུར་ཏེ། །
མ་དག་བོད་ལ་སླེབས་སོང་། །
བཎ་ཆེན་བླ་མའི་གསང་བར། །
སུ་དང་གང་གིས་མི་ཤེས། །
པན་ཆེན་བླ་མ་མི་རེད།
མི་ཡི་ནང་གི་དཔའ་བོ།
དཀའ་སར་བྲོས་ནས་མ་་ཕེབས།
རང་ཡུལ་སྲུང་ནས་བཞུགས་སོང་།
པན་ཆེན་བླ་མ་ལྷ་རེད།
ལྷ་ཡི་ནང་གི་ཁྱུ་མཆོག
ཡར་ལ་མཆོད་གཏོར་མེད་ཀྱང་།
མར་ལ་འ྄ཕྲིན་ལས་བསྩལ་་སོང་།
པན་ཆེན་བླ་མ་དཔོན་རེད།
དཔོན་པོའི་ནང་གི་མཆོག་་རེད།
འབངས་ལ་ཆག་སྒོ་བྱུང་དུས།
སྐྱིད་སྡུག་མཉམ་མྱོང་གནང་སོང་།
མི་ཆེན་དཔོན་ཆེན་ཚོགས་རྣམས།
འཕགས་པའི་ཡུལ་དུ་བཞུད་དུས།
ས་ཡ་དྲུག་གི་བདེ་སྡུག
ཁྱོད་ཀྱི་ཕྲག་ཏུ་བཞེས་སོང་།
རིག་པའི་བུ་ཡི་མིང་ཅན།
བླུན་རྒན་ལུ་གུའི་རྒྱུད་རེད།
རང་གི་ཕ་རྒན་དབུ་ལ།
ཐེ་འུ་བརྒྱུས་ནས་འཐེན་གྱི།
ཁྱོད་ལ་རྣམ་དཔྱོད་ཡོད་ན།
བསམ་བློ་་ཡག་པོ་གཏོང་དང་།
བསོད་དམན་བོད་མིའི་ཚོགས་ལ།
བཀའ་དྲིན་ཁོང་ལས་ཅི་ཆེ།
སྙུག་རྩལ་ཅན་རྣམ་པས་འདིར་སྒྱུ་རྩལ་རང་བཞིན་གྱི་སྙན་གཞས་མང་པོ་སྤེལ་བཞིན་པར་ཧ་ཅང་དགའ་བོ་བྱུང། ད་གཞས་པ་གཞས་མ་ཚོས་ངག་གི་དབྱངས་རྟར་བསྐྱོན་ནས་གར་སྟེགས་དང་གར་སྟེགས་བརྒྱུད་དེ་སྤེལ་བར་རིགས་སོ།
ཆོས་ཉིད་ འོད་ཟེར། པཎ་ཆེན་བཙོན་ལ་ཚུད་སོང་།། བོད་ས་རྒྱ་ཡིས་ཁེངས་སོང་།། བོད་མིས་རྒྱ་དར་འཕྱར་དེ།། ཡོད་ཚོད་བློས་གཏོང་བྱས་སོང་།། དབུ་མ་འོག་མ་ཆགས་འདུག ། རང་བཙན་རླུང་ལ་བསྐུར་སོང་།། རྒྱ་ལ་སྦྲེལ་ལད་འཁྲབ་སོང་།། ཡོད་ཚོད་བློས་གཏོང་བྱས་སོང་།།(བདག་གི་ངོ་དེབ་ལས)
ཡིད་ལ་གདུང་བ་མེད་ན། མིག་ལ་མཆི་མ་མི་འཛུམ། སྐྱོ་སྣང་སྤོབས་པར་སྒྱུར་ནས། ལར་རྒྱའི་སྙན་ངག་གྱེར་རོགས
སྙིང་ལ་རེ་སྤོབས་མེད་ན། རང་ལུས་གསོན་སྲེག་མི་བྱེད། དམ་ཚིག་གཅིག་ཏུ་སྒྲིལ་ནས། ཞུམ་མེད་མདུན་དུ་སྐྱོད་ཅིག
བློ་ལ་ཤེས་རིག་མེད་ན། རང་སྐྱོང་ཐོབ་ཐང་མི་རྩོད། རང་གཞན་ཤེས་ཡོན་སྦྱོང་ནས། རང་མགོ་ཐོན་པ་བྱོས་ཤིག
དྲ་འབུ་ང་རྒྱལ་ཅན་གྱི། དྲིན་ཅན་དྲིན་དུ་མ་ཤེས། ལ་གཅིག་ལ་གཉིས་རྒྱབ་ཏེ། རང་ཆེ་རང་མཐོང་ཆེ་བ། རྒྱལ་བ་པཎ་ཆེན་གཉིས་པོ། སྐུ་ངལ་དེ་ལྟར་མྱང་དགོས། གངས་ཅན་སྣོད་བཅུད་དོན་དུ། སྐུ་ངལ་བྱུང་བ་མ་གཏོགས། རང་མགོ་ཐོན་ཆེད་ཡིན་ན། གཞན་ཡུལ་གྱར་དགོས་མེད་དོ། བཙོན་དུ་འཛུལ་དགོས་ཨེ་ཡོད། རྒྱ་ཡིས་ཁོང་རྣམ་གཉིས་ལ། འཚོ་གོས་ལོངས་སྤྱོད་ལྡན་ལ། གང་དགའ་གང་སྐྱིད་བཞུགས་རྒྱུའི། གོ་སྐབས་ངེས་པར་འབུལ་ངེས། སྨྱོ་གཏམ་དེ་ལྟར་བཤད་པའི། དགོས་མིག་གང་ཞིག་ཡིན་ནམ། རྒྱ་ལ་མགོ་འབུལ་ཞུ་རྒྱུའི། སྟ་གོན་བྱེད་པ་མིན་ནམ། ནང་མི་སྤུན་མཆེད་ཐུགས་རྒྱུར། བསྐྱོད་རྒྱུའི་དར་ཐག་མིན་ནམ། དྲིན་ཅན་དྲིན་དུ་མ་ཤེས། མཁས་སྣོམ་ཡ་མཚན་ཆེ་བྱུང།།
ཆབ་བྲག་ལྷ་མོ་སྐྱབས་ཀྱིས། །
འཁང་ཚིག་དྲ་བར་འཇོག་གི །
རིག་པའི་བུ་ཡིན་ཟེར་བས། །
ཡིན་མདོག་མཐུན་འགྱུར་བྱེད་གི །
གཅིག་ནི་ཡུལ་གྱར་བྱས་བས། །
འཛམ་གླིང་གཉིད་ལས་དཀྲོགས་ཡོད། །
མ་གྱར་ཡུལ་ནས་བཞུགས་ཚེ། །
སྐྱིད་སྡུག་སུ་ཡིས་གླེང་ཐུབ། །
གཅིག་ནི་བཙོན་ལ་བཞུགས་པས། །
སྡུག་རྩུབ་གསལ་བཤད་ཐུབ་ཡོད། །
མ་བཞུགས་མཐུན་འགྱུར་གནང་ན། །
དམར་བོའི་གདོང་སྦག་སུས་བཤུ། །
འུ་ཅག་སྐྱོབས་དོན་མིན་ན། །
མི་ཡུལ་ཕེབས་དོན་མི་འདུག །
ཡུལ་གྱར་བཙོན་དུ་བཞུགས་པའང། །
འུ་ཅག་སྐྱོབས་པའི་ཐབས་རེད། །
ཁྱོད་དང་འུ་ཚོའི་ལས་ལ། །
འདི་ལས་ལྷག་པ་ཅི་གནང་། །
ཆབ་བྲག་རིག་བུ་གཉིས་ཀྱི། །
སྐྱོབས་པའི་ཐབས་ལམ་གང་ཡིན། །
རང་རྒྱུས་རང་གིས་ལོན་ན། །
འཁང་ར་རང་ལ་བྱེད་རོགས། །
རང་ལ་ཡིད་རྟོན་མེད་ན། །
འཁང་ཚིག་རླུང་ལ་མ་བསྐུར། །
སྙིང་རྗེ་མཁོ་བ་མེད་ན། །
དག་པའི་ཞིང་དུ་བཞུགས་ཆོག །
ཁྱོད་ཀྱི་སྙིང་རྗེ་སྐམ་པོ། །
ཁོང་ལ་དགོས་ཚོད་མི་འདུག །
ཁྱོད་ཀྱི་གོ་ཁ་དྲོན་མོ། །
ཡུལ་གྱར་ཁོང་གི་དྲིན་རེད། །
དྲིན་བྱས་དྲིན་དུ་གོ་ན། །
དྲིན་ལན་གཞས་ཞིག་གཏོང་རོགས། །
སྐྱོབས་པའི་ཕྱག་རྗེས་འདི་ལ། །
གསལ་བཤད་དགོས་དོན་མ་མཐོང་། །
སྐྱབས་པའི་རྣམ་གྲངས་འདི་འདྲ། །
མ་ཤེས་མདོག་མདོག་མ་གནང་། །
སྐྱབས་སུ་མཆིའོ།།
ནུབ་ཕྱོགས་སྣང་བ་མཐའ་ཡས།།
གངས་ཅན་ཡུལ་གྱི་མགོན་པོ།།
༸ཀུན་གཟིགས་སྣང་བ་མཐའ་ཡས།།
༸པཎ་ཆེན་ཐམས་ཅད་མཁྱེན་པ།།
ཆུང་སྲིད་ཆོས་ཀྱི་ཉི་མ།།
སྐྱབས་སུ་མཆིའོ།།
ནུབ་ཕྱོགས་སྣང་བ་མཐའ་ཡས།།
གངས་ཅན་ཡུལ་གྱི་མགོན་པོ།།
༸ཀུན་གཟིགས་སྣང་བ་མཐའ་ཡས།།
༸པཎ་ཆེན་ཐམས་ཅད་མཁྱེན་པ།།
ཆུང་སྲིད་ཆོས་ཀྱི་ཉི་མ།།
དང་པོ་ཤར་རིའི་རྩེ་ནས།།
གཟི་བྱིན་འོད་ལྡེམ་ཁྱུག་བཞིན།།
གདུལ་བྱའི་བློ་མུན་བསལ་ཞིང་།།
གངས་ལྗོངས་པད་ཚལ་རྒྱས།།
གློ་བུར་སྤྲིན་ནག་སྟུག་པོས།།
ཞལ་རས་མི་མངོན་སྒྲིབ་དུས།།
དགའ་དད་པདྨ་ཟུམ་སོང་།།
ཤུག་པའི་གཞས་ཚིག་སྙན་ལ།
ནང་དོན་གོ་རྒྱུ་ཆེ་བས།
ཆབ་བྲག་ལྷ་མོ་སྐྱབས་ཀྱི།
རང་མདོག་དམར་རྗེན་སྟོན་སོང་།
སྐྱུ་རྩི་སྐྱུ་ཡིས་བཟི་ཡང་།
སྙིང་གཏམ་ཤར་རེར་བྲིས་འདུག
ཁྱོད་ལ་ཐུགས་ཁག་མི་འདུག
ཆབ་བྲག་དར་ཁ་རླུང་ཁྲིད།
འཁང་རའི་ཚིག་གསུམ་འདི་ལ། མི་བཟོད་ཚིག་མདའ་འཕེན་མཁན། ལོས་ཡོད་བསམ་ནས་སྒུག་ཡོད། ཐུགས་ཁག་མེད་པའང་ཤེས་ཡོད།
ལྷ་དང་མི་གཉིས་གཅིག་པ་མིན། འཁང་ར་དང་སྨད་ར་གཅིག་པ་མིན། རྒྱ་དང་བོད་གཉིས་གཅིག་པ་མིན། ཁྱོད་དང་ང་གཉིས་གཅིག་པ་མིན།
མི་གཅིག་གཅིག་པ་བཟོ་ན། བཟོ་མཁན་རང་གི་འདོད་རེད། གདུང་འབོད་རེ་བའི་སྙིང་བོ། ལྷ་དང་བླ་མས་ལོས་མཁྱེན།
ཙི་ནའི་དཔོན་ཆེན་རྒོལ་བའི་ལེན་ལ་འཇམ་པོའི་ཚིག་གིས་ཞུ་བར་འཐེན། །
ཉེས་མེད་བཙོན་རྭར་བཙན་གྱིས་དེད་ཀྱང་ཁྲོ་མིག་ཙམ་ཡང་ལྟ་མ་ཕོག །
འཇིགས་རུང་མེ་མདའི་སོ་ཁ་རྒོད་པར་ཞི་འབོད་ཡིག་འབྲུ་ཁྲི་བདུན་འཕུལ། །
དྲག་དང་རྩུབ་མོའི་གཡུལ་ལས་ཐར་བར་རྡར་མ་ཁྱོད་ལ་སུ་ཡིས་རོགས། །
སྣང་མཐའ་ཡས་པའི་ཕོ་བྲང་བསྐྱུར་ཏེ་ལས་ངན་བོད་མིའི་ཁྱིམ་དུ་སྐྱེས། །
ལས་སྣང་དག་པའི་འཁོར་ཚོགས་བོར་ནས་མ་དག་འཁོར་ཚོགས་ནང་ལ་སླེབས། །
ཡིད་འོང་མཛེས་སྡུག་ཡོད་ཚེ་བཏང་སྟེ་མི་སྡུག་ཁུར་བོ་ཕྲག་ཏུ་བཞེས། །
ཉིན་ཅིག་ཙམ་ཡང་ཁོམ་མྱོང་མེད་ཀྱང་སུན་སྣང་ཁ་བརྡ་སུ་ལ་ཡེད། །
འཁང་ར་ལ་ལ་བསྟོད་པའི་ལྷག བསྟོད་པ་ལ་ལ་སྨད་རའི་ཐུ། བསྟོད་སྨད་གཉིས་ལ་མ་གཏོགས་པའི། འཁང་གཞས་ཆེན་མོ་སུ་ཡིས་འགྲེལ། ཞེས་ཀྱང་སྨྲའོ།
སྐྱབས་གཅིག་སྣང་བ་མཐའ་ཡས། །
མི་ཡི་གཟུགས་སུ་ཕེབས་ནས། །
བོད་མིའི་བདེ་སྡུག་དོན་དུ། །
བཙོན་ནག་ཚུན་ལ་བཞུགས་སོང་། །
རང་བཙན་ནམ་མཁའི་མཇའ་རེད། །
རང་སྐྱོངས་ཚད་མཐོའི་ཆེད་དུ། །
གོང་ས་མཆོག་ལ་བསྐུལ་བའི། །
སྙན་པའི་འཕྲིན་ཡང་བསྐུར་སོང་། །
བོད་མི་བསོད་བདེ་ཕྲ་དྲག །
སྣང་མཐའ་མཐུ་ནུས་ཆེ་ཡང་། །
རང་བཙན་རང་སྐྱོང་གཉིས་ཆར། །
པན་ཆེན་བསྣམ་ནས་ཕེབས་འདྲ། །
རྨད་དུ་བྱུང་བའི་མཛད་པ། །
ཡིག་རྨོངས་སེལ་བའི་ཕྱག་རྗེས། །
བོད་ཞེན་དམ་པའི་ཞལ་སློབ། །
གངས་ཅན་བོད་ལ་བཞག་སོང་། །
སྲིད་པའི་ཕུན་ཚོགས་འཛོམ་ཡང་། །
བོད་ཀྱི་དོན་དུ་གཏོང་བའི། །
ཁ་མིག་ཡར་བལྟའི་དཔེ་རུ། །
ཕྱི་རབས་བོད་ལ་བཞག་སོང་། །
གངས་ཅན་བོད་མིའི་ནང་དུ། །
ཁྱེད་དང་འདྲ་བ་རེ་ཟུང་། །
ཡོད་པའི་བྱ་བཞག་ཆེན་པོས། །
ང་ཅག་གསལ་ཐང་གནས་ཡོད། །
ད་དུང་ཤི་དོགས་མེད་ལ། །
གསོན་པོར་འཚོ་བའི་རེ་སྐབས། །
སྙིང་གི་ནང་དུ་འབར་ཞིང་། །
ཕྱི་ཡི་ལུས་ཀྱང་འབར་གྱི། །
ཁྱེད་ཀྱིས་གཟིགས་ཀྱིས་ཡོད་ན། །
ཐུགས་སྐ྄ོའི་སྨག་མུན་ཁྲོད་དུ། །
ཤུལ་ལུས་སྙིང་སྟོབས་གཟིགས་ཚེར། །
འཛུམ་པའི་འོད་ཅིག་འཚེར་ངེས། །
ཆབ་བྲག་ཕོ་ཉ་དྲན་པའི་འཁང་གཞས།
མི་གཅིག་མི་ཡི་སེམས་ཁམས། །
གཅིག་ཏུ་བསྡོམས་མཁན་ང་མིན། །
འཁང་ར་བསྟོད་ལས་ལྷག་ན། །
ཁྱོད་ལ་བསྟོད་པ་ངས་བྱེད། །
འཇོན་པོའི་འཇོན་རབ་བཤད་ན། །
མི་འཇོན་མི་ཞིག་མེད་གི །
མ་འཇོན་འཁང་ར་བཤད་ན། །
འཁང་ར་ཕར་བཤད་ཚུར་བཤད། །
མི་ལོ་ལྔ་བཅུའི་གཏམ་རྒྱུད། །
ཁྲག་གི་རྐང་རྗེས་ཡིན་ན། །
ཆབ་བྲག་ལྷ་མོའི་བགྲོད་ལམ། །
དེ་འདྲ་བདེ་དོན་གང་ཡིན། །
དབུ་ཁྲིད་མ་འབྱོན་ཕྱོགས་ལ ། །
འཁང་ར་བཤད་མཁན་མང་བ། །
རང་རང་མ་འཇོན་ཚར་བ། །
ངན་ཁག་སུ་ལ་དཀྲི་དགོས། །
ཕྱིར་ཡོང་མེད་པའི་ལོ་ཟླས། །
མ་འཇོན་གཏམ་རྒྱུད་ཁྱེར་ཡང་། །
མདུན་ན་ལྷག་པའི་ལོ་ཟླས། །
འེ་འཇོན་སྒུག་ནས་ཡོད་པ། །
འཇོན་པོ་དཔའ་བོའི་ཚེ་སྲོག །
མེ་དཔུང་ཀླུང་ནས་ཞུས་ཐལ། །
ཨ་རོགས་ཨ་མདོའི་ཕོ་གསར། །
ལྟད་མོ་ལྟ་མཁན་འེ་ཡིན། །
ཁྲག་དམར་རྐང་རྗེས་རིང་མོ། །
གངས་རིའི་མགུལ་ནས་འཐེན་དུས། །
ཤུལ་ན་ལུས་པའི་འུ་གཉིས། །
འཁང་རའི་ངང་ན་ལུས་འདུག །
འཁང་གཞས་ཕར་ལེན་ཚུར་ལེན། །
སེམས་པ་དྲོས་སྤྱད་མ་ཉན། །
ཨ་རོགས་བོད་པའི་མཁས་པ། །
སྨྱུ་གུ་གཏད་ས་གང་ཡིན། །