ང་ནི་བོད་ཀྱི་བུ་ཡིན།།
བོད་ལ་དགའ་བའི་བུ་ཡིན།།
ང་ནི་བོད་ཀྱི་བུ་ཡིན།།
བོད་སྐད་ཤེས་བའི་བུ་ཡིན།།
བདུད་བྷེའི་གཞས་ཚིག
དེང་རབས་བོད་ཀྱི་རྡུང་ལེན་སྒྱུ་རྩལ་རིག་གནས་ཀྱི་ཚབ་མཚོན་མི་སྣ་དང་མི་ཚེ་གང་བོར་བོད་ཡིག་དང་བོད་སྐད་ཁོ་ནའི་བརྒྱུད་ལམ་ནས་བོད་མི་རིགས་ཀྱི་ལས་དབང་གླུ་རུ་ལེན་མཁན་གླུ་བ་བདུད་བྷེ་ལགས།ཁོང་གི་སྐད་ངག་སྙན་ཞིང་འཇེབས་ལ་སྨྲ་བརྗོད་ལ་དག་གསལ་གཙང་གསུམ་ལྡན་ཡོད།ཁོང་གི་གླུ་ངག་ཁྲོད་དུ་བོད་མིའི་ཡ་རབས་བཟང་སྤྱོད་ཀྱི་ལམ་སྟོན།བླ་སྤྲུལ་དགེ་བའི་ བཤེས་གཉེན་གྱི་གདམས་ངག གནས་དང་དགོན་པ་གྲགས་ཆེན་གྱི་བསྟོད་གླུ། མི་རིགས་ཀྱི་ལ་རྒྱ། མི་རིགས་ཀྱི་མཐུན་སྒྲིལ།ཤེས་ཡོན་དང་སློབ་སྦྱོང་གི་སྐུལ་སློང་། སྐད་ཡིག་དང་རིག་གནས་རྒྱུད་འཛིན་གྱི་སྐོར།བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་དང་གཅེས་འཛིན་སོགས་ཕལ་ཆེར་བོད་ཀྱི་སྣོད་བཅུད་གཉིས་ན་གླུ་བ་ཁོང་གི་དབྱངས་རྟ་ལ་བརྒྱུས་མ་མྱོང་བའི་གནད་དོན་ཞིག་ཕལ་ཆེར་ལྷག་མེད་ཚོད་ཡིན།
བོད་ཀྱི་དེང་རབས་རོལ་མོའི་སྒྱུ་རྩལ་བ་རིག་གནས་ཞིབ་འཇུག་མཁན་ཨ་རི་བ་ལྕམ་མས་ཤལ་ཁེ་ཐུ་རེན(Micheal Catherine) ལགས་ཀྱིས་ཨེ་ཤ་ཡའི་རིག་གཞུང་ཞིབ་འཇུག་ཅེས་པའི་དུས་དེབ་ཏུ་བཀོད་དོན “བོད་ཀྱི་དེང་རབས་རོལ་མོ་དང་ལྷག་པར་དུ་བོད་ཤར་ཕྱོགས་ས་ཁུལ་དུ་དར་ཁྱབ་ཧ་ཅང་ཆེ་བའི་བོད་ཀྱི་རྡུང་ལེན་སྒྱུ་རྩལ་རིག་གནས་ནི་གླུ་བ་བདུད་བྷེ་ཞེས་པའི་མཐོ་སྒང་གི་འབྲོང་རྒོད་ལྟ་བུའི་འབྲོག་ཕྲུག མི་ཚེ་རོལ་མོར་བཅོལ་མཁན་ཞིག་བརྒྱུད་ནས་ནགས་ཆེན་པོའི་ཁྲོད་ཀྱི་མེ་ལྕེ་བཞིན་བོད་ས་ཡོངས་སུ་ཁྱབ་འདུག་ལ། དེར་བརྟེན། དེང་རབས་བོད་ཀྱི་གསར་སྐྱེས་གླུ་བ་མང་བོ་ཞིག་གིས་བདུད་བྷེའི་རྡུང་ལེན་རྙིང་བ་དག་རོལ་མོ་ཁ་སྣོན་རེ་བརྒྱབས་ནས་བསྐྱར་བརྡབ་ཡང་བརྡབ་ཀྱིས་གཏོང་བཞིན་འདུག་”ཟེར།
གང་ལྟར། རྡུང་ལེན་སྒྱུ་རྩལ་ལས་རིགས་ཁྲོད་ཀྱི་རྒྱལ་བོ་གངས་ལྗོངས་ཁུ་བྱུག་སྔོན་མོའམ་གླུ་བ་བདུད་བྷེ་ལགས་ད་ལྟ་མཁལ་མའི་ནད་ཀྱིས་མནར་བཞིན་ཟླ་གཉིས་ལྷག་ཟིན་འདུག་ལ། ཕྱི་ལོ་༢༠༡༢ཟླ༠༤ཚེས་༢༩ཉིན་གློ་བུར་དུ་ནད་གཞི་སྡུག་ཏུ་ཕྱིན་པར་བརྟེན་ཉིན་ཤས་གོང་རྒྱ་ནག་ཁྲིན་ཏུ་གྲོང་ཁྱེར་དུ་ཕེབས་དགོས་བྱུང་འདུག གོ་ཐོས་ལ་ཉིན་འདི་འགར་ས་ཕྱོགས་འདྲ་མིན་ནས་བླ་སྤྲུལ་དང་གྲྭ་བཙུན་དགེ་འདུན་པ། རྩོམ་པ་བོ། སློབ་གྲྭ་ཆེན་མོ་བ། སྒྱུ་རྩལ་ཁྱད་ལས་པ། དེ་བཞིན་བོད་རིགས་མི་སེར་དཀྱུས་མ་སོགས་གང་མང་ཁོང་ལ་མཚམས་འདྲི་བྱེད་པར་སྐྱོད་བཞིན་ཡོད་འདུག་ལ། ཁོང་གི་གནས་སྟངས་ལ་སེམས་ཁྲལ་དང་གསོལ་བ་སྨོན་ལམ་འདེབས་མཁན་ཡང་མང་བོ་ཞིག་ཡོད་འདུག་པ་མ་ཟད་བོད་ཀྱི་ཚོང་བ་ཁ་ཤས་ཀྱིས་དྭང་བླངས་སྒོས་ཁོང་མགྱོགས་མྱུར་སྨན་ཁང་ཚད་ལྡན་ཞིག་ཏུ་གནས་སྤོ་བྱེད་པར་གྲ་སྒྲིག་བྱེད་བཞིན་འདུག་ཟེར།
ཁོང་ལ་ནད་གཡོག་བྱེད་མཁན་ཉེ་འབྲེལ་ཞིག་གིས་བཤད་རྒྱུར“གནས་སྟངས་འདིས་ཅི་ཞིག་མཚོན་བཞིན་འདུག་ཟེར་ན་རང་ཉིད་ཀྱི་ཁྱད་ལས་སྒྱུ་རྩལ་རིགས་གནས་བརྒྱུད། བོད་མི་རིགས་ཀྱི་ཆེད་དུ་ཡོད་ཚད་ཕུལ་གནང་མཁན་གླུ་བ་ཁོང་བརྒྱུད་བོད་མིའི་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཟེར་བ་དེ་སྟོན་བཞིན་ཡོད་པ་རེད་”ཟེར།
འཛམ་གླིང་གི་ས་ཕྱོགས་གང་སར་གནས་བཞུགས་པའི་བོད་རིགས་གཙོས་བོད་ཀྱི་སྒྱུ་རྩལ་རིག་གནས་ཞིབ་འཇུག་མཁན་ཡོངས་ལ་ཞུ་རྒྱུར། གལ་སྲིད་། སྐུ་ཉིད་སུ་ཞིག་ལ་བོད་ཀྱི་སྒྱུ་རྩལ་མཁན་པོ་འདིའི་སྐོར་གྱི་ལོ་རྒྱུས་དང་བཅར་འདྲིའི་གོ་སྐབས། ཡང་ན་ཁོང་ལ་དངོས་སུ་དྲ་བ་བརྒྱུད་ནས་ཐུགས་གསོའི་མཚམས་འཕྲིན་སོགས་བྱེད་འདོད་མཁན་ཡོད་ཚེ་མགྱོགས་མྱུར་ཡུ་རོབ་(Luxembourg)་ཏུ་གནས་བཞུགས་སྐུ་ཞབས་དར་ཆོས་ལགས་སུ་འབྲེལ་བ་བྱོད་རོགས་ཞུ། ཁོང་གིས་ཁྱེད་ལ་གངས་ལྗོངས་སྒྱུ་རྩལ་བ་ཆེན་མོ་ཁོང་དང་ཐད་གར་འབྲེལ་བ་བྱེད་དུ་འཇུག་ངེས་ཡིན།
འབྲེལ་བ་བྱེད་ས ། མགོ་ལོག་དར་ཆོས །
ཁ་པར ། 00352- 691649086
གླེང་མོལ་དྲ་བྱང་།(QQ) 2281975685
གནམ་རླབས ། (skype) dharchoe
གླུ་བ་བདུད་བྷེ་ཁོང་གི་ནད་གཞི་མྱུལ་དུ་གསལ་དྭངས་སུ་འགྲོ་བའི་སྨོན་ལབ་དང་རེ་བ་ཡོད།
ལྷག་པར་དུ་ལ་རྒྱ་ཅན་གྱི་ཚོང་བ་ཁྱེད་ཅག་ལ་བཀའ་དྲིན་ཆེ་ཞུ།
ཚེ་ལ་རང་དབང་ཐོབ་པའི་བླ་མ་སངས་རྒྱས། །
བར་ཆད་རྒྱ་ལས་གྲོལ་བའི་ཆོས་སྐྱོང་སྲུང་མ། །
ཁྱོད་ཚོར་བུ་ཆུང་སྙིང་གིས་བསྐུལ་བྱས་ན། །
བདུད་བྷེ་ནད་ལས་ཐར་བའི་སྡོང་གྲོགས་མཛོད། །
སྐུ་ཁམས་ཡར་དྭངས་ཡོང་པའི་རེ་བ་ཆེ།
གངས་ཅན་ཡུལ་གྱི་རྡུང་ལེན་པའི་ཁྱུ་མཆོག་གླུ་བ་གདུ་བྷེ་ ཁོང་ མྱུར་དུ་ནད་ལས་ཐར་པའི་གསོལ་སྨོན་ཞུ།
མགོ་ལོག་བདུད་བྷེ་ལགས། ཁྱེད་ནད་གཞི་ནད་ལས་གྲོལ་བའི་སྨོན་ལམ་རྒྱབ་བཞིན་ཡོད།
རླབས་ཆེན་གྱི་བོད་ཀྱི་སྒྱུ་རྩལ་བ་ཆེན་མོ་ལགས་་་ཁྱེད་ཀྱི་གནས་སྟང་འདི་མཐོང་དུས་ཕྲན་ཆུང་ང་ཧ་ཅང་སྐྱོ་བས་མནར་སོང་་ང་དང་ང་ལྟ་བུའི་མི་གང་མང་ཞིག་་ཁྱེད་ཀྱི་གླུ་སྐད་ཀྱི་འགྱུར་ཁུག་ལས་མཚར་ལུང་བྱུང་།
ངེས་པ་དོན་གྱི་སྐྱོ་བཞིན་འདུག་ཁྱེད་མྱུར་དུ་དྲག་སྐྱེད་ཡོངས་བར་སྙིང་ནས་རེ་བ་ཆེ།
རྡུང་ལེན་པ་བདུ་བྷེ་མྱུར་དུ་ནད་ལས་ཐར་བར་སྨོན།
མགོ་ལོག་བདུད་བྷེ་མཆོག།
མྱུར་བར་ཉིད་དུ་ནད་ལས་ཐར་བར་ཤོག། གླུ་བ་ཁོང་རིས་མེད་ཀྱི་གླུ་གཞས་གཏོང་མཁན་ཞིག་ཡིན།
གཡུང་དྲུང་ཚེ་ཡི་ལྷ་ཚོགས་རྣམས་ཀྱིས་སྲུངས་སྐྱོབས་དམ་པར་མཛད་དུ་གསོལ། །
གཡུང་དྲུང་ཚེ་ཡི་ལྷ་ཚོགས་རྣམས་ཀྱིས་སྲུངས་སྐྱོབས་དམ་པར་མཛད་དུ་གསོལ། །
གཡུང་དྲུང་ཚེ་ཡི་ལྷ་ཚོགས་རྣམས་ཀྱིས་སྲུངས་སྐྱོབས་དམ་པར་མཛད་དུ་གསོལ། །
ད་དུང་མི་རིགས་འདིའི་ཁྲོད་ཁོང་གི་སྐད་ངག་ཐོས་པའི་སྨོན་ལམ།
དུས་མིན་འཆི་བའི་མཚན་མ་མཐོང་བ་ན། །
དེ་ཡི་མོད་ལ་ཚེ་དཔག་མེད་མགོན་གྱིས། །
གསལ་བར་ལུང་བསྟན་འཆི་བདག་དཔའ་བཅོམ་སྟེ། །
འཆི་མེད་རིག་འཛིན་མྱུར་དུ་འཐོབ་པར་ཤོག །
འཆི་བདག་དབལ་བཅོམ་མིན་འགྲོ །ངའི་ཁ་ནང་ན་དེ་འདྲ་ཞིག་འདུག
ཁོང་ནི་བོད་སྐད་ཁོ་ནའི་ལམ་ནས་གདུང་ལེན་བླངས་ནས་མི་ཚེ་མཐའ་ལ་བསྐྱལ་བའི་མཐོ་སྒང་བོད་མིའི་སེམས་ཁུང་གི་གླུ་པ་གལ་ཆེན་ཞིག་རེད། ང་ཚོ་སྔ་མོ་རྩྭ་ཐང་ཐོག་སྐྱིད་པོ་གཏོང་སྐབས་ཁོང་གི་གླུ་བཞས་སྒྲ་ཐག་གཏོང་གི་རེད།
ད་ལྟ་གནས་སྟངས་མཐོང་ཞིང་། ཚོད་ཚོད་ལ་ཡུན་རིང་མ་ཉན་པའི་ཁོང་གི་གླུ་བཞས་དེ་དྲན་པས་སེམས་ལ་ཚོར་བ་ཧ་ཅང་ཁྱད་མཚར་ཞིག་སྐྱེས་སོང་།
མ་གཞི་ང་གླུ་བཞས་དང་ཁྱད་པར་གདུང་ལེན་གླུ་བཞས་ཉན་རྒྱུར་དགའ་པོ་རང་མེད་པ་ཞིག་ཡིན། འོན་ཀྱང་ཁོང་གི་གླུ་བཞས་ཀྱིས་འདི་ལྟ་བུའི་བག་ཆགས་ཤིག་གོ་མེད་ཚོར་མེད་དུ་བསྐྲུན་ཟིན་པ་ནི་རང་གིས་ཀྱང་ཤེས་མ་སོང་།
ཁོང་ནི་རླབས་ཆཻན་གྱི་སྒྱུ་རྩལ་པ་ཞིག་ཅིས་མ་ཡིན།
ཁོང་སྐུ་ཚེ་རིང་ཞིང་མྱུར་དུ་སྐུ་ཁམས་ཡར་དྭངས་ཡོང་བར་སྨོན།
སེམས་ཁུང་སེམས་ཁུངས་སུ་བཅོས་རོགས།
གངས་ལྗོངས་ཁུ་བྱུག་སྔོན་མོར་གྲགས་པའི་གླུ་བ་བདུད་བྷེ་ཁོང་ནི་ང་དགའ་སའི་གླུ་བ་ཨང་དང་པོ་དེ་ཡིན། སེར་མོ་བས་གླུ་ལེན་མི་ཉན་པ་ཤེས་བཞིན་ཤེས་བཞིན། ས་མཐའི་སྨུག་རླངས་ཁྲོད་ཡིད་ཀྱི་མུན་པ་མི་དྭངས་པའི་སྐབས་རེར་ཁོང་གིས་བླངས་པའི་རྡུང་ལེན། ་་་ཀན་ལྷོའི་ཡུལ་ལྗོངས་དང་། མི་རྟག་དྲན་མགུར་སོགས་ཡང་ཡང་ལེན་ཁུལ་བྱས་མྱོང་། གང་ལྟར་གླུ་བ་བདུད་བྷེའི་ཚེ་སྲོག་གི་འོད་སྣང་ལ་བར་ཆད་ཀྱི་གནོད་པ་མི་འབྱུང་བར་སྨོན། འུ་ཚང་གི་ཉི་མ་སེར་པོ་བོད་དུ་ཕེབས་སྐབས་ཕེབས་བསུའི་སྣེ་འདྲེན་གྱི་དགའ་སྟོན་གླུ་དབྱངས་ཁྱེད་ཀྱིས་ལེན་དགོས། འགྱུར་མེད་གཡུང་དྲུང་ཚེ་ཡི་དངོས་གྲུབ་སྩོལ། །
གྲགས་ཅན་གྱི་རྡུང་ལེན་པ། གང་ལྗོངས་ཁུ་དབྱུགས་སྔོན་མོ་ཁོང་མྱུར་དུ་ནད་ལས་གྲོལ་བར་སྨོན་པ་གྲངས་མེད་ཞུ།
ཨ་རོགས་ཁྱོད་ཚོ་་་མགོ་ལོག་དྷ་བྷེ་དང་གླུ་བ་བདུད་བྷེ་གཉིས་ནོར་གི་ཡོད་ཀི་པ་་་་་གླུ་བ་བདུད་བྷེ་ཁོང་ནི་མགོ་ལོག་ནས་མ་རེད་་་་་རྨ་ཆུའི་ཕྱོགས་ཀྱི་འབྲོག་ཁྱིམ་ཞིག་ལས་སྐྱེས་པ་རེད་་་་ཁོང་གི་མི་རྒྱུད་ཐེ་བོ་ནས་རེད་་་་་
གླུ་བ་བདུད་བྷེའི་ནད་གཞི་མྱུར་དུ་ཡར་དྭངས་ཡོང་བའི་རེ་སྨོན་ཞུ།།
ཐུགས་རྗེ་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས། ། མཚན་ཙམ་ཐོས་པའི་ངན་འགྲོའིསྡུག་བསྔལ་སེལ། ། དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། ། བེདུརྱ་ཡི་འོད་ལ་ཕྱག་འཚལ་ལོ། །
གངས་ལྗོངས་ཁུ་བྱུག་སྔོན་མོ་གླུ་བདུད་བྷེ་མྱུར་དུ་མི་འདོད་ནད་ལས་ཐར་བའི་སྨོན་འདུན་ཞུ།
གངས་ཅན་ཡུལ་གྱི་རྡུང་ལེན་པའི་ཁྱུ་མཆོག་གླུ་བ་བདུད་བྷེ་ ཁོང་ མྱུར་དུ་ནད་ལས་ཐར་པའི་གསོལ་སྨོན་ཞུ།
མི་འདོད་ནད་ལས་མྱུར་དུ་ཐར་བར་སྨོན།
གདུ་བྷེ་སྐོར་གྱི་གནས་ཚུལ་གོ་ཐོས་བྱུང་བས། སེམས་པ་སྐྱོ་བྱུང་། ཁོང་གི་ནད་གཞི་གང་མགྱོགས་གསལ་དྭངས་ཡོང་བའི་སྨོན་འདུན་སྙིང་ནས་ཞུ།
སྙན་གྲགས་གངས་ལྗོངས་སྤྱི་ལ་ཁྱབ་པའི་བོད་ཀྱི་རྡུང་ལེན་མཁན་གླུ་བ་བདུད་བྷེ་འམ་གངས་ལྗོངས་ཁུ་བྱུག་སྔོན་མོ་ཁོང་སྐུ་གཟུགས་མི་བདེ་བའི་གཏམ་འདི་ཐོས་འཕྲལ་ཁོ་བོ་ཡིད་རབ་ཏུ་གདུང་ཞིང་བློ་ཕམ་བྱུང་། གངས་ལྗོངས་ཁུ་བྱུག་སྔོན་མོ་གླུ་བ་བདུད་བྷེ་ཁོང་གི་གླུ་གཞས་དེ་ཚོས་རང་རེའི་བོད་ཀྱི་རྒན་དར་གཞོན་གསུམ་ལ་བག་ཆགས་ཟབ་མོ་ཞིག་བཞག་ཡོད། ཡང་ཕྱོགས་གཞན་ཞིག་ནས་བཤད་ན་༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེ་ན་མོ་དང་། ༢༠༠༩ ལོའི་ཡུལ་ཤུལ་གྱི་ས་ཡོམ། ༢༠༡༡ ལོའི་ལྕགས་ཡོས་བཙན་རྒོལ་མེ་ལྕེ་སོགས་ཀྱི་སྐབས་སུ་བོད་གཞིས་བྱེས་གཉིས་སམ་བོད་མདོ་དབུས་ཁམས་གསུམ་གྱི་གདུང་སེམས་མཉམ་བསྐྱེད་དང་རྡོག་རྩ་གཅིག་བསྒྲིལ་གྱི་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་མེ་དྲོད་མ་ཡལ་བའི་སྟེང་ནས་ད་ལམ་ཡང་བོད་ཀྱི་རྡུང་ལེན་མཁན་བདུད་བྷེའམ་གངས་ལྗོངས་ཁུ་བྱུག་སྔོན་མོ་ཁོང་གི་སྐུའི་གནས་སྟངས་ལ་བོད་ཕྱི་ནང་གཉིས་སམ་མདོ་དབུས་ཁམས་གསུམ་གྱི་མི་བུ་མང་པོ་ཞིག་གིས་བློ་འཚབ་དང་ཐུགས་གསོའི་འཚམས་འདྲི་བྱེད་བཞིན་པ་འདི་ཁོ་བོས་ཤེས་རྟོགས་བྱུང་དུས་བརྗོད་མི་ཤེས་པའི་དགའ་ཚོར་ཆེན་པོ་བྱུང་སོང་། གང་ཡིན་ཟེར་ན་ང་ཚོ་བོད་ཕྱི་ནང་གཉིས་སམ་མདོ་དབུས་ཁམས་གསུམ་གྱི་བོད་རིགས་སྤུན་ཟླའི་སྐྱིད་སྡུག་མཉམ་མྱོང་ཡིན་པ་གསལ་བོར་རྟོགས་བྱུང། ཁོ་བོས་སེམས་གཏམ་དྲོན་མོ་ཞིག་བརྗོད་འདོད་པ་ནི་འུ་ཅག་དྲ་ལམ་གཉེར་མཁན་ཚོས་འདི་འདྲའི་རིགས་ལ་མཆན་བུ་གང་མང་བཏབ་ན་སྤྱི་ཚོགས་འཆམས་མཐུན་དང་རང་རེའི་རྩ་དོན་ལའང་ཕན་ཐོག་མི་དམན་པ་ཞིགའབྱུང་ངེས་ཡིན། དེ་མིན་དགོས་མེད་དང་དཀྲིགས་ཤིང་། ཁུངས་མེད་ཀྱི་སྐྱོན་བརྗོད་སོགས་དགྲ་དགའ་གཉེན་སྡུག་གི་ལས་མི་བྱེད་རྒྱུ་ངའི་རེ་བསྐུལ་ཡིན་ནོ།།
གངས་ལྫོངས་ཁུ་བྱུག་གམ་རྨ་ཆུའི་གླུ་བ་བདུད་བྷེ་མཆོག་མྱུར་ནས་མྱུར་དུ་བདེ་ཐང་་ཡོངས་པའི་སྨོན་འདུན་ཞུ།ག
གངས་ལྗོངས་ཁུ་བྱུག་སྔོན་མོ་བདུད་བྷེ་ཁོང་ནི་ལོ་རབས་བརྒྱད་བཅུ་དང་དགུ་བཅུ་བའི་ནང་རོང་འབྲོག་ས་ཁུལ་གྱི་མང་ཚོགས་ལ་ལམ་སྟོན་བྱེད་པའི་དེད་དཔོན་དེ་ཅིག་པོ་ཡིན། ཁོང་མྱུར་དུ་ནད་ལ་གྲོལ་ནས་ཡང་བསྐྱར་ཆོལ་གསུམ་བོད་མི་རྣམས་ཀྱི་ཁོང་གི་གླུ་སྐད་ལ་རོལ་ཐུབ་པའི་སྨོན་ལམ།
“ན་ཚ་ཧ་ཅང་གི་ཚབ་ཆེན་མ་རེད། ཁྲིན་འདུ་ལ་ཡོང་ནས་ཉིན་འགའ་ཡིན། དྲག་གི སྨན་བཅོས་བྱེད་ཀི་ཡོད། ཁྱེད་ཚོ་མང་པོ་ཞིག་ཁ་པར་ཡོང་ཐལ། སེམས་ཁུར་བྱས་ནོ་བཀའ་དྲིན་ཆེ་”གོང་གི་ཚིག་དེ་དག་དེ་རིང་བདུད་བྷེ་ལ་ཁ་པར་ལས་ཁ་བརྡ་བྱས་པའི་ཁོང་གི་སྐད་ཆ་འགའ་རེད། “ཧ་ཅང་གི་ཚབ་ཆེན་མ་རེད”ཟེར། ཁོང་གི་གསུང་སྐད་ལ་ཉན་ཀྱང་ནད་པ་སྡུག་ཐུག་ཞིག་གི་སྐད་གདངས་རེད་མི་འདུག ངེད་གཉིས་ཡར་མར་གྱི་ཁ་བརྡ་མང་པོ་ཞིག་བྱས་མོད་ཁོང་ལ་མི་བདེ་བའི་སྣང་པ་གཅིག་ཀྱང་མི་འདུག
མེ་མདའི་སོ་ཁ་ནས་བོད་མིའི་བདེ་སྡུག་སེང་སེང་གླུ་རུ་ལེན་མཁན་གངས་ལྗོངས་ཁུ་བྱུག་སྔོན་མོ་ནད་གཞི་ལས་གྲོལ་བའི་སྨོན་ལམ་འདེབས།
གངས་ལྗོངས་ཁུ་བྱུག་ཅེས་པའི་མཚན་སྙན་འདིས་་་་་་ང་ཚོའི་དྲན་ངོགས་ལ་ཆེས་བསུབ་ཐབས་བྲལ་བའི་བག་ཆགས་ཀྱི་སྣང་རིས་གསོན་པོ་ཞིག་བཞག་ཡོད། ལྷག་པར་ཏུ་ཕྲན་ལ་མཚོན་ན་རྡུང་ལེན་སྒྱུ་རྩལ་པ་ཁོང་གིས་བླངས་པའི་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་བརྩམས་པའི་མི་རྟག་དྲན་མགུལ་ཞེས་པའི་རྡུང་ལེན་འདིས་་་མི་སེམས་ཀྱི་འགྱུར་བག་རླུང་འགྲོས་ཤིག་གི་ངང་ཚུལ་ལས་མེད་པའི་ཉམས་སྣང་དོད་པོ་འབུར་དུ་ཐོན་ཐུབ་པའི་སྐད་ངག་གི་སྒྱུ་རྩལ་ཁྱད་ཆོས་ཁོང་ལ་རང་བཞིན་གྱིས་གནས་ཡོད།་་་་་ང་ཚོས་ཁོང་གི་སྙུང་གཞི་གང་མགྱོགས་དྲགས་སྐྱེད་ཡོང་བའི་ཐབས་ལམ་འདྲ་མིན་འཚོལ་སྒྲུབ་བྱེད་གལ་ཆེ
གངས་ལྗོངས་ཁུ་བྱུག་མྱུར་དུ་ནད་ལས་ཐར་པའི་སྨོན་ལམ་འདེབས།
ཉེ་བའི་ལོ་ཤས་སྔོན་འབའ་བ་ཕུན་ཚོགས་དབང་རྒྱལ་གྱི་བུ་བོད་ནང་འགྲུལ་བཞུད་སྐབས་གངས་ལྗོངས་ཁུ་བྱུག་སྔོན་མོ་བདུད་བྷེ་ལགས་ཀྱི་ཆེད་བསྒྲིགས་འོད་སྡེར་ཆ་གསུམ་རྒྱ་གར་ལ་འཁྱེར་་ཡོང་ནས་༧གོང་ས་རྒྱལ་དབང་མཆོག་དང་།༧དཔལ་རྒྱལ་བ་ཀརྨ་པ་མཆོག སྐུ་ངོ་འཇུ་ཆེན་ཐུབ་བསྟན་གསུམ་ལ་དད་རྟེན་ཕུལ་བར་གོ། སྐབས་དེར་༧་གོང་ས་ཆེན་པོས་བདུད་བྷེ་ངོས་ནས་ངོ་ཤེས་ཞེསཧ་ཅང་ཐུགས་དགྱེས་པའི་ངང་འོད་སྡེར་དེར་གཟིགས་ཡོད་པར་གྲགས། གཞན་སྐབས་དེར་ཉིན་ཞིག་ངའི་གྲོགས་པོ་ཞིག་སྐུ་ངོ་འཇུ་ཆེན་སར་བཅར་དུས་ཁོང་གིས་བདུད་བྷེའི་འོད་སྡེར་གསར་བ་དེར་ལྟོས་ནས་བཞུགས་འདུག་ཟེར། སྐབས་དེར་སྐུ་ངོ་འཇུ་ཆེན་གྱིས་ང་ཚོས་མ་བསམ་པ་དང་མ་ཤེས་པ། ང་ཚོས་བྱེད་མི་ཐུབ་པ་མང་བོ་ཞིག་བོད་ནང་གི་མི་འདི་ཚོས་དྲན་ནས་བྱས་ཐུབ་འདུག་ཅེས་སྐུ་ངོར་ཚོར་བ་མི་འདྲ་བ་བྱུང་འདུག་ཟེར།
གླུ་བ་ཁོང་གི་ནད་གཞི་མགྱོགས་མྱུར་ངང་དྲག་བསྐྱེད་བྱུང་ན་བསམ་ཀི
ཕྱི་ལོགས་ཀྱི་མི་ལ་རེ་བ་རྒྱག་རྒྱུ་ཞེ་དྲགས་ཡོད་ནི་མ་རེད། བཤད་ལ་དགའ་བ་མ་གཏོགས་གཏོང་ཕོད་ཀྱི་ཕྱག་ཟུང་བརྐྱང་མཁན་དཀོན་པོ་ཡིན་ནི་རེད། ད་རྔ་བའི་ཚོང་བ་ཚོས་རོགས་རམ་གནང་གི་རེད་བསམ།
བོད་ཀྱི་རྡུང་ལེན་སྒྱུ་རྩལ་གྱི་དར་ལམ་ཁྲོད་ན་ཆེས་དགའ་བསུ་དང་ཞབས་རྗེས་གསལ་བའི་རྩོད་མེད་གླུ་བ་བདུད་བྷེ་ནད་མནར་གྱིས་ཡོད་པར་གོ་རྗེས་ངོ་མ་སེམས་འཚབ་བྱུང་། ཁོང་ནི་བོད་གཞིས་བྱེས་ཀྱི་མཛའ་བརྩེ་དང་དྲན་གདུང་།ལ་རྒྱ་སོགས་དམངས་ཁྲོད་ལ་འདྲེན་མཁན་གྱི་མི་རིགས་འདིའི་མཚོན་བྱེད་མི་སྣ་གལ་ཆེ་ཞིག་རེད།
ངའི་དགའ་ཤོས་ཀྱི་གླུ་བ་བདུད་བྷེ་ལགས་སུ་མི་འདོད་པའི་ནད་གཞི་དེ་འདྲ་ཞིག་བྱུང་བར་སེམས་གཏིང་ནས་སྐྱོ་བྱུང་། ཁོང་ཟླ་བ་སྤྲིན་བྲལ་བཞིན་དུ་མྱུར་དུ་དྲགས་སྐྱེད་ཡོང་བའི་སྨོན་འདུན་ཞུ་ཞུ་ཞུ།
གངས་ཅན་པའི་རུས་རྐང་དང་ཁྲག་རྒྱུན་སྒྱུ་རྩལ་གྱི་ལམ་ནས་གསོས་པའི་ཕྱག་རྗེས་ཅན་ཁོང་མྱུར་དུ་ནད་ལས་ཐར་པར་སྨོན།
ཨ་ཁ།ཁོང་ནི་ང་རང་ཆེས་དགའ་བའི་བོད་ཀྱི་གླུ་བ་དེ་ཡིན།ཁོང་མྱུར་དུ་ནད་ལས་གྲོལ་བའི་སྨོན་ལམ་མཆོག་གསུམ་ལ་ཡང་ཡང་ཞུ།
བདུད་བྷེ་ལགས་ན་བཞིན་པ་དེ་འགྲིགས་མི་འདུག ཁོང་གིས་བར་སྐབས་ཤིག་ནས་ཝུ་རག་འཐུང་རྒྱུ་མང་དྲགས་ཡོད་པ་འདྲ། ཤ་རྒྱགས་པ་དང་སྐད་ཀྱང་སྔོན་ལྟར་མ་ཡིན་པར་འགག་བཞིན་པ་ལྟ་བུ་ཞིག་ཏུ་གྱུར་འདུག གང་ལྟར་སྐུ་ཁམས་གསལ་དྭངས་ཡོང་བའི་རེ་སྨོན་ཡོད།
བདུད་བྷེ་དང་ཟླ་བྷེ་གཉིས་ལོགས་ཀ་རེད། བདུད་བྷེ་ནི་རྨ་ཆུའི་གླུ་བ་ཞིག་རེད། ད་ལྟ་བོད་ནང་ཡོད་པ་རེད། ཟླ་བྷེ་ནི་མགོ་ལོག་གི་ཁ་ཤགས་སྒྱུ་རྩལ་པ་ཞིག་རེད། ད་ལྟ་ཡུ་རོབ་བྷེལ་ཇམ་ནས་འདུག་ཟེར། སྐད་གྲགས་སུ་ཆེན་མིན་མི་ཤེས།
རྐྱེན་ངན་པའི་བར་ཆོད་ཟློག་ཏུ་གསོལ།།
འཆི་མེད་ཚེ་ཡི་དངོས་གྲུབ་རྩོལ་ཏུ་གསོལ།།
རྐྱེན་ངན་བར་ཆད་ཐམས་ཅད་ཞི་ཞིང་།་་་ཚེ་ཡི་དངོས་གྲུབ་སྩོལ་པའི་སྨོན་ལམ་འདེབས།
གངས་ཅན་རུས་ལ་གཅེས་པའི་གླུ་བ།
ཕོ་ཉམས་སྐད་ལ་སྙན་པའི་གྲགས་ཅན།
ཆོལ་ཁའི་ཞེན་པ་མེད་པའི་བདུད་བྷེ།
ནད་གཞི་དྲག་སྐྱེད་ཡོང་བའི་སྨོན་ལམ།
དྲ་ཐོག་གི་གྲོགས་པོ་སུ་ཞིག་གིས་བདུད་བྷེ་ལགས་དང་ཐད་གར་འབྲེལ་བ་བྱེད་སའི་ཁ་པར་ཨང་གྲངས།
ཡང་ན་QQ དྲ་བྱང་སོགས་གང་རུང་ཤེས་མཁན་ཡོད་ན་སྤྲོད་རོགས་ཞུ། ངས་ཁོང་ལ་མཚམས་འདྲིའི་ལེགས་རྟགས་ཤིག་བསྐུར་འདོད་ཆེན་པོ་འདུག
སྐུ་མཁྱེན་གང་མགྱོག་མགྱོག་གནང་རོགས། ཡུ་རོབ་ཀྱི་དར་ཆོས་ལབ་ཡ་དེ་ལ་ཁ་པར་མཐུད་མི་ཐུབ །
གླུ་བ་བདུད་བྷེའི་ནད་གཞི་མྱུར་དུ་སངས་དྲགས་ཡོང་པའི་སྨོན་འདུན་ཞུ། །
གངས་ལྗོངས་ཁུ་བྱུག་སྔོན་མོ་གླུ་བ་གདུ་བྷེ་ལགས་ཀྱི་ནད་གཞི་གང་མགྱོགས་དྲག་བསྐྱེད་ཡོང་བ་དང། ཉིད་ཀྱི་སྙན་འཇེབས་ཀྱི་གླུ་ངག་སླར་ཡང་གངས་རིའི་མཁའ་དབྱིངས་ནས་ཁུ་བྱུག་བཞིན་ལྷང་ལྷང་གྲགས་ཐུབ་པའི་སྨོན་འདུན་ཞུ།
རྒྱང་རིང་གི་བདག་གི་སྤུན་ཟླ། །དྲན་གདུང་གིས་སྐྱོ་གླུ་མ་ལེན། །གངས་རི་ཡི་འཛུམ་མདངས་མངོན་དུས། །ཕྱིར་ཡོང་གི་དུས་ཚོད་སྲིད། །བདག་གི་སྤུན་ཟླ། འདི་ནི་གངས་ཅན་ཁུ་བྱུག་སྔོན་མོ་བདུད་པེ་ཁྱེད་ཀྱི་གཞས་ཚིག་ཅིག་རེད། ད་རུང་རྒྱང་རིང་གི་ང་ཚོ་སྒུག་རོགས། གངས་རི་ཡི་འཛུམ་མདངས་མངོན་མེད་པ་ཁྱེད་ཀྱིས་མ་གཟིགས་སམ། ད་རུང་ས་མཐོའི་་ཡུལ་ནས་སླད་མེད་ཀྱི་གླུ་སྐད་སྙན་མོས་གངས་ཅན་པའི་བླ་སྲོག་ལ་གསོན་ཤུགས་སྦོར། གཞིས་བྱེས་ལྷན་འཛོམས་ཀྱི་ཉི་མ་ཞིག་ལ་ཁྱེད་ཀྱིས་རེ་སྨོན་བྱས་ཡོད་པ་མ་ཡིན་ནམ། རྣམ་ཞིག་བླ་མཁར་མཐོ་བོ་པོ་ཏཱ་ལའི་ཡང་རྩེར་གངས་སེང་རྒྱལ་དར་ལྷབ་ལྷབ་རླུང་བུས་བསྐྱོད་དུས། གངས་ཅན་པ་ཡོངས་ལ་གླུ་སྐད་གཙང་མས་མཆོད་པ་དབུལ་འདོད་ཀྱི་རེ་འདུན་གསོན་པོ་སྙིང་ལ་བཅང་ཡོད་པ་མ་ཡིན་ནམ། ངེས་པར་གསོན་དགོས།
ཁོང་གི་ནད་གཞི་དྲག་བསྐྱེད་མྱུར་བ་མྱུར་བར་སྨོན།
ནད་ལས་མྱུར་དུ་གྲོལ་ཏེ་ཁུ་བྱུག་གསུང་སྐད་མི་རིགས་འདིའི་ཆེད་དུ་ལྷང་ལྷང་གྲགས་པར་སྨོན།
ཁ་བ་ཅན་གྱི་ཁུ་བྱུག་སྔོན་མོ།།
ཁ་བ་བཞིན་དུ་ལྷག་བསམ་དཀར་པོ།།
ཁ་བ་གངས་ཀྱི་མི་འཇིགས་སེང་གེ །
ཁ་བ་ཅན་ནས་སྐུ་ཚེ་བརྟན་མཛོད།།
ང་ནི་ཁོང་གི་གླུ་གཞས་ཉན་ནས་འཚར་ལོང་བྱུང་བ་ཞིག་ཡིན་ལ། ཁོང་གི་རྡུང་ལེན་ལ་ཧ་ཅང་དགའ། ཁོང་གི་ལར་རྒྱ་ནི་ནམ་ཡང་གཡོ་བ་མེད་པ་ཞིག་ཡིན། ཁོང་གི་གནས་སྟང་འདིས་ངོ་མ་སེམས་སྐྱོ་སོང་། ཁོང་མྱུར་དུ་དྲག་སྐྱེད་ཡོང་བའི་སྨོན་ལམ་འདེབས།
གངས་ལྗོངས་ཡུལ་གྱི་ཁུ་ཕྱུག་སྔོན་མོ་། གངས་རི་དཀར་བོའི་གཟི་འོད་དངས་མ་། གང་གིའི་སྐུ་ལ་བར་ཆད་མེད་ཅང་། གང་གསུང་སླར་ཡང་ཐོས་པར་སྨོན་ནོ་།
བདུད་བྷེ་ནི་ངོ་མ་བོད་ཀྱི་གླུ་བ་ཡོད་ན་མེད་ན་དེ་རེད། ད་ལྟ་བོད་ནང་གི་རྡུང་ལེན་པ་མང་བོ་ཞིག་གིས་གངས་ལྗོངས་ཁུ་བྱུག་གི་དབྱངས་སྣ་ཚོགས་རྐུ་མ་བརྒྱབ་སྟེ་སྐད་འཛེར་འཛེར་གྱི་གླུ་འདྲ་མིན་གོ་རིམ་མེད་པར་ལེན་རྐྱེན་དེ་རིང་གི་བོད་ཀྱི་རྡུང་ལེན་ནི་གད་སྙིགས་ནང་བླུགས་ཚར་ཡོད། སྒྱུ་རྩལ་གྱི་བྲོ་བ་དང་མི་རིགས་ཀྱི་ཁྱད་ཆོས་སོགས་ཅི་ཡང་མེད་པར་བླ་སྤྲུལ་ཁ་ཤས་ཁྱབ་བསྒྲགས་བྱ་བྱེད་ཀྱི་ཚོང་རྫས་ལྟ་བུ་ཞིག་ཀྱང་ཆགས་ཡོད།
ཁོང་གི་ནད་གཞི་ལྕི་མོ་མྱུར་ཏུ་སངས་པའི་སྨོན་འདུན་ཞུ། ཁོང་གི་ལོ་རྒྱུས་མང་བོ་འབྲི་ཁུལ་བྱས་ན་ད་ལྟའི་ཁོའི་བདེན་འཇགས་ལ་ཕན་རྒྱུ་ལས་གནོད་ཤས་ཆེ།
ཨ་དགེའི་གསུང་ལ་བདེན་ཆ་འདུག མྱུར་དུ་ནད་ལས་གྲོལ་གྱུར་ཅིག
སངས་རྒྱས་ཚེ་དཔག་མེད་ཀྱིས་བསྲུང་སྐྱོབ་མཛོད།
ངས་གོང་གི་གཞས་ཚིག་འདི་ཐོག་མར་སྨོན་ལམ་གྱིས་བླངས་པའི་གཞས་ལས་གོ་བ་ཡིན་ལ་གཞས་ཚིག་འདི་རྩོམ་པ་པོ་ཡང་ཧོར་གཙང་སྨོན་ལམ་ཡིན་བསམས་སོང་།
ཁོང་གི་སྐུ་ཁམས་མྱུར་དུ་གསལ་ཐང་ཡོང་བར་སྨོན།
གངས་ལྗོངས་ཡུལ་གྱི་སོལ་རྒྱུན་རོལ་མོའི་རྒྱུ་རྩལ་བ་གྲགས་ཅན་དང་བོད་ལ་རྒྱའི་ཆེད་དུ་ལས་སྲོག་ཕང་མེད་བཏང་སྟེ་གངས་ཅན་པའི་ལས་དབང་གླུ་རུ་ལེན་མཁན་གདུང་ལེན་མཁན་པོ་གདུ་བྷེ་མཆོག་ལ་མི་འདོད་པའི་རྐྱེན་ངན་འདི་འདྲ་ཞིག་འཕྲད་ཡོད་པ་ཐོས་ནས་ཧ་ཅང་བློ་འཚབ་དང་ལུས་སེམས་སྐྱོ་བའི་གདུང་སོང། གང་ཡིན་ཟེར་ན་ཁོང་ནི་བོད་རང་གི་སྐད་ཡིག་དང་རིགས་གཞུང་ལ་དགའ་ཞེན་ཡོད་པའི་སྐྱེས་བུ་ཞིག་དང་མི་ཚེ་འདིར་ཕ་སྐད་གཙང་མའི་ངོས་ནས་བོད་ཀྱི་འདས་མ་ད་གསུམ་གྱི་སྐྱིད་སྡུག་གླུ་ལ་དྲངས་ནས་བོད་མི་རྒན་དར་གཞོན་གསུམ་གྱི་མི་ཚེའི་འཚོ་བ་དང་འབྲལ་ཐབས་མེད་པའི་སྙན་དབང་གསོ་བའི་དུས་བཞིར་སྙན་ལྷང་ལྷང་
དུ་གྲགས་པའི་གངས་ལྗོངས་ཁུ་བྱུག་ཡིན། དེར་མ་ཟད་གངས་ཅན་པའི་མི་རབས་འདི་ལ་རང་ཉིད་སུ་ཞིག་ཡིན་པ་དང་ཅི་ཞིག་བྱེད་དགོས་པ་སོགས་གོ་སླའི་ཚིག་གི་གླུ་ངག་ལ་དྲངས་ནས་སླབ་བྱའི་ལམ་སྟོན་སྒྲོན་མེ་ཞིག་ཀྱང་ཡིན་ལ་མི་རབས་འདིའི་གླུ་བ་ཚོའི་བསམ་བློའི་གོ་རྟོགས་གསོན་པོ་ལ་རྒྱའི་གླུ་དབྱངས་ཀྱི་ཚེ་སྲོག་ལ་བཅུག་པའི་་སློབ་དཔོན་ཆེན་མོ་ཟེར་ཀྱང་ཆོག་གི་སྙམ་སོང། གང་ལྟར་ཡང་ཁོང་གི་ཆེད་དུ་བོད་ལ་དགའ་བའི་རྩམ་པ་ཟ་མཁན་ཡོངས་ཀྱི་ཐུགས་་ཁུར་དང་རོགས་སྐྱོར་གནང་གི་ཡོད་པ་འདི་ང་ཚོ་ཁ་བ་རི་བའི་སྐྱིད་ཀྱི་རྟ་ཕོ་ཉམས་ཞོན་དང་སྡུག་གི་ཁུར་བོ་ཉམས་ཁུར་བྱས་ཏེ་མ་འོངས་པའི་ཕུགས་འདུན་དམར་པོ་དེ་དང་མདུན་ལྗོངས་དཀར་པོ་དེ་བསུ་བའི་རེ་སྨོན་ཉག་གཅིག་རེད། སྤུན་ཟླ་ཚོ་ཕྱོགས་གང་ཐད་ནས་རོགས་ཕན་རེ་བྱེད་ཐུབ་ན་ཐུགས་རྗེ་བླ་མེད་དུ་ཆེ་ཞུ་ཞུ།
སྐུ་གཟུགས་བདེ་་ཐང་ཡོང་སྟེ་སྐད་ངག་སྙན་མོ་ལྷང་ལྷང་གསལ་བར་སྨོན།
མ་རིག་མུན་སེལ་སྒྲོན་མེ་མཆོག།
སྡུག་བསྔལ་ནད་སེལ་སྨན་གྱི་ཕུད།།
དམ་ཆོས་དཀོན་མཆོག་ཐམས་ཅད་ལ།།
ཕྱག་འཚལ་མཆོད་ཅིང་སྐྱབས་སུ་མཆི།།
སེམས་ཅན་ནད་པ་ཅི་སྙེད་པ།།
མྱུར་དུ་ནད་ལས་ཐར་གྱུར་ཅིག།
འགྲོ་བའི་ནད་ནི་མ་ལུས་པ།།
རྟག་ཏུ་འབྱུང་པ་མེད་པར་ཤོག།
ནུབ་བདེ་བ་ཅན་དུ་སྐྱེ་བར་ཤོག།
༧།སྐུ་ཞབས་བདུད་བྷེ་ལགས་མྱུར་ཏུ་ནད་ལས
་སངས་དྲག་ཡོང་བའི་རེ་བ་དང་
སྒེར་གཅོད་པས་གནོད་ཚབས་གཏོང་
མི་ཡོང་བསམ་ནས་དོག་པ་ཡོད།།
གཞོན་ནུ་ཟླ་མེད་གྱིས་གསུང་ལ་མངོན་པར་བསྟོད་དོ་། གསེར་རྟ་་བསོད་ནམས་ཕུན་ཚོགས་ནས་ཅི་གསུང་གི་ཡོད་ལགས་། དེ་ལ་འབྲེལ་བཤད་ཞིག་རྒྱག་རོག་རེ་བ་ཡོད་།
ཁོང་གི་བོད་ཀྱི་སྐད་ཡིག་ཐད་བཞག་པའི་གྲུབ་འབྲས་ནི་བསྲུབ་ཏུ་མི་འོས་པ་ཞིག་མཐོང་། དམིགས་བསལ་ཨ་མདོའི་ཕྱོགས་སུ་དར་འཁྱབས་ཆེ་བའི་རྡུང་ལེན་གྱི་མཁན་པོ་བདུད་བྷེ་ལགས་ཀྱི་ནད་གཞི་ཕལ་ཆེར་ནང་བརྒྱུན་ཆང་རག་ཚད་མེད་གཏུང་ཚོད་འདུག་པས་དེའི་རྐྱེན་བྱས་མིན་འགྲོ་སྙམ།
གངས་ལྗོངས་ཁུ་བྱུག་སྔོན་མོ་བདུད་བྷེ་ལགས་ཀྱིས་་བོད་མི་རེ་རེའི་ཀུན་གཞིའི་མཐིལ་དུ་བརྗེད་ཐབས་བྲལ་པའི་
བགས་ཆགས་ཟབ་མོ་རྒྱ་མི་ཆུང་བ་ཞིག་བཞག་ཡོད་ལ་བདག་ལ་མཚོན་ན་ཡང་ཁོང་གི་གླུ་གཞས་སྙན་མོ་དེ་དགའ་དུས་རྕེད་རོགས་དང་སྡུག་དུས་ཁེན་ས་ལྟ་བུ་ཡིན་པས་ང་ཁྱེད་ལ་ཧ་ཅང་དགའ།ཁྱེད་ཀྱི་ནད་གཞི་སངས་གྲགས་ཡོང་བའི་སྐྱབས་འཇུག་ལྷ་བླ་མ་ལ་ཞུ་ངེས་ཡིན།།།།
བསུ་ཚང་ཀུན་དགས་སྤྲིངས།།
ཁྱེད་ལ་གཞིས་བྱེས་བོད་མི་ཡོངས་ཀྱིས་ཐུགས་ཁུར་དང་གསོལ་འདེབས་བྱེད་ཀྱིན་ཡོད།།རྔ་བ་རྡོ་རྗེ་ནས།།།།
https://www.facebook.com/photo.php?fbid=356430987749711&set=a.163861340340011.40034.100001484395374&type=1&theater
གངས་ལྗོངས་ཁུ་བྱུག་ལགས་ཁྱེད་ཀྱི་སྐད་ངག་སྙན་མོ་དང་རང་མི་རིགས་ལ་བཅང་བའི་ལ་རྒྱལ་
དེ་དག་གིས་ཆེས་བོད་མི་མང་པོ་ཞིག་ལ་བག་ཆགས་དང་དགའ་སྤོབ་བཞག་ཡོད་ངེས།།
བདུད་བྷེ་ལགས་ཁྱེད་ཀྱི་ནད་གཞི་སངས་གྲགས་ཡོང་བའི་སྨོན་ལམ་དང་
ལས་འབྲིས་ལ་སྐྱབས་འཇུག་ཞུ།།
སྐུ་ཉིད་ནད་ལས་མྱུར་དུ་ཐར་བ་ཤོག
སྐུ་གཟིགས་བདེ་ཐང་ཡོང་བའི་སྨོན།།
གངས་ལྗོངས་ཀྱི་གླུ་པ་གྲགས་ཆེན་གདུ་བྷེ་ལགས་མགྱོགས་ནས་མྱུར་དུ་ནད་ལས་གྲོལ་ཞིང་། ཁོང་གི་སྙན་ཞེིང་འཇེབས་པའི་ལ་རྒྱའི་གླུ་དབྱངས་ལ་སྔར་བཞིན་ལོངས་སུ་སྤྱོད་པའི་སྨོན་ལམ་ཡང་ཡང་འདེབས།
ཁོང་ནི་བོད་ཀྱི་གཞས་པ་མིང་དོན་མཚུངས་པའི་ཕོ་རྒོད་ཞིག་ཡིན་པའི་ང་ནི་ཁོང་ལ་ཤིན་ཏུ་དགའ།