མེ་ཏོག་ལྷ་མཛེས།
བོད་པ་རང་ངོས་ནས་འཛམ་གླིང་གི་གནས་ཚུལ་མཐོང་རྒྱ་ཆུང་བས་ལེགས་བཅོས་བྱ་འདོད་མེད་པ་དང་། ཁྱིམ་མཚེས་རྒྱ་ནག་གི་དྲག་པོའི་དཔུང་ཤུགས་རྒྱ་སྐྱེད་བྱུང་བ་ལ་བརྟེན་ནས། ཆུང་དུས་ཕ་མའི་ངག་སྒོ་ནས་རྟག་པར་ཐོས་པའི་བརྡ་ཆད། ང་ཚོ་བོད་པའི་ཆུས་ཤོར། ཟེར་བའི་དུས་ངན་ཤར་ཏེ་བོད་པ་རྣམས་ཁ་འཐོར་དགུ་འཐོར་དུ་གྱུར། ཕྱི་རྒྱལ་དུ་བསླེབས་པ་རྣམས་རིམ་པས་གནས་ཡུལ་རྒྱལ་ཁབ་ཀྱི་ཡུལ་མི་ཆགས་ནའང། རྒྱ་བལ་འབྲུག་གསུམ་དུ་ཡོད་པ་རྣམས་ཀྱི་མི་ཚེ་ནི་སྐྱབས་བཅོལ་གྱི་ངོ་བོའི་ཐོག་ལུས། རྒྱལ་ཁབ་འདི་དག་ཏུ་གནས་སྡོད་ཆོག་པའི་དཔང་ཡིག་ནི་RC.ཡིན་ཅིང། RC.ཀྱི་ཡུན་ཚད་ནི་ལོ་རེ་ལས་ལྷག་པ་མེད་པས་རིམ་སྣུད་བྱ་དགོས། རིམ་སྣུད་བྱ་བའི་དུས་ཚོད་ལ་ཐུག་ན། ཐག་ཉེ་རིང་དང་ཁོམ་ལྕོགས་ཡོད་མེད་ལ་བལྟ་ལོང་མེད་པར་སོ་སོའི་ས་གནས་ཉེན་རྟོག་ལས་ཁུངས་སུ་མི་རེ་ངོ་རེ་ནས་ཆེད་བཅར་གྱིས་ཉིན་གང་པོར་སྒུག་དགོས་ཐུག་པ་སྟེ། དྷ་རམ་སཱ་ལར་མཚོན་ན། གཟའ་འཁོར་རེའི་RC.རིམ་སྣུད་ཀྱི་ཉི་མ་དག་ཏུ་དྲག་ཞན་མེད་པའི་མི་མངས་བརྒྱ་ཕྲག་ཡས་མས་ཀྱིས་ལྟོགས་ལྷང་ལྷང་ངང་དྷ་ཤོད་ཉེན་རྟོག་ལས་ཁུངས་ཀྱི་སྒོ་བསྲུངས་ནས་བསྡད་ཡོད། འདི་དག་མཐོང་བ་ན། ཆེད་དུ་ཡོང་བའི་ལམ་ཁའི་དཀའ་ངལ་དང་འགྲོ་སོང་། ལས་རིགས་ཟུར་འཇོག་བྱས་པ་དག་གིས་ང་ཚོའི་དཔལ་འབྱོར་དང་ཤེས་ཡོན་ཡར་རྒྱས་ལ་གནོད་ས་རེད་ལ། རྒྱ་གར་གྱི་ཉེན་རྟོག་པ་མང་པོར་དོན་མེད་ཀྱི་ལས་ཀའི་ཁུར་པོར་སོང་འདུག་ཨང་སྙམ་པའི་བློ་སྐྱེ་ཡོང་། སྟབས་ལེགས་པ་ཞིག་ལ་ཉེ་དུས་བཀའ་བློན་ཁྲི་པས། རྒྱ་གར་ནང་ཡོད་པའི་བཙན་བྱོལ་བོད་མི་ཚོས་རྒྱ་གར་སྤྱི་ཚོགས་ནང་ལས་ཀ་བྱ་ཆོག་པ་དང་། སོ་སོ་སྡོད་སའི་ས་ཆ་ཉོ་ཆོག་པའི་ཐག་གཅོད་བྱུང་ཡོད་པ་དང་། དེ་བཞིན་ད་སྔ་ལོ་ལྟར་ཐོ་འགོད་བྱེད་ཀྱིན་པའི་བཙན་བྱོལ་བོད་མིའི་སྐྱབས་བཅོལ་ལག་དེབ་(RC) རྗེས་ཕྱོགས་ལོ་ལྔ་རེའི་མཚམས་སུ་ཐོ་འགོད་ཐེངས་རེ་བྱ་ཆོག་པ་རྒྱ་གར་དབུས་གཞུང་གིས་ཐག་གཅོད་ཟིན་ནས་ལག་ལེན་བསྟར་འཆར་ཡོད་རབས་གསུངས་པ་ནི་སྐྱབས་བཅོལ་བོད་མི་རྣམས་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཡོད་པའི་གཏམ་བཟང་དགའ་སྤྲོ་སྐྱེ་འོས་པ་ཞིག་རེད། ཡིན་ནའང་། གསར་འབྱོར་བ་རྣམས་འདིའི་ཁྱབ་ཁོངས་སུ་ཚུད་པར་བྱེད་པ་ལ་མི་ལོ་ཉི་ཤུ་ཁ་ཚང་དགོས་པ་ནི་ཅི་འདྲའི་དུས་ཡུན་རིང་བ་ལ་ཨང་། རྒྱལ་ཁབ་ཕལ་མོ་ཆེའི་ཁྲིམས་གཞིར་ལོ་ལྔ་བསྡད་ཟིན་ན་རང་བཞིན་གྱིས་ཡུལ་མིར་ཆགས་འགྲོ་ཞིང་། རྒྱ་གར་བའི་ཁང་པ་ཞིག་ལ་མུ་མཐུད་ལོ་ལྔའི་ཁང་རིན་སྤྲད་ཟིན་ན་ཁང་པ་གླ་པོ་ལ་ཤོར་ཉེན་ཡོད་རབས་འདུག་པས། ང་ཚོའི་གསར་འབྱོར་བ་རྣམས་ཀྱང་ཇི་ལྟར་རིང་ནའང་ལོ་ལྔ་ནས་ཞུགས་ཆོག་པའི་ཐབས་ཤེས་བཀའ་ཤག་གིས་ངེས་པར་དུ་གནང་དགོས་ཀྱི་འདུག །གལ་སྲིད་མི་ལོ་ཉི་ཤུའི་རིང་སྒུག་འདུག་དགོས་ཐུག་ན་གསར་འབྱོར་བ་ཕལ་མོ་ཆེའི་མི་ཚེའི་འཕེན་པ་ཡང་རྫོགས་འགྲོ་གི་རེད།
དེ་བསམ་ཚུལ་ཡག་པོ་འདུག
ད་སྐྱབས་བཅོལ་ལག་དེབ་ལོ་ལྔ་རེའི་མཚམས་ནས་ཐོ་འགོད་བྱས་ན་ཆོག་པའི་ལམ་སྲོལ་འདི་ངོ་མ་ཡག་པོ་འདུག
འོན་ཀྱང་ས་ཆ་ཉོ་ཐུབ་མིན་འདི་བཟང་ངན་གང་འགྱུར་ད་དུང་བཤད་མི་ཤེས།
R.Cདུས་ཡུན་ལོ་གཅིག་ལ་འཕར་འགྱང་བྱས་པ་ཙམ་གྱི་བཙན་བྱོལ་དཀའ་ངལ་སེལ་ཐུབ་པ་རེད། འོན་ཏེ། ང་ཚོ་ལྟ་བུར་མཚོན་ན་དང་པོ་R.Cམི་བཟོ་བའི་དཀའ་ངལ་དང་། བཟོས་ཚར་ནས་ཉིན་བཅོ་ལྔ་ནས་དུས་ཚོད་རྫོགས་པ། ལོ་གཅིག་གཉིས་གོ་རྒྱུ་ཚོར་རྒྱུ་མེད་པར་ལུས། ད་ཐེངས་ཡང་ཐེངས་གཅིག་འཕར་འགྱངས་བྱས་པ་དེར་དུས་ཡུན་ཟླ་བ་གསུམ་མ་ཟིན་ཙམ་ལས་མེད། ངོ་མ་སྐྱབས་བཅོལ་ལག་དེབ་མེད་པར་ལས་ཀ་མི་རགས་པའི་མཚོན་འཚོ་གནས་ཀྱི་དཀའ་ངལ་ཐོག། འགྱེལ་བའི་སྒང་ལ་རྡོག་བརྩིས་ཟེར་བ་བཞིན་སུ་ཞིག་ལྟ་རྟོགས་མིན་འདུག་ལ་རྒྱ་གར་གཞུང་ནས་འཕར་འགྱངས་ཟླ་དྲུག་གི་བཀའ་འཁྲོལ་ཐོབ་རབས་ཙམ་ལས། ལས་ཀྱི་སྣེ་མོ་བ་རྣམས་ལེ་ལོ་ཉམ་ཆུང་ང་ཚོར་མཐོང་ཆུང་གིས་ཟླ་བ་གསུམ་ལ་ཉེ་བ་ལྷོད་གཡེང་ངང་ཤོར་ཚར་འདུག་
བཙན་བྱོལ་བའི་དཀའ་ངལ་ཐོག་མ་དེ་ཞེས་བཅོས་རོགས་
ད་ཡང་གསར་འབྱོར་བའི་མིང་ཐོག་ནས་དཀའ་ངལ་ཞིག་ཤོད་ཀྱིན། སྤྱིར་དཀའ་ངལ་ཤོད་པ་ལ་མི་འགྲིག་པ་ཅང་མེད་ཀྱི། འོན་ཀྱང་གསར་རྙིང་གི་ཚིག་བེད་སྤྱོད་བྱས་ནས་དཀའ་ངལ་རྐྱང་རྐྱང་ཤོད་པ་ལ་ཡག་པོ་ཞིག་མ་མཐོང་། ངས་ད་ལྟ་བར་དུ་ལོ་ཤས་རིང་ཁ་བརྡ་དྲ་རྒྱ་བཀླགས་ནས་བཟུང་སྟེ་གཞིས་ཆགས་པའི་དཀའ་ངལ་སློང་བ་ཞིག་དུས་ནམ་ཡང་མཐོང་མ་སོང་། གཞིས་ཆགས་པ་ལ་ཁ་མེད་པ་དང་རྙོག་དྲ་སློང་མ་ཤེས་པ་ཡིན་གྱི་མ་རེད།
ཨ་རོགས་བཙན་བྱོལ་བ་ལགས། འཁོར་བ་ལས་མ་གྲོལ་བར་དུ་མི་ཚང་མར་དཀའ་ངལ་ཡོད་ཡོད་པ་རེད། དེ་འབྲེལ་ང་ཚོ་རྒྱ་བལ་འབྲུག་གསུམ་དུ་ཡོད་པའི་བོད་མི་གཞིས་ཆགས་དང་མ་ཆགས་ཚང་མར་དཀའ་ངལ་ཞིག་ཡོད་པ་རེད། དེའི་ནང་ནས་གསར་འབྱོར་བ་ཚོར་དམིགས་བསལ་གྱི་ས་གནས་དེ་དག་ཏུ་ཁྲིམས་མཐུན་ཐོག་སྡོད་རྒྱུར་དཀའ་ངལ་འཕར་མ་ཞིག་ཡོད་པ་རེད། ང་ཚོའི་དེའི་སྐོར་བརྗོད་ཀྱི་ཡོད་པ་མཁྱེན་པ་གནང་རོགས།
བྱང་བདག་ཁྱོད་བདེན།
བདག་ཚོ་གསར་འབྱོར་རྒྱག་ལ་ཐོབ་ཐང་ཅང་མེད་གདའ།
བཙན་བྱོལ་བ་ཁོ་རེ་བཀྲམ་ལག་མ་ཤོད།
གདན་ལང་ང་དེའི་སྒང་ལ་གཅིག་དགོས་པས།
བཙན་བྱོལ་བའི་བསམ་ཚུལ་དང་བྱང་བདག་གི་ལན་གནང་སྟངས་བཅས་ལ་དགའ་བསུ་ཡོད།
RC ལས་འཕྲོས་པའི་བསམ་ཚུལ་ལ་དགའ་བསུ་ཡོད།་་་་་ཡིན་ན་ཡང་ས་ཆ་ཉོ་ཐུབ་མིན་སོགས་ཀྱི་ཆོག་མཆན་ཡང་ཡོད་རབས་བཤད་པ་ནི་ངོ་མ་བཟང་ངན་གྱི་གཉིས་ཀྱི་གང་ཡིན་ད་དུང་ཐེ་ཚོམ་རེད།་་གལ་སྲིད་མགོ་བདེ་དྲན་འཕྲུལ་དག་གིས་ཁེ་ཚོང་གི་ལག་རྡོ་རུ་གྱུར་ན་བཟང་ལས་ངན་ཆེ་བར་སྙམ།
བཙན་བྱོལ་བའི་བཤད་པར་མོས་མཐུན་མེད། གསར་འབྱོར་པ་ཚོར་བོད་ནང་སྡོད་སྐབས་དཀའ་ངལ་བཤད་ས་མེད་པར་བརྟེན་བཙན་བྱོལ་དུ་མ་སླེབས་པའི་སྡུག་བསྔལ། བཙན་བྱོལ་ནང་སླེབས་ཚར་ནས་དངོས་ཡོད་ཀྱི་དཀའ་ངལ་བཤད་ས་མེད་ན་ད་ག་རེ་བྱེད་དགོས་པ་རེད། བཙན་བྱོལ་བའི་ཤོད་ཅིག།
བཀའ་ཁྲིའི་གསར་འབྱོར་པར་ལོ་ཉི་ཤུ་བཟོ་དགོས་པའི་རྒྱུ་མཚན་གང་ཡིན་ནམ། ཁྲིམས་ལུགས་གང་དང། རྒྱལ་ཁབ་སུ་ལ་མིག་དཔེ་བལྟས་པ་ཡིན་ནམ། བྱང་བདག་གི་བཤད་པ་དངོས་ཡོད་དང་མཐུན་པར་སོང་རྒྱབ་སྐྱོར་ཡོད།
སྐྱབས་བཅོལ་བ་ཐམས་ཅད་བདེ་བ་དང་
བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་
སྐྱབས་བཅོལ་བ་ཐམས་ཅད་དཀའ་ངལ་དང་
དཀའ་ངལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག་
སྐྱབས་བཅོལ་བ་ཐམས་ཅད་དཀའ་ངལ་གདོང་ལེན་ཐུབ་པར་གྱུར་ཅིག་
སྐྱབས་བཅོལ་བ་ཐམས་ཅད་ལག་ཁྱེར་གྱི་དཀའ་ངལ་བྲལ་ནས་ལུས་སེམས་སྐྱིད་པོར་གནས་པར་ཤོག་ཅིག་།
དཀའ་ངལ་འདི་ནི་བཀའ་ཁྲིས་བཟོས་པ་མ་ཡིན་པར་རྒྱ་གར་གཞུང་གིས་བཟོས་པ་རེད། འོན་ཀྱང་བཙན་བྱོལ་གཞུང་ངོས་ནས་ལོ་ཚད་འདི་ཉུང་རུ་གཏོང་རྒྱུའི་ཐབས་ཤེས་འདྲ་ཡོད་ན་གནང་དགོས་པར་སེམས།
ཁྱེད་རང་ཚོས་གོ་བ་ལོག་འདུག ངས་ཟེར་ན་གསར་འབྱོར་བ་ཚོས་དཀའ་ངལ་བཤད་ཆོག་གི་མ་རེད་ཟེར་བ་མིན། ཡིན་ན་ཡང་གསར་འབྱོར་བའི་མིང་ལ་ཁ་གཡར་ནས་མཚམས་རེས་ཐོབ་ཐང་རྩོད་པའི་བཟོ་འདྲ་བོ༼དཔེར་ན། བཀའ་བློན་ནང་ལ་ཚུད་མིན་འདུག་ཟེར་བ་དང་༽། ཡང་མཚམས་རེས་ང་ཚོ་ལ་ཆད་འདུག་ཁོང་ཚོ་ལ་ལྷག་འདུག་ཟེར་བའི་༼དཔེར་ན། ཨར་སི་ཕར་འགྱངས་ཀྱི་ལས་གཞི་ལྟ་བུ་༽བཟོ་འདྲ་བཤད་ན་ཆོ་མིན་འདུག་ཟེར་གྱིན་ཡོད། ཚང་མ་ལ་གྲི་བཤགས་པ་ལྟ་བུ་གཏན་ནས་ཡོང་མི་སྲིད། ལར་ནས་ད་ལྟའི་ཨར་སིའི་འགྲོ་ལུགས་འདི་ཡོངས་རྫོགས་རྒྱ་གར་དབུས་གཞུང་གི་བཀའ་ཁྲོལ་ལ་བརྟེན་ནས་བརྒྱུད་དགོས་པ་ལས་བོད་གཞུང་གི་བཀའ་ཁྲིས་བཟོས་པ་ཞིག་མིན་པས་ཁོ་ལ་འགྲིག་མེད་རབས་བཤད་ནས་མི་ཕན།
ཕྱོགས་གཞན་ནས། ཕྱི་རྒྱལ་དུ་སྡོད་པའི་གཞིས་ཆགས་པ་རྣམས་ལ་ཡིག་ཆ་ཁུངས་སྐྱེལ་གྱི་དཀའ་ངལ་སོགས་ཇི་འདྲ་འཕྲད་ཀྱི་ཡོད་མེད་དང་། སེམས་ལ་དཀའ་ངལ་འཕར་མ་གང་འདྲ་འཕྲད་ཀྱི་ཡོད་མེད་དེ་ཁྱེད་ཚོ་ལ་འཁོར་མྱོང་ཡོད་ཀྱི་མ་རེད། དེའི་ཐོག་ལ་བོད་གཞུང་གིས་ལོ་ཡུན་མང་པོ་འདིའི་རིང་ལ་ཤུགས་སྣོན་མ་རྒྱག་པ་ག་རེ་ཡིན་ནམ། ཕྱི་རྒྱལ་དུ་སྡོད་པའི་གསར་འབྱོར་བ་རྣམས་ལ་དཀའ་ངལ་ཆུང་བ་ཡོད། གང་ཡིན་ཟེར་ན། བོད་ནས་སླེབས་པའི་ཁུངས་སྐྱེལ་ཡིག་ཆ་སོགས་རག་བདེ་བོ་རེད། བྱས་ན་ཨར་སིའམ་རང་བཙན་ལག་དེབ་ཀྱིས་བོད་མི་ཡིན་པའི་ཁུངས་སྐྱེལ་བའི་གོ་ཆོད་ཐུབ་པ་བཟོ་མ་ཐུབ་པ་དེ་གང་ཡིན་ནམ། བོད་ནང་ལ་ངེས་པར་དུ་སྐྱེ་དགོས་པའི་ཁུངས་སྐྱེལ་བཟོ་དགོས་པ་དེར་འགྱུར་བ་གཏོང་དགོས་པ་འཁོར་མྱོང་ཡོད་དམ། འདི་ནི་ཁོ་བོའི་བསམ་འཆར་ཙམ་ཡིན།
བཙན་བྱོལ་བ་ལགས། དང་པོ་གསར་འབྱོར་བས་བཀའ་བློན་ལ་བསྐོ་རོགས་ལབ་ཡོད་མ་རེད། བཀའ་ཁྲི་བློ་སེང་གིས་འོས་གཞིར་ལངས་སྐབས། གསར་འབྱོར་བའི་སྐུ་ཚབ་ཅིག་བཀའ་བློན་དུ་བསྐོ་རྒྱུ་ཡིན། ཞེས་མགྲིན་དབྱངས་མཐོ་པོས་ཐེངས་མང་བཤད་ཡོད། དེ་རྗེས་སུ་ལག་བསྟར་མ་བྱས་ཙང་དེ་ཁ་བཤད་ལག་བསྟར་བྱས་མ་སོང་། ཞེས་མཇུག་དེད་བྱེད་མཁན་བྱུང་སོང་།
གང་ལྟར་རྒྱ་བལ་འབྲུག་གསུམ་ནང་གནས་སྡོད་བོད་མི་བཙན་བྱོལ་དེ་དག་ད་དུང་ཡང་འབྱུང་གྱུར་ལོ་ལྔ་བཅུ་ལྷག་འདུག་དགོས་ཚེ་R C ལོ་ཡུན་ག་ཚོད་ཕར་འགྱངས་བྱས་རུང་ཕན་དེ་ཙམ་མེད་པས་ང་ཚོའི་མི་ཆེན་བཀའ་ཟུར་དང། སྤྱི་ཟུར། ཚོང་དཔོན་སྐུ་དྲག བཀའ་བློན་སྤྱི་མཐུས། བླ་ཆེན་དང་མཁས་པ། ཡོ་རབ་དང་ཨ་རི་སོགས་ཡོད་པའི་བོད་མི་རྣམས་པས་ཡུལ་ལུང་མི་སེར་ལག་འཁྱེར་སྤྱོད་ཞིང་ཡོད་ན་རྒྱ་བལ་འབྲུག་གསུམ་ནང་ཚུལ་མཐུན་འདུག་མཁན་བོད་མི་དེ་ཚོར་མི་སེར་གྱི་ལག་འཁྱེར་བཟོ་ཐབ་ལ་བཙན་བྱོལ་སྒྲིག་འཛུགས་ནས་བསམ་བློ་ཐོངས་བའི་དུས་ལ་འབབས་ཡོད།
དྲན་འཕྲུལ་མགོ་བདེ་རིགས་ལ་ཨར་སེའི་མེད་ཀྱང་མི་ཁོངས་བཟོས་ཚར་ནས་ས་ཆ་ཉོ་བ་གང་བྱེད་དགོས་ཀྱང་བྱེད་ངེས་རེད་་་་དཔེར་ན་རྒྱ་རི་ཚང་ལྟ་བུ་ཡིན་ན་ཚང་མ་ལ་རྒྱལ་ཁོངས་ཀྱི་ལག་ཁྱེར་ཡོད་མཁན་རྐྱང་རྐྱང་རེད་་་་
ལོ་ཉི་ཤུ་ཕར་འགྱངས་བྱས་པ་ཡག་པོ་རེད་་་་་ཚང་མ་མ་ཐུབ་ཀྱང་ཕྱོགས་གཅིག་གི་དཀའ་ངལ་སེལ་ནའང་འགྲིག་གི་རེད་་་་་རིམ་པས་ཚང་མའི་དཀའ་ངལ་སེལ་ཐབས་ལ་གཞུང་ངོས་ནས་མུ་མཐུད་འབད་འབུངས་བྱེད་རྒྱུར་མང་ཚོགས་ནས་རེ་འབོད་ཞུ་ཡང་ཡང་ཞུ་དགོས་པ་རེད་་་་
བཙན་བྱོལ་བ་ལགས།ཁྱེད་སུ་ཡིན་ཤེས་ཀི་ཡོད།ཡིན་ནའང་གནས་སྐབས་ཁྲོམ་བསྒྲགས་མི་བྱེད།ཁྱེད་ནས་དེ་སྔའང་དུས་བབ་སྟེང་གསར་འབྱོར་པ་ཚོར་ཁང་པའི་དཀའ་ངལ་སྐོར་བཀོད་པར།གསར་འབྱོར་ཚོར་མཐོང་ཆུང་དང་ཟུར་ཟ་ཀི་མཆན་བུ་ཇི་ཙམ་བཏབ་ཡོད།ད་ཚོད་བཟུང་ན་ཡག་པོ་རེད་ད།སྤྱིར་གསར་རྙིང་དང་ཆོལ་ཁ་ཆོས་བརྒྱུད་སོགས་དོན་སྟོང་སྐད་ཆ་དེ་རིགས་བོད་མི་ནང་ཁུལ་ལ་དགོས་མཁོ་མེད་པ་རེད།
འོན་ཀྱང་།བོད་ནས་གསར་ཕེབས་ཚོ་སྣེ་ལེན་ཁང་དང་གསོག་སྒར་ནས་འཐོན་པ་ནས་བཟུང་སྟེ།ཁོང་ཚོ་ལ་འགྲོ་སའི་གནས་མེད་པ།སྡོད་སའི་ཁང་པ་མེད་པ།བརྟེན་སའི་ལས་ཀ་མེད་པ་སོགས་དངོས་ཡོད་གནས་ཚུལ་རེད་ད།གཞིས་ཆགས་ཁག་ནས་རྒན་བྱིས་མ་གཏོགས་སྡོད་མཁན་མེད་ནའང་།གཞིས་ཆགས་ཆུང་ཆུང་རེ་ལ་ཆུ་འཐེན་རྒྱུ།གློག་ཁྲིད་རྒྱུ།ཞིང་ཁ་དང་ཁང་པ་བརྒྱབ་རྒྱུ་ཚུན་འགྲོ་སོང་ག་ཚོད་བོད་གཞུང་གིས་གཏོང་གི་འདུག།ལོ་རེའི་གྲོས་ཚོགས་ལས་རིམ་གསར་ཤོག་ནང་གཟིགས་དང་གསལ་པོ་ཡོད་པ་རེད།
དཔེ་ཆུང་ས་ནས་བཞག་ན་ལྷོ་ཕྱོགས་ཀོ་ལི་གལ་གཞིས་ཆགས་གཅིག་པུར་བར་ལམ་ཞིང་ལས་ཡར་རྒྱས་ཆེད་བོད་གཞུང་གིས་ཧིན་སྒོར་འབུམ་སུམ་བརྒྱ་ལྷག་བཏང་བ་དེ་སྔའི་ནང་སྲིད་དྲུང་ཆེས་གསུངས་སོང་ང་།ཡང་གཞིས་ཆགས་དེའི་སྟོན་ཐོག་ཚོང་སའི་རྒྱ་གར་དེའི་ཚོང་བརྡིབ་ཏེ་བོད་གཞུང་གིས་གཞིས་ཆགས་དེར་ཁ་བསབ་དངུལ་ཧིན་སྒོར་འབུམ་བརྒྱད་ཅུ་ལྷག་སྤྲད་སོང་ང་།ཐ་ན་གཞིས་ཆགས་ཁག་ནང་གླང་ཆེན་འགོག་པར་ས་དོང་བཀྲུ་རྒྱུ་དང་གློག་རྐུད་འཐེན་པ་ཚུན་ལ་བོད་གཞུང་གིས་དངུལ་ཁ་མེད་སྣ་མེད་བཏང་ཡོད་པ་རེད།
གཞིས་ཆགས་ཁག་ཁ་ཤས་ནང་བོད་གཞུང་གི་ས་ཁང་ཧ་ཅང་མང་པོ་ཡོད་ནའང་།གཞིས་མི་མང་ཤོས་ཕྱི་རྒྱལ་ཁག་ཏུ་སྤར་ཏེ་ས་ཁང་སྟོང་པར་ལུས་པ་རྣམས་གསར་འབྱོར་ཚོ་ལ་ཕུལ་རོགས་ཞེས་བར་ལམ་ས་གནས་གསར་འབྱོར་ཚོས་སྙན་ཞུ་ཕུལ་ཡོད་རུང་།དེ་ལ་རྒྱ་གར་གཞུང་གིས་དགག་ཆ་ཡོང་གི་རེད་ཅེས་དོན་དུ་ནང་ཁུལ་ཕྲག་དོག་གིས་མ་སྤྲད་པ།མཐའ་དོན་ས་ཆ་ཨེ་གར་སྟོང་ཚོ་འགའ་ཡུལ་མིའི་ལག་པར་ཤོར་བའི་གནས་ཚུལ་ཀྱང་ལྷག་འདུག་ག
ཚུར་ཕྱོགས་གསར་ཕེབས་པ་ཚོར་ཅིག་སོམས་དང་།ཁང་པ་དང་ས་ཆ་ཞིང་ཁ་ཡོད་མཁན་གཅིག་ཀྱང་ཡོད་མ་རེད་ད།ཚང་མ་ཁང་གླ་བཏང་རྒྱུ་ཁོ་ནའི་ནང་བསྡད་ཡོད་པ་རེད།རྡ་ས་ལྟ་བུར་ཡུལ་བསྐོར་བ་མང་དྲག་རྐྱེན་ཡུལ་མི་ཚོ་ཧ་ཅང་སྤྱོད་པ་ངན་པ་རེད།ད་ཐེངས་ཟླ་བ་འདིར་སྒོར་ལྔ་སྟོང་གི་ཁང་པ་ཅིག་ཟླ་རྗེས་མ་དེར་སྒོར་བརྒྱད་སྟོང་དུ་འཕར་ཡོང་གི་འདུག་ད།ཟ་ཆས་ཀྱི་རིན་གོང་ནི་དེ་བཞིན་དུ་འཕར་བཞིན་པ་རེད།
འོ་ན་གསར་འབྱོར་དེ་ཚོའི་སྒོར་མོ་ཡོང་ཁུངས་ནི་ལས་མེད་ཚོགས་པ་དང་ཟ་ཁང་གི་ལས་ཀ།འཚེམ་བཟོ་དང་མཚན་སྲུང་དེ་འདྲ་རེད།ལས་ཀ་ཡག་ཤོས་ལ་ཟླ་རེར་ཧིན་སྒོར་ལྔ་སྟོང་དང་གཅིག་ཁྲིའི་བར་རེད།དེ་ཁང་གླ་དང་ཟས་དོད་ཁོ་རང་ལ་འདང་ཙམ་རེད།ངོས་རང་གིས་ཉམས་མྱོང་ཡིན་ན།ཁོང་ཚོ་མང་ཆེ་བར་དེང་སང་བོད་དང་ཕྱི་རྒྱལ་ཁག་ནས་དགའ་ཉེ་སྤུན་མཆེད་དེ་འདྲས་སྒོར་མོ་ཅུང་རེ་བསྐུར་ཀི་འདུག་མ་གཏོགས་མང་ཆེ་ཤོས་འཚོ་ཐབས་ཁོ་རང་མེད་རེད་ད།
དེ་ཚོ་དང་བསྡུར་ན་སོ་སོ་ལ་ཁང་པ་དང་ཞིང་ཁ་ཡོད་པ།ཆུ་དང་གློག།བཟོ་ལས་ཆུང་ཁག་དང་ལག་ཤེས་སྣ་ཚོགས་སྦྱོང་སའི་མཉམ་འབྲེལ་ཁག་ཚུན་བོད་གཞུང་གིས་འགན་གཙང་ལེན་ཡོད་པ་གཞིས་ཆགས་ཁག་ནང་དཀའ་ངལ་གང་མི་འདུག་ག
ངའི་སྐད་ཆ་དེ་ཚོ་བདེན་པ་མ་རེད་བསམ་ན་རྡ་རམ་ས་ལ་གཅིག་པུར་ཞིབ་འཇུག་བྱོས་དང་ཧ་གོ་ཡོང་།
རྡོ་རྗེ་རྒྱལ་མཚན་གྱིས་བཤད་པ་དངོས་གནས་རེད། རྒྱལ་ཁབ་གཅིག་ལ་ཁྲལ་འཇལ་ཕྱིན་རྒྱལ་ཁབ་དེའི་མི་མང་སྤྱི་མཚུངས་ཀྱི་ཐོབ་ཐང་དགོས་པ་རེད་མོད། གསར་འབྱོར་བ་རྣམས་ཀྱིས་རང་དབང་ལག་དེབ་ལྗང་ཁུའི་ཁྲལ་འཇལ་གྱི་ཡོད་ཀྱང་། འོས་བསྡུའི་ཐོབ་ཐང་གཅིག་པུ་ལས་ཐོབ་ཐང་གཞན་རྣམས་གང་ཡང་ཐོབ་ཀྱི་མེད། བསམ་བློ་ཞིབ་པར་བཏང་ན་གད་མོ་འཆོར་ཡོང་གི་འདུག འོས་བསྡུའི་ཐོབ་ཐང་དེ་ཡང་མང་ཆེ་བ་མགོ་བདེ་དྲན་འཕྲུལ་ཁ་ཤས་ཀྱི་གཡོ་འཕྲུལ་འོག་ལོག་ལམ་དུ་ཤོར་གྱི་ཡོད། རང་ཉིད་ལ་ཐོབ་ཐང་གང་ཡང་མི་སྤྲོད་པའི་གཞུང་དེར་ད་དུང་གསར་འབྱོར་བ་རྣམས་ཀྱིས་ཞེན་འཁོགས་ཆེ་མདོག་བྱེད་ཀྱི་རེད། སྤྱིར་གཞུང་སེམས་དང་རྒྱལ་ཞེན་བཅས་ནི། ངེས་པར་དགོས་མོད། འོན་ཀྱང་ལྐུགས་པའི་ཞེན་འཁོགས་དེས་རང་ཉིད་གང་དུ་སླེབས་ཡོད་མིན་ཤེས་ཀྱི་མེད། མདོར་བསྡུས་ན། ངས་ཤོད་དགོས་པ་གསར་འབྱོར་རྣམས་ཀྱིས་གཞིས་ཆགས་ཁག་དང་གཅིག་མཚུངས་དཔྱ་ཁྲལ་འཇལ་གྱི་ཡོད་ན། ཐོབ་ཐང་རྩོད་དགོས་པ་དེ་ཡང་ཤེས་དགོས།
དཔེར་ན། གཞིས་ཆགས་ཁག་ལ་ཨི་ཛི་རལ་ལ་ལོ་གསུམ་རེ་འགྲོ་བའི་ལམ་བུ་ཞིག་འདུག དེ་ད་བར་གསར་འབྱོར་བར་སྤྲད་མེད། ད་དུང་སྐྱོབ་གསོ་དང་ཉམ་ཐག་རོགས་དངུལ་བཅས་གསར་འབྱོར་བར་ཐོབ་པ་ཧ་ཅང་དཀའ། གནས་འདིའི་གསར་འབྱོར་བའི་ལྐུགས་རྟགས་དང་ཆ་མི་མཚུངས་པའི་གནས་སྟངས་གཉིས་བསྡུར་ན་ང་ནི་ངུ་མི་ཤེས་ལ་གད་མོ་འཆོར་མི་ཐུབ་པའི་གནས་སྟངས་སུ་གྱར་ཡོང་གི་འདུག
http://www.bbc.co.uk/news/world-asia-india-17935041
གནས་ཚུལ་འདི་ལ་གཟིགས་དང།
གྷིལ་ལི་གྷིཌ་ནས་༡༩༣༡་ལོར་གནའ་བོའི་ནང་པའི་དཔེ་རྙིང་ཞིག་བརྙེད་པ་དེ་ཁྱབ་བསྒྲགས་བྱས་འདུག