འཇམ་མགོན།
དོན་དངོས་དང་ལག་ལེན་འཁྱོལ་པར་མཛོད། དེ་མིན་གཞན་གྱིས་ཟེར་རྗེས་དང་རང་གི་འདོད་ཚུལ་ཁོ་ན་གླེང་ནས་ཕན་ཐོགས་མེད།
གཞོན་ལྷན་གྱིས་མི་སྒེར་བའི་བསམ་ཚུལ་ལ་བསམ་ཤེས་དང་ཐོངས་མི་སྤྲོད་པར། ཁ་རྡུང་གསལ་བསྒྲགས་སྤེལ་ཁུལ་བྱེད་པ་དེ་ཡང་ཁྱི་ཁ་བཙུམ།
དབུ་མའི་ལམ་ལས་འགུལ་ཁང་ནས་རྒྱབ་བརྟེན་གྱིས་ཚུལ་ཏུ་གསལ་བསྒྲགས་ཤིག་སྤེལ་པ་དེ་ཡང་ཁྱི་ཁ་བཙུམ།
གང་ཞིག་གིས་བོད་སྤྱི་བའི་སླད་དུ་ལས་འགུལ་སྤེལ་ན་རང་ཉིད་ཀྱི་ལངས་ཕྱོགས་ཁོ་ནའི་ལྟ་མཁྲེགས་ཅན་དེ་མི་འཛིན་པར། མི་སྒེར་བའི་བསམ་ཚུལ་ལ་བསྟུན་ནས་རོགས་འདེགས་དང་མཉམ་རུབ་ལས་འདི་དང་གན་ཞེས་ལྟ་ཕྱོགས་མ་འཛིན་རོགས། དེ་བས་ཚོགས་པ་འདྲ་བོ་དེ་གཉིས་ལ་ཁྱི་ཁ་བཙུམ་ཟེར་བཞིན་ཡོད། སེམས་གཏིང་ནས་ཁྱི་ཁ་བཙུམ་ཟེར་བཞིན་ཡོད།
བདེན་པ་རེད། འཇམ་མགོན་ལགས་ལ་རྒྱབ་སྐྱོར་ཡོད
༧གོང་ས་རྒྱལ་བ་རིན་པོ་ཆེ་ཁོང་རིགས་གིས་རྡ་ས་གཙུག་ལག་ཁང་གི་ཡངས་སྟེང་་ནས་རྒྱ་དམར་གྱི་དར་དམར་མ་སྒྲེང་བར་དུ་དབུ་མའི་ལམ་འདི་གང་དྲེན་དུ་སྐྱེ་བོ་ཁ་ཤས་ཤིག་གིས་འདི་ལྟར་ལོག་འགྲེལ་བྱེད་པ་ལ་ཡིད་སྐྱོ་ནས་ཡོད།
གུང་བྲན་གྱི་ཆབ་སྲིད་ལ་འགྱུར་བ་མ་གཏང་བར་བོད་མི་སུ་འདྲ་ཞིག་ནས་གུང་བྲན་གྱི་རྒྱ་དར་འཆར་ཚེ་ངོ་རྒོལ་མཐའ་གཅིག་ཏུ་ཡོད་། རྒྱུ་མཚན་བོད་ལ་རང་སྲིད་རང་སྐྱོངས་ཚད་ལྡན་མ་བྱུང་བར་རྒྱ་དར་འཆར་ན་ད་ལྟའི་གུང་བྲན་གཞུང་ལ་རྒྱབ་སྐྱོར་བྱས་པ་མཚོན་པས་སོ།།
དབུས་བོད་མིའི་སྒྲིག་འཇུ༹གས་ཀྱི་ལངས་ཕྱོགས་ལྟར་དབུ་མའི་ལམ་གྱི་ལྟ་གྲུབ་ཡང་དག་པ་ཅིག་འཁུར་ནས་མིང་དོན་མཚུངས་བའི་རང་སྲིད་རང་སྐྱོངས་ནི་རེ་བ་ཉག་ཅིག་ཡིན་ན། རྒྱ་ནག་གི་རྒྱལ་དར་འཁྱེར་ཀྱང་སྐྱོན་སྤུ་ཙམ་ཡང་མཐོང་གི་མི་འདུག རྗེས་ཕྱོགས་རང་སྐྱོངས་ཚད་ལྡན་ཞིག་རག་ན་ང་ཚོའང་དར་ཆ་དེའི་འོག་ཏུ་སྡོད་དགོས་བ་ང་ཚོ་མ་བཤད་ཀྱང་ཤེས་དགོས་བ་ཞིག་རེད། ཡང་ཅིག་བཤད་ན། རྒྱ་ནག་མི་དམངས་གིས་ཁོང་མ་སྨད་གསུམ་གྱིས་ཁོང་ཚོའི་རྒྱལ་དར་འང་ཁྱེར་བཞིན་པ་མཐོང་ན་ཁོང་མ་སྨད་གསུམ་གཙོས་དབུས་བོད་མིའི་སྒྲིག་འཇུ༹གས་ལ་རྒྱ་ནག་སྐམ་ས་ཆེན་པོའི་མི་མང་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་རེ་བ་ཆེན་པོ་ཡོད།
དེ་ལས་ལོྡག་ཏེ་གཞོན་ལྷན་ཚོགས་པའི་རྒྱ་ནག་རྒྱལ་དར་མེར་བསྲེགས་ཀྱི་ལས་འགུལ་འདི་རྒྱ་ནག་མི་དམངས་ཀྱི་སེམས་ལ་ན་ཚ་ཞིག་བཟོས་བ་མ་གཏོགས་གུང་ཁྲན་ཏང་གི་བ་སྤུ་ཙམ་ཡང་སྒུལ་ཐུབ་ཀྱི་མི་འདུག་བསམ། འདི་ནི་ཅོལ་ཆུང་བྱིས་པའི་བཅོས་སྟངས་ཞིག་རེད་འདུག།
སྐར་ལྔའི་དར་དམར་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མཚོན་ཡོད་ལ། གུང་ཁྲན་ཏང་གི་རྒྱལ་དར་ཐོག་ན་ཐོ་བ་དང་ཟོར་བ་མ་གཏོགས་མེད། གལ་སྲིད་མེ་བསྲེགས་ན་གུང་ཁྲན་ཏང་གི་མཚོན་རྟགས་དར་ཆ་བསྲེགས་ན་བཟང་བསམ།
མ་གཞི་ནས་གཞོན་ལྷན་གྱིས་ཆེད་དུ་གསར་འགོད་གསལ་བསྒྲགས་སྤེལ་དགོས་བ་འདི་དམིགས་ཡུལ་གཞན་ཞིག་འདུག་བསམ།
ནང་དགོས་སུ་ད་ཐེངས་གླིང་ཚ་མ་སྨད་གསུམ་སྙིང་སྟོབས་དང་སེམས་ཤུགས་ལ་འཇ༹མ་གླིང་ས་ཕྱོགས་ཀུན་ཏུ་གདུང་སེམས་མཉམ་བསྐྱེད་མཚོན་བྱེད་ཞལ་འདེབས་རབ་དང་རིམ་པ་ཞིག་ཕུལ་བ་ལ་ཕྲག་དོག་དང་། གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་བོད་ནང་དུ་བསྐྱོད་པ་དེ་ཁོང་ཚོས་སྒྲུབ་མ་ཐུབ་པར་མི་ཚང་སྒེར་ཞིག་གིས་འགྲུབ་རྒྱུར་ངོ་ཚ་དང་ཞེད་སྣང་ཀྱིིས་གསར་འགོད་གསལ་བསྒྲགས་འདི་སྤེལ་བར་སེམས།
གཏམ་དཔེ་གསར་བ་ཞིག་བཟོས་ན། ( གུང་ཁྲན་ཏང་གི་ཁ་དང་། གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ། )ཟེར་བ་བཞིན། གཞོན་ལྷན་ནས་ནམ་ཡང་འགྲུབ་མ་མྱོང་བའི་ལས་འགུལ་རབ་དང་རིམ་པ་ཞིག་སྤེལ་ཡོད་ལ། ཆེས་མཇུག་མཐའི་ལས་འགུལ་ཏེ་ཁ་སྔོན་ནོའུ་ཡོག་ཏུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཨ་མའི་མདུན་དུ་ཉིན་སུམ་ཅུའི་རིང་ཟས་བཅད་ངོ་རྒོལ་བྱས་ཏེ། ཏག་ཏག་ཉིན་སུམ་ཅུའི་ཉིན་མོ་ཚོགས་གཙོ་ཚེ་དབང་རིག་འཛིན་གྱིས་གཟི་བརྗིད་ཀྱི་ངང་གསུང་བ་ལྟར་ན་། རྒྱལ་ཁའི་ངང་ཟས་བཅད་ངོ་རྒོལ་མཚམས་བཞག་ཡིན་ཞེས་བ་ལྟར་ཡིག་ལྐོག་སྟོང་བ་ཅིག་ལ་མིག་ཆུ་སྟོང་བ་ཅིག་བཏང་ནས་གྲོལ་སོང་བའི་དཔེ་ལྟར་རོ།
གཞོན་ལྷན་ཚོགས་གཙོ་གཞོན་དང་དེའི་རྩ་བ་རྒྱུད་པ་ཚང་མ་ཞུ་བ་ཞིག་འཐེན་རྒྱུ་ནི་ང་ཚོ་བོད་མི་སུ་དང་གང་གིས་བོད་དོན་ཆེད་བྱ་བ་གང་དང་ཕན་པ་ཞིག་ཡིན་ན་དེ་ལ་དགག་བཞག་མེད་པ་ཞུ། རྒྱབ་སྐྱོར་དང་ལྡོག་རྩ་གཅིག་སྒྲིལ་བྱེད་རྒྱུ་རེ་བ་ཉག་ཅིག་གོ།
དབུ་མའི་ལམ་དེ་ལོག་ལམ་དུ་འགྲོ་དུས། བོད་བསོད་ནམས་ཟད་པའི་རྟགས་རེད། བཙན་བྱོལ་གཞུང་འགོ་འཇུག་ལོག་པའི་ལྟས་རེད། ད་ནི་བོད་པ་ཚང་བཙན་བྱོལ་གཞུང་ལ་རེ་བ་ཆད་པའི་དུས་ལ་སླེབས་འདུག། གཅིག་ཆོག་གི་ཚོགས་པ་གཞོན་ལྷན་ལས་གཞན་པ་རེ་བ་བྱེད་སའི་ཚོགས་པ་རྐང་གཅིག་མི་འདུག། ད་ག་རེ་བྱེད་དགོས་རེད་བོད་པ་ཚོ། དངོས་གནས་དབུ་མའི་ལམ་དེ་ལམ་ལོག་པ་འདི་འདྲ་ཞིག་ལ་འགྲོ་དུས། སེམས་པ་ཕམ་གི་འདུག། བཙན་བྱོལ་གཞུང་གིས་མི་ལོ་ཧྲིལ་པོ་ལྔ་བཅུ་ང་གསུམ་ཙམ་ཤུགས་རྒྱབ་ནས་དཀའ་བ་ཁྱད་དུ་བསད་ངལ་བ་དང་དུ་བླངས་པ་དེ་དང། གཞིས་བསྡོད་བོད་མིའི་ཚེ་སྲོག་གི་མཆོད་པ་ཕུལ་བ་དེ་དང། ཆོལ་གསུམ་བོད་མིའི་ཞུམ་མེད་གྱི་སྙིང་སྟོབས་དེ་ཚོ། ལམ་དབུ་མའི་ལམ་ལོག་དེ་ཡི་ནང་དུ་ཁྲིད་དུས། བོད་པ་ཚང་ཁ་བཙུམ་ནས་བསྡོད་རྩིས་ཡོད་པས། ཚོགས་པ་ཁག་སྡུག་ཁ་བཙུམ་ནས་བསྡད་རྩིས་ཡོད་པས། ཚོགས་པ་ཆེ་ཁག་ཆུ་བཞི་སྒང་དྲུག་ལགས། ཕ་མེས་གྱི་དཀའ་ལས་རྒྱབ་པའི་དམིགས་ཡུལ་དེ་ཚོ་གཏན་བརྗེད་གཏོང་ཟིན་པ་རེད་བས། བུད་མེད་ཚོགས་པས་བུད་མེད་སྒེར་ལངས་བྱེད་དགོས་པའི་དམིགས་ཡུལ་བརྗེད་ཚར་རེད་བས། ལམ་དབུ་མའི་ཁ་གཡང་སྒྲོགས་ནས་དངོས་སུ་སྤྱི་ཚོགས་སུ་རྒྱ་དགའ་བོད་སྡུག་གི་ལངས་ཕྱོགས་འཛིན་ནས། སྤྱི་ཚོགས་སུ་རྒྱ་དགའི་ལས་འགུལ་སྤེལ་དུས་ཚོགས་པ་ཁག་ཁ་ཙུམ་ནས་བསྡད་ན། དེ་སྔོན་གྱི་མེས་པོ་ཚོར་གདོང་པ་སྟོན་ནུས་སམ། བོད་གིའི་ཆེད་དུ་བོད་མི་འདས་གྲོངས་སུ་ཕྱིན་པ་དེ་ཚོའི་རྣམ་ཤེས་གི་མདུན་དུ་གདོང་པ་སྟོན་སམ། མནར་གཅོད་མྱོང་དང་མྱོང་བཞིན་པའི་བོད་རིགས་སྤུན་ཟླ་ཚོའི་མདུན་དུ་གདོང་པ་སྟོན་ནུས་སམ། བོད་པ་ཚང་བསམ་བློ་གཏོང་བའི་དུས་རེད། དབུ་མའི་ལམ་ཡང་དག་པ་དེར་གོང་ས་མཆོག་གི་དགོངས་གཞི་དང་མཐུན་དུས་དེ་ང་ཡང་མོས་མཐུན་ཡོད། དབུ་མའི་ལམ་དེ་ལམ་ལོག་པ་ལ་སོང་ན་ག་རེ་བྱེད་དགོས་རེད།
ངོ་མ་ཁ་ལག་གཉིས་ཀ་ཁོམ་སོང་ནི་དག་དག་གིས་ལོག་འགྲེལ་རྐྱང་རྐྱང་དང་ཕྱོགས་རེས་འཐེན་ཁྱེར་རྐྱང་རྐྱང་གིས་རྐུབ་སྟེགས་གནོན་དགོས་ཀྱི་ཡོད་ན་ངོ་མ་ཐབས་སྐྱོ་བོ་རེད། ལས་འགུལ་རང་གིས་སྤེལ་མ་ཐུབ་ན་གཞན་གྱི་ལས་འགུལ་ལ་དཀྲུགས་ཤིང་མ་རྒྱག་རོགས་ཞུ་རྒྱུ་ཡིན། སྔོན་མ་ནས་ད་བར་དཀྲུགས་ཤིང་རྒྱབ་རྒྱབ་ནས་ང་ཚོ་ཚད་འདིར་བསྐྱལ་ཡོད། ཕྱོགས་ཁག་གཉིས་ཀས་དེ་ཤེས་རྒྱུ་གལ་ཆེ།
མང་པོ་བཤད་ན་ཅི་ཕན་
ངས་དྲི་བ་ཞིག་དྲ་གྲོགས་ཡོངས་ལ་ཞུ་རྒྱུར། དབུ་མའི་ལམ་ལས་འགུལ་ཁང་གིས་བོད་མི་ཡིན་པ་གང་ཞིག་གི་རྒྱ་ནག་གི་རྒྱ་དར་ཕྱར་ནས་ལས་འགུལ་སྤེལ་ན་རྒྱབ་བསྐྱོར་ཡོད་ཚུལ་དང། གཞོན་ལྷན་ནས་རྒྱ་ནག་གི་རྒྱ་དར་ཕྱར་ནས་ལས་འགུལ་སྤེལ་ན་རྒྱབ་བསྐྱོར་མེད་ཚུལ་གསུངས་པ་གཉིས་གིས་ཕན་གནོད་གང་བྱེད་དང། སུའི་ལྟ་བ་ཡག་གི་འདུག། ཡག་པོ་གསུངས་རོགས་གནང།
རང་དབང་ལུང་པ་ལ་བསྡད་ཡོད་མ་གཏོག། སྒེར་བཅོད་རིང་ལུགས་པའི་འོག་ལ་བསྡད་མེད། དེ་ཡིན་དུས། སོ་སོའི་བསམ་ཚུལ་དེ་འགྲིག་གི་ཡོད་ན་འདྲ་མེད་ན་འདྲ་བཤད་ཆོག་པའི་ཐོབ་ཐང་ཆ་ཚང་ཡོད། འགྲིག་མེད་ན་བཟོ་བཅོས་བྱེད་ཆོག་པའི་ཐོབ་ཐང་སུ་ལ་ཡང་ཡོད། ཡིན་ན་ཡང་སྨྲ་བརྗོད་བཀག་འགོག་བྱེད་པའི་ཐོབ་ཐང་དེ་དྲ་གྲོགས་ཐུབ་པ་ལགས་ལ་སུས་སྤྲད་པ་ཡིན་ན། མ་ཚད་སོ་སོར་ཡང་བོད་པ་ཞིག་ཡིན་དུས་བོད་པའི་སྤྱི་ཚོགས་ལ་བྱུས་གཏོག་བྱེད་ཤེས་ན་འདྲ་མ་ཤེས་ན་འདྲ། བྱུས་གཏོག་བྱེད་པའི་ཐོབ་ཐང་ཆ་ཚང་ཡོད་ལགས། གལ་སྲིད་སྨྲ་བརྗོད་ལ་བཀག་འགོག་བྱེད་འདོད་ནས་ཚང་མ་ཁྱི་ཁ་ཙུམ་ཟེར་ན། ཚང་མ་ཟེར་བའི་ནང་དུ་ཁྱེད་རང་ཡང་འཛུལ་ཡོད་གྱི་རེད་ད།
རྒྱ་ཚོང་མ་བུ་གསུམ་ཟེར་བའི་ཚིག་དེ་འདྲ་བེད་སྤྱོད་མ་གནང་རོགས། དོན་དངོས་ཐོག་ལག་ལེན་ལ་འཇུག་བཞིན་པའི་ལས་འགུལ་བ་མ་བུ་གསུམ་གྱི་སྙིང་སྟོབས་ལ་རྗེས་སུ་ཡིད་རངས་ཡོད། རྒྱ་ནག་གི་རྒྱལ་དར་ཕྱར་བའི་ལས་འགུལ་པ་དེ་འདྲ་ཡོད་ན་དབུ་ལམ་ཁང་ནས་རྒྱབ་བསྐྱོར་ཡོད་ཟེར་བ་དེ་ང་དགའ་མ་སོང། སེམས་གཏིང་ནས་དགའ་མ་སོང། འདིའི་གོ་སྐབས་བཟུང་ནས་གནས་ཚུལ་ཐབས་ཆག་དེ་འདྲ་མི་ཡོང་བའི་ངེས་པར་མི་འདུག་བསམ་གི་འདུག། དབུ་ལམ་མི་མང་གི་རྒྱ་ཡི་རྒྱ་དར་ཕྱར་ནས་ལས་འགུལ་སྤེལ་ཡང་ངས་ངོ་རྒོལ་མེད། དབུ་ལམ་ཁང་གི་འགན་འཛིན་པས་རྒྱ་ནག་གི་རྒྱ་དར་ཕྱར་མཁན་བྱུང་ན་དགའ་བསུ་ཡོད་ཟེར་བ་དེ་ཡ་མཚན་སྐྱེ་བྱུང། བོད་པ་ཞིག་གི་ཁ་ནང་ནས་ཚིག་ཁྱད་མཚར་དེ་འདྲ་གོ་ཡོང་དུས། སེམས་པ་ལ་མ་བདེ་བ་ཞིག་བཟོས་བྱུང། དེ་ངའི་བསམ་ཚུལ་ཙམ་ཡིན་དུས་བསམ་ཚུལ་ལ་ནོར་འཁྲུལ་འདུག་ན་བཀའ་སློབ་ཡོད་པར་ཞུ། ཡིན་ན་ཡང་སྨྲ་བརྗོད་རང་དབང་ཡིན་དུས་བཀག་འགོག་བྱེད་པའི་ཐོབ་ཐང་སུ་ལ་ཡང་སྤྲད་མེད།
ཚེ་རྡོར་མ་བུ་གསུམ་གྱི་སྙིང་སྟོབས་ལ་ཡིད་རང་ཞུ་བཞིན་ཡོད། ཡིན་ན་ཡང་རྒྱ་མི་རྒྱ་དར་འཆང་བ་འདི་ལམ་དབུ་མ་ལས་འགུལ་ཁང་གི་ལམ་ནོར་དུ་ཁྲིད་པ་འདི་མངོན་གསལ་དོད་པོ་ཆག་སོང། རྒྱ་མི་རྒྱ་དར་སྒྲེང་ནས་ལས་འགུལ་་སྤེར་དགོས་དོན་མི་འདུག། རྒྱ་མིའི་རྒྱ་དར་སྒྲེང་ནས་ཀྲུང་ཧ་ཁྱིམ་ཚང་ནས་དུ་ལོག་ཆོག་ཆོག་རེད། ཚོགས་པ་འདིས་ལས་འགུལ་སྤེར་བཏང་ནས་ཚོགས་པ་འདི་ལ་ཐེ་ཚོམ་ཆེ་པོ་ཡོད། ལ་རྒྱ་ལྡན་པའི་བོད་རིགས་སྤུ་རྣམས་ཀྱི་ཚོགས་པ་འདི་ཡིད་བརྟེན་མི་འོས། དབུ་མ་དབུ་མ་ཟེར་ནས་རྒྱ་མའི་འཐབ་ཕྱོགས་གཅིག་བསྒྱུར་དང་གཅིག་པ་རེད་བཞག། བོད་རྒྱལ་ལོ། བོད་ཀྱི་རྒྱལ་དར་རྒྱལ་ལོ།།
གཞུང་འབྲེལ་ཚོགས་པ་ཡོད་ན་མེད་ན་ལམ་དབུ་མའི་ལས་འགུལ་ཁང་གི་འགན་འཛིན་པའི་ཁ་ནང་ནས་ཚིག་དེ་འདྲ་གོ་དུས་སེམས་པ་མ་བདེ་བ་བཟོ་གི་འདུག་བ། དྲ་གྲོགས་ཚོར། ང་བདེན་པ་ཡིན་ཟེར་གི་མེད་ཡིན་ན་ཡང་མགོ་མ་འཁོར། དུས་ཚོད་འཕྲོ་བརླག་རེད།
མདོ་སྨད་པ་བླུན་པོ་ལགས། མཐུན་ལམ་གཟབ་ནས་རྩ་དོན་ཚོང་ཡང་བསྟོད་པ་བྱེད་དགོས་རེད་པས། རྒྱ་ནག་གི་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་བ་ངོ་རྒོལ་ལོས་ཡོད། རྒྱ་དར་འཁྱེར་པ་ངོ་རྒོལ་ཡོད། བོད་མི་ག་ཚོད་ཅིག་རྒྱ་དར་གྱི་ཆེད་དུ་གཙོན་དུ་བཅུག་པ་དང་ཚེ་སྲོག་ཤོར་གོ་སོང་ངམ། ང་རང་མདོ་སྨད་པ་ཞིག་ཡིན་པའི་ཆ་ནས་ངོ་ཚ་ཡོད། ཆོལ་ག་གསུམ་ལ་དགོངས་དག་ཡོད། ཡབ་མེས་རྣམས་དགོངས་དག་ཡོད།
ངོ་མ་སྐྱོ་བའི་གནས་རེད། ཚེ་བརྟན་རྡོ་རྗེ་ནས་བྱེད་སྟངས་ནོར་སོང་། བོད་ནང་གི་བོད་མི་ཚོས་འདི་གོ་སོང་ན་བློ་ཕམ་གྱི་རེད། ཁོང་ཚོ་ལ་རྒྱ་ནག་གིས་བཙན་དབང་གིས་ཁང་པའི་ཐོག་ཏུ་རྒྱ་ནག་དར་ཆ་བསྒྲེངས་འཛུགས་བྱེད་བཅུག་གི་ཡོད་པ་རེད། བཙལ་བྱོལ་བ་ཚོས་དགའ་ཞིང་སྤྲོ་ཞིང་ངང་རྒྱ་ནག་གི་དར་དམར་ཁྱེར་བ་འདི་ཅི་འདྲ་བའི་སྐྱོ་བ་ཞིག་རེད་མི་འདུག་གམ། ང་བལྟས་ན་གླིང་ཚ་མབུ་གསུམ་གྱིས་དར་དམར་ཁྱེར་བ་ཕྱི་འཐེན་བྱེད་ན་སྔ་མ་དྲག་ཕྱིས་མ་དྲག་པ་དུས་ཚོད་ཏག་ཏག་སླེབས་འདུག མི་སུ་ལའང་ནོར་འཁྲུལ་ཡོང་སྲིད་པ་ཞིག་རེད། མེ་ཆུང་དུས་བསད་ན་ཡག་གི་རེད། འོན་ཀྱང་རང་དབང་ལུང་པ་ལ་ཡོད་པས་སོ་སོས་འདོད་པ་རེད།
བོད་ལ་གཉིས་སྨན་གྱི་རང་དབང་མ་ཐོབ་བར་དུ་རྒྱ་ནག་གི་དར་དམར་འཕྱར་བ་དེར་འདོད་པ་ཙ་བ་ནས་མེད་་་བློ་ཡང་ཕམ་གྱི་འདུག་་་རབ་བྱུང་ན་མཁྱེར་མ་དགོས་པ་གནང་རོགས་་་ཡང་རྒྱ་དམར་ལ་ངོ་སྲུང་ནས་མཁྱེར་བ་ཡིན་ན་་དེ་ནི་ཐབས་སྐྱོ་པོ་རེད་་་་་་་་་་་ཙ་བའི་ཁྱེད་མ་བུ་གསུམ་གྱི་སྙིང་སྟོབས་དེ་་ཧ་ལས་པའི་སྙིང་སྟོབས་ཞིག་ལ་ངོས་འཇིན་དང་རྗེས་སུ་ཡི་རངས་་ཡོད་་་་་་ཐུགས་རྗེ་ཆེ་ཞུ་བཞིན་ཡོད་་་
བོད་རྒྱལ་ལོ་ལོ་ལོ་
དབུ་ལམ་ཁང་གི་ཤེས་ཡོན་དང་རིག་གཞུང་འགན་འཛིན། ཤར་ཕྱོགས་ཁུག་རྟའམ་བློ་བཟང་ཆོས་འབྱོར་ཟེར་བ་དེ། མིང་དོན་འཚུངས་པའི་དབུ་ལམ་པའི་ཤེས་ཡོན་དང་རིག་གཞུང་འགན་འཛིན་ཞིག་རེད་འདུག། ངས་དྲི་བ་ཞིག་བློ་བཟང་ཆོས་འབྱོརའམ་ཤར་ཕྱོགས་ཁུག་རྟ་ལ་འདྲི་འདོད་བྱུང།༼༡༽ ཤེས་ཡོན་དང་བོད་ཀྱི་རིག་གཞུང་ཟེར་ན་གང་འདྲ་ཞིག་ལ་གོ་དགོས། ༼༢༽ཁྱེད་ལྟར་ན་སྐར་ལྔའི་དར་དམར་དེ་ལ་སྲུང་སྐྱོབས་བྱས་ན་བོད་ཀྱི་རིག་གཞུང་ལ་སྲུང་སྐྱོབས་ཐུབ་གྱི་རེད་བས།༼༣༽ཁྱེད་ལྟར་ན་ངོ་རྒོལ་བས་ཕ་རོལ་པོའི་དར་ཆ་གཅིག་པུ་ཁུར་ནས་ཕ་རོལ་པོར་ངོ་རྒོལ་བྱས་ན་ལེགས་ཉེས་གང་འབྱུང།༼༤༽ དེ་སྔོན་ང་དགུ་ལོར་ནས་ད་ལྟར་ཉིས་སྟོང་བཅུ་གཉིས་བར་སྟེ་ལོ་ངོ་ང་གསུམ་རིང། ཁྱེད་ལྟར་ན་བོད་གཞིས་བྱེས་གཉིས་ནས་སྐར་ལྔའི་དར་དམར་ཕབས་ནས་བོད་གྱིས་རྒྱལ་དར་འགྲེང་འཛུག་གིས་ངོ་རྒོལ་བྱས་པ་དེ་ནོར་འཁྲུལ་ཞིག་ལ་ངོས་འཛིན་བྱེད་གི་ཡོད་པས།༼༥༽ཁྱེད་ལྟར་ན་བོད་རང་བཙན་གྱི་ཆེད་སྐུ་ལུས་མཆོད་མེར་ཕུལ་བའི་སྐྱ་སེར་ཚོ་གྲོངས་པའི་རྒྱུ་རྐྱེན་གང་ཡིན།༼༦༽ཁྱེད་ལྟར་ན་སྐྱབས་མགོན་རིན་པོ་ཆེའི་རྒྱ་ནག་གིས་སྒྲོམ་གཞིའི་འོག་ཏུ་འདུག་འདོད་ཡོད་གསུངས་པ་དེ་སྐར་ལྔའི་དར་དམར་ཕྱར་ནས་དམར་གཞུང་ལ་ངོ་རྒོལ་བྱོས་གསུངས་བརྡ་རེད་བས།༼༧༽ཁྱེད་ལྟར་ན་བཙན་བྱོལ་གཞུང་འདི་གཞིས་བསྡོད་བོད་པར་ཕར་བསྟུན་ནས་ལས་འགུལ་སྤེལ་དགོས་སམ། ཡང་ན་གཞིས་བསྡོད་བོད་པས་བཙན་བྱོལ་གཞུང་ལ་ཚུར་བསྟུན་ནས་ངོ་རྒོལ་ལས་འགུལ་སྤེལ་དགོས།༼༨༽ཁྱེད་ལྟར་ན་བཙན་བྱོལ་གཞུང་དམངས་ཀུན་གྱིས་སྐར་ལྔའི་དར་དམར་ཕྱར་ནས་ང་ཚོར་དགོས་པའི་ཐོབ་ཐང་རག་མ་སོང་ཟེར་ན་ང་ཚོར་དགོས་པའི་ཐོབ་ཐང་རག་གི་རེད་བས།༼༩༽ཁྱེད་ལྟར་ན་སྐར་ལྔའི་དར་དམར་ཕྱར་ནས་ངོ་རྒོལ་བྱས་ན་རྒྱ་སྤྱི་སྙིང་རྗེ་སྐྱེས་ནས་རོགས་སྐྱོར་རག་གི་རེད་བས།༼༡༠༽ཁྱེད་ལྟར་ན་བོད་རང་བཙན་དང་རང་དབང་གཉིས་ལས་གང་གདམ་ཁ་བྱེད་འདོད་ཡོད།
འཇམ་མགོན་ལགས།
ཁྱི་ཁ་བཙུམས་ན་རྐུན་མ་སླེབས་ཀྱི་མ་རེད་པས། སྐབས་རེ་ཁྱི་གཉིས་པོས་དོན་མེད་སྐད་ཅོར་རྒྱབ་ནས་རྣ་བ་ཚ་པོ་བཟོ་གི་རེད་དེ། སྐབས་རེ་ཟུག་སྐད་དེ་རྐུན་མ་འདུག་ཟེར་གྱི་ཡོད་པ་རེད། བྱས་ཙང་དོན་མེད་སྐད་ཅོར་བརྒྱབ་ན་ཁྱི་ཁ་བཙུམས་ལབ་དགོས་པ་རེད། རྐུན་མ་ཡོང་གི་འདུག་ཟེར་ནས་ཟུག་སྐད་བརྒྱབ་ན་ཁྱི་མཉམ་དུ་རྐུན་མ་འདེད་དགོས་པ་རེད། དོན་མེད་སྐད་ཅོར་དང་ཟུག་སྐད་གཉིས་དབྱེ་འཚམས་འབྱེད་ཤེས་པ་དགོས་པ་མ་རེད་པས། བོད་གཞུང་གི་ཡིག་མཛོད་དང་སྐུ་སྒེར་ཡིག་ཚང་གི་ཡིག་མཛོད་བརྐུ་ལ་ཤོར་འདུག་ཟེར་གྱི་མི་འདུག་གས།
མཆན་བུ་ཞིག་བྲིས་བ་མཐོང་ཡ་མི་འདུག་་་་་ཡང་གཟའ་རྒྱག་རྒྱུ་འདི་ཚང་གི་ཟོས་སོང་ཟིག་ག་་་
བོད་ཀྱིས་གྷན་ཏི་ཆུང་ཆུང་གླིང་ཚ་ཚེ་བརྟན་རྡོ་རྗེ་ལ་ན་མོ།།
དྲ་འབུ་ཚོ་སྤྱི་ཚོགས་ནང་འདྲོགས་འགོ་མ་བསླངས་རོགས།
རྒྱ་ཁྱི་ཚོ་སྤྱི་ཚོགས་ནང་དཀྲུགས་ཤིང་མ་བརྒྱབ་རོགས།
སྐབས་འཚོལ་བ་ཚོ་སྤྱི་ཚོགས་ནང་གླེང་གཞི་མ་བཟོས་རོགས།
བསམ་མེད་ཚོ་སྤྱི་ཚོགས་ཀྱི་གནད་དོན་ལ་བསམ་བློ་ནན་ཏན་ཐོངས་རོགས།
བོད་མི་ཚོ་དགྲ་བོས་ང་ཚོ་བོད་རིགས་ནང་ཁུལ་ལ་ནང་དམེའི་འཐབ་རྩོད་དྲག་པོ་ཞིག་ཡོང་རྒྱུར་སྒུག་ནས་ཡོད་པས།དགྲ་བོར་གོ་སྐབས་ཡེ་ནས་མ་སྤྲོད་རོགས།
ཡང་སྙིང་ང་ཚོ་གངས་ཅན་པ་མི་རབས་གསར་པ་རྣམས་བསྲེགས་ནས་མ་ཚིག་པ་དང་།སྟོར་ཡང་མི་ཐོར་བ།བཀུག་ཀྱང་མི་གུག་པ།དཀྲུགས་ཀྱང་རི་ལྟར་བརྟན་པོར་གནས་ཐུབ་མཁན་གྱི་མི་རབས་གསར་པའི་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་མཁན་གྱི་རྗེས་འཛིན་པ་སྙོན་མེད་ཅིག་ཡིན་པའི་ར་སྤྲོད་བྱེད་དགོས།
ང་ཚོས་བོད་ནང་གི་རང་ལུས་མེར་བསྲེགས་གཏོང་མཁན་གྱི་རྒྱལ་གཅེས་དཔའ་བོ་དམ་པ་ཚོའི་རྣམ་ཤེས་བདེ་བར་བཞུད་བཅུག་རོགས།ང་ཚོས་ཁོ་ཚོའི་བླ་ན་མེད་པའི་ཆོད་སེམས་དང་།དམ་བཅའ།ཞལ་ཆེམས་བཅས་མ་བརྗེད་པ་གནང་རོགས།ཁོང་ཚོས་དབུ་མའི་ལམ་གསུང་གི་འདུག་ལ།བོད་རང་བཙན་ཡང་བསྒྲགས་ཀྱི་འདུག་ཁོ་ཚོས་བོད་མི་ནང་རྩོད་བྱས་པ་གཟིགས་འདོད་གནང་གི་མི་འདུག
ང་ཚོས་ལྟ་བའི་དོོན་དུ་ཕྱོགས་ཁག་སོ་སོར་འཐེན་འཁྱེར་བྱས་ན་དགྲ་བོའི་རྒྱུགས་ཁྱིར་གོ་སྐབས་འབྱིན་ནས་རྨད་སྐྱོན་ཕོག་པའི་སྤྱི་ཚོགས་ཆུང་ཆུང་འདི་འཆི་ལམ་དུ་འཁྲིད་རྒྱུར་ཁག་པོ་ཅང་མ་རེད་བསམས།
ངས་གཞོན་ལྷན་དང་དབུ་མའི་ལམ་གྱི་མི་མང་ལས་འགུལ་གཉིས་ཀྱི་གསལ་བསྒྲགས་ལ་མཐར་ཐུག་གི་འགལ་བ་མཐོང་གི་མེད་ལ་གཉིས་ཀ་ལ་རྒྱབ་སྐྱོར་ཡོད།གླིང་ཚ་མ་བུ་གསུམ་གྱི་ཞི་བའི་ལས་འགུལ་གྱི་སྙིང་སྟོབས་དང་ཆོད་སེམས་ལ་ཡི་རངས་དང་རྒྱབ་སྐྱོར་ཡོད།
རྡ་རམ་ས་ལའི་ཆབ་སྲིད་ག་དུས་ཡིན་ཡང་འཁོར་ལོ་འཁོར་འཁོར་བྱེད་ཀྱི་འདུག་པས་ངའི་མགོ་ཡང་ན་གི་འདུག་ད།
རང་བཙན་རྩོད་མཁན་ཡིན་ན་རེད་་་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་ཡིན་ན་རེད་་་བོད་མིའི་བདེ་སྡུག་སེལ་བའི་གཞི་རིམ་གྱི་འཆར་གཞི་དང་། འཐབ་ཇུས།་ལག་ལེན་ཁག་མེད་ན་རྙོག་དྲ་མི་བཟོ་བར་ཁྱི་ཁ་བཙུམ་ནས་བསྡད་ན་དགའ།
ཚོགས་པ་དེ་དག་གི་ག་རེ་ཡིན་ལབ་གོ་རེད། བཤད་དགོས་དང་རྩོད་དགོས་བ་གཅིག་དང་མི་རྩོད་པར་ག་དུས་ཡིན་ཡང་ནང་གི་སྐྱོན་དག་དག་གླེད་ནས་བསྡད་འདུག་གི
གཞོན་ནུ་ཡིན་ན་ཡང་འདྲ་དབུ་མའི་ལམ་ལས་འགུལ་ཁང་ཟེར་བ་དེ་ཡིན་ཡང་འདྲ་། ལྟ་བ་ཁ་ཁ་ཡིན་ཡང་བོད་རྩ་དོན་ལ་ཕན་པའི་བགྲོད་གླེང་དང་སྣེ་ཁྲིད་དེ་ལས་འགུལ་འདྲ་མིན་སྤེལ་པ་ལས། རྩོད་མི་དགོས་བ་དེ་དག་རྩོད་ན་སྙིང་བོ་མི་འདུག་བསམ་དེ་འདྲ་མ་འོངས་བ་ཚོགས་པ་གང་ཞིག་ཡིན་ཡང་གང་ཟག་སྒེར་བ་ཞིག་ལས་འགུལ་ག་འདྲ་ཞིག་སྤེལ་ཀྱང་དེ་ལ་རྒྱབ་སྐྱོར་ལས་མི་མང་གི་སེམས་ཤུགས་ཆགས་པའི་ལས་ག་འདྲ་ཞིག་ཡིན་ཡང་བྱེད་པར་རེ་སྐུལ་སྙིང་ནས་ཞུ
མི་འགའ་རེས་སྐར་ལྔའི་དར་དམར་འདི་རྒྱ་ནག་རྒྱལ་ཡོང་གི་ཡིན་པ་ལས་དམར་ཤོག་གི་མིན་པར་གསུང་འདུག་ཀྱང་། འདི་ནི་རྒྱ་ནག་དམར་ཤོག་གིས་རྒྱ་ནག་ལ་དབང་བསྒྱུར་བའི་དུས་སུ་གསར་དུ་བཟོས་པ་ལས་རྒྱ་ནག་ལ་སྔར་ནས་ཡོད་པ་ཞིག་མིན་པས་དམར་ཤོག་གི་རྒྱལ་དར་མ་ཡིན་པ་བཤད་ཁག་པོ་རེད།
དབུ་མའི་ལམ་ལས་འགུལ་ཁང་གིས་བོད་དོན་ཆེད་ལས་འགུལ་སྤེལ་བ་ཞིག་ཤིན་ཏུ་གོ་རྒྱུ་དཀོན་ན་ཡང་། དེ་རིང་ནང་ཁུལ་སྐྲུག་རེན་དུས་གདོང་ལ་ཐོན་ཡོང་བ་མ་ཟད་ལས་འགུལ་སྐབས་སུ་སྐར་ལྔའི་དར་དམར་འཕྱར་དགོས་པ་བཤད་པ་ནི་སྐྱུག་བྲོ་བའི་ལས་ཀ་རེད།