ཡབ་ཆེན་པ་སངས་ཚེ་རིང།
ཁ་ཞེ་གཉིས་མེད་ཀྱིས་དངོས་ཡོད་གནས་ཚུལ་བཤད་པ་ཡིན་ན། དར་ཆ་མེར་སྲེག་བཏང་བ་དེ་ཏག་ཏག་བསྡད་ཡོད་པ་མ་རེད། དར་ཆ་དེ་རྒྱལ་ཁབ་ཀྱི་དར་ཆ་རེད། རྒྱལ་ཁབ་ཟེར་དུས་དེའི་འོག་ལ་ཡོད་པའི་མི་མང་ག་ཚོད་ཡོད་ན་དེའི་དར་ཆ་རེད། རྒྱལ་ཁབ་ཀྱི་དབུ་ཁྲིད་ཀྱི་པར་སྲེག་པ་ཡིན་འདྲ་འདུག ཁོང་ལ་དམའ་འབེབས་ག་ཚོད་བཏང་ནའང་དེ་བཏང་ཆོག་གི་རེད། དེ་འཕོ་འགྱུར་འབྱུང་ཡ་རེད། དར་ཆ་ལ་འཕོ་འགྱུར་ཁྱོན་ནས་ཡོད་པ་མ་རེད། རྒྱལ་ཁབ་དེ་རྩ་གཏོར་ཕྱིན་ན་མ་གཏོགས་དར་ཆ་གནས་རྒྱུ་རེད། རྒྱལ་ཁབ་དེ་མགོ་མཇུག་མ་སློག་བར་དུ་དེར་མི་སྟོང་ཕྲག་གཅིག་ལས་མེད་ཀྱང་དར་ཆ་དེ་དེའི་ཚབ་མཚོན་རེད། དཔེར་ན། ང་ཚོ་བོད་ད་ལྟ་སྐྱབས་བཅོལ་པ་ཡིན་ནའང་དར་ཆ་དེ་བསྡད་འདུག་ག རྒྱལ་ཁབ་དེའི་དར་ཆ་དེ་རྒྱལ་ཁབ་དེའི་མི་མང་གི་བླ་སྲོག་རེད། དེ་མེར་སྲེག་བཏང་ན་འགྲིག་གི་མ་རེད། མེར་སྲེག་བཏང་ན་རྒྱལ་ཁབ་དེའི་མི་མང་གི་བསམ་བློའི་ནང་མ་བདེ་བ་དང་འཁོན་འཛིན་ཆགས་ཀྱི་རེད།
ང་ཚོའི་ཁ་ནས་ག་རེ་བཤད་ཀྱི་ཡོད་པ་རེད་ཟེར་ན། ང་ཚོས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་མགོ་ཁྲིད་ཚོས་འགྲིག་གི་མི་འདུག ཆབ་སྲིད་ཀྱི་ལས་ཀ་དེ་ཏག་ཏག་བྱེད་ཀྱི་མི་འདུག བོད་ཐོག་འཛིན་པའི་སྲིད་བྱུས་འགྲིག་གི་མི་འདུག་ཟེར་གྱི་ཡོད་པ་རེད་མ་གཏོགས། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་འགྲིག་གི་མི་འདུག་ཅེས་ལབ་ཡོད་པ་མ་རེད། རྒྱལ་ཁབ་དེའི་མངའ་འབངས་མི་སེར་འགྲིག་གི་མི་འདུག་ཅེས་ལབ་ཡོད་པ་མ་རེད། རྒྱལ་ཁབ་ཀྱི་མཚོན་དོན་དེ་མི་མང་མེད་ན་རྒྱལ་ཁབ་ཆགས་ཀྱི་མ་རེད། རྒྱལ་ཁབ་མེད་ན་དར་ཆ་ཆགས་ཀྱི་མ་རེད། བྱས་ཙང། རྒྱལ་ཁབ་དེའི་མཚོན་རྟགས་དར་ཆ་མེར་སྲེག་བཏང་ན་ཁྱོན་ནས་འགྲིག་གི་ཡོད་པ་མ་རེད་ཅེས་སྔོན་མ་ནས་ངས་ལབ་ཀྱི་ཡོད།
དཔེར་ན། ང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ཞིག་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་རྒྱུན་ལས་སུས་འགྲིག་གི་མི་འདུག་ན་ཁོས་འགྲིག་གི་མི་འདུག་ཅེས་ཐེར་འདོན་བྱས། ཁོང་རྫབ་ཆེན་རེད་ཅེས་ཁོའི་པར་མེར་སྲེག་བཏང་བ་ཡིན་ན་ག་གེ་ཡོད་པ་མ་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དར་ཆ་མེར་སྲེག་བཏང་བ་ཡིན་ན། དེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་མང་ཉུང་ག་ཚོད་ཡོད་ནའང། ཚོགས་མི་ཚང་མའི་སེམས་ལ་བརྡབ་གསིག་ཆེན་པོ་བཟོ་ཡི་ཡོད་པ་རེད།
ཨ་མ་རི་ཀ་དང་རྒྱ་གར་ལ་ཆགས་བཞག་ན། ཁོང་ཚོ་འཁོན་འཛིན་ཡོད་མཁན་ཚོས་ཨ་མ་རི་ཀའི་དར་ཆ་མེར་སྲེག་བཏང་ན། རྒྱ་གར་གཞུང་གི་དར་ཆ་མེར་སྲེག་བཏང་བ་ཡིན་ན། ད་ག་འདྲ་ཆགས་ཀྱི་རེད། འཛམ་བུ་གླིང་ལ་འདི་འདྲ་དར་བ་ཡིན་ན་ག་འདྲ་ཆགས་ཀྱི་རེད། མི་ཐ་ཤལ་གྱི་སྤྱོད་པ་མ་རབས་ཀྱིས་འཐབ་རྩོད་བྱ་སྟངས་མ་རེད་དམ།
ལས་ཀ་ག་རེ་བྱས་པ་ཡིན་ན། བྱེད་སྟངས་ཤེས་པའི་ཐོག་ནས། དང་པོ་ནས་མདུན་ལ་ལྟོས། རྒྱབ་ལའང་ལྟོས། འདི་བྱས་ན་དགེ་ག་རེ་འདུག སྐྱོན་ག་རེ་འདུག ཕྱོགས་ཚང་མར་གཟིགས་ནས་ལས་ཀ་བྱེད་དགོས་པ་རེད་མ་གཏོགས། ལམ་སེང་གཞོན་སྐྱེས་ཀྱི་ལྟ་བ་ཁྱེར་ཡིན་ཟེར་མཁན། དེང་དུས་ཀྱི་ལྟ་བ་ཁྱེར་ཡིན་ཟེར་མཁན་ཞིག་གིས། ཚ་ག་ཚུག་གེ ཟ་ང་ཟིང་ངེ་བྱས་པ་ཡིན་ན། བོད་ཀྱི་རྩ་དོན་ལ་ཕན་པ་ལས་གནོད་ཆེ་ཡི་རེད། རྒྱ་ནག་མི་མང་ལ་ཕོག་ཐུགས་བྱུང་བ་ཡིན་ན་ང་ཚོ་བོད་མི་རིགས་ཀྱི་རྩ་དོན་ལ་ནམ་ཡང་གྲུབ་འབྲས་ཐོན་ཡ་ཡོད་པ་མ་རེད།
ང་ཚོར་རྒྱ་ནག་མི་མང་གི་རྒྱབ་སྐྱོར་དགོས་ཀྱི་ཡོད་པ་རེད། རྒྱ་ནག་མི་མང་གི་སེམས་ལ་ཕོག་ན་ང་ཚོར་རྒྱབ་སྐྱོར་བྱེད་ཀྱི་རེད་དམ་མ་རེད། “རྒྱ་ནག་གི་བོད་ཐོག་འཛིན་པའི་སྲིད་བྱུས་འགྲིག་གི་མི་འདུག་”ཟེར་གྱི་ཡོད་པ་མ་གཏོགས་དོན་དངོས་ང་ཚོའི་རྒྱལ་ཁབ་དང་ཆབ་འབངས་མི་མང་ལ་ཁོན་འཛིན་བྱེད་ཀྱི་འདུག་ཅེས་རྒྱ་ནག་གཞུང་གིས་ལབ་ན་དེའི་འགན་འཁྱོག་གི་རེད་དམ། སུ་གང་གིས་འཁྱོག་གི་མ་རེད། རྒྱལ་ཁབ་ཀྱི་རྒྱལ་དར་མེར་སྲེག་གཏོང་གི་འདུག་ལབ་ན། རྒྱལ་ཁབ་ཀྱི་རྒྱལ་དར་ཆབ་འབངས་ཀྱི་བླ་སྲོག་མ་རེད་དམ།
༢༠༡༢། ༥། ༤། ཉིན།
རྒྱ་ནག་དམར་ཕྱོགས་ཚོགས་པའི་རྒྱ་དར་གྱི་ལོ་རྒྱུས།
རྒྱབ་ལྗོངས་དམར་བོ་ལ་གཡོན་ཕྱོགས་ཀྱི་དར་ཤིང་དང་ཉེ་བའི་ཟུར་དུ་གསེར་མདོག་གི་སྐར་མ་ལྔས་བརྒྱན་པའི་རྒྱ་ནག་དམར་ཕྱོགས་ཚོགས་པའི་དར་ཆ་༼五星红旗༽དེ། ཕྱི་ལོ་༡༩༤༩ལོའི་ཟླ་༠༨ནང་དུ་ཧྲང་ཧེ་གྲོང་ཁྱེར་དུ་ལས་ཀ་བྱེད་བཞིན་པའི་རྒྱ་རིགས་ལས་མི་ཙན་ལེན་སོང༼ Zeng Liansong༽གིས་འཆར་འགོད་བྱས་འདུག་ལ།
ཡོངས་ཁུངས། ༼ http://en.wikipedia.org/wiki/Flag_of_the_People's_Republic_of_China ༽ རྒྱ་དར་དེ་ཕྱི་ལོ་༡༩༤༩ལོའི་ཟླ་༡༠ཚེས་༠༡ཉིན་ཐེངས་དང་བོར་རྒྱ་ནག་གནམ་བདེ་སྒོ་མོ་ཆེའི་ཐོག་ཏུ་བསྒྲེངས་འཛུགས་བྱས་འདུག རྒྱ་དར་དེ་མོའོ་ཙེ་ཏུང་དང་གྲོས་ངན་ལེ་སོགས་ཚུད་པའི་ཆེས་མཐོའི་དམར་ཕྱོགས་ཚོགས་མི་༣༡གྱིས་ཐག་གཅོད་བྱས་པ་ཞིག་ཡིན་འདུག
ཡོངས་ཁུངས། ༼http://www.chinese-flag.org/༽
རྒྱ་དར་དེའི་མཚོན་དོན་ཁག རྒྱབ་ལྗོངས་ཚོས་གཞི་དམར་བོ་དེས་རྒྱ་ནག་གི་གསར་བརྗེའི་ཡར་ལངས་མཚོན་ཡོད། སྐར་མ་ལྔ་ལས་ཆེ་བ་དེས་ཧན༼Han༽་མི་རིགས་དང་དེ་ནས་རིམ་བཞིན་སྐར་མ་གཞན་པ་ཀག་གི་མན་ཇུ༼ Manchus ༽ དང་། སོག་པོ།༼ Mongols ༽ཡུ་གུར།༼ Muslims ༽བོད།༼ Tibetans༽ སྐར་མ་དག་གི་ཁ་དོག་སེར་བོ་ཡིན་པ་དེས་གཙོ་བོ་མི་རིགས་དེ་དག་གི་རིགས་རྒྱུད་སེར་བོ་༼Yellow Race) ཡིན་པར་བསྟན་ཡོད་ཟེར།
ཡོངས་ཁུངས། http://en.wikipedia.org/wiki/Five_Races_Under_One_Union
རྒྱ་དམར་གྱི་རྒྱལ་དར་མེར་བསྲེགས་པ་དེས་རྒྱ་མི་རིགས་ཀྱི་ལུས་སེམས་ལ་མེ་བཙའ་ལྟ་བུའི་ན་ཟུག་ཅིག་བཞག་པ་ལས་ང་ཚོར་ཁེ་ཕན་དང་ཐོབ་བྱ་ཅི་ཡང་དེའི་ཉེར་ལེན་ལས་འབྱུང་མི་སྲིད་པ་རེད། འོན་ཀྱང་གཞོན་ལྷན་ནས་བསམ་བཞིན་རྒྱ་མི་རིགས་ལ་དོ་ཕོག་ཅིག་བཟོ་དགོས་ན་ནི་རྒྱུ་མཚན་གཞན་ཞིག་རེད།
ང་ཚོས་ནམ་ཡང་རྒྱ་རིགས་མི་མང་ལ་འཆམ་མཐུན་ངང་ཕུགས་རྒྱང་ལ་བསམ་བློ་བཏང་ནས་ད་ལྟའི་དཀའ་ངལ་དང་མ་འོངས་དམིགས་འདུན་སོགས་བརྒྱུད་སྤྲོད་ཀྱི་སྒོ་ནས་འཐབ་རྩོད་གནང་དགོས་པར་སེམས།
པ་སངས་ཚེ་དབང་ལགས། དེ་འདྲ་རང་ལབ་ན་གཞོན་ནུ་ཚོགས་པ་ལ་ཅི་ལབ་གྲགས་ཡོད།
འོ་ཡ། འགའ་རེས་ཟེར་ན། ཁྱོད་ལ་པདྨ་འབྱུང་གནས་ཀྱིས་དངུལ་སྤྲད་ནས་ཟླ་བ་ཚེ་རིང་གི་གྱོད་གཞི་དེ་ཕྱིར་འཐེན་བྱས་པ་རེད་ཟེར། དེ་འདྲ་ཡོད་མི་ཆེས་ཀྱང་། ཁྱོད་ཀྱིས་དེང་སང་དེའི་སྐོར་ལས་གཡོལ་གྱི་འདུག་པས། ག་རེ་ཡིན་ན། སྐྱེ་བ་གཅིག་ལ་སྐྱེ་ལུགས་གཉིས་ཡིན་པས། གནས་ཚུལ་དེ་ཁྲིམས་ཞིབ་ཁང་གིས་གསང་སྦས་བྱས། གྲོས་ཚོགས་ཀྱིས་ཐག་གཅོད་མ་བཅད་པ། ད་རུང་བཀའ་ཤག་གིས་གཞེན་བསྐུལ་གྲོས་འཆར་ཕྱིར་འགྱང་བྱས་པ་སོགས་ལ་ཁྱོད་རང་ཁ་བཙུམ་ནས་སྡོད་ཀྱི་ཡོད་པས། དེ་ཚོའི་སྐོར་གྱི་གནས་ཚུལ་མེད་པ། རྒྱལ་དར་མེར་བསྲེག་དེ་རྒྱ་མའི་རྒྱ་དར་རེད། ཁྱོད་རང་དེ་ཙམ་ཐོས་རྒྱ་མི་འདུག་ལོ
ཨ་ཨ་རས་དམར་ཞིག་བསྲེགས་པས་རྒྱ་མི་རིགས་ཕོག་ཐུག་འགྲོ་གི་ཡོད་ན་ང་ཚོའི་མི་རིགས་གསོན་པོ་བསྲེགས་པར་ཕོག་ཐུག་མི་འགྲོ་བའི་རྒྱུ་མཚན་ག་རེ་ཡོད་དམ། ཁེ་ཕན་ནི་དར་དམར་བསྲེག་ན་འདྲ་དར་དམར་འཕྱར་ན་འདྲ་ཁེ་ཕན་ཅི་ཞིག་ཡོད་མེད་ཚང་མས་ཤེས་གསལ་རེད། གང་ལྟར་དར་དམར་ནི་བོད་དང་བོད་མི་རིགས་ཀྱི་དགྲ་བོ་ངོ་མ་དེ་ཡིན། ནམ་ཡང་འཕྱར་གྱི་མིན་ལ་ནམ་ཡང་བསྲེག་གི་ཡིན། སུ་ལ་ཕོག་ཐུག་སོང་ན་ཡང་སྡུག་གྱོང་བགྱིས་ཨ།
རྒྱ་གུང་ཁྲན་གྱི་དར་ཆ་དམར་པོ་དེ། གུང་ཁྲན་གྱི་བླ་སྲོག་ཡིན་གྱི་རེད་མ་གཏོགས། བོད་མིའི་བླ་སྲོག་ཡིན་དོགས་མེད། དེ་བས་བོད་མིའི་ཚེ་སྲོག་འབུམ་ཕྲག་མང་པོ་དར་དམར་དེའི་འོག་ཏུ་ཤོར་ཡོད།
ད་དུང་སྐར་མ་ཆུང་བ་བཞི་དེ་རྒྱ་མི་རིགས་ཀྱི་བཙན་དབང་འོག་ཏུ་ཡོད་པའི་མི་རིགས་གཞན་ཁག་གི་མཚོན་རྟགས་ཡིན་པ་མི་ཤེས་སམ།
ཁྱོད་གཞོན་ནུའི་ཚོགས་མི་ཡིན་ཟེར་བ་ཞབས་འདྲེན་མིན་ན་ཅི་ཡིན། རྒྱབ་མདུན་གཡས་གཡོན་ཚང་མར་ཁྱོད་རང་བསམ་བློ་གཏོང་དགོས་འདུག
རྒྱ་ནག་གི་དར་དམར་མེ་ལ་མ་སྲེགས་པར་ཁྱོད་ཚོའི་མགོ་ལ་བཙུགས་བསྡད་ཀྱང་ནམ་ཡང་རྒྱ་བོད་གཉིས་འཆམ་མཐུན་ཡོང་སྲིད་ཀྱིན་མ་རེད། གཉིས་སྟོང་བརྒྱད་ཀྱི་ཡར་སྔོན་གཡུག་ཤོག་་་ལོ་ཤས་ནང་ལ་བོད་མི་ག་ཚད་ཅིག་དམར་བསད་བྱས་སོང་་་་ག་ཚད་ཅིག་བཙོན་ལ་བཅུགས་སོང། ༰མགོན་གོང་ས་མཆོག་གཙོས་བོད་སྲིད་གཞུང་ལ་ག་ཚད་ཅིག་སྐྱོན་བརྗོད་བྱས་སོང་་་་་ཁོག་རྒྱ་ཆེ་མདོག་ལ་་་་་ སྙིང་ལ་རུས་པ་ཡོད་དམ། དར་དམར་སྲེག་ན་འཆམ་མཐུན་ཡོང་བར་གནོད་ཀྱིན་ཡོད་ན་་་་་་མ་སྲེག་ན་འཆམ་མཐུན་ཡོང་རྒྱུའི་བདེན་ཚོད་ཅི་ཙམ་ཁྱོད་ཚོར་ཡོད་དམ། ཨ་རི་དང་རྒྱ་གར་སོགས་ཀྱི་རྒྱ་དར་དང་་་་་རྒྱ་ནག་དམར་བོའི་སྲིད་གཞུང་གི་དར་ཆ་གཉིས་ཕྱོགས་གང་ཅིའི་ཆ་ནས་འདྲ་བོར་མཐོང་གིན་འདུག་གས། རྒྱ་ནག་མི་མང་གིས་བཙུགས་ཤག་པའི་སྲིད་གཞུང་དེ་སྲིད་གཞུང་ཚད་ལྡན་མིན་ན་དར་ཆ་དེ་ཡང་ཚད་ལྡན་ཞིག་ཡིན་སྟངས་ག་ལ་ཡོད། དར་དམར་མེར་བསྲེགས་པའི་རླབས་ཆེ་བའི་ལས་འགུལ་འདིས་དོན་ལ་གང་མཚོན་གྱིན་ཡོད་མེད་ལ་བསམ་བློ་འཁོར་ཨེ་མྱོང་ལགས།
རྒྱ་ནག་གི་དར་དམར་མེ་ལ་མ་སྲེགས་པར་ཁྱོད་ཚོའི་མགོ་ལ་བཙུགས་བསྡད་ཀྱང་ནམ་ཡང་རྒྱ་བོད་གཉིས་འཆམ་མཐུན་ཡོང་སྲིད་ཀྱིན་མ་རེད། གཉིས་སྟོང་བརྒྱད་ཀྱི་ཡར་སྔོན་གཡུག་ཤོག་་་ལོ་ཤས་ནང་ལ་བོད་མི་ག་ཚད་ཅིག་དམར་བསད་བྱས་སོང་་་་ག་ཚད་ཅིག་བཙོན་ལ་བཅུགས་སོང། ༰མགོན་གོང་ས་མཆོག་གཙོས་བོད་སྲིད་གཞུང་ལ་ག་ཚད་ཅིག་སྐྱོན་བརྗོད་བྱས་སོང་་་་་ཁོག་རྒྱ་ཆེ་མདོག་ལ་་་་་ སྙིང་ལ་རུས་པ་ཡོད་དམ། དར་དམར་སྲེག་ན་འཆམ་མཐུན་ཡོང་བར་གནོད་ཀྱིན་ཡོད་ན་་་་་་མ་སྲེག་ན་འཆམ་མཐུན་ཡོང་རྒྱུའི་བདེན་ཚོད་ཅི་ཙམ་ཁྱོད་ཚོར་ཡོད་དམ། ཨ་རི་དང་རྒྱ་གར་སོགས་ཀྱི་རྒྱ་དར་དང་་་་་རྒྱ་ནག་དམར་བོའི་སྲིད་གཞུང་གི་དར་ཆ་གཉིས་ཕྱོགས་གང་ཅིའི་ཆ་ནས་འདྲ་བོར་མཐོང་གིན་འདུག་གས། རྒྱ་ནག་མི་མང་གིས་བཙུགས་ཤག་པའི་སྲིད་གཞུང་དེ་སྲིད་གཞུང་ཚད་ལྡན་མིན་ན་དར་ཆ་དེ་ཡང་ཚད་ལྡན་ཞིག་ཡིན་སྟངས་ག་ལ་ཡོད། དར་དམར་མེར་བསྲེགས་པའི་རླབས་ཆེ་བའི་ལས་འགུལ་འདིས་དོན་ལ་གང་མཚོན་གྱིན་ཡོད་མེད་ལ་བསམ་བློ་འཁོར་ཨེ་མྱོང་ལགས།
དར་དམར་འཛིན་མཁན་གྱི་ལག་པ་གཅོད་པའི་ཐབས་ཤེས་མི་བྱེད་པར་རས་དམར་པོ་ཞིག་ལ་དེ་འདྲའི་སྡང་དོན་ག་རེ་ཡོད་རེད།
གཞོན་ནུ་ཚོགས་པ་ལ་མཐའ་གཅིག་ཏུ་ཡི་རངས་དང་རྒྱབ་བསྐྱུར་ཞུ་རྒྱུ་ཡིན། དར་དམར་འདིའི་ཉེས་སྐྱོན་བཤད་ན་རྫོགས་མེད། ང་དགུ་ལོའི་ཆག་འཇིག་ཕར་ཞོག ཉེ་ཆེར་བཤད་ན་དར་དམར་འདིས་ང་ཚོའི་དཔའ་རྒོད་བཞི་བཅུ་ཡུན་ཞིག་མེ་སྲེག་གཏོང་ཚུར་བ་མ་ཤེས་སམ། དར་དམར་འདི་བོད་ཀྱི་རྒྱལ་ས་སྒྲེང་བའི་ཉེར་ལེན་རེད། ད་དུང་གླང་ཚ་མ་བུ་གསུམ་གྱི་དར་དམར་བོད་ཀྱི་རྒྱལ་སར་སྒྲེང་དུ་འགྲོ་བ་ཡིན་ནམ་ཡང་ན་མེ་སྲག་གཏང་དུ་འགྲོ་བ་རེད། གང་ལྟར་ཀྱང་མེ་ལ་མ་སྲེག་རུང་དར་དམར་ཡར་སྒྲེང་བ་འདི་བོད་མི་ཞིག་གི་འོས་འགན་ཞིག་གཏན་ནས་མིན་པ་ཤེས་ན་བཟང་།།
བོད་ཀྱི་སྲོག་ལ་རྒྱ་ཡིས་རྒོལ་ཀྱང་བྱང་སེམས་ཆེ་མདོག་མདོག།
རྒྱ་ཡི་དར་ལ་བོད་ཀྱིས་སྡང་བར་ཐུགས་ཚབ་ཆེ་མདོག་མདོག།
པ་སངས་འདྲ་བའི་ཅོལ་ཆུང་འདི་འདྲ་མང་མང་ནས།།
བོད་ལ་ཐོབ་དགོས་སྐལ་བ་ད་དུང་རེག་མ་མྱོང་།།
གཞོན་ཚོགས་ལ་རྒྱབ་སྐྱོར་བརྒྱ་ཆ་༡༠༠མེད།
གཞོན་ལྷན་རྒྱབ་སྐྱོར་བརྒྱ་ཆ་༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩༩ ཡོད
དེ་རིང་ནས་གཞོན་ནུ་ཚོགས་པ་ཟེར་བ་དེ་དག་ཤ་ཁག་ཁག་དང་གྲི་སོ་སོ་ཡིན།
གླིང་ཚ་མ་བུ་གསུམ་ལ་རང་ཉིད་ཀྱི་བྱས་རྗེས་བསྔོ་རྒྱུ་མེད་པ་རྟོགས་ནས་སྐྱོན་བརྗོད་བྱས་པ་དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།
ཐུབ་བསྟན་དངོས་གྲུབ་ཀྱིས་རང་སྲེག་བྱས་པ་དང་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བའང་གཞོན་ནུ་ཚོགས་པའི་གོ་སྒྲིག་འོག་ནས་གྲུབ་འབྲས་ཐོན་ཚུལ་གྱི་འུད་སྒྲོག་གནམ་ལ་མི་ཤོང་པ་རེ་བྱེད་པ་ལྟ་བུ་ནི་དངོས་གནས་ཡིད་མུག་དགོས་པའི་བྱ་སྤྱོད་རེད།
ད་ཐེངས་གླིང་ཚ་མ་བུ་གསུམ་ལ་དེ་ལྟར་བྱེད་ས་མ་འགྲོ་བས་ངོ་རྒོལ་བྱས་པ་རེད།
དངོས་གནས་ངོ་ཚ་མེད།
གཞོན་ལྷན་ལ་དོལ་རྒྱལ་བཞིན་དེ་རིང་ནས་བཟུང་ཆོས་དང་ཟང་ཟིང་གཉི་གའི་འབྲེལ་བ་བཅད་པ་ཡིན་ནོ།།
པ་སངས་ཚེ་རིང་ལགས། ཁྱེད་རང་གི་གསུངས་ན་གཞོན་ནུའི་རྒྱ་ནག་གི་རྒྱལ་དར་མེ་བསྲེགས་བྱས་པར་དེ་མི་ཐ་ཤལ་གིས་བྱེད་སྟངས་རེད་ཟེར། མ་ཚད་ཁྱེད་རང་ཡང་གཞོན་ནུའི་ཚོགས་མི་ཡིན་ཟེར། ད་དུང་རྒྱལ་དར་མེ་བསྲེགས་བྱས་པའི་དབང་གིས་གཞོན་ནུའི་ནང་ཁུལ་དུ་འཆམ་མཐུན་མེད་ཟེར། དངོས་གནས་ཡ་མཚན་སྐྱེ་བྱུང། འཇིག་རྟེན་འདིའི་གོང་དུ་མི་ཐབས་ཆག་དེ་འདྲ་སྐྱེ་རྒྱུ་འདུག། ངས་དཀོན་མཆོག་དཔང་དུ་གཙུགས། མི་དེ་ཚོའི་རིགས་དེ་མི་ལུས་བླངས་པ་ལས་ཁྱི་ལུས་བླངས་ན་ཡག་གི་རེད། ཁྱི་ལུས་བླངས་ཡང་བདག་པོ་ངོ་ཤེས་གི་རེད། ཁྱེད་ནི་ཁྱི་ལས་ཀྱང་སྡུག་པ་བདག་པོ་ཡང་ངོ་ཤེས་གི་མི་འདུག། དྲ་གྲོགས་ཚོར། དུས་རྒྱུན་ཚིག་མཐོ་དམན་ཏིག་ཙམ་བྱུང་ན་རྒྱ་མིའི་ཉུལ་མ་ཅེས་འབོད་སྲོལ་ཡོད། ད་ག་རེ་བྱས་སོང། གཞོན་ནུའི་ལགས་ཕྱོགས་དེ་ད་ལྟར་གསར་པ་བཟོས་པ་དེ་འདྲ་མ་རེད། བོད་ས་ཤོར་ནས་གཞོན་ནུའི་ལངས་ཕྱོགས་ལ་འགྱུར་བ་ཕྱིན་མེད། གཞོན་ནུའི་ཚོགས་གཙོ་མཆོག་ལ་ཞུ་རྒྱུར། པ་སངས་ཚེ་རིང་ཟེར་མཁན་འདི་གཞོན་ནུའི་ཚོགས་མི་ཡིན་མིན་བརྟག་དཔྱད་གནང་རོགས། གལ་སྲིད་ཡིན་ན་རྒྱང་ཕུད་གཏོང་རོགས། མིན་ན་བརྩད་གཅོད་གནང་རོགས། མི་འདིའི་རིགས་སྤྱི་དོན་ཁར་ཁུར་ནས་ཁེ་བཟང་ལེན་མཁན་དང་དཀྲུག་ཤིང་བྱེད་མཁན་ཡིན་པ་ཧ་གོ་དགོས་འདུག། གཞོན་ནུའི་ཚོགས་མི་མིན་པ་ཐག་གི་ཆོད། རྒྱ་མི་མང་ལ་དེ་ཙམ་དགའ་ཞེན་ཡོད་ན་བཙན་བྱོལ་སྤྱི་ཚོགས་དུ་འཚོ་གནས་བྱེད་ནས་ག་རེ་བྱེད་ག། གཞོན་ནུའི་ལགས་ཕྱོགས་ཁ་ཁ་ཡིན་པ་ཧ་གོ་དགོས། གཞོན་ནུའི་ལས་འགུལ་ག་རེ་སྤེལ་ཀྱང་གཞོན་ནུའི་སྤེལ་བ་སོང་ཙང། དེ་ལ་བྱུས་གཏོག་དགོས་མ་རེད། བོད་དོན་འཐབ་བརྩོད་བྱེད་སྟངས་མ་འདྲ་བ་ཡོད་དུས་དགའ་དགོས་པ་ལས་དེར་གནོད་པའི་འགལ་རྐྱེན་བྱས་ན་མ་འགྲིག་པ་རེད། པ་སངས་ཚེ་རིང་ལགས། ངས་ཁྱེད་ཀྱི་རྒྱབ་ལྗོངས་ལ་བརྟག་དཔྱད་བྱེད་ངེས་ཡིན། གནས་ཚུལ་ཚང་མ་ཧ་གོ་དུས་ངས་དྲ་ཚུགས་སུ་གཟིགས་འབུལ་ཡོད་པར་ཞུ་ཆོག།
གཞོན་ལྷན་ནས་རྒྱའི་རྒྱལ་དར་མེ་ལ་བསྲེགས་པ་ནོར་བའི་དབང་ཏུ་བཏང་ཡང་ཁྱེད་རང་ནས་གླེང་སྟེགས་འདི་ངེས་པར་དུ་བེད་སྤྱོད་བྱེད་དགོས་དོན་མེད། དེ་ལས་གཞོན་ནུའི་ཡིག་ཚང་དུ་ཕྱིན་ཏེ་ཕན་ཚུན་སྦྱང་བཤད་བྱེད་དགོས་པ་ལས། གླེང་སྟེགས་འདི། གནས་དོན་འདི་ལྟ་བུའི་སྟེང་བེད་སྤྱོད་བྱེད་ཡུལ་ཤིག་མིན། དགོས་དབང་ཡིན་ཚེ་ཞུ་རྒྱུ་མེད།
རྒྱལ་དར་གྱི་རིན་ཐང་ལྟ་ཚུལ་ཐད་ལ་མི་སོ་སོར་བསམ་ཚུལ་མི་འདྲ་བ་རེ་ཡོད་པ་རེད། བསམ་ཚུལ་མི་འདྲ་བ་དེའི་ཐོག་ནས་མི་ལ་ལས་རྒྱལ་དར་གང་ཞིག་མེ་ལ་བསྲེགས་པ་དང་། མི་ལ་ལས་རྒྱལ་དར་གང་ཞིག་གནམ་ལ་འཁྱེར་བཞིན་ཡོད། ཡང་་མི་ལ་ལའི་སེམས་ལ་རས་ལྷེ་གྲུ་བཞི་ཞིག་གི་ཚབ་ལས་ལྟ་གི་མེད།
ལྟ་ཚུལ་མི་འདྲ་བ་དེ་ཚོས་རང་རང་གི་ཆབ་སྲིད་ལ་འཛིན་པའི་ཚོར་བའི་རྣོ་ངར་མཚོན་པ་ཡིན།
མི་ལོ་སྟོང་ཕྲག་མང་པོའི་སྔོན་གྱི་གནའ་བོའི་མི་རིགས་དང་རྒྱལ་ཁབ་ཕནཚུན་གྱི་དམག་ཁྲུག་སྐབས་ལ་འང་རྒྱལ་དར་ནི་དམག་འཁྲུག་རྒྱལ་ཕམ་གྱི་མཚོན་བྱེད་གཙོ་བོ་དེར་ངོས་འཛིན་པ་ཡིན། དེང་སང་གི་རྒྱལ་སྲིད་འཐབ་རྩོད་དང་མི་རིགས་འཐབ་རྩོད་གྱི་སྐབས་སུ་ཡང་རྒྱལ་དར་ནི་གནའ་བོ་ནས་རྒྱུན་མཐུད་ནས་ཡོང་བའི་ངེས་འཛིན་མཚོན་བྱེད་རྟགས་གཙོ་བོ་དེ་ལས་གཞན་མིན།
རྒྱལ་དར་གྱིས་མི་མང་མཚོན་པ་མ་ཡིན་པར་མི་མང་ལ་དབང་བསྒྱུར་བའི་སྐབས་ཐོག་གི་སྲིད་དབང་མཚོན་པ་ཡིན། གལ་སྲིད་མི་མང་གི་སེམས་ལ་ཕོག་ཐུག་བྱུང་སྟེ་སྲིད་དབང་རྗེས་བསྒྱུར་གྱི་སྐབས་ལ་བསླེབས་ཚེ་རྒྱལ་དར་ཡང་མར་ཕབ་ནས་བརྗེ་བསྒྱུར་དགོས་པ་རེད། གནའ་ནས་ད་བར་དུ་ཡུལ་ལུང་སོ་སོའི་རྒྱལ་དར་གཅིག་རང་གཅིག་བཙུགས་ནས་ཡོང་བ་ཞིག་མ་རེད།
ངའི་མིག་དབང་ལ་ཁྲུས་པའི་ན་ཚ་བྱུང་བ་མིན་ན་ཉིས་སྟོང་བརྒྱད་ལོའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་ལ་མདོ་སྨད་ཡུལ་ཚོ་ཁག་ཅིག་གིས་རང་གི་སྲིད་གཞུང་གི་རྒྱལ་དར་མར་ཕབས་ནས་ས་ལ་གཡུག་པ་དང་། ཚབ་ལ་སེངྒེ་རྒྱལ་ཡང་བསྒྲངས་འདུག་པ་མངོན་སུམ་དུ་མིག་གིས་མཐོང་རྒྱུ་བྱུང་།
རྒྱལ་དར་གྱིས་མི་མང་མཚོན་པ་མ་ཡིན་པ་ཞེས་གོང་དུ་ཤོད་པ་བཞིན་རྒྱལ་དར་གྱིས་མི་མང་མི་མཚོན་པ་མ་ཟད་མི་མང་ཁོང་ཁྲོ་བསླངས་པའི་སྐབས་ཀྱང་ཡོད་པ་རེད། ཁ་སང་དེ་རིང་གི་སྐབས་ནི་རྒྱལ་དར་ལ་ལས་མི་མང་ཁོང་ཁྲོ་བསླངས་གིན་ཡོད། མི་མང་མང་ཆེ་བའི་སེམས་ལ་རྒྱལ་དར་མགྱོགས་པོར་མར་ཕབ་ནས་སྲིད་དབང་མགོ་རྟིང་བསློག་དགོས་རེ་བ་བྱེད་བཞིན་ཡོད། དེའི་མཚོན་བྱེད་གཅིག་ནི། ཨ་རབ་གླིང་གི་ལི་བྷི་ཡའི་མི་མང་གིས་ལས་ཀ་དེ་ཡོངས་སུ་གྲུབ་པ་རེད་ལ། སེ་རི་ཡའི་མི་མང་རྣམས་ཀྱང་དེ་དེ་བཞིན་ཡིན།
དེ་བཞིན་ཀྲུང་གོའི་ཧན་མི་རིགས་མི་མང་གི་སེམས་ལ་ཡང་དར་ཆ་དམར་པོ་དེ་མིག་གིས་མཐོང་འདོད་བྱེད་ཀྱི་མེད་པའི་མི་མང་ཧ་ཅང་མང་པོ་རེད། བོད་རིགས་གཙོའི་གྲངས་ཉུང་མི་རིགས་གཞན་དག་གིས་ནི་ཤོད་མ་དགོས་པ་ཡིན།
གཞོན་ནུ་ལ་རྒྱབ་སྐྱོར་%100 ཡོད། པ་སང་ཚེ་རིང་ལ་ངོ་བརྒོལ་%100 ཡོད།
གངས་ལྗོངས་ཁུ་བྱུག་སྔོན་མོའི་རྡུང་ལེན།
ང་ནི་བོད་ཀྱི་བུ་ཡིན།།
བོད་ལ་དགའ་བའི་བུ་ཡིན།།
ང་ནི་བོད་ཀྱི་བུ་ཡིན།།
བོད་ལ་བྱམས་པའི་བུ་ཡིན།།
ཁྱོད་ཀྱང་བོད་ཀྱི་རིགས་ཡིན།།
ཤ་རུས་གཅིག་པའི་གཉེན་ཡིན།།
རང་རིགས་རང་གིས་མ་སྨོད།།
བོད་ལ་བརྩེ་སེམས་མ་བརྗེད།།
ང་ནི་བོད་ཀྱི་བུ་ཡིན།།
བོད་སྐད་ཤེས་པའི་བུ་ཡིན།།
ང་ནི་བོད་ཀྱི་བུ་ཡིན།།
ཕ་སྐད་ཤེས་པའི་བུ་ཡིན།།
ཁྱེད་ཀྱང་བོད་ཀྱི་རིགས་ཡིན།།
ཤ་རུས་གཅིག་བའི་གཉེན་ཡིན།།
ཕ་མེས་སྐད་ཡིག་མ་སྨོད།།
རང་སྐད་རང་གིས་མ་བརྗེད།།
ང་ནི་བོད་ཀྱི་བུ་ཡིན།།
ལ་རྒྱ་ཅན་གྱི་བུ་ཡིན།།
ང་ནི་བོད་ཀྱི་བུ་ཡིན།།
རྣ་མགྱོག་ཅན་གྱི་བུ་ཡིན།།
ཁྱོད་ཀྱང་བོད་ཀྱི་རིགས་ཡིན།།
ཤ་རུས་གཅིག་པའི་གཉེན་ཡིན།།
ཁྲེལ་དང་ངོ་ཚ་ཡོད་ན།།
བོད་མིའི་ལ་རྒྱ་མ་བརྗེད།།
གཞིས་ལུས་བོད་མི་ཚོས་རྒྱ་ནག་གི་རྒྱ་དར་ལ་ལྟ་སྟངས།
ཉིན་འདི་འགར་ཁམས་ཀརྨ་དགོན་པར་རྒྱ་གཞུང་གིས་ལས་བྱེད་མི་སྣ་སླེབས་ནས་འདུ་ཁང་གཙོས་གྲྭ་ཤག་ཚང་མའི་ཐོག་ཏུ་རྒྱ་ནག་གི་རྒྱ་དར་འཕྱར་དགོས་པའི་བཙན་བཀའ་བཏང་བར་བརྟེན་གྲྭ་བ་རྣམས་དགོན་པ་འདུག་མ་ཐུབ་པར་ཡུལ་བྱོལ་དུ་ཕེབས་དགོས་བྱུང་འདུག དེ་བཞིན་སྐབས་དེར་གནས་ཚུལ་དེར་ངོ་རྒོལ་བྱེད་མཁན་གྲྭ་བ་ཀ་ཤས་དགོན་པ་ནས་ཕྱིར་ཕུད་གཏོང་རྒྱུ་ཡིན་པར་བརྗོད་འདུག
གནས་ཚུལ།
http://www.tibetexpress.net/bo/home/2010-02-04-05-37-19
འབའ་ཤིང་ཁྲི་དགོན་པར་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་དང་འབྲེལ་ན་རྒྱ་ནག་གི་རྒྱ་དར་བསྒྲེགས་འཛུགས་ཀྱི་ལས་གཞི་ལར་བསྟར་བྱས་ཡོད་ལ། དགེ་འདུན་པ་དང་ཉེར་རྟོག་པའི་བར་དུ་གནད་དོན་དེའི་ཐད་དུ་རྙོག་གླེང་བྱུང་ནས་མི་མང་གང་བྱུང་འཛིན་བཟུང་བྱས་ཡོད་འདུག།
གནས་ཚུལ།
http://www.tibetpost.org
ལོ་སྔོན་མ་ནས་བཟུང་ལྷ་ས་ཁུལ་གྱི་གྲོང་གསེབ་ཁུལ་དུ་རྒྱ་ནག་གི་རྒྱ་དར་བསྒྲེང་འཛུགས་ཀྱི་ལས་གཞི་ཞིག་འགོ་འཛུགས་བྱས་ཡོད་ལ། དེའི་ཁྲོད་དུ་བཙན་གྱིས་ལས་བྱེད་ཁག་གྲོང་གསེབ་ཁག་ཏུ་བསྐྱོད་ནས་ཁྱིམ་ཚང་རེ་རེ་བཞིན་རྒྱ་དར་འགྲེམས་སྤེལ་དང་ཁང་ཐོག་ཏུ་རྒྱ་དར་མ་བཙུགས་ན་ཆད་མ་ནན་མོ་གཅོད་རྒྱུ་ཡིན་ཚུལ་བཤད་འདུག།
གནས་ཚུལ།
http://www.chinatibetradio.com
གཞོན་ལྷན་རྒྱབ་སྐྱོར་བརྒྱ་ཆ་༡༠༠༡༠༠་༡༠༠༡༠༠༡༠༠༡༠༠༡༠༠༡༠༠༡༠༠༡༠༠༡༠༠༡༠༠༡༠༠༡༠༠༡༠༠༡༠༠༡༠༠ཡོད
ཕྲན་གྱིས་གླིང་ཚ་མ་བུ་གསུམ་གྱིས་ལས་འགུལ་འགོ་བརྩམས་པ་ནས་ད་བར་རྒྱབ་སྐྱོར་དང་གུས་ཞབས་ཚད་མེད་ཞུ་བཞིན་ཡོད་ལ་རྒྱ་མིའི་དར་ཆ་འཕྱར་བར་ལའང་ངོ་རྒོལ་བྱེད་བཞིན་མེད། བོད་དང་བོད་མིའི་རྩ་དོན་མདུན་དུ་བཞག་སྟེ་སོ་སོའི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་འབྲེལ་ནས་ལས་འགུལ་སྤེལ་བ་ཡིན་པར་ངོས་འཛིན་བཞིན་ཡོད། དེ་བཞིན་གཞོན་ནུའི་གསར་བསྒྲགས་འདིའང་ཚད་ལྡན་ཞིག་ཏུ་ངོས་འཛིན་བཞིན་ཡོད། གཞོན་ནུའི་ལང་ཕྱོགས་རང་བཙན་ཙམ་དུ་མ་ཟད་སྐར་ལྔའི་དར་དམར་འདིའི་མཚོན་དོན་འདིའང་གཞོན་ནུའི་ཁས་ལེན་ཐབས་བྲལ་བས་ཚོགས་པ་ཞིག་་གི་ངོས་ནས་གསལ་བསྒྲགས་མ་གནང་མཐུ་མེད་ཡིན་ཤག་རེད། གནས་དོན་འདི་རིགས་ངེད་ཅག་གིས་ཆེ་རུ་བཏང་སྟེ་གང་མིན་ཚད་རྫབ་ཆེན་རེད་འདྲ་བ་དེ་འདྲ་མ་བཤད་ན་ཡག་སྙམ། གཞོན་ནུ་ཚོགས་པའི་ཟུར་གཅིག་ནས་སྐྱོན་ཞིག་ཨེ་རགས་ལྟ་བ་ལས་གཞོན་ནུས་དཀའ་ལས་གྲངས་མེད་བརྒྱབས་པའི་ཟུར་རེ་མཐོང་ན་ལས་རྒྱུ་འབྲས་ལ་འགྲོ་བ་ཡག་གི་རེད། ལང་ཕྱོགས་དབུ་ལམ་ཅན་གྱི་ཚོགས་སྡེ་གང་རུང་གིས་རྒྱ་མིའི་རྒྱལ་དར་མེར་བསྲེགས་ན་ཁྱེད་ཀྱིས་འདི་ལྟར་སློབ་སྟོན་གནང་འོས་ཀྱང་གཞོན་ནུའི་ལང་ཕྱོགས་དང་དམིགས་ཡུལ་གང་གི་ཆ་ནས་དེ་ལྟར་ངོས་མི་ལེན་སེམས་ཐག་རེད། དེས་ན་ཕྲན་གྱིས་ཕྱོགས་གཉིས་ཀའི་ལས་དོན་ཁག་དོན་མཐུན་དུ་འཛིན་བཞིན་ཡོད། གང་ལྟར་དོན་བྱེ་བྲག་པའི་ཐོག་ནས་སྐྱོན་མཐོང་བས་ལས་དོན་ཡོངས་སྐྱོན་ཅན་དུ་བརྩི་བ་ལྟ་བུ་ནི་སྐྱོན་བརྗོད་སྟངས་སྐྱུག་བྲོ་བ་ཞིག་ལས་ཅི། རྗེས་སོར་ཚང་མས་གཟབ་རྒྱུའི་རེ་བ་ཡོད།
གླིང་ཚ་མ་བུ་གསུམ་གྱིས་དཀའ་སྡུག་ལ་སྐད་ཆ་འདྲ་མིན་བཤད་མི་ཕོད།
གཞོན་ལྷན་གྱིས་རྒྱ་ནག་གི་དར་དམར་པོ་ཁྱེར་བར་ངོ་རྒོལ་ཡོད་ཚུལ་བཤད་པ་ཡང་ཚོགས་པ་དེའི་ལངས་ཕྱོགས་ཤིག་ནས་བཤད་པ་ཡིན་པས་ང་ཚོས་འདིར་བོད་མི་རིགས་པ་ཁེ་ཕན་ཡོད་མེད་དང་། རྒྱ་མི་རིགས་ཀྱི་སེམས་ལ་རྨ་ཁ་བཟོས་ཡོད་མེད་ལ་ཚོད་དཔག་རི་འདྲ་བ་རེ་བྱེད་དགོས་པ་མི་འདུག་སྙམ།
གོང་དུ་གྲོགས་རྩམ་དགའ་དང་འདོད་ལྷ་ཁམས་པ་གཉིས་ཀྱིས་དགོངས་ཚུལ་གསུང་བར་རྒྱུ་མཚན་འདུག
ད་དུང་ཨ་རི་བོད་པས་དམར་ཤོག་ཚོགས་པའི་དར་དམར་པོའི་དེའི་སྐོར་གྱི་ཡིག་ཆ་མང་པོ་མཁོ་སྤྲདོ་གནང་འདུག ངོ་མ་ག་བྱུང་།
ད་དྲ་གྲོགས་དའརི་དོན་མེད་ལ་ཁ་རྩོ་བྱས་འདུག་པ་ལས་དམར་ཤོག་ཚོགས་པའི་རྒྱལ་དར་གྱི་ལོ་རྒྱུས་ཡིག་ཆ་དེ་ཚོར་གཅིག་ལྟོས། དེ་ནས་འདིར་རྒྱ་མི་རིགས་དང་བོད་རིགས་ཀྱི་སེམས་ལ་རྨ་ཁ་བཟོས་མེད་དང་ཕེ་ཕན་ཡོད་མེད་བསད་ན་ཅི་འདྲ་འདུག
བོད་ནང་ནས་བོད་མི་གང་ཟིག་འཛིན་བཟུང་བྱས་འདུག སུ་ཞིག་དམར་བསད་བཏང་འདུག་གི་གསར་འགྱུར་དྲ་ངོས་སུ་སྤེལ་སྐབས་མཆན་བུ་འདེབས་མཁན་ཧ་ལམ་མེད་པ་འདྲ་ཞིག་འདུག འདི་ལྟ་བུའི་འགན་ཁུར་མི་དགོས་ལ་འདང་ཡང་རྒྱག་མི་དགོས་པའི་སྐད་ཆ་བཤད་ས་རེ་རེག་ན་ཁ་ནས་གང་ཐོན་དང་ལག་གིས་ཅི་ཕྲིས་གང་མགྱོགས་འགྲན་པ་ལྟར་བྱེད་ཀི དེ་ཚོ་ཡག་པོ་མི་འདུག་སྙམ།
གཞོན་ནུ་ལྷན་ཚོགས་ལ་100% རྒྱབ་རྐྱོར་ཡོད།
པ་སང་ཚེ་རིང་ཟེར་བ་འདི་སློབ་གསོ་ལེན་ཤེས་མཁན་ཞིག་ཡིན་ན་མཆན་འདེབས་མཁན་མང་པོས་ཁོང་ལ་རླ་ན་མེད་པའི་སློབ་གསོ་འགའ་སྤྲད་འདུག ལྷག་པར་གཅན་བཟོད་རྒྱམ་ཞུ་བས་རིན་ཐང་ཅན་གྱི་དགོངས་འཆར་གསུངས་འདུག རྩམ་དགའ་དང་། གཅན་བཟོད་རྒྱམ། དེ་བཞིན་འདོད་ལྷ་ཁམས་སོགས་ཀྱིས་བོད་ཀྱི་དུས་བབ་ནང་དུ་དགོངས་འཆར་འདི་འདྲ་བ་རེ་གནང་རྒྱུའི་རེ་སྐུལ་ཞུ། དེར་གཞོན་ཚོགས་ལ་གཞི་མེད་སྐྱོན་བརྗོད་སོགས་ཀྱི་ཧ་ཅང་མང་བས་དེ་དག་ལ་གསལ་བཤད་གོ་བདེ་བ་རེ་བརྒྱབས་ན་ཕན་ཐོག་ཆེ་བར་སེམས། མ་གཞི་ནས་མང་པོ་ཞིག་ཤེས་བཞིན་ཁྱེད་དུ་བསོད་མཁན་ཡིན་པས་དེ་དག་ལ་གསལ་བཤད་ཀྱིས་མི་ཡོང་ཡང་མ་ཤེས་མཁན་ལ་དགོས་ངེས།
རྒྱ་མི་ཁོ་རང་ཚོས་ཀྱང་དར་དམར་མེར་བསྲེགས་གཏོང་གི་འདུག། དར་དམར་བསྲེགས་ནས་རྒྱ་དམངས་ལ་ཕོག་ན་སྡུག་གྱོང་རེད།། ང་ཚོའི་སྤུན་སྲིང་ཚོ་དམར་གསོད་དང་བཙན་གཡེམ་བཏང་ན་ང་ཚོར་སྡུག་བསྔལ་མེད་པ་རེད་པས།། མ་གཞི་ནས་རྒྱ་མི་ཚོས་དར་དམར་བསྲེགས་སོང་ཞེས་སྐད་རྒྱག་མཁན་གོ་མ་སོང་མོད།། འདིར་བོད་མི་རེ་ཟུང་ལ་ངོ་ཚ་མེད་པར་དར་དམར་མེར་བསྲེགས་བཏང་བ་མ་འགྲིག་མདོག་མདོག་བཤད་མཁན་འདུག། ཁྱེད་ཚོར་བ་མོའི་རྙ་མ་མ་ཚ་ན་གླང་པོའི་རླུག་པ་ན་དགོས་དོན་འདུག་གས།།
སྤྱིར་སྟངས་བརྗོད་གཞི་གཅིག་གི་སྟེང་ལ་མྱི་མི་འདྲ་བ་ལ་བསམ་ཚུལ་མི་འདྲ་བ་རེ་ཡོད་པ་ནི་ཆོས་ཉིད་ཅིག་རེད་། ཡིན་ནའང་། ང་རང་ཉིད་ཀྱི་བསམ་ཚུལ་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྐར་ལྔའི་དར་དམར་བསྲེགས་པ་ནི་གོང་ཁྲན་དང་དེའི་ཆབ་སྲིད་ལ་ངོ་རྒོལ་མཚོན་བྱེད་ཡིན་པ་ལས་རྒྱ་ནག་བ་ཡོངས་ལ་ངོ་རྒོལ་མ་རེད་སྙམ་། རྒྱུ་མཚན་ནི་། ཨ་རིའི་བོད་པའི་མཆན་ནང་ན་གསལ་བ་ལྟར་མི་སོ་གཅིག་གིས་སྐར་ལྔའི་དར་དམར་རྒྱ་ནག་རྒྱལ་ཡོངས་ཀྱི་མཚོན་རྟགས་སུ་ངོས་བཟུང་བ་ཞིག་ཡིན་ཅིང་། མི་སོ་གཅིག་བོ་དེའི་ནང་ན་བོད་དང་སོག་པོ་སོགས་མི་རིགས་གཞན་གཅིག་ཀྱང་མི་འདུག་། གཞན་རྒྱ་ནག་མང་ཆེ་བ་ནི་མང་གཙོ་ལ་ཕྱོགས་ཤིང་གོན་ཁྲན་ལ་ནམ་ཡང་ཡིད་ཆས་དང་དགའ་བོ་མི་བྱེད་། དེ་ལྟ་བུ་མང་གཙོ་ལ་དགའ་བའི་རྒྱ་ནག་བས་གོན་ཁྲན་གྱི་དར་དམར་དེ་རང་གི་རྒྱལ་རྟགས་སུ་ངོས་ལེན་མི་བྱེད་། ལྷག་པར་བོད་སོགས་མི་རིགས་གཞན་ཀྱིས་དོན་དངོས་ལ་དར་དམར་དེ་ཁོང་ཚོའི་མཚོན་དོན་ལ་ངོས་ལེན་ཧ་ཅང་བྱེད་དཀའ་མོ་ཡིན་། རྒྱུ་མཚན་ནི་། མི་རིགས་མི་འདྲ་བ་རེ་རེ་ལ་ཐུན་མོང་མ་ཡིན་པའི་སྐད་ཡིག་རེ་དང་། རིག་གཞུང་། གོམས་གཤིས་། སེམས་ཀྱི་གོང་ཐང་ལྟ་ཚུལ་མི་འདྲ་བ་སོགས་ཡོད་། སྐར་ལྔའི་དར་དམར་དེའི་མཚོན་དོན་ནང་ན་བོད་སོགས་མི་རིགས་གཞན་པའི་རིག་གཞུང་དང་སེམས་ཁམས་མཚོན་བྱེད་ཀྱི་མཚོན་དོན་ཅུང་ཙམ་ཡང་མི་འདུག
གང་ལྟར་ངས་རྒྱུན་དུ་བསམ་པ་ནི་ད་ལྟའི་རྒྱ་ནག་གི་སྲིད་གཞུང་འདིའི་མིང་དང་ཆབ་སྲིད་བརྗེ་བོ་མ་རྒྱབ་བར་དུ་ནང་གི་མི་རིགས་མི་འདྲ་བའི་བར་གྱི་འཐབ་རྩོད་དེ་ནམ་ཡང་མཚམས་མི་འཇོག་། དེ་ལྟ་བུ་མི་རིགས་ཕན་ཚུན་བར་གྱི་འགལ་བ་སེལ་བར་མི་རིགས་ཡོད་ཚད་འདྲ་མཉམ་གྱིས་སྲིད་དབང་སྐྱོངས་ཤིང་རྒྱལ་ཁབ་ཀྱི་མིང་དེ་ལའང་། དཔེར་ན་(དབྱིན་ཇི་ལ་(united kingdom) འབོད་པ་ལྟུ་བུ་རྒྱ་ནག་གི་རྒྱལ་ཁབ་ཀྱི་མིང་ལའང་(united republic of china) ཟེར་ན་ཡག་པོ་འདུག་བསམ་། དེ་རིང་གི་དབྱིན་ཇིའི་རྒྱལ་ཁབ་ཀྱི་རྒྱལ་ཁོངས་ན་ཡོད་པའི་དེ་སྔོན་རང་བཙན་གཙང་མའི་རྒྱལ་ཁབ་(Scotland) དང་(Wales) ལྟ་བུ་། དེང་སྐབས་དབྱིན་ཇིའི་རྒྱལ་ཁྲིམས་ཀྱི་འོག་ན་ཆབ་དཔལ་རིག་གསུམ་རྣམས་ཕན་ཚུན་འདྲ་མཉམ་གྱིས་ལོངས་སྤྱོད་བྱེད་ཀྱི་ཡོད་པས་མི་སུ་གཅིག་གིས་དབྱིན་ཇིའི་རྒྱལ་ཁོངས་ནས་ལོགས་སུ་རང་བཙན་བྱེད་དགོས་ཞེས་སྐད་འབོད་དང་ཁྲོམ་བསྐོར་བྱེད་ཀྱི་མེད་། མཇུག་ཏུ་ད་ལྟའི་རྒྱའི་དབང་འཛིན་པ་ཚོར་དེ་རིང་གི་དམར་པོའི་ཆབ་སྲིད་ལམ་ལུགས་སོགས་བརྗེ་བོ་བྱེད་པའི་ལྷག་བསམ་དང་སྙིང་སྟོབས་། སྤྱང་གྲུང་ལྡན་པའི་ཤེས་ཡོན་ཡོད་ན་། མ་འོངས་པ་ན་རྒྱ་ནག་དེ་མིང་དོན་མཚུངས་བའི་དཔལ་ཡོན་ལྡན་པའི་རྒྱལ་ཁབ་ཅིག་འགྱུར་ངེས་ཡིན་།
དངོས་གནས་འདིའི་རིགས་བསམ་ངན་དེ་ཚོར་དང་པོ་ནས་མེད་པ་མ་བྱས་ན། རྒྱ་དགའ་དང་གསང་ཉུལ་ཡོད་པ་ནི་ཧ་གོ་གོ་བ་རེད། རྒྱ་མི་མིན་པ་བོད་པ་རྒྱ་ཡི་གསང་ཉུལ་ཡོད་པ་ནི་མིག་མཐོང་ལག་ཟིན་ཡོད་རེད། དེ་ཚོའི་འདི་འདྲ་བའི་ཡི་གེ་དང་དཀྲུགས་གཏམ་སྤྱི་ཚོགས་འཆམ་མཐུན་གཏོར་བཤིག་བྱེད་པ་ནི་སྨྲོས་མེད་རེད། དཔེ་བཀོད་ན་ཀྲུང་གོ་གུང་ཁྲན་ཏང་གིས་ཡབ་ཆེན་པ་སངས་ཚེ་རིང་ལྟར་བུ། གཞོན་ལྷན་གི་ཚོགས་མི་ཡིན་འདོག་འདོག་བྱས་ནས་གཞོན་ལྷན་ནང་ཁུལ་དུ་དཀྲུགས་གཏམ་བྱས་ན་གཞོན་ནུ་ཁག་གཉིས་སུ་གྱེར་བའི་རེ་བས་གདོང་གི་པག་པ་རལ་ནས་དངོས་སུ་དམར་རྗེན་མ་ངོ་ཚ་སྤོང་ནས་དོན་འདུག་བ། འདི་འདྲ་བའི་གནས་ཚུལ་ཐོན་མ་ཐག་འགོ་བཀྱག་རྒྱུ་མེད་པ་བཟོ་དགོས་པ་དེ་ང་ཚོར་དྲ་གྲོགས་ཚོའི་ཕྲག་ཏུ་འབབ་པའི་འགན་འཁྲི་ཞིག་རེད། གཞོན་ལྷན་ནི་དུས་དང་རྣམ་པར་ཀུན་ཏུ་རང་ལ་ཡོད་ན་ངོམ་རྒྱུ་དང། མི་ལ་ཡོད་ན་སྨོན་རྒྱུའི་ཚོགས་པ་ཞིག་རེད། གཞོན་ནུ་ལས་ལྷག་པའི་བོད་ཀྱི་རྩ་དོན་ཕན་པའི་ཚོགས་པ་ཞིག་བཙན་བྱོལ་ནང་དུ་ག་བར་འདུག། དཔེར་ན་དུས་དབང་སྐབས་སུ་མི་མང་པོར་སྐད་ཆ་དྲིས་པ་ཡིན། བཙན་བྱོལ་སྤྱི་ཚོགས་ག་འདྲའི་འདུག་ཟེར་དུས། མི་དེ་ཚོའི་གོང་ས་མཆོག་དང་གོང་མ་རིན་པོ་དང་ཀརྨ་པ་དེ་ཚོ་མཇལ་རྒྱུ་བྱུང་བས་དགའ་སྤྲོ་ཆེན་པོ་བྱུང། ཡིན་ན་ཡང་བོད་ཀྱི་རྩ་དོན་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོག་མཁན་ནི་གཞོན་ལྷན་གཅིག་པུ་རེད་འདུག། ད་དུང་ཚོགས་པ་སྐད་གྲགས་ཅན་ཁ་ཤས་ཡོད་རབ་གོ་མྱོང་བས་ད་ལྟར་དེ་ཚོ་གང་དུ་ཡོད་རེད་ཟེར་སོང། གང་ལྟར་གཞོན་ལྷན་ལ་བོད་མི་ཚོའི་རྒྱབ་བསྐྱོར་བྱེད་དགོས་པ་ལས་ཁ་ངན་ཚིག་བརྡུང་བྱས་ན་སོ་སོརལའང་ལས་འབྲས་ལས་ཐར་གི་མ་རེད། དྲ་གྲོགས་ཚོ།
བོད་པ་ཚོ། པ་སངས་ཚེ་རིང་གིས་རྒྱ་དར་སྲེག་ན་བོད་དོན་ལ་མི་ལེགས་ཚུལ་བརྗོད་པ་དེ་ཁོང་རང་གི་བསམ་ཚུལ་རེད་ལ་དེའི་རྒྱུ་མཚན་ཡང་བགྲང་འདུག དེ་ལ་འགྲིག་དང་མ་འགྲིག་གཉིས་ཀ་བརྗོད་ཀྱིན་འདུག
དེ་ནི་འགྲིག་པ་རེད། ཡིན་ནའང་དེ་འདྲའི་བསམ་ཚུལ་བཤད་པར་རྒྱབ་ལྗོངས་ངེས་ཅན་ཡོད་མདོག་དང་རྒྱ་མིའི་ཉུལ་མ་རེད་མདོག་བཤད་པ་ནི་དངོས་གནས་བྱིས་པའི་བསམ་བློ་ལྟ་བུ་སྐྱོ་པོ་ཞིག་ཏུ་སྣང་།