རྨེ་རུ།
ཉི་མ་ལ་ཁར་འགྲོ་འགྲོ།
ང་ཚོ་ཕ་ཡུལ་ལ་འགྲོ།
གཉེན་ཉེ་ཚོས།
རེ་སྒུག་གི་ཁ་བཏགས་བཟུང་ཡོད།
ཁྲུང་ཁྲུང་ལྷོ་མཐའ་ལ་ཕུར་ཕུར།
ང་ཚོ་ཕ་ཡུལ་ལ་ཕུར་འགྲོ།
གཉེན་ཉེ་ཚོས།
རླུང་འཚུབ་ཀྱི་ཁྲོད་ལ་སྒུག་ཡོད།
ཆུ་མོ་རྒྱ་མཚོ་ལ་བཞུར་བཞུར།
ང་ཚོ་ཕ་ཡུལ་ལ་བཞུར་འགྲོ།
སྤུན་ཟླ་ཚོ།
གྲང་ངར་གྱི་ཁྲོད་ལ་སྒུག་ཡོད།
འགྲུལ་པ་ཐག་རིང་བཞུད་བཞུད།
ང་ཚོ་ཕ་ཡུལ་ལ་བཞུད་འགྲོ།
སྤུན་ཟླ་ཚོས།
ཞུམ་མེད་ངང་སྒུག་ཡོད།
དགུན་གྱི་ཁ་བ་འབབ་འབབ།
ང་ཚོ་ཕ་ཡུལ་ལ་འབབ་འགྲོ།
སྤུན་ཟླ་ཚོས།
ལྷན་འཛོམས་ཀྱི་བྲོ་གར་སྒུག་ཡོད།