༼དབུས་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཡིག་དྲ་ངོས་ནས་འདིར་འདྲེན་བཀོད་ཞུས།༽
ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༣ ཉིན་ཨ་རིར་རྟེན་གཞི་བྱས་པའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་ཝ་ཤིང་ཊོན་དུ་ཨ་རི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ལ་གསུང་འཕྲིན་ཞིག་ཕུལ་བའི་ནང་འཁོད་དོན།
རྣམ་པ་ཚོས་མཁྱེན་གསལ་ལྟར་འདས་པའི་ལོ་མང་རིང་ངས་རྒྱ་ནག་གཞུང་དང་ལྷན་གྲོས་མོལ་བྱ་རྒྱུའི་སྐུ་ཚབ་ཚོགས་ཆུང་གི་འགོ་ཁྲིད་བྱས་ཡོད། འོན་ཀྱང་དེ་རིང་འདིར་ངས་གྲོས་མོལ་གྱི་བརྒྱུད་རིམ་ཐོག་ཡར་རྒྱས་ཇི་འདྲ་བྱུང་མིན་སྐོར་སྙན་གསེང་ཞུ་རྒྱུ་གང་ཡང་མེད། གང་ཡིན་བརྗོད་ན། གནད་དོན་དེའི་ཐོག་གསར་པ་ཞུ་རྒྱུ་གང་ཡང་མེད། རྒྱ་ནག་འགོ་ཁྲིད་ཚོ་དང་ལྷན་གྲོས་མོལ་མཐའ་མ་དེ་ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༡ ནང་པེ་ཅིང་དུ་བྱས་པ་རེད། ངའི་ངོས་ནས་ལྷག་བསམ་རྣམ་དག་གིས་འབད་བརྩོན་ཇི་ཙམ་བྱས་ཀྱང་གྲོས་མོལ་བསྐྱར་མཐུད་བྱུང་ཐུབ་མེད། དེང་སྐབས་བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་ཡོད་བཞིན་པའི་སྐབས་འདིར་པེ་ཅིང་དང་རྡ་ས་གཉིས་ཀའི་ནང་འགོ་ཁྲིད་ལ་འཕོ་འགྱུར་འགྲོ་བཞིན་ཡོད། ང་རང་སྒེར་གྱི་མཐོང་ཚུལ་ཞུས་ན། རྒྱུ་མཚན་གཞན་ཞིག་གི་ཐོག་ནས་གྲོས་མོལ་བསྐྱར་གསོ་གང་མགྱོགས་ཡོང་རྒྱུའི་རེ་བ་མ་མཐོང་།
འོན་ཀྱང་ལས་དོན་དེའི་ཐོག་ངས་ལོ་ངོ་བཅུ་ཕྲག་རིང་འབད་བརྩོན་ཞུས་པར་བརྟེན། རྒྱ་བོད་མི་རིགས་གཉིས་ཀས་མོས་མཐུན་ཡོང་རྒྱུའི་གཉིས་སྨན་གྱི་ཐབས་ལམ་དེ་གྲོས་མོལ་གྱི་ཐབས་ལམ་འབའ་ཞིག་ཡིན་པ་དུས་ད་ལྟའང་ང་རང་ལ་ཡིད་ཆེས་བརྟན་པོ་ཡོད། རྒྱ་ནག་གི་འགོ་ཁྲིད་ཚོས་མཁྲེགས་བཟུང་གི་བསམ་བློ་དོར་ཏེ་ཕུགས་རྒྱང་རིང་པོར་དམིགས་པའི་ཆབ་སྲིད་ཀྱི་ཆོད་སེམས་འཆང་རྒྱུར་ངར་རེ་བ་ཡོད། མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་མཛད་པའི་དབུ་མའི་ལམ་གྱི་དགོངས་བཞེས་དེ་ལ་ཆོད་སེམས་བརྟན་པོའི་ཐོག་མུ་མཐུད་འབད་བརྩོན་གནང་རྒྱུ་ཡིན་སྐོར་ཡང་ཡང་གསུངས་པར་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན། འཐབ་རྩོད་ཚང་མར་མི་འདྲ་བའི་ཁྱད་ཆོས་རེ་ཡོད། བོད་མིའི་འཐབ་རྩོད་ཀྱི་ཁྱད་ཆོས་ནི་བོད་མི་རིགས་དང་བོད་བརྒྱུད་ནང་བསྟན། དེ་བཞིན་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་བོད་མིའི་དབར་བྱུང་རབས་ལོ་རྒྱུས་ཁྲོད་ཐུན་མིན་གྱི་འབྲེལ་བ་གཏིང་ཟབ་ཅིག་ཡོད་པ་ལས་བྱུང་བ་ཞིག་ཡིན།
ཕྱི་ལོ་ ༢༠༡༡ ལོར་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་བོད་མིའི་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་མཛད་ཟིན་ནའང་། མགོན་པོ་གང་ཉིད་མཆོག་གི་སྐུའི་གསང་བ་གསུམ་གྱི་མཛད་འཕྲིན་གཞལ་བར་དཀའ་བའི་ཁྲོད་པཎྜི་ཏ་ནེ་རུ་མཆོག་དང་མའོ་ཙེ་ཏུང་ལ་སོགས་པའི་རྒྱལ་སྤྱིའི་མི་སྣ་གྲགས་ཅན་ཁག་དང་མཇལ་འཕྲད་མཛད་པ་དང། འཚེ་མེད་ཞི་བར་འགྱུར་བ་མེད་པའི་ཐུགས་སྐྱེད་དམ་བཅའ་བརྟན་པོ་འཆང་གནང་མཛད་བཞིན་པ། དེ་བཞིན་ཐ་མལ་པའི་སྣང་ངོར་སྐབས་རེ་བསམ་ཡུལ་ལས་འདས་པའི་མཛད་དཀའ་འཕྲད་པ་སོགས་སྐུའི་མྱོང་བ་ཁྱད་པར་བ་དུ་མ་ཞིག་ཡོད་པར་བརྟེན། ༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་བོད་རྒྱའི་དབར་ལོ་ངོ་ ༦༠ ལྷག་གི་རིང་འཕྲད་བཞིན་པའི་དཀའ་རྙོག་སེལ་རྒྱུའི་ཐབས་ལམ་ཉག་གཅིག་ཆགས་ཡོད།
དེ་རིང་ངས་ཧ་ཅང་སེམ་འཚབ་བྱ་རྒྱུའི་བོད་རྒྱའི་དཀའ་རྙོག་དང་འབྲེལ་བའི་གནད་དོན་འགའ་ཤིག་སྐོར་གླེང་རྒྱུ་ཡིན། གནད་དོན་དེ་དག་ཐོག་བསམ་ཞིབ་མ་བྱས་ཚེ་བོད་རྒྱའི་དཀའ་རྙོག་སེལ་ཆེད་གྲོས་མོལ་བྱ་རྒྱུའི་གཞི་རྩ་དེ་བཞིན་རྩ་རླག་ཏུ་འགྲོ་སྲིད། ང་རང་གཞོན་པའི་སྐབས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་སྐྱབས་འོག་ཏུ་ཞབས་ཞུ་སྒྲུབ་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ་བྱུང་བ་མ་ཟད། ཉེ་ལམ་རྒྱ་ནག་འགོ་ཁྲིད་ཚོ་དང་ལྷན་བོད་རྒྱ་གྲོས་མོལ་སྐབས་ཕྲན་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མགྲིན་ཚབ་པའི་གཙོ་འགན་གྱི་ཚབ་ཞུས་ཏེ་འགན་ཁུར་དང་ལེན་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ་བྱུང་།
ཕྲན་རང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཟུར་པ་ཞིག་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་གཅིག་ཡིན་པར་བརྟེན། འཛམ་གླིང་རྒྱལ་ཁབ་འདྲ་མིན་གྱི་དབུ་ཁྲིད་དང་གཞུང་གི་ལས་བྱེད་མཐོ་དམའ་འདྲ་མིན་དང་ལྷན་སེམས་ཐག་ཉེ་པོའི་ཐོག་ནས་འབྲེལ་བ་བྱུང་བ་མ་ཟད། རང་དབང་དང་མང་གཙོའི་ཁོར་ཡུག་ལྡན་པའི་རྒྱ་གར་ནང་འཚར་ལོངས་བྱུང་བ་དེས་ངའི་བསམ་བློར་བློ་སྐྱེས་དང་ཤུགས་རྐྱེན་གཏིང་ཟབ་ཅིག་ཐེབས་བྱུང་། ལྷག་པར་རྒྱ་གར་གྱི་ཆབ་སྲིད་པ་དང་ཤེས་ཡོན་མི་སྣ་གྲགས་གྲས་ཧ་ཅང་མང་པོ་ཞིག་ངོ་ཤེས་ཐོག་གྲོགས་འདྲིས་ཙམ་མིན་པར་དངོས་སུ་ལས་དོན་མང་པོའི་ཐོག་མཉམ་ལས་བྱ་རྒྱུའི་གོ་སྐབས་ཀྱང་ཐོབ་བྱུང།
འདི་ག་ཨ་རིའི་ནང་དུ་མཚོན་ན། ཕྲན་ནས་འགན་ཁུར་ཆེན་པོའི་ཐོག་ནས་ཧ་ལམ་ལོ་ ༢༥ རིང་བོད་དོན་འཐབ་རྩོད་བྱེད་བཞིན་པའི་སྐབས་སུའང་། མཁས་དབང་དང་གཞུང་འཛིན་མི་སྣ་ཙམ་མ་ཟད། ཨེ་ཤི་ཡ་དང་ལྷག་པར་རྒྱ་ནག་གི་ཆབ་སྲིད་དང་ཐད་ཀར་འབྲེལ་ཡོད་ཀྱི་ཨ་རིའི་གལ་ཆེའི་མི་སྣ་མང་པོ་ཞིག་དང་ངོ་ཤེས་ཆགས་ཡོད། དེའི་ཁྲོད་ཨ་རིའི་གཞུང་ཚབ་ཟུར་པ་སྐུ་ཞབས་རི་ཆཱཌ་ཧལ་བྷུ་རུག་(Richard Holbrooke)མཆོག་གིས་གཙོས་མང་པོ་ཞིག་གིས་ཕྲན་ལ་ཧ་ཅང་སེམས་ཐག་ཉེ་བོས་གྲོགས་སྒྲིག་ཐོག་ལམ་སྟོན་ཡང་གནང་བྱུང་བ་དེས་ཧ་ཅང་ཕན་ཐོགས་ཆེན་པོ་བྱུང། ཕྲན་ནས་ལོ་ངོ་ ༣༠ རིང་གུང་ཁྲན་ཆབ་སྲིད་ཅུས་ཀྱི་ཚོགས་མི་གཙོ་བོར་གྱུར་བའི་རྒྱ་ནག་འགོ་ཁྲིད་ཚོ་དང་ལྷན་འབྲེལ་སྒྲིག་བྱས་པ་དེས་ཀྱང་ཁོང་ཚོས་བསམ་ཚུལ་དང་རེ་དོགས་ཇི་འདྲ་ཡོད་མེད་དངོས་ར་འཕྲོད་ཐུབ་པ་བྱུང། ཉམས་མྱོང་དེ་དག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀྲིན་ལས་བྱུང་བ་ཞིག་ཡིན་པ་དང། ཉམས་མྱོང་དེ་དག་ལ་བརྟེན། ཕྲན་ནས་༸གོང་ས་མཆོག་དང་བོད་མིའི་འཐབ་རྩོད་ཐོག་ཞབས་ཞུ་བསྒྲུབ་རྒྱུར་ཕན་ཐོགས་ཆེན་པོ་བྱུང་བར་ངོས་འཛིན་ཞུ་འདོད་བྱུང། ཕྲན་གྱིས་རེ་བར་དེ་རིང་ངས་གང་བརྗོད་པའི་བསམ་ཚུལ་དེ་དག་ནང་ཚགས་ཀྱི་ཐོགས་ནས་གོ་བ་ལེན་རྒྱུ་དང། ཕྲན་རང་བོད་མི་ལས་བྱེད་རྒན་གྲས་ཤིག་ཡིན་པའི་ངོས་ནས་ལོ་རྒྱུས་རང་བཞིན་ལྡན་པའི་དུས་སྐབས་དངོས་སུ་ཉམས་མྱོང་བྱུང་བར་བརྟེན། གཅིག་བྱས་ན་ད་ལྟའི་བོད་མིའི་ཆབ་སྲིད་ཀྱི་ཁ་ཕྱོགས་བསྒྱུར་མཁན་ཚོ་ལས་བོད་མིའི་སྒྲིག་འཛུགས་སྐོར་མཐོང་ཐོས་ཀྱི་ཉམས་མྱོང་ཕྲན་བུ་མང་བ་ཡོད།
རྒྱ་བོད་མི་རིགས་གཉིས་དབར་གྱི་བྱུང་རབས་ལོ་རྒྱུས་ཀྱི་འབྲེལ་བ་དེ་དག་ཧ་ཅང་རྙོག་འཛིན་ཅན་ཞིག་ཡིན། དེར་བརྟེན་འབྲེལ་བ་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བའི་སྲིད་གཞུང་གསར་པ་དང་སྦྱར་ནས་ཕྱོགས་བསྡོམས་རྒྱག་ཐབས་མེད། གལ་ཏེ་དེ་ལྟར་བྱས་ཚེ་དོན་དངོས་ཇི་འདྲ་ཡིན་མིན་ལ་མ་ལྟོས་པར་མཐོང་ཕྱོགས་ལ་བྱུང་རབས་ལོ་རྒྱུས་སྐོར་སློབ་སྦྱོང་འདང་ངེས་ཤིག་བྱས་མེད་པའི་རྣམ་འགྱུར་དུ་འགྲོ་སྲིད། པེ་ཅིང་དུ་ཡོད་པའི་ང་ཚོའི་ཆོས་གྲོགས་ཚོས་དེང་སྐབས་རྒྱལ་སྤྱིའི་ཆབ་སྲིད་འགོ་ཁྲིད་ཚོར་བོད་དེ་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་འབྲེལ་བ་བྱ་རྒྱུའི་ཆ་རྐྱེན་དུ་བོད་ཀྱི་འཐབ་རྩོད་དེར་རྒྱབ་སྐྱོར་བྱས་ཚེ། རྒྱ་ནག་གཅིག་གི་སྲིད་བྱུས་དང་འགལ་གྱི་ཡོད་པའི་ལམ་སྟོན་ནོར་བ་དེ་འདོན་བཞིན་ཡོད། སྲིད་བྱུས་དེ་བོད་ཐོག་སྦྱར་བ་དེ་ནོར་འཁྲུལ་རེད། ད་ལྟའི་རྒྱ་བོད་ཀྱི་འབྲེལ་བའི་རྐང་ཐུག་ས་དེ་ཕྱི་ལོ་ ༡༩༤༩།༡༩༥༠ ནང་རྒྱ་ནག་གིས་བོད་ནང་བཙན་འཛུལ་བྱས་པ་དང་ཕྱི་ལོ་ ༡༩༥༡ ལོར་བོད་ཞི་བའི་བཅིངས་བཀྲོལ་གཏོང་ཆེད་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་བོད་མིའི་ཐོག་བཙན་དབང་གིས་བཞག་རྗེས་བྱུང་བ་ཞིག་ཡིན། སྐབས་འདིར་ཨེ་ཤི་ཡ་དང་ཡུ་རོབ། ཨ་རི། དེ་བཞིན་བཙན་བྱོལ་བོད་མིའི་འགོ་ཁྲིད་སོགས་ཀྱིས་གཙོས་རྒྱལ་ཁབ་མང་པོའི་སྲིད་གཞུང་ལ་བོད་དང་འབྲེལ་བའི་ཆབ་སྲིད་ཀྱི་ལངས་ཕྱོགས་ཇི་འདྲ་བཟུང་རྒྱུའི་འདམ་ཁ་རྒྱག་རྒྱུར་ཕན་གནོད་ཆེན་པོ་འབྲེལ་བའི་གནད་དོན་འགའ་ཞིག་ཞུ་འདོད་བྱུང་། ངས་ཞུ་རྒྱུའི་གནད་དོན་ཧ་ཅང་གལ་ཆེན་པོ་གསུམ་ཡོད་པ་རྣམས་ནི།
༡༽ རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ཀྱི་གནད་དོན་ཐོག་རྣམ་འགྱུར་སྟོན་ཕྱོགས།
༢༽ རྒྱ་ནག་གཞུང་གིས་བོད་མིའི་རང་སྐྱོང་གི་གནས་བབས་ཐོག་ཆབ་སྲིད་ཀྱི་ལངས་ཕྱོགས།
༣༽ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས། བཅས་ཡིན།
ཐོག་མར་ཕྲན་ནས་གོང་དུ་བརྗོད་ཟིན་པ་ལྟར་རྒྱལ་ཁབ་འགའ་རེར་འཕྲུལ་སྣང་དབང་གིས་བོད་ཐོག་གུ་ཡངས་དང་ཚད་ལྡན་གྱི་སྲིད་བྱུས་འཛིན་རྒྱུར་དཀའ་ངལ་འཕྲད་དེ་ཅི་བྱ་གཏོལ་མེད་དུ་གྱུར་བཞིན་ཡོད། འཕྲུལ་སྣང་དེ་ངས་གསལ་བཤད་ཞུ་རྒྱུ་དང། འཕྲུལ་སྣང་དེ་སྤྱིར་སྟངས་ཡོངས་གྲགས་ཤིག་ཆགས་ཡོད་ཀྱང་དེར་གོ་བ་ལོག་བསྒྲུབ་བྱེད་བཞིན་ཡོད་པ་ནི། རྒྱ་ནག་གཅིག ཅེས་པའི་སྲིད་བྱུས་དེ་ཡིན། རྒྱ་ནག་གཞུང་གིས་སྲིད་བྱུས་དེ་ཡོངས་གྲགས་བྱས་པ་ནི་བོད་ཀྱི་གནད་དོན་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཁྲིམས་མཐུན་གྱིས་རྟོགས་ཞིབ་དང་ཐེ་བྱུས་བྱ་རྒྱུ་སོགས་ལ་འགོག་རྐྱེན་བཟོ་ཆེད་ཡིན།
ཁྱེད་ཚོས་མཁྱེན་དགོས་པ་ཞིག་ལ་རྒྱ་ནག་གཅིག ཅེས་པའི་སྲིད་བྱུས་དེ་ཕྱི་ལོ་ ༡༩༧༠ འགོ་སྟོད་སྐབས་བཟོས་པ་ཞིག་རེད། སྲིད་བྱུས་དེ་ཨ་རིའི་གཞུང་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་འབྲེལ་བ་འགོ་འཛུགས་བྱ་རྒྱུ་ཙམ་མ་ཟད། རྒྱ་ནག་དང་འབྲེལ་བའི་ཐེ་ཝན་གྱི་གནད་དོན་ཐོག་ཨ་རིའི་ལངས་ཕྱོགས་ཇི་ཡིན་གྱི་རྣམ་པ་གསལ་སྟོན་ཆེད་བེད་སྤྱོད་བྱས་ཡོད། རྒྱ་ནག་དམར་པོའི་འགོ་ཁྲིད་ཚོས་ཨ་རིའི་སྲིད་གཞུང་ལ་ཐེ་ཝན་ཐོག་ཆབ་སྲིད་ཀྱི་ལངས་ཕྱོགས་གསལ་པོ་བཟོ་དགོས་པའི་དགོས་འདུན་བཏོན་པར། ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་རི་ཆ་ཌ་ནིག་སོན་མཆོག་དང་ཨ་རིའི་རྒྱལ་ཡོངས་བདེ་འཇགས་ལས་རོགས་སྐུ་ཞབས་ཧན་རི་ཀི་སིང་གར་རྣམ་གཉིས་ཀྱིས་རྒྱ་ནག་གི་སྲིད་བློན་ཊའུ་ཨན་ལའི་དང་དམར་པོའི་གཙོ་འཛིན་མའོ་ཙེ་ཏུང་གཉིས་དང་ཐུག་འཕྲད་ཀྱིས་ཨ་རིའི་སྲིད་གཞུང་གིས་རྒྱ་ནག་གཉིས་ཀྱི་ལངས་ཕྱོགས་འཛིན་གྱི་མེད་སྐོར་གསལ་བཤད་གནང་ཡོད། ཕྱི་ལོ་ ༡༩༧༢ ལོར་ཤང་ཧེ་གསལ་བསྒྲགས་ནང་དུ་ཨ་རིས་ཐབས་མཁས་ཐོག་ནས་ཐེ་ཝན་མཚོ་གླིང་གི་ཕྱོགས་གཉིས་སུ་གནས་པའི་རྒྱ་རིགས་ཚང་མས་རྒྱ་ནག་གཅིག་ལས་མེད་པ་དང་ཐེ་ཝན་དེ་བཞིན་རྒྱ་ནག་གི་ཆ་ཤས་སུ་ངོས་འཛིན་བྱས་པའི་ལངས་ཕྱོགས་དེར་ཨ་རིས་དགག་བྱ་གང་ཡང་ཞུ་རྒྱུ་མིན། ཞེས་འཁོད་ཡོད། རྒྱ་ནག་གཅིག ཅེས་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་འཛིན་པར་བརྟེན་ཕྱི་ལོ་ ༡༩༧༩ ཕྱི་ཟླ་ ༡ ཚེས་ ༡ ཉིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨ་རིའི་དབར་ཟུང་འབྲེལ་གསལ་བསྒྲགས་ཐོག་ནས་གཞུང་འབྲེལ་གྱི་འབྲེལ་ལམ་འཛུགས་ཐུབ་པ་མ་ཟད། ལོ་དེར་ཨ་རིའི་གྲོས་ཚོགས་སུ་ཐེ་ཝན་དང་འབྲེལ་ལམ་བྱ་རྒྱུའི་གྲོས་ཆོད་ཀྱང་བཞག་ཐུབ་པ་བྱུང་ཡོད། ཕྱི་ལོ་ ༡༩༧༩ ལོའི་གྲོས་མཐུན་ནང་ཨ་རིས་རྒྱ་ནག་གི་ཁྲིམས་མཐུན་སྲིད་གཞུང་ཁོ་ན་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཡིན་པར་ངོས་འཛིན་བྱས་ཡོད། རྒྱ་ནག་གཅིག་གིས་ཆབ་སྲིད་ཀྱི་ལངས་ཕྱོགས་དང་མི་འགལ་བའི་ཐོག་ནས་ཐེ་ཝན་དང་འབྲེལ་ལམ་བྱ་རྒྱུའི་གྲོས་ཆོད་བཞག་པ་བརྒྱུད། ཐེ་ཝན་གྱི་ད་ལྟའི་གནས་བབས་སྲུང་སྐྱོབ་བྱ་རྒྱུ་ཡིན་པ་འཁོད་ཡོད། ཨ་རིའི་སྲིད་གཞུང་རིམ་པས་རྒྱ་ནག་གཅིག་གི་ཆབ་སྲིད་ཀྱི་ལངས་ཕྱོགས་འཛིན་བཞིན་ཡོད་པ་བསྐྱར་ནན་ལན་མང་བྱས་ཡོད་པ་མ་ཟད།
སྐབས་རེ་གོང་བརྗོད་ཨར་རྒྱའི་ཟུང་འབྲེལ་གསལ་བསྒྲགས་དེ་ལུང་འདྲེན་བྱས་པ་དང། ཡང་ན་ཐེ་ཝན་གྱི་གནས་བབ་ཐོག་འགྱུར་བ་མེད་པའི་ལངས་ཕྱོགས་སོགས་ཀྱང་ལུང་འདྲེན་བྱས་ཡོད། རྒྱ་ནག་གཅིག ཅེས་པའི་ཆབ་སྲིད་དེ་བཞིན་ཨར་རྒྱ་དང་། ཨ་རི་དང་ཐེ་ཝན་དབར་གྱི་འབྲེལ་ལམ་ལ་དམིགས་ཏེ་གཏན་འབེབས་བྱས་པ་ཞིག་ཡིན་ནའང་། པེ་ཅིང་སྲིད་གཞུང་གིས་རྒྱལ་ཁབ་སུ་འདྲ་ཞིག་དང་གཞུང་འབྲེལ་གསར་འཛུགས་བྱས་པའམ། ཡང་ན་འབྲེལ་ལམ་རྒྱུན་སྲིང་བྱེད་སྐབས་རྒྱ་ནག་གཅིག་གི་སྲིད་བྱུས་དེར་ངོས་ལེན་བྱེད་དགོས་པའི་དགོས་འདུན་ཤུགས་ཆེ་འདོན་བཞིན་ཡོད། གླེང་སློང་འདི་བོད་དང་འབྲེ་བ་གང་ཡོད། རྒྱ་བོད་འབྲེལ་ལམ་གྱི་གཞི་རྩ་འཛིན་ས་གཟིགས་དགོས་ན། གོང་བརྗོད་གྲོས་མཐུན་དོན་ཚན་བཅུ་བདུན་ལས་ཕྱི་ལོ་ ༡༩༧༢ ལོར་བཞག་པའི་ཤང་ཧེའི་ཨར་རྒྱའི་ཟུང་འབྲེལ་གསལ་བསྒྲགས་དེ་མིན། ངས་རྒྱ་ནག་གཅིག་གི་ཆབ་སྲིད་ལངས་ཕྱོགས་དེ་བོད་དང་འབྲེལ་བ་ཆགས་ཀྱི་མེད་པའི་སྐོར་ཞུ་འདོད་བྱུང། ང་ཚོས་རྒྱ་ནག་གི་སྲིད་གཞུང་མཚོན་གྱི་ཡོད། ཅེས་བོད་མིའི་སྲིད་གཞུང་སུས་ཀྱང་ནམ་ཡང་བརྗོད་མྱོང་མེད་པར་བརྟེན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བསྟོན་པའི་རྒྱ་ནག་གཅིག་གི་ཆབ་སྲིད་ལངས་ཕྱོགས་དང། ཐེ་ཝན་དེ་བཞིན་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་སྐོར་དེ་བོད་དང་འབྲེལ་བ་གང་ཡང་ཆགས་ཀྱི་མེད། རང་བཙན་གྱི་ལོ་རྒྱུས་ཡོད་པའི་བོད་ཀྱི་བྱུང་རབས་ཐོག་ང་ཚོ་དང་རྒྱ་ནག་དབུ་ཁྲིད་དབར་བསམ་ཚུལ་མི་མཐུན་པ་ཡོད་ཀྱང། ཁྱེད་རྣམ་པས་གསལ་པོར་མཁྱེན་གསལ་ལྟར་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་ཐུགས་ཀྱི་འཆར་སྣང་དང་བཀའ་སློབ་བཅས་ཚང་མའི་ནང་བོད་ཀྱི་གནད་དོན་སེལ་ཆེད་ད་ཡོད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདག་དབང་དང་རྒྱ་ནག་གོང་བུ་ཆིག་སྒྲིལ་ལ་རྩིས་སྲུང་བྱེད་དགོས་པ་གསལ་ཡོད། ཐབས་ལམ་དེ་ལག་བསྟར་ཡོང་ཆེད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབས་ཚད་ལྡན་ཞིག་སྤྲོད་དགོས་པའི་དགོས་འདུན་འདོན་བཞིན་ཡོད་པ་ལས་རང་བཙན་རྩོད་ཀྱི་མེད་ཅེས་སོགས་འཁོད་ཡོད།
གསུང་འཕྲིན་ངོ་མ་དབྱིན་ཡིག་ནང་ཡོད་པ་ནས་ཕབ་བསྒྱུར་ཞུས་པས་དེར་རྩ་འཛིན་ཡོང་བ་ཞུ།།
རྒྱ་མས་མགོ་བསྐོར་བཏང་་ན་ཀི་ལོར་གིས་མགོ་བསྐོར་ལོས་གཏོང་།
འོ་ན་གྲོས་མོལ་མེད་པར་སྡུག་སྒོམ་རང་རྒྱག་ནས་སྡོད་དགོས་རེད་དམ། གྲོས་མོལ་དེ་གལ་ཆེན་དུས་རབས་ཉེར་གཅིག་པ་འདི་གྲོས་མོལ་དུས་རབས་རེད།
རྒྱ་མས་ཟམ་གདོང་ལ་མགོ་སྐོར་བཏང་ན། བློ་བཟང་སེང་གེ་ཀེ་ལོར་ཟབ་དགོས། འོན་ཀྱང་རྒྱ་གཞུང་དང་བོད་གཞུང་གཉིས་གྲོས་མོལ་ཡོང་ཐབས་ལ་འབད་དགོས།།
ཚུར་གྲོལ་མོལ་བྱ་འདོད་མེད་ན་ཕར་ཨུ་ཚུགས་རྒྱབ་ན་ཕན་འབྲས་ཡོད་མ་རེད། ད་བར་གྲོས་མོལ་གྱི་མིང་ཙམ་ལས་རྒྱ་ནག་གིས་མགོ་སྐོར་ཁོ་ན་བཏང་ནས་བསྡད་ཡོད་རེད། ད་དུང་མུ་མཐུད་མགོ་སྐོར་དང་བསླུ་བྲིད་ཁོ་ནའི་འོག་ཏུ་དུས་ཚོད་བསྐྱལ་ན་ཁེ་ཕན་ཅི་ཡང་ཡོད་མ་རེད།
སྤྱིར་བཏང་བོད་རང་བཙན་གཙང་མ་ཞིག་མ་རག་ན་དབུ་མའི་ལམ་དེ་རྒྱ་བོད་གཉིས་ཕན་གྱི་ལམ་ཞིག་ཆག་ཡས་དཀའ་ལས་ཁག་པོ་རེད།
ཡ་ད་རེ་བ་མེད་པ་འདྲ་ཡིན་ན་ཡང་ བོད་མའི་སྙིང་སྟོབས་ ་་་རྒྱལ་བའི་ཐུགས་བསྐྱེད་གང་ལ་བལྟས་ཀྱང་ཕམ་ཁ་མི་ཡོངས་བས་བོད་མི་ཚོ་སེམས་ཤུགས་མ་ཆགས། ་སེམས་ཤུགས་མ་ཆགས་ཨ། ངོ་མ་སེམས་ཤུགས་ཆགས་མི་ཉན།
རྒྱ་བོད་གཉིས་ཀྱི་གྲོས་མོལ་བསྐྱར་མཐུད་བྱས་ཀྱང་རུང་དོན་ཕན་ལྡན་པའི་གྲུབ་འབྲས་ཤིག་འབྱུང་རྒྱུ་ནི་ཕ་རིའི་སྤང་རྒྱན་རེད།་་་ང་དགུ་ལོ་ནས་བཟུང་ཕྱིའི་རྣམ་འགྱུར་ཙམ་བསྟན་ནས་གྲོས་མོལ་གྱི་རིམ་པ་མང་པོ་ཞིག་བརྒྱུད་ཀྱང་གྲུབ་འབྲས་ཤིག་མིག་སྟོན་བྱེད་རྒྱུ་མེད་པ་མངོན་གསལ་རེད།་་ད་དེ་འདྲའི་གྲོས་མོལ་ཞིག་བྱས་ཀྱང་མ་བྱས་ཀྱང་གཅིག་པ་མ་རེད་དམ།
པེ་ཅིན་དང་དྷ་སའི་བར་ལ་ད་བར་དུ་ཡང་གྲོས་མོལ་བྱས་སོང་དྲན་མ་མྱོང་། སོང་ཙང་མི་རྒན་འདིས་ག་རེ་ལབ་ཀྱིན་ཡོད་རེད་དམ་།
ད་ནི། རྒྱ་རི་རིན་པོ་ཆེའི་བཀའ་མོལ་ལ་དངོས་གནས་ཆོ་མི་འདུག དེ་ལས་རྒྱ་རི་པདྨ་རྒྱལ་པོས་ཉི་ཧོང་དོན་གཅོད་ལོ་མང་སྒེར་བདག་བྱས་པ་དེར། རྒྱ་རི་ཚང་གིས་གྲོས་བསྡུར་བྱས་ཏེ། བཙན་བྱོལ་སྒྲིག་འཛུགས་ལ་ཚུར་སློག་དགོས།
རྒྱ་ནག་ལ་ཕྱིན་ཟ་མ་ཡག་པོ་ཟས་མར་སླེབས་དུས་རྣམ་འགྱུར་ཡག་པོ་འདུག་ཟེར་བ་ཙམ་རེད་།གོང་ས་མཆོག་ལ་དད་པ་དང་བོད་ལ་དེ་ཙམ་སོན་ན་སྤུན་ཆུང་བ་པད་མ་རྒྱལ་པོ་ཟོས་པའི་ཉི་ཧང་དོན་གཅོད་ཁང་གི་མ་རྩ་ཨ་གོར་ས་ཡ་དྲུག་དེ་བོད་གཞུང་ལ་མར་རྩིས་འབུལ་གྱིས་དང་།
དེ་ལྡན་པ་རེད་ད་་་རྒྱ་རེ་ཚང་གི་ལབཚད་ཉན་སྡད་ན་དུས་ཚོད་ཕྲོག་རླག་རང་རེད་ད་་་་
ཡ་ད་གྲོལ་མོ་ཟེར་བ་དེ་གནས་སྐབས་རིང་ཞགས་ཏེ། བཀའ་ཁྲི་བློ་སེང་གི་རྒྱལ་སྤྱིར་ཁྲིམས་གཏུག་བྱེད་རྒྱུ་ཡིན་ཟེར་ནས་ཤོར་ཤོར་བྱས་མ་སོང་ངམ། ད་དངོས་གནས་དུས་ལ་བབ་འགག་དོག་གསར་སླེབ་དུས་སྙོམ་ཆུང་དང་བབ་ལྷིང་གི་རྣམ་པ་འདྲ་བསྟན་རྒྱལ་སྤྱིར་བྱེད་ཡ་གང་ཡང་ཡོད་པ་མ་རེད་དེ་ལས་ང་རང་དགའ་ཉེ་བློ་དཀར་འདྲ་ཡོད་པ་དེ་ཚོ་ཐུག་ཏུ་འགྲོ་བཟང་གི་ཡ་ད་བདེ་མོ་བྱོས་རང་ངོས་ཤུག་བརྒྱབ་ན་ལས་གཞན་དཀའ་མོ་རེད་དོ།།
ཁྱོ་མེད་པའི་བརྡུར་རྒྱུགས་མ་བྱེད།
སྐད་ཆ་འདི་བོད་ནང་གི་འོད་ཟེར་ལགས་ལ་ཆེད་དུ་སྤྲིངས་པ་ཞིག་དང་མི་འདྲའམ།
ཁ་བརྡ་ཚང་གི་བུ་ཕྲུག་ཚོར་བཀྲིས་བདེ་ལེགས་དང་། མཆན་འབྲི་བ་ཚོས་དངོས་ཡོད་བོད་པ་ཚང་གི་ད་ལྟའི་བདེ་སྡུག་དང་། རིག་གཞུང་སྐོར་མང་ཙམ་མཆན་འབྲི་བཏབ་ན་དགའ་བ་ལ་ཧང་།
འུ་ཚོར་ཁ་སང་རྒྱའི་སྲིད་གཞུང་དང་མཉམ་དུ་དོན་ལ་གནས་བའི་འབྲས་བུ་གང་ཡང་མ་བྱུང་བ་བདེན་མོད་། འོན་ཀྱང་སང་ཉིན་ཀྱི་ཆེད་དུ་ཕྱོགས་གང་ཐད་ནས་རྒྱའི་སྲིད་གཞུང་ལ་སུན་པོ་བྱ་འུ་ཐུབ་དང་། རྒྱ་མི་ཤེས་ཡོན་པ་ཚོ་དང་མཉམ་དུ་བསམ་ཚུལ་བརྗེ་རེས་ཀྱི་ལམ་ནས་་གྲོགས་འབྲེལ་བྱ་འུ་ཐུབ་ལྟ་དགོས་། གལ་སྲིད་བོད་མི་ཚོས་དེ་ལྟ་བུ་མ་བྱེད་པར་ཟམ་གདོང་བཀའ་ཤག་ལྟ་བུ་རྒྱའི་སྲིད་གཞུང་ལ་སྟུན་ཐབས་དང་། ཚུར་ནང་ལ་དཔོན་ཉམས་བྱས་ནས་བསྡད་ན་འབྲས་གང་ཡང་མེད་།
སྐུ་ཚབ་ཚོགས་པ་དང་རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་གཉིས་ཀྱིས་མིག་མངས་ཐེངས་མ་དགུ་བརྩེས་ཏེ། ཁོང་ཚོས་འུ་བུ་ཅག་གི་བྱེད་ཐབས་དམིགས་ཡུལ་དང་བཅས་ཀྱི་མཐིལ་རྟོགས་ཅིང་རྒྱལ་ཁའི་ཁོང་དགོད་ཤོར་གྱི་ཡོད་མོད། ད་དུང་ང་ཚོ་འཐོམ་མེ་བའི་ངང་རེ་བ་ཞིག་ལ་སྒུག་བཞིན་པ་ནི་ཉིན་མོའི་རྨི་ལམ་གྱི་དཔེ་བཞིན་མ་ལགས་སམ།
ད་ཅི་ཙམ་བཤད་ཀྱང་ཡོང་རྒྱུ་ཞིག་ཡོད་པ་མཐོང་གི་མི་འདུག་་་་་་་ལམ་ཁ་གཞན་ཞིག་བརྒྱུད་ནས་འགྲོ་ཐབས་ཤིག་འཚོལ་དགོས་པ་མིན་འགྲོ་་་་
གྲོས་མོལ་ཡོང་ཐབས་ལས་གཞན་ཕན་འབྲས་ལྡན་པའི་ཐབས་ལམ་ཡོད་ན་འདི་འདྲ་དང་འདི་འདྲ་ཡོད་ཞེས་གསུངས་ན་དགེ་མཚན་ཡོད་པ་ཞིག་ཏུ་མཐོང་་་་་་་གཞན་་་་་་་་་་་་དམ་་་་་་་་་་་་་་
ད་རྒྱ་བོད་འབྲེལ་མོལ་ལམ་པེ་ཅིང་དང་རྡ་སའི་དོན་ངོ་མའི་གནད་ལུགས་ག་ལེར་རང་བཞིན་གྱིས་ཕྱིར་མངོན་ཡོང་གི་ཡོད་པ་རེད།
བྱས་ཙང་ངས་ནམ་རྒྱུན་མང་མང་བཤད་མྱོང་བ་ནི། ཀྲུང་དབྱང་སྲིད་གཞུང་གིས་ཏཱ་ལའི་བླ་མ་དང་ཁོང་དང་ཉེ་བའི་མི་ཁ་ཤས་ཀྱི་གནད་དོན་མ་གཏོགས་བོད་ཀྱི་གནད་དོན་ཟེར་བ་ནམ་ཡང་གླེང་གི་མེད་པ་མ་ཟད་བོད་ཀྱི་གནད་དོན་སེལ་རྒྱུའི་འདུན་པ་ནམ་ཡང་མེད་པ་དེ་རེད། བྱས་ཙང་རྒྱ་རི་ཚང་གིས་དབུས་པའི་སྐུ་ཚབས་ཚོགས་པ་ཚོས་དབུས་འཐབ་ཕྱོགས་གཅིག་བསྒྱུར་པུའི་གསོལ་མགྲོན་ལ་ཡང་ཡང་ཕེབས་རྒྱུའི་སྐལ་བ་རྫོགས་ཚར་བ་ཡིན་པ་འདྲ།
རྒྱ་རི་བློ་གྲོས་རྒྱལ་མཚན་གྱིས་རྒྱ་བོད་གྲོས་མོལ་གྱི་གཏམ་འགོ་གླེང་མི་ཐུབ་པར་འཇོན་གཏམ་བཤད་ནས་དུས་ཚོད་བསྐྱལ།
རྒྱ་རི་པད་མ་རྒྱལ་པོས་ཉི་ཧོང་དོན་གཅོད་ཀྱི་གཞུང་དངུལ་སྒེར་སྤྱོད་བྱས་ནས་གཞུང་ལ་དབུ་སྐོར་ཞུས།
རྒྱ་རི་སྒྲོལ་མས་སེམས་ཤུགས་ཆེ་མདོག་གིས་མིག་ཆུ་བཏང་ཞོར། རང་དོན་ཁོག་ཏུ་བཅུག་ནས་ལྡི་ལིར་དངུལ་ལེན་ནས་ཕྱི་རྒྱལ་ལ་སྤ་སེ་རྫུན་མའི་ཐོག་མི་བཏང་ནས་ནག་ཚོང་བརྒྱབ་ནས་ལྐོག་དངུལ་བསགས།
རྒྱ་རི་བུ་ཕྲུག་གིས་གྲོས་ཚོགས་ནང་ཆོལ་ཁའི་ཟིང་འཁྲུག་བསླངས།
ལྟས་ངན་ཁྱིམ་ཚང་འདིས་ད་བར་བོད་གཞུང་དང་རྒྱལ་བ་རིན་པོ་ཆེར་མགོ་སྐོར་བཏང་བའི་རྣམ་གྲངས་བརྗོད་པར་ངལ།
ད་ཡང་རྒྱ་རི་ཚང་བློ་གྲོས་རྒྱལ་མཚན་བློ་བཟང་སེང་གེའི་དམིགས་བསལ་སྐུ་ཚབ་མ་བྱུང་ཡང་། དམིགས་བསལ་སློབ་སྟོན་པར་རེ་བ་རྒྱག་གིན་གདའ། མི་མགོ་བདེ་པོ་འདི་ཚོས་ད་བར་བོད་གཞུང་དམངས་གཉིས་ཀ་བཙོངས་པ་རེད།
གོད་རང་གིས་མི་ཆོད།
ཡུད་ཕ་མ་ལ་བཤད།
གྲོས་རང་གིས་མི་འཇོན།
ཡུད་ཨ་རིར་བཤད།
རེད་རེད་། གུ་རུ་ལགས་ཀྱིས་དོན་དག་མང་པོ་མང་པོ་ཞིག་བཤད་ཀྱི་འདུག་། ཨ་མའི་བུ་། གལ་སྲིད་ཁྱེད་ཀྱི་བཤད་པ་རྣམས་བདེན་པ་ཡིན་ན་། བདེན་དཔང་འདྲ་སྟོན་ཀྱི་འུ་ཡོད་། གལ་སྲིད་བདེན་པ་ར་སྤྲོད་བྱེད་ཀྱི་ཡོད་ན་སྒྲོལ་དཀར་ལྷ་མོ་ནང་བཞིན་བྱས་ན་དེ་རེད་མོད་། ཡང་བདེན་པ་ར་སྤྲོད་བྱེད་ཀྱི་མེད་ན་སྐད་ཆ་དེ་འདྲ་མ་བཤད་ན་བཟང་གི་།
ཡ་གུ་རུ་སྲས་ལགས་ནས་དངོས་གནས་གོ་མ་མྱོང་བའི་གཏམ་ཞིག་བཤད་འདུག ཁོང་ལ་རེ་བསྐུལ་ཞུ་རྒྱུ་རེ་རེ་བཞིན་བདེན་པ་བདེན་ཐོག་ནས་དག་འབུད་གཙང་མ་ཞིག་བྱས་ན་ངོ་མ་ཕན་ཐོག་ས་རེད། དེ་མིན་མི་དགའ་བ་རྒྱུ་མཚན་བྱས་ནས་གང་བྱུང་བཤད་ན་བོད་བསྟན་པ་ཆབ་སྲིད་ལ་ཧ་ཅང་གི་གནོད་ཚབས་ཆེ་བས་དེ་རིགས་མི་གནང་བ་ཞུ་རྒྱུ་ཡིན། གཞན་དག་མི་ཤེས་ཀྱང་སྔ་མོ་རྒྱ་རི་སྒྲོལ་མ་བཀའ་ཁྲིའི་འོས་གཞི་ཞུགས་སྐབས་ངོ་ཤེས་པ་མང་ཆེ་བས་བཤད་པ་ལྟར་ན། སྤྱི་ཚོགས་ནང་རྒྱ་རི་སྒྲོལ་མ་ལ་ནག་ཐིག་གཏན་ནས་ཕོག་མྱོང་མེད་པ་རེད་ཟེར་བ་ཐོས་ཀྱང་ད་ལན་ཁྱོད་བཤད་པ་ལྟར་ན་ནག་ཐིག་ཕོག་པ་ལྟ་བུ་བཤད་འདུག་པས་དངོས་གནས་ཡིན་ན་ཐེར་འདོན་གཙང་་མ་རེ་གནང་ན་གང་ཐད་ནས་ཕན་ཐོག་ཡོངས་ངེས་པས་དེ་བཞིན་གནང་རོགས་ཞུ་རྒྱུ་ཡིན།
ལྟས་ངན་རང་རེད་རྒྱ་རི་འདི་ཚང་མི་མཐའ་མ་རྫོག་བར་བོད་རང་བཙན་འཐོབ་དུས་མེད། བོད་མའི་ལ་རྒྱ་དང་བོད་དོན་ལྷག་བསམ་དཀར་བའི་ཆོལ་གསུམ་མི་མང་མནོ་བསམ་བཏང་ཐུབ་མཁན་ཞིག་ཡིན་ནས་བཟུང་ཡིན་གཅིག་རྒྱ་རི་ཚང་གྱི་མི་ཞིག་བོད་དོན་ལས་འགུལ་ནང་ཡོད་དགོས་པའི་རྒྱུ་མཚན་མེད་པ་དེ་མཁྱེན་དགོས།
སླར་སྨྲས་པ། པདྨ་རྒྱལ་པོས་ཁྲིམས་ལུག་ཀྱོག་བཤད་རང་དོན་རེ་བ་དངུལ་ལ་བཅོལ།
བློ་གྲོས་རྒྱལ་མཚོ་མི་འཇོན་ངར་སྐད་བོད་ཀྱི་སྲིད་དབང་ཚལ་བར་གཏོང།
རྒྱ་རི་སྒྲོལ་མས་ངུ་མ་དགོད་ཀྱིས་ཟམ་གདོང་སྤྲུལ་སྐུའི་འདུལ་ཁྲིམས་ཕབས།
མ་འཇོན་བུ་ཕྲུག་ལྟས་ངན་དེ་ཡིས་ཆོལ་གསུམ་འཐུས་ཚོགས་སྤྲེའུ་རྐུབ་བཟོས།
མ་འོང་པ་ནང་མི་ཚང་མ་སདྷམ་ཧུང་སེ་དང་ རྒ་ཏཕ་ཕི་འདྲ་བོ་བཟོ་དགོས་རྒྱུའི་རྒྱུ་རྐྱེན་ཚང་ཡོད།
གེ་སར་མིང་ཅན་ཁྱོད་ཀྱིས་གསུངས་ན་རྒྱ་རི་ཚང་གིས་བོད་ཀྱི་བསྟན་སྲིད་ཀུན། །དཀྲུག་པའི་ཉེས་མིང་བཀལ་བར་བྱས་ཀྱང་བདེན་མིན་སུ་ཡིས་དཔྱོད་པར་ནུས་པ་མ་ཡིན་ཀྱང་། །ཁྲི་ཟུར་ཆེན་པོ་ཟམ་གདོང་མཆོག་ལ་རྒྱ་སྒྲོལ་མཉམ་དུ་འདུལ་ཁྲིམས་ཉམས་པའི་ཉེས་པ་དེ། །སྙོན་འཛུགས་ནུས་པ་བློ་ཡུལ་འདས་པའི་སྡིག་གཏམ་རྔམ་པོ་དེ་འདྲ་ཕོད་པ་ཅང་སྲིད་དམ། །
http://www.bbc.co.uk/news/world-asia-india-17935041
གནས་ཚུལ་འདི་ལ་གཟིགས་རོགས།
ཟམ་གདོང་རིན་པོ་ཆེ་རབ་བྱུང་སྡོམ་པ་རྒྱ་རི་སྒྲོལ་མ་ལ་ཤོར་ཟེར་བ་གཞི་མེད་ཀྱི་སྐུར་འདེབས་ཡིན་པར་ཤོག ལར་ནས་འདི་སྒེར་ལ་སྨོད་པའི་མཐའ་ཐུག་པ་ཞིག་རེད། བློ་ཕམ་ཡོད། གཞན་རྒྱ་རི་བློ་གྲོས་རྒྱལ་མཚན་ལ་བོད་དོན་ཐད་གེ་སར་དང་ང་གཉིས་ལས་བརྒྱ་ཆ་ལྔ་བཅུ་ལས་ལྷག་ཡོད་པ་ཡིད་ཆེས་ཡོད།
པདྨ་རྒྱལ་པོ་སོགས་ཀྱི་འགྲིག་མ་འགྲིག་བློ་གྲོས་རྒྱལ་མཚན་གྱི་མགོར་བཀལ་རྒྱུ་འདི་མི་འོས་པ་ཞིག་ཏུ་མཐོང་། ལར་ནས་དབུ་ཁྲིད་ཚོར་ཡ་ང་བག་ཚ་མེད་པར་ཁ་གཏོང་རྒྱུ་འདི་ཧ་ཅང་ཐལ་འདུག་དྲན། ཡིན་ནའང་བསམ་བློ་གཏོང་ནས་ཤོད། རྩམ་པ་ལྡད་ནས་མིད།
ལྟས་ངན་གེ་སར་ཟེར་བ་དེའི་སུ་ལ་བཤད་པ་ཡིན་རྒྱ་རི་ཚང་གི་བཙན་བྱོལ་གཞུང་དམངས་གཉིས་ཀ་དབང་འོག་ཏུ་བསྡུས་ཡོད་གི་རེད་ཟེར་ན་བོད་མི་རིགས་ལ་མཐོང་ཆུང་དང་རང་ཉིད་ལ་ལྟོ་གོས་་གསོ་བའི་ཐབས་ཙམ་ཡང་མེད་ཟེར་བ་དང་གཅིག་མཚུངས་མ་རེད་པས། གལ་སྲིད་ཁྱོད་ཀྱི་བཤད་པ་ལྟ་བུ་ཞིག་ཡིན་ན་༧་གོང་ས་མཆོག་རང་ཉིད་གིས་སྐུ་ཚབ་བསྐོས་པ་དེ་ནོར་བ་རེད་དམ་ཡང་ན་འཁྲུལ་བ་རེད་ཟེར་གི་ཡོད། དྲང་མོ་ཤོད་དང་གྲོགས་པོ་ཚོ།