དྲ་ཐག་སྤྱད་དེ་གློག་བརྙན་ལ་གཟིགས།
http://www.tudou.com/programs/view/Oqy0kjYFR1M/
བདག་གི་ཕུ་བོ་དགེ་བཤེས་ཡེ་ཤེས་བཟང་པོའམ་བོད་ཀྱི་ན་གཞོན་རྩོམ་པ་བོ་ལྡོང་ཕྲུག་གིས་འཁྲབ་ཁྲིད་བྱས་ཤིང་ན་གཞོན་སྒྱུ་རྩལ་བ་རིག་འཛིན་ཐར་སོགས་ཀྱིས་འཁྲབ་སྟོན་བྱས་པའི་བོད་ཀྱི་རིག་གནས་ཉམས་རྒུད་མཚོན་པའི་གློག་བརྙན་”བོར་ཟིན་པའི་སྦྲ་ནག”ཅེས་པ་མཚོ་སྔོན་ཨ་མའི་བུ་མི་རིགས་རིག་གནས་དར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གིས་སྒྲིག་སྦྱོར་བྱས་ཤིང་། ཟི་ལིང་སམ་བྷོ་ཊ་རིག་གནས་དར་སྤེལ་ལྟེ་གནས་ཀྱིས་དཔར་སྐྲུན་བྱས་ཏེ་ལུགས་རྙིང་ལོ་གསར་སྔོན་དུ་རྒྱ་ཆེ་བའི་གཟིགས་མཁན་གྱི་སྤྱན་སྔར་འགྲེམ་སྤེལ་བྱས། གློག་བརྙན་འདི་ལས་ད་དུང་བོད་ཀྱི་མི་རབས་གསར་རྙིང་གཉིས་ཀྱི་འཇིག་རྟེན་ལྟ་ཚུལ་དང་རིན་ཐང་ལྟ་ཚུལ་བར་གྱི་འགལ་བ་དང་དེའི་འབྱུང་རྐྱེན། འཕེལ་རིམ། མཐར་དེ་གཉིས་གཞི་གཅིག་ཏུ་མཐུན་སྲིད་པའི་བསམ་བློ་མངོན་པར་མཚོན་ཡོད།
ཀླུ་སྨྱོན་ནས།
དེང་གི་སྤྱི་ཚོགས་ཁྲོད་། བོད་རིགས་རྩོམ་པ་པོ་དང་གཞས་པ་གཞས་མ་ཚོ་གློག་བརྙན་ཕབ་ལེན་གྱི་ལས་ཀར་ཞུགས་བཞིན་པ་འདི་ཧ་ཅང་དགའ་འོས་བའི་དོན་ཞིག་རེད་། འདི་དག་གི་ངོ་སོ་ཡར་ལ་བསྟོད་།
འོན་ཀྱང་། གློག་བརྙན་འགོ་མ་ཚང་མ་དུས་ཚོད་གཅིག་ཅན་དང་རེ་ལས་ལྷག་རེ་བཟོ་བཞིན་པ་འདི་ཡག་རྟགས་ཤིག་མིན་པ་འདྲ་།
གློག་བརྙན་བཟོ་བསྐྲུན་གྱི་ལམ་ལ་ཞུགས་མཁན་ཚོས་། བརྙན་ཐུང་སྐར་མ་ལྔའམ་ཡང་ན་བཅུ་ཅན་ནས་འགོ་འཛུགས་རྒྱུ་གལ་ཆེ། དཔེར་ན་། གཤམ་གྱི་འདི་ལྟ་བུ།
http://www.youtube.com/watch?v=TvuLHhXAUok
གནས་སྐབས་སུ་དེ་ཙམ་ཞུ།
སྦྲག་ནང་གི་དུད་པ་དེས་ད་མི་ཉན་ཡ་་་་གྲོང་ཁྱེར་ནང་གི་ཞི་ལི་དེ་ལ་ངོ་མས་ཁག་མེད། གློག་བརྙན་ཡག་པོར་བྱུང་འདུག
གློག་བརྙན་བཟོ་སྒྲིག་པ་དང་། འཁྲབ་ཁྲིད་པ། འཁྲབ་སྟོན་པ་ཚང་མར་བསྔགས་བརྗོད་ཡོད། དཀའ་ལས་བརྒྱབས། འབྲས་བུ་དེ་འདྲ་བ་འཐོབ་དུས་ང་ཚོ་དགའ་ཚོར་སྐྱེ་ཡི་འདུག ཕྱི་ཕྱོགས་སུ་ཡོད་པའི་བོད་མི་རེ་འགས་རྒྱ་མི་གུང་ཁྲན་གྱི་བཀོལ་སྤྱོད་ལྟར་མ་འདོད་པའི་ཚིག་༼ ལུགས་རྙིང་ལོ་གསར་ཞེས་༽བཀོལ་སྤྱོད་བྱེད་པ་འདི་ཡག་པོ་དེ་ཙམ་མཐོང་གི་མི་འདུག ལུགས་རྙིང་ཞེས་བརྗོད་དུས་བཀས་བཀོད་རྒྱུན་འཛིན་ཞིང་བྲན་ལམ་ལུགས་དང་། མངའ་བདག་ཆེན་པོ་གསུམ་གྱི་དབང་བསྒྱུར་བྲན་གཡོག་ལམ་ལུགས་ཀྱི་ལོ་གསར་ལྟ་བུར་ལུགས་རྙིང་སྤྱོད་པས་ལད་མོའི་ཚིག་འདི་བེད་སྤྱོད་མ་བཏང་ན་ལེགས། རྒྱལ་ཁབ་གང་ཞིག་ཡིན་ནའི་ལུགས་སྲོལ་རྒྱུན་དེད་ནས་འགྲོ་བཞིན་པ་རེད། ལུགས་རྙིང་ལོ་གསར་དང་ལུགས་གསར་གཉིས་ལ་མི་འདྲ་བའི་ཆ་གང་ཡང་མེད། བླ་མ་སྤྲུལ་སྐུ་མཇལ་ཡག་དང་། ནང་མི་ཕན་ཚུན་མཉམ་སྐྱིད་དགའ་བདེའི་དཔལ་རོལ་བའི་བྱེད་སྒོ་གཅིག་མཚུངས་ཡིན།
བོད་ཀྱི་ཀློག་བརྙན་ཡག་པོ་ཞིག་འཁསྲབ་ཡོད་པ་འི་རེ་བ་དང་ཡིད་ཆེས་ཡོད་ངས་ལྟ་ཐུབ་མ་སོང།
སྦྲ་ནག་གྲུ་བཞི་ལ་བླ་སྲོག་འཐམ་པའི། །འབྲོག་ཕྲུག་ཞིག་གི་ལས་དབང་ལ་བསམ་ན། །ས་མཐར་སྐྱིད་པའི་ཁང་ཁྱིམ་ཞིག་མེད་པས། །ཚེ་སྲོག་ལ་གོད་ཆག་གི་སྣོན་མ་ལས་མི་འདུག
བདག་པོ་ཟེར་བ་འདིས་མགོ་མ་ཚོས་ནས་ཅིག་ཤོད་ཀྱིན་འདུག ལུགས་རྙིང་ལོ་གསར་ན་ཧོར་ཟླ་དང་པོའི་ཚེས་གཅིག་ཟེར་བ་དང་ལུགས་ཟེར་ན་སྤྱི་ལོ་ཟེར་གྱི་ཡོད་པ་རེད། བོད་ཀྱི་ལོ་གསར་ལ་ལུགས་གསར་རྙིང་གི་ཐ་སྙད་སྦྱར་གྱི་ཡོད་མ་རེད་ལོ།
བོད་ལ་ལོ་རྩིས་སམ་ལོ་མགོ་འཛིན་སྟངས་གཉིས་བྱུང་ཡོད། དེ་གཉིས་ཀ་རྒྱ་རྩིས་ཀྱི་རྩིས་ལུགས་གསར་རྙིང་གཉིས་ལས་བྱུང་བ་ཡིན། ལུགས་གསར་ལབ་ན་རེད། ལུགས་རྙིང་ལབ་ན་རེད། རྒྱ་རྩིས་ཡིན་པ་གཅིག་མཚུངས་ཡིན། རྒྱ་རྩིས་གསར་མ་དང་རྒྱ་རྩིས་རྙིང་མའི་རྩིས་སྟངས་ལ་ཟླ་ལྷག་འདོན་སྟངས་ཀྱི་ཁྱད་པར་ཡོད། མ་ཟད་རྒྱ་རྩིས་གསར་མའི་ལུགས་ལ་ཆེས་ལྷག་ཚེས་ཆད་ཀྱི་གཞི་འཛིན་རྩིས་གཞི་ཟེར་བའང་ཡོད། ཡིན་ནའང་། རྒྱ་ནག་པ་ཚོས་རྒྱ་རྩིས་རྙིང་མ་རྒྱུན་འཛིན་བྱེད་པ་ལས། རྒྱ་རྩིས་གསར་མ་ལ་རྩིས་གཞི་བྱེད་སྲོལ་དེང་སང་མེད། བོད་པས་རྩིས་གཞི་གཉིས་ཀ་སྤྱོད་ཀྱི་ཡོད། བོད་ཀྱི་ལོ་གསར་ཚེས་ཆ་ལ་ཡུལ་ལུང་བར་ཁྱད་པར་ཡོང་གི་ཡོད་པ་ནི་འདིས་རེད།
བརྙན་པར་འདིས་ད་ནི་བོད་ནང་གི་གཞོན་སྐྱེས་ཤེས་ཡོན་པར་རློམ་མཁན་ཚོར་རྨོངས་གཉིད་ལས་སད་ཀྱིན་པ་གསལ་བོ་ཤེས་སུ་འཇུག་གི དེ་ཡང་ཡག་རྟགས་ཤིག་རེད། ངོ་མ་དགའ་སོང་།
ལྷོ་པ་ལུང་རིགས་ལགས་ཀྱི་གསུངས་པ་དེར་རྒྱུ་མཚན་འདུག བོད་ཀྱི་བུས་ཡི་གེ་མ་ཀློག་པར་བལ་པོའི་འགྲེལ་བཤད་ལྟ་བུ་བྱས་ན་དགེ་མཚན་མི་འདུག ངས་འདིར་བསྐྱར་དུ་ནན་བཤད་བྱེད་དགོས་པ་ཞིག་ལ་ལྷོ་ཁའི་ཞིང་ཁུལ་གྱི་གཏམ་བརྗོད་ཞིག་དང་། བོད་ལྗོངས་བརྙན་འཕྲིན་ཁང་གི་བརྒྱུད་ལམ་ནས་ལུགས་རྙིང་ལོ་གསར་ཞེས་སྐྱོན་བརྗོད་བྱེད་པ་འདིས་དམངས་ཀྱི་བསམ་པར་ཧོར་ཟླ་དང་པོའི་ལོ་གསར་དུ་མི་གོ་བར་ལམ་སེང་དེ་སྔའི་སྡུག་རྩུབ་ཞིག་ལ་གོ་འགྲོ་ཡི་འདུག རྒྱུ་མཚན་དེར་བརྟེན་ནས་བརྗོད། རྒྱ་མི་གུང་ཁྲན་ནས་ཏཱ་ལའི་ཟེ་ལབ་དུས་ཚིག་དེ་རྩུབ་པོ་ཞིག་ཡོད། གོ་དུས་མ་སྐྱིད་པ་ཞིག་ཡོད།
དེ་དང་གཅིག་མཚུངས་ཀྱིས་ལུགས་རྙིང་ལོ་གསར་ཞེས་བརྗོད་དུས་གཞིས་སྡོད་བོད་མིའི་བསམ་པར་ལམ་སེང་ཧོར་ཟླ་དང་པོའམ་བོད་ཀྱི་ལོ་གསར་མ་དྲན་པར་དེའི་རྒྱབ་གཟུགས་འགྲེལ་བཤད་རྫུན་མ་དེ་བློ་ངོར་འཆར།
ཡག་པོ་འདུག འཁྲབ་སྟངས་ཅུང་ཡག་པོ་འདུག སྐད་དེ་ཡག་པོ་འདུག
ཡིན་གཅིག་མིན་གཅིག་སྐར་མ་ལྔའི་རིང་གི་གློག་བརྙན་འཁྲབ་དགོས་དོན་ཡོད་མ་རེད།
དེ་ཤེས་པར་གྱིས།
ལྟད་མོ་འདི་ལྟ་བུ་དངོས་གནས་ཡག་པོ་འདུག
http://www.youtube.com/watch?v=JIRp2skA4No&feature=relmfu
རིག་འབྱུང་ཟེར་བ་དེས་བཞག་པ་དེར་ལྟ་རིན་ཅང་མི་འདུག
ཆོ་མེད་རང་རེད།
གློག་བརྙན་ངོ་སྤྲོད་མཁན་འདིས་ཐོག་མ་ནས་མིང་ནོར་ཐེབས་བཅུག་སོང་བ་མིན་འགྲོ། ཁེར་རྐྱང་གི་སྤྲ་ནག་མིན་པ་འདྲ་ཕྲན་གྱིས་མཐོང་གསལ་ལྟར་༼བོར་ཟིན་པའི་སྤྲ་ནག༽རེད་མི་འདུག་གམ། གཅིག་བྱས་ན་གློག་བརྙན་ངོ་སྤྲོད་མཁན་྄ཁོང་གི་འདོད་པ་ལྟར་མིང་གསར་བཟོ་བྱས་ཡོད་སྲིད་མོད། གློག་བརྙན་འདིའི་བརྗོད་གཞི་དང་འབྲེལ་མེད་ཆགས་འདུག་ན། རྣམ་འགྱུར་ཡོད་པོ་བསྟན་ནས་ཕྱིར་འཐེན་བྱེད་རྒྱུ་ཐབས་ཤེས་ཡོད་བ་མ་རེད། གཞན་ཡང་གློག་བརྙན་འདིའི་བརྗོད་གཞི་ངོ་སྤྲོད་འདྲ་བྱས་འདུག་མོད། རྒྱུ་མཚན་ཅི་ཡིན་གློག་བརྙན་རང་ལ་ཁ་གྲགས་བཅུག་ན་མི་ཡག་གམ། ང་རང་ནས་གློག་བརྙན་འདི་ལ་བལྟས་ཟིན་པ་ལྟར། གོ་བ་ལེན་ཕྱོགས་ངོ་སྤྲོད་འདི་ལས་གཏིང་ཟབ་ཅིང་ལྕི་ཁོག་ཆེ་འདུག བརྗོད་གཞིའི་ཆ་འདོད་པ་ཁེངས་སོང་དགའ་ནས་ཡོད། མུ་མཐུད་ནས་གློག་བརྙན་འདི་འདྲ་བལྟ་འདོད་ཀྱི་མོས་བ་ཧ་ཅང་ཆེ་ཙང་། བསམ་ཚུལ་རེ་གཉིས་སུ་ལ་ཕོགས་འགྲོ་བའི་སྐད་ཆ་མིན་པར་བཤད་རྒྱུ་ཡིན། བརྗོད་གཞི་གསལ་སྟོན་ཐུབ་རྒྱུའི་ཆེད་དུ་འམ། ཡང་ན་གློག་བརྙན་འཁྲབ་མཁན་ཚོ་གསར་བ་ཡིན་སྟབས་སམ། གང་ལྟར་སྒྱུ་རྩལ་ཆ་ནས་གཟིགས་མོ་བ་རྣམས་ལ་དགའ་སྐྱོའི་ཆགས་སྡང་དེ་ཙམ་སྤྲོད་ཐུབ་ས་མ་རེད། ལྷག་པར་དུ་དགེ་སློབ་བར་གྱི་སློབ་གསོའི་མ་ལག་ཁོ་ནར་གལ་ཆེན་བརྩིས་ནས་བུ་རྒོད་པོའི་ཁ་ཕྱོགས་བསྒྱུར་སོང་བའི་ཁུལ་བྱས་འདུག་མོད། དེ་ནི་མི་སྐྱོན་དེ་སྦྲ་ནག་ལ་དུང་བ་སྐྱེས་དགོས་བའི་རྒྱུ་མཚན་འདྲེན་པའི་དུས་ཡུན་ཧ་ཅང་རིང་སོང་བས་ཞན་ཆ་གཉིས་འདུག དང་པོ། སྤྲ་ནག་རལ་བོ་ཞིག་ད་ལྟའི་སྤྱི་ཚོགས་དང་གདོང་ཐུག་བའི་གནས་སྟངས་འཁྲབ་རྒྱུ་དུས་ཚོད་བྱུང་མི་འདུག དེར་བརྟེན་གཟིགས་མོ་བ་རྣམས་ཀྱི་ཚོར་ཤུགས་བརྒྱུད་སྐར་གྲངས་ཅུང་འཐེན་རྒྱུ་རེད། གང་ལྟར་བོད་མི་མང་ལ་གློག་བརྙན་བརྒྱུད་སློབ་གསོ་མཁོ་སྒང་ཡིན་སྟབས། ཆ་རྐྱེན་ཡོད་མེད་དང་ཉམས་མྱོང་ཡོད་མེད་ལ་མ་བལྟས་ནས་གཟིགས་མོ་བ་རྣམས་ཀྱི་ཚོར་ཤུགས་ལ་བསམ་གཞིགས་བྱེད་དགོས་ཀྱིན་འདུག དེ་མ་གཏོགས་བོད་པའི་གློག་བརྙན་ཁ་ཤས་བྱུང་མྱོང་ཡོད་བ་རེད་དེ། ཐེངས་གཅིག་པོ་ཡང་ཉོབས་སྣང་སྐྱེས་ནས་བལྟ་དགོས་ཐུག་སོང་བའི་དཀའ་ངལ་བྱུང་མྱོང་། སྐབས་སུ་འདི་ཙམ་གྱིས།
ལྟོས་ཟིན། བསམ་ཚུལ་འགའ་བཤད་ན་འདོད་བྱུང་།
སྒྲུང་ཡག་པོ་ཞིག་འདུག ཡིན་ན་ཡང་གློག་བརྙན་དུ་བསྒྱུར་ནས་ལྟོས་ན་སེམས་ཚོར་དེ་འདྲ་ཞིག་སྤྲོད་ཀི་མི་འདུག་བསམ།
གློག་བརྙན་འདིས་འགོ་སྔ་ཚང་མ་གྲ་སྒྲིག་གཅིག་ཀྱང་མི་འདུག
པར་བས་ལག་ཏུ་ཐོག་དང་པོར་བརྙན་ལེན་དཔར་ཆས་ཞིག་བཟུང་བ་ཡིན་པ་འདྲ། ལྟ་སྐོར་བ། ལྗོངས་རྒྱུ་བ་ཚོས་པར་རྒྱག་སྟངས་དང་གཅིག་པ་རེད།
སྒྲིག་སྦྱོར་བས། གཏུབ་མཚམས་ཀྱི་འགོ་སྔ་ལ་མཉམ་འཇོག་གཅིག་ཀྱང་བྱས་མི་འདུག། དེ་ལས་ལྷག་པའི་སྒྲ་ལེན་པ་སྡུག་ཤོས་རེད་འདུག གང་ལྟར་སྤོབས་པའི་ཐོག་ནས་ཕབ་སྒྱུར་བྱས་བ་བསྔགས་བརྗོད་ཡོད། རྗེས་ཕྱོགས་ཡང་བསྐྱར་གློག་བརྙན་ཞིག་བཟོས་བ་ཡིན་ན་ཏན་ཏན་ཉམས་མྱོང་མང་པོ་ཐོབ་ཀྱི་རེད་བསམ་གི།
ཡག་ལོ་འདུག མུ་མཐུད་དུ་ཤུགས་རྒྱོབ།
གློག་བརྙན་དེ་མཐོང་མ་བྱུང་གཅིག་ལྟ་འདོད་ཆེ། གློག་བརྙན་གྱི་མིང་དབྱིན་ཡིག་ཏུThe iost black tent. ཞེས་བྲིས་འདུག་ཀྱང་ Lost the black tent. ཞེས་པར་བཅོས་ན་དགོས་པ་མ་རེད་དམ། དབྱིན་ཡིག་མཁས་ཅན་ཚོས་ལམ་སྟོན་གནང་རོགས།