གནས་ཚུལ་འབྱོར་གསལ། འདི་ཟླའི་ཚེས་ ༢༢ ནས ༢༤ ་དམིགས་བསལ་ཉེན་རྟོག་པ་ ༡༠༠ ་ཙམ་སླེབས་ནས། རྫོགས་ཆེན་སྡེ་དགོན་གཉིས་ལ་ལ་ཚད་ལས་བརྒལ་བའི་དྲག་རྡུང་མནར་གཅོད་བཏང་ཡོད་པ་སྟེ། རྫོགས་ཆེན་སྡེ་བའི་རུ་ཁག་དང་པོའི་རྒྱ་མཚོ་ལ་རྡུང་རྡེག་དྲག་པོ་བཏང་ནས་ད་ལྟ་དཀར་མཛེས་རྫོང་མི་དམངས་སྨན་ཁང་གིས་བརྟག་དཔྱད་བྱས་འབྲས་སུ་སྲོག་ཉེན་ཆེ་བར་བཤད་ཡོད་པ་དང་། རྡུང་རྡེག་གཏོང་དོན་ནི། ཉེན་རྟོག་པར་རྣམ་འགྱུར་བཟང་ཟེར་བ་དེ་རེད་འདུག དེ་བཞིན་རྫོགས་ཆེན་དགོན་པའི་གྲྭ་པ་རང་ལོ་ ༡༣ ཅན་པད་རྒྱལ་དང་། བསྟན་འཛིན། ཁྱི་ཐར། མི་འགྱུར། གུར་རྣམ། སྐལ་བཟང་། པད་སྟོབས་སོགས་དང་། གྲོང་མི་རི་བུ་དང་། སེང་གེ། ཕུར་བུ་ཚེ་རིང་སོགས་ལ་རྡུང་རྡེག་དང་འཇུ་བཟུང་བྱས་པ། དགོན་པའི་གྲྭ་ཤག་བསྔོག་བཤེར་དང་དོན་མེད་གཅར་རྡུང་དྲག་པོ་བཟོད་ཐབས་དཀའ་བའི་མནར་གཅོད་འོག དེ་རིང་ཚེས ༢༥ ཉིན་གྱི་ཞོགས་པར་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭ་དང་། རྫོགས་ཆེན་དགོན་བཅས་ཀྱི་བླ་གྲྭ་དང་རྫོགས་ཆེན་འབྲོག་རུ་སྡེ་པའི་གྲོང་མི་བཅས་སྐྱ་སེར་སུམ་སྟོང་ལྷག་རྫོགས་ཆེན་ཤང་སྲིད་གཞུང་སྒོ་ཁར་འཛོམས་ནས་ཞི་བའི་གྱེན་ལངས་ཀྱི་འདུ་འཛོམས་བྱས་ཏེ། རྒྱུ་མཚན་མེད་པར་རྩུབ་སྤྱོད་དང་དྲག་རྡུང་བྱེད་མཚམས་འཇོག་དགོས་པ་དང་། ཉེས་མེད་འཇུ་བཟུང་བྱས་རིགས་གློད་བཀྲོལ་གཏོང་དགོས་པའི་རེ་བ་བཏོན་འདུག
ཁམས་རྫོགས་ཆེན་ཡུལ་དགོན་གཉིས་ཀྱིས་ལས་འགུལ་གང་མང་སྤེལ་བ་སོགས་སྔ་ལོའི་ལོ་ལ་གོ་ཐོས་གང་མང་བྱུང་ཡང་འདྲ་པར་དང་མཉམ་དུ་ལས་འགུལ་འདི་འདྲའི་གཟི་བརྗིད་ཆེན་པོ་སྤེལ་བར་ཡི་རང་ཡོད།
ལོངས་ཤོག
གསར་འགོད་པ་ལགས ཉེན་རྟོག་པར་རྣམ་འགྱུར་བཟང་ཟེར་བ་དེ་རེད་ ཟེར་པ་ཡིན་ན་རྡུང་རྡེག་གཏོང་དགོས་པ་འདུག་གམ ད་དུང་གོང་གི་གསར་འགྱུར་ནང་དུ་གོ་བ་ལེན་མི་ཤེས་བ་མང་བོ་ཞིག་མེད་དམ་ ཉིད་ཀྱིས་བསྐྱར་བལྟ་ཞིག་བྱོས་དང་ ངོ་མ་ང་ཚོའི་བོད་ཡིག་གི་ཚད་དེ་འདྲ་ཞིག་ལ་ལྷུང་ཡོད་པ་རེད་དམ་
དོན་རྟོགས་ན་ནི་ཚིག་གི་ལམ། ། ཇི་ལྟར་བརྗོད་ཀྱང་འགལ་བ་མེད། །
བོད་རིགས་ཡོངས་ལ་རང་རེའི་ཕྱི་རབས་ཀྱི་ཆེད་དུ་ནུས་པ་གང་ཐོན་རེ་བྱེད་རྒྱུའི་ལས་འགན་ཡོད་དངོས་ཡིན།