ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་བལ་ཡུལ་དམག་མིས་བཀག་རྗེས་ངོ་རྒོལ་གྱི་ཟས་བཅད་དུ་བཞུགས། ཕྱི་དྲོ་ཆར་རླུང་དྲག་པོ་གཡུག་པ་དང་ཆར་ཆེན་བབ་པའི་རྐྱེན་གྱིས་ཁོང་མ་བུ་གསུམ་ལ་ཆུ་ནང་དུ་ཐིམ་པའི་ཉེན་ཁ་བྱུང་། དགོང་དྲོ་ཆུ་ཚོད་༡༠་བ་ཙམ་ལས་བལ་ཡུལ་གྱི་དམག་མི་མང་པོ་སླེབས་ཏེ་ཁོང་མ་བུ་གསུམ་ནག་ཁུང་དུ་ཡར་འདྲུད་མར་འདྲུད་བྱས་ཏེ་སྡུག་ཚད་ལས་བརྒལ་བ་བཏང་འདུག་པ་དང་། ལག་གི་དར་ཆ་ཡོད་ཚད་དང་། ཡིག་ཆ། འཕྲེད་དར། ཐ་ན་ཉིན་ཐོ་ལ་སོགས་པ་འཕྲོག་བཅོམ་བྱས་འདུག ཁོང་མ་བུ་གསུམ་སྲོག་ཉེན་ཐོན་མིན་གྱི་དཀའ་ཁག་གི་མཚམས་སུ་རྒྱ་གར་ཉེན་རྟོག་པ་སླེབས་ཏེ་ཁོང་མ་བུ་གསུམ་རྒྱ་གར་གྱི་དམག་མིའི་ལས་ཁུངས་སུ་སྐད་བཏང་སྟེ་ཆུ་ཚ་བོ་དང་། ཇ་སོགས་སྤྲད་དེ་མ་བུ་གསུམ་སྐྱོབ་ཐབས་གནང་། ཆར་རླུང་གིས་ཁོང་མ་བུ་གསུམ་གྱི་ཇ་དངོས་ཡོད་ཚད་རློན་པ་བཟོས་ཏེ་འདང་དགུང་གི་མཚན་མོ་འཁྱག་གྲང་གི་ངང་ནས་བསྐྱལ། བལ་ཡུལ་དམག་མིས་གདུག་རྩུབ་ཀྱིས་ཨ་མ་ལྡོམ་པོ་སྐྱིད་ཀྱི་རྐང་པ་ཕྱེད་དང་གཟུགས་པོར་ནད་གཅོང་ཕོག་ཡོད་པས་༢༠༡༢།༥།༡༡་ཉིན་གྱི་ཕྱི་དྲོར་རྒྱ་གར་གྱི་གྲོང་ཁྱེར་གྷོ་ར་པོར་འབྱོར་ཏེ་ཨ་མ་སྨན་བཅོས་དང་ངལ་གསོ་གནང་ཐབས་བྱེད་ཀྱིན་ཡོད།
གནས་ཚུལ་ཡོང་ཁུངསཿ
http://www.facebook.com/photo.php?fbid=294124094009172&set=a.107835472638036.21978.100002347527137&type=1&theater
བལ་སྐྱག་ཚང་།
ཁོང་གསུམ་བར་ཆད་ལས་མྱུར་དུ་གྲོལ་བར་ཤོག
ཁོང་གསུམ་བདེ་བར་སྨོན།
ཐོག་མར་ཁྱོད་ཚོ་ལ་རྒྱབ་སྐོར་བྱེད་མཁན་ཞིག་ཡིན། འོན་ཀྱང་ད་ནི་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡིན། ཁྱོད་ཚོས་བཙལ་བྱོལ་བོད་མི་ཚོ་མགོ་སྐོར་བཏང་བ་དང་། གཞིས་ལུས་བོད་མི་ཚོ་ལ་མཐོང་ཆུང་དང་ཁྱོད་གསོད་བྱས་སོང་། ༡ གལ་ཏེ་དང་པོ་རྡ་ས་ནས་ཐོན་དུས་རྒྱ་ནག་དར་ཆ་ཁྱེར་ཡོད་ཚེ་བཙལ་བྱོལ་བོད་མི་ཚོས་ཁྱོད་ཚོ་ལ་མིག་ཆུ་དང་སྨོན་ལམ་གྱིས་སྐྱེལ་མ་བྱས་མེད་པར་གསལ་པོ་ཡིན། ༢ ཉིས་སྟོང་བརྒྱད་ཀྱི་ལོར་མདོ་སྨད་ཡུལ་གྱི་བོད་མི་ཚོས་རྒྱ་ནག་གི་དར་ཆ་ས་ལགཡུག་སྟེ་དབྲལ་བ་དང་བོད་ཀྱི་དར་ཆ་བསྒྲེང་མཁན་ཀྱི་གཞིས་ལུས་བོད་མི་ཚོས་རྒྱ་ནག་གི་བཙན་ཁང་དུ་སྡུག་བསྔལ་མྱོང་བཞིན་པའི་སྐབས་འདིར་ཁྱོད་ཚོས་འཁྲམ་སྟོན་འདི་བྱས་པ་རེད། ཁྱོད་ཚོས་བྱེད་སྟངས་ལ་སྐྱོན་ཡོད་པ་མ་ཟད་ཀུན་སློང་ལའང་སྐྱོན་ཡོད་མེད་བརྟག་དགོས། གང་ཞེ་ན་ཐོག་མར་རྡ་ས་ནས་ཐོན་དུས་རྒྱ་ནག་གི་དར་ཆ་མི་ཁྱེར་བའི་རྒྱུ་མཚན་ཡོད། བོད་མི་ཚོས་ངེས་པར་ཁོང་ཚོའི་རྒྱབ་ལོག་ཏུ་ཅི་ཞིག་ཡོད་མེད་བརྟག་དགོས།
ཚེ་བརྟན་རྡོ་རྗེ་ལགས་ལ་ཞུ་རྒྱུ།
རྒྱ་ནག་གིས་དར་ཆ་ཁྱེར་བ་ཕྱིར་འཐེན་བྱ་ཐུབ་ན་དགེ་ཕན་ཆེ་བ་མཐོང་སོང་།
བལ་ཡུལ་ཟེར་བ་འདིར་ངན་དགུ་བྱ་བར་འཚེར་སྣང་མེད་པས། ཀུན་གྱིས་ལྟ་རྟོག་ཡག་པོ་མ་བྱས་ན། མ་སྨད་གཉིས་ལ་ཅི་འབྱུང་བཤད་དཀའ་བས། གསར་འགོད་པ་ཚོས་བལ་བོའི་སྐད་དང་ཧིན་རྡིའི་སྐད་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཁོ་ཚོ་ནང་མི་གསུམ་གྱི་ལས་འགུལ་གྱི་གནས་ཚུལ་རྒྱ་ཆེར་སྤེལ་ཏེ་ཡོངས་སུ་གྲགས་པ་བྱ་དགོས།
གོང་གི་དྲ་གྲོགས་ལ་ལར་བསྐྱར་དུ་ཕུལ་བ།
ཚེ་བརྟན་རྡོ་རྗེས་རྒྱ་ནག་གི་དར་ཆ་འཕྱར་བ་དེས་བོད་འདི་རྒྱ་ཁོངས་ཡིན་པར་ངོས་ལེན་བྱས་པ་མིན་ལ། ད་ལྟའི་བོད་ནང་གི་གནས་སྟངས་དང་འདས་པའི་ལོ་རྒྱུས་ནག་བསུབ་བཏང་བ་དེ་བས་ཀྱང་མིན། ཁོས་གོམས་བགྲོད་ལས་འགུལ་འདི་སྤེལ་བའི་དམིགས་ཡུལ་དོན་ཚན་དུ་བགོས་ནས་གསལ་བོར་བརྗོད་ཟིན་པ་དེ་ལ་གཟིགས་དང་། ལས་འགུལ་འདིའི་དམིགས་ཡུལ་ནི་སྔོན་འགྲོའི་ཆ་རྐྱེན་བཏོན་པ་དེ་རྒྱ་གཞུང་གིས་ལག་ལེན་བྱ་དགོས་ཟེར་བ་མ་གཏོགས། ཆ་རྐྱེན་གང་ཡང་མེད་པར་རྒྱ་ནག་ལ་མགོ་སྒུར་བ་མ་ཡིན་པ་ཚང་མས་ཤེས་ན་ལེགས།
དྲ་གྲོགས་ཁ་ཤས་འུར་འདྲོགས་ལངས་ནས་རྒྱ་ནག་གི་དར་ཆ་འཕྱར་དོན་གང་ཡིན་མི་དཔྱོད་པར་ཅ་ཅོ་སྒྲོག་པ་འདི་ལ་ཕན་ཐོགས་ཅང་མེད་དོ།།
ད་དུང་གནད་འགག་ཅིག་ནི། ཚེ་བརྟན་རྡོ་རྗེའི་གོམ་བགྲོད་ལས་འགུལ་དང་དེའི་དགོས་འདོད་གང་ཡིན་དེ་གཙོ་བོ་ཡིན་པ་དང་། རྒྱ་ནག་གི་དར་ཆ་འཕྱར་བ་དེ་ལས་འགུལ་གྱི་དགོས་འདོད་དང་འབྲེལ་བ་མེད་པའི་ཞར་བྱུང་རྣམ་འགྱུར་ཞིག་སྟེ་རྒྱ་ནག་མི་མང་ལ་བརྩི་བཀུར་བྱས་པ་ཙམ་ཡིན།
འོན་ཀྱང་སྲིད་དོན་ཚོགས་པ་ལ་ལས་འབྲེལ་མེད་ཞར་བྱུང་གི་རྣམ་འགྱུར་དེ་ལས་འགུལ་གྱི་དམིགས་འབེན་ལྟ་བུར་སྙད་བཏགས་ནས་ངར་ངར་རྫིག་རྫིག་གིས་ངོ་རྒོལ་ལམ་རྒྱབ་སྐྱོར་གྱི་གསལ་བསྒྲགས་སྤེལ་འདུག འདི་ངོ་མ་དགོད་བྲོ་ལ་ངུ་ཡང་བྲོ་བའི་གནས་ཤིག་ལས་མ་འདས་སོ།།
ཨ་ཁ་ཁ། རྒྱལ་གཅེས་པ་མ་བུ་གསུམ་གྱིས་དཀའའ་སྡུག་གང་མང་མྱང་འདུག སྙིང་ཐག་པ་ནས་གདུང་སེམས་མཉམ་བསྐྱེད་ཞུ་བ་ཡིན།
ངས་བལྟས་ན་གཞུང་དང་ཚོགས་སྡེ་ཐ་ན་གང་ཟག་སྒེར་བཅས་ཀྱིས། ཐབས་ཤེས་གང་དྲག་བྱས་ནས་ད་གོམ་བགྲོད་མཚམས་འཇོག་བྱེད་ཐབས་བྱེད་དགོས། དེ་མིན་ཁོང་མ་བུ་རྣམས་ཀྱིས་དཀའ་སྡུག་ཚད་མེད་མྱང་རྒྱུ་སྨྲོས་མེད་རེད།
ངས་རྒྱང་རིང་ནས་ཁོང་མ་བུ་གསུམ་གྱི་རླབས་ཆེན་རྒྱལ་གཅེས་ཀྱི་སྙིང་སྟོབས་དང་། རིགས་ཞེན་གྱི་ལ་རྒྱ་དེ་སུས་ཀྱང་ཚབ་མཚོན་མི་ཐུབ་པ་ཞིག་རེད་ཅེས་བསྔགས་བརྗོད་ཞུ་བ་དང་། མཚམས་འཇོག་ཡོང་བའི་འབོད་སྐུལ་ཞུ་བ་ཡིན།
ད་དུང་ཕར་སོང་ན་ཡང་དེ་ལས་ལྷག་པའི་གྲུབ་འབྲས་བྱུང་རྒྱུ་མེད་ཐོག དཀའ་སྡུག་ཚད་མེད་མྱང་རྒྱུ་མ་ཟད། ཐ་ན་སྲོག་ལ་ཡང་ཉེན་ཁ་ཡོད་རེད། དེས་ན་ད་མཚམས་འཇོག་གནང་ནས་ཕྱིར་རྒྱ་གར་དུ་ཕེབས་ཏེ། བུ་མོ་ཆུང་ཆུང་དེ་ཕྱིར་སློབ་གྲྭར་བསྐྱལ་ནས་སློབ་སྦྱོང་བྱས་ཏེ་བོད་ཀྱི་སོན་རྩ་ཞིག་ཡོང་རྒྱུར་འབད་བརྩོན་བྱོས། ཨ་མ་ལགས་སྨན་ཁང་དུ་བཞུགས་ནས་སྐུ་གཟུགས་ཡོངས་རྫོགས་བརྟག་དཔྱད་དང་སྨན་བཅོས་གནོངས། དཔའ་རྒོད་ཚེ་བརྟན་རྡོ་རྗེ་ལགས་ཀྱིས། མུ་མཐུད་དུ་རྩོམ་ཡིག་གི་ལམ་ནས་བོད་ཀྱི་རྩ་དོན་རྩོད་དང་དེས་ཆོག
བོད་མི་རེ་རེས་ཁྱེད་མ་བུ་གསུམ་གྱིས་གནང་བ་ནང་བཞིན་བྱེད་ཐུབ་ན། དོན་འབྲས་སོན་རྒྱུ་ཉག་གཅིག་ཡིན་པས་བོད་མི་ཡོངས་ཀྱིས་ཁོང་མ་བུ་གསུམ་གྱི་རྗེས་སུ་བསླབས་ཏེ། ཡར་ལོངས་ཤོག བོད་རྒྱལ་ལོ།།
གོང་གི་དྲ་གྲོགས་ལགས། ཁྱོད་ཀྱིས་སྐད་ཆ་དེ་འདྲ་མ་བཤད་ན་ལགས། ཁོང་མ་བུ་གསུམ་གྱི་ཀུན་སློང་ལ་སྐྱོན་ཡོད་ཟེར་བའི་སྐད་དེ་མོ་ཁྱོད་ཀྱིས་བཤད་ཐུབ་པ་ངོ་མ་ཧ་ལས་བ་རེད། དེ་ན་ཁྱོད་ཀྱི་སྐྱོན་མེད་པའི་ཀུན་སློང་ཕྱི་ལ་ངོམ་ན་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་ལས་ཀ་རེ་བྱེད་ནས་མི་དམངས་སྟོན་ར། ངོ་མ་སྐྲག་ནི་ཟིག་རེད ཁོང་མ་བུ་གསུམ་ལ་ཉེན་ཁ་གནས་སུ་ལྷུང་ནས་ཡོད་པའི་སྐབས་འདི་ལ་ཁྱོད་ཀྱི་འདི་འདྲ་བཤད་ཐུབ་ཀ
ཁོང་མ་བུ་གསུམ་པོས་ཞི་བའི་གོམ་བགྲོད་བྱས་ནས་གནད་འགག་ཅིག་ལ་བསླེབས་ཚར་བ་རེད། འགལ་རྐྱེན་རི་ལྟར་འཛིངས་ཞིང་རྒྱབ་རྟེན་ས་མེད་པའི་བདེན་པའི་འཐབ་རྩོད་པ་ཞིག་གི་ངོས་ནས་བཤད་ན་དཀའ་ངལ་འབྱུང་རྒྱུ་སྨོས་མེད་རེད། རྒྱ་གར་ཉེན་རྟོག་པས་སྐྱོབ་ཐབས་གནང་བ་ཡག་བྱུང་།
རྒྱ་གར་འདི་ང་ཚོ་ལ་སྡུག་པོ་བྱུང་དུས་བྱམས་སྙིང་རྗེ་གནང་མཁན་ཞིག་རེད། ངའི་སེམས་གཏིང་ནས་རྒྱ་གར་ལ་དགའ་ཞེན་ཡོད། ས་རེ་ཇཧ་སེ་ཨ་ཆ། ཧིནྡྷུས་ཐན་ཧ་མ་ར་ཧ་མ་ར། ཇའི་ཧིནད། རྒྱ་གར་རྒྱལ་ལོ། །
མགོན་མེད་མ་བུ་གསུམ་གྱི་སྟེང་བལ་དམག་སེར་བ་འབབ་འབབ་བྱས་སོང་ཟེར་ན་དངོས་གནས་ནལ་པོའི་ཞབས་འདྲེན་རང་རེད་ད།
ཇོ་རིན་པོ།
དཀོན་མཆོག་མཁྱེན་བོད་འདི་ལས་ངན་རང་རེད་བལ་ཡུལ་ལྟ་བའི་རྒྱ་ནག་གི་རྒྱུགས་ཁྱི་ཤིག་ས་མཚམས་སུ་ཡོད་དགོས་དོན་མེད། འོན་ཀྱང་ང་ཚོས་དྲ་ལམ་ཁག་ཏུ་གནས་ཚུལ་སྤེལ་རྒྱུ་གལ་ཆེ་བ་འདུག ཁོང་མ་བུ་གསུམ་ལ་བསྲུང་སྐྱོབས་གང་ཐུབ་གནང་དགོས་སྙམ།
ཨ་ སྡུག་འདི། མ་བུ་གསུམ་པོ་སྙིང་མ་རྗེ། ད་ཕལ་ཆེར་ནེ་པལ་པ་མགོ་ཚོས་ས་ཐོག་ནས་ཐར་ཐུབ་ཐབས་ཡོད་རྒྱུ་མ་རེད། ད་ནས་ཨུ་ཚུགས་མ་རྒྱབ་ན་མི་དགའ་བསམ་ཉིན་ཤས་སྔོན་ནས་རྒྱ་ནག་དང་ནེ་པལ་ཉེན་རྟོག་པའི་བར་བོད་པ་ལ་གཅར་རྡུང་བྱེད་པའི་གྲོས་ཆོད་ཞིག་བཞག་ཡོད་རབ་ཐོས། ད་དུང་ཨུ་ཚུགས་རྒྱབ་ནས་སྲོག་ཉེན་ཡོང་བའི་ཉེན་ཁ་ཡོད་རྒྱུ་མ་རེད་དམ།
ནེ་པ་ལ་ཡིས་སྙིང་རྗེ་བྱེད་རྒྱུ་མ་རེད། ཐག་གཅོད་ནས་བཤད་ཐུབ།
མི་ལ་སྙིང་རྗེ་མེད་པ་ང་ཚོས་རིག་བཞིན་དུ་འདི་ལྟར་བལྟས་དེ་བསྡོད་དགོས་པ་དེའང་ང་ཚོ་བོད་ལ་སྐྱེ་བའི་འགན་འཁྲི་ཡིན་ནམ།
གླིང་ཚ་ཚེ་བརྟན་རྡོ་རྗེས་ཁོ་པ་མ་འཆི་བར་དུ་ལས་འགུལ་འདི་མཚམས་འཇོག་བྱེད་ཀྱི་མིན་ཞེས་དམ་བཅའ་བཞག་ཟིན་པ་རེད། ཡིན་ནའང་ཁོང་གི་ཨ་མ་དང་སྲིང་མོ་གཉིས་ལས་འགུལ་འདི་ལས་ག་དུས་ཕྱིར་འཐེན་བྱེད་ན་ཆོག་གི་རེད་ཅེས་ལབ་ཡོད། དེ་འདྲ་སོང་ཙང་ཨ་མ་དང་སྲིང་མོ་གཉིས་འགུལ་འདི་ལས་ཕྱིར་འཐེན་བྱེད་ནས་གོང་གི་དྲ་གྲོགས་རིག་པའི་རྡོ་རྗེས་གསུངས་པ་ལྟར་བྱེད་ན་ལེགས་པར་སེམས། ཚེ་བརྟན་རྡོ་རྗེ་ཁོ་པས་རྒྱ་དར་འོག་གི་བོད་དར་དེ་མར་གཡུག་ནས་རྒྱ་ནག་གི་དར་ཆ་གཅིག་པུ་མགོ་ལ་འཕྱར་ནས་ཡང་བསྐྱར་ས་མཚམས་རྒལ་ཐབས་བྱེད་ན་ཐོར་སྲིད་ལ་སྲོག་ཀྱང་ཤོར་མ་དགོས་པར་རྒྱ་ནག་གཞུང་གིས་དགའ་བསུའི་སྣེ་ལེན་བྱེད་སྲིད་པ་རེད།
ཨ་ཁ་ཁ་་་་་་་་་་ད་གཟབ་གཟབ་བྱོས་མ་གཏོགས་རྒྱ་ནག་ཕར་ཞོག མ་སྨད་གཉིས་བལ་ཡུལ་དམག་གིས་ཐར་པ་གཏང་གི་མ་རེད་ད། ད་རྒྱ་ནག་གི་དར་དམར་འཕྱར་བ་མ་ཚད། བོད་རང་བཙན་མི་དགོས་ཟེར་ནས་སྐད་འབོད་རྒྱབ་ཀྱང་རུང་གཉེན་ཁ་ཅེ་ཆེས་རེད། གང་ལྟར་ཁོང་མ་སྨད་གསུམ་བོད་དོན་ལས་འགུལ་ཡིན་པ་ནི་རྒྱ་ནག་གིས་ངོས་འཛིན་གནང་རྐྱང་ཡིན་པ་སྨོས་མེད་རེད། རྒྱ་དོགས་པ་ཅན་རེད། ང་ཚོ་བོད་ཀྱི་གཏམ་དཔེ་ལ། བོད་ཡིད་ཆེས་ཕུང་། རྒྱ་དོགས་པས་ཕུང་ཟེར།
རྡ་སའི་ཆམ་སྲིད་པ་ཚོས་ཇུས་གཏོགས་ཞེ་དྲག་མ་གནང་ན་ལེགས། ཚང་མས་ཤེས་དགོས་པ་ཞིག་ལ་གླིང་ཚ་མ་བུས་རང་བཙན་ཆེད་དུ་གོམས་བགྲོད་བྱེད་པ་མ་རེད་ལ་རང་སྲིད་རང་སྐྱོང་སོགས་ཀྱི་ཆེད་དུའང་མ་རེད། ཁོང་ཚོའི་གོམས་བགྲོད་དེ་རང་གིས་བཏོན་པའི་དགོས་འདུན་དོན་ཚན་ལྔ་དེའི་ཆེད་དུ་རེད། དེ་ཚང་མས་ཤེས་ན་ལེགས།
སྟེང་གི་ལྷ་ཡིས་ཉེས་ཆད་མ་འཕོག་པར།།
འོག་གི་ཀླུ་ཡིས་བར་ཆད་མ་བྱས་པར།།
འགྲོ་བ་མི་ཡི་བདག་དབང་རྩོད་པ་འདི།།
རིགས་ཀྱི་ཞེན་པ་ཡིན་ནམ་བླུན་རྟགས་སམ།།
བལ་ཡུལ་ནི་རྒྱ་ནག་གི་རང་སྐྱོང་ལྗོངས་ངོ་མ་ཞིག་གི་ཚོད་ཡིན་ལ། ལུང་པ་དེར་རྒྱ་ནག་གིས་སྔ་ས་ནས་ག་རེ་འཁྲབ་འཁྲབ་རེད།
སྐར་ཆ་རེ་རེར་སྒྲ་དང། གོམས་པ་རེ་རེར་བགྲོད། ལྟོ་གོས་རྒྱབ་ཏུ་འཁུར་། རང་དོན་ཡལ་བར་དོར་ནས། བོད་ནང་ཡོད་པའི་བོད་རིགས་རྣམས་པའི་ཉིན་འཁྱོལ་ཡང་མཚན་འཁྱོལ་དཀའ་བའི་སྡུག་བསྔལ་རྣམས་ཡིད་ལ་བརྣག་ནས་དངོས་སུ་སྐྱབས་བཅོལ་བའི་ལག་འཁྱེར་R C ཐོག་གླིང་ཚང་མ་བུ་གསུམ་གྱིས་ལེ་དབར་སྟོང་ཕྲག་བརྒལ་ནས་རྒྱ་བལ་ས་མཚམས་སུ་ཕེབས་པར་རྙིང་ཁུངས་ནས་རྗེས་སུ་ཡིད་རང་ཡོད་ལ་རྒྱབ་སྐྱོར་གཙང་མ་ཡོད་། དེ་མིན་གཞོན་ནུའི་ཚོགས་པ་དང། རང་བཙན་སློབ་ཕྲུག་ཚོགས་གཙོ་སོགས་ནས་བསྒྲགས་གཏམ་རྫིགས་པོ་སྤེལ་རུང་ཤེས་ལྡན་པ་ཞིག་ནས་བལྟས་ན་འཇོན་རྒྱུ་གང་ཡང་མེད་པའི་ཚོར་སེམས་ཞིག་ཡིན་ལ་ལྷགས་པར་ཆབ་སྲིད་ངོ་བོའི་ཐོག་ནས་བརྗོད་ན་དེ་ཚོའི་ཚོགས་གཙོ་ཨ་རིའི་མི་ཁུངས་ཡིན་ལ་དེ་སྔོན་གཞོན་ནུའི་ཚོགས་གཙོ་རྒྱ་གར་གནམ་ཐང་ནས་ཕྱིར་ལོག་བྱེད་དགོས་པའི་རྒྱུ་མཚན་ཡང་བོད་མི་སྐྱབས་བཅོལ་བ་མིན་པའི་རྐྱེན་ཡང་ཡིན་སྲིད་། མདོར་ན་སྤྱི་དོན་རྒྱབ་ཏུ་འཁུར་ནས་རང་དོན་སྤུ་ཙམ་མེད་པའི་ཁ་བཤད་ལག་ཏུ་ལེན་གྱིན་ཡོད་པའི་ཁྱེད་ཅག་མ་བུ་གསུམ་ནད་མེད་ཚེ་རིང་བསམ་འདུན་ཡོང་བའི་སྨོན་ཞུ།།
ཚེ་རྡོར་བྱེད་སྟངས་རྐང་རྗེས་ལག་བསུབ་རེད།
ཚེ་རྡོར་མ་བུ་གསུམ་ལ་ད་ལྟའི་བར་དུ་སྐྱབས་བཅོལ་ལག་ཁྱེར་དང་རྒྱ་གར་གཞུང་གིས་ཆོག་མཆན་སོགས་གང་ཡང་མེད་པར་གཞིས་ལུས་མི་མང་གི་སྐྱིད་སྡུག་མཉམ་མྱོང་ཁོ་ན་བྱེད་པའི་ཆོད་སེམས་ཀྱིས་རྡ་ས་ནས་ལམ་ལ་བུད་འདུག
ཁོང་མ་བུ་གསུམ་གྱི་སྙིང་སྟོབས་ལ་ང་རང་ཡིད་སྨོན་འཆོར། ཁོང་ནས་བར་ཆད་ཅི་དང་གང་ཞིག་འཕྲད་ཡང་བོད་མ་སླེབས་བར་ལས་འགུལ་འདི་མཚམས་མི་བཞག་གསུངས་ཡོད། ཡིནའང་ངའི་རེ་བར་བདེ་ཐང་ངང་རྒྱ་ངར་དུ་ཕྱིར་ལོག་ཐུབ་པར་སྨོན། མ་གཞི་ནས་བཙན་བྱོལ་དུ་ཡོད་པའི་བོད་རིགས་རྣམས་ཆབ་སྲིད་དང་འདྲ་འབྲེལ་གང་ཡང་མེད་པའི་་གཉེན་འཕྲད་དམ་ཡུལ་བསྐོར་རམ། ཡང་ན་འཚོང་འབྲེལ་ཐོག་བོད་དུ་འགྲོ་རྒྱུར་དམ་ནན་གྱིས་བཀག་འགོག་བྱེད་བཞིན་པའི་དུས་འདིར། ཞི་བའི་གོམ་བགྲོད་གྱི་མིང་ཐོག་ནས་བོད་དུ་ཐར་མི་སྲིད་པ་ཞིག་རེད། དང་ཐོག་ངའི་ཚོད་དཔགས་ནི་ཁོང་མ་བུ་གསུམ་རྒྱ་བལ་དང་བོད་བལ་ས་མཚམས་བརྒྱུད་ཐུབ་པའི་ཁྲིམས་མཐུན་ལམ་ཁྱེར་ཡོད་ངེས་སྙམ་ཡང་ངས་ནོར་འདུག ད་ནི་ང་འཁོར་བའི་དྲི་བ་ནི། འོ་ན་ཁོང་མ་བུ་གསུམ་རྒྱལ་ཁབ་གཉིས་ཞིག་བརྒྱུད་མི་དགོས་པར་ཐད་ཀར་སྒང་ཐོག་བརྒྱུད་ནས་ཅིའི་ཕྱིར་མ་་ཕེབས་པ་རེད།།
ཨ་ཁ་ཚེ་རྡོ་མ་བུ་གསུམ་གྱི་དཀའ་སྡུག། དམར་དར་དང་བལ་དར་གྱིས་ཁོང་མ་བུ་གསུམ་རྒྱ་ག་དང་བལ་པོའི་ས་མཚམས་ཙམ་ཡང་རྒལ་བས་མཐུན་རྐྱེན་དུ་མ་སོང་བར། དེ་དག་ཚང་མ་བཙན་འཕྲོག་བྱས་པ་མ་ཟད་ད་དུང་ཡང་ཁོང་མ་བུ་གསུམ་སྲོག་ཉེན་མཚམས་སུ་སྐྱེས་པར་ཨ་ཁ། ཁོང་མ་སྨད་གསུམ་གྱིས་དམར་དར་དང་བལ་དར་འཁྱེར་བས་རྒྱ་དམར་དང་བལ་གཞུང་ལ་མཛའ་མཐུན་གྱི་རྣམ་པ་སྟོན་པ་དེས་གང་ཡང་མ་འགྲུབ་པ་ཡིན་ནམ། བོད་ཀྱི་ལོ་རྒྱུན་ནང་སྤྱོད་མྱོང་མེད་པས་དམར་དར་གྱི་འོག་ནས་བོད་དོན་ལས་འགུལ་དེ་དབུ་མའི་ལམ་གྱི་ལས་འགུལ་ཚོགས་པས་རྒྱུད་སྐུལ་དང་ཁོང་མ་སྨད་གསུམ་གྱིས་མངོན་འདོད་གང་ལྟར་དགོས་དམིགས་ཀྱི་མཚམས་སུ་གང་ལ་ཡང་མི་ཕན་པའི་ལས་འགུལ་ཞིག་ཏུ་མི་འགྱུར་བས་རེ་བ་ཡོད།
ཨ་མ་དང་ནུ་མོ་གཉིས་མཉམ་འཁྲིད་བྱེད་པ་དེ་ཚེ་བརྟན་རྡོ་རྗེའི་ལས་འགུལ་གྱི་བསམ་ནོར་དང་པོ་དེ་རེད། སྐབས་མཚམས་འདིར་ཨ་མ་དང་ནུ་མོ་གཉིས་ཕྱིར་འཐེན་བྱེད་པའི་དུས་ཚོད་རེད། ད་རུང་མུ་མཐུད་དུ་ཨ་མ་དང་ནུ་མོ་མཉམ་འཁྲིད་བྱས་ན་མཐར་ངུ་མ་ཤེས་དགོད་མ་ཤེས་པའི་ཚད་ལ་ལྷུང་ཉེན་འདུག
དར་ཆ་དམར་པོ་ཡང་མཉམ་འཁྱེར་བྱ་རྒྱུ་མཚམས་འཇོག་བྱ་ཐུབ་ན་བོད་མི་མང་པོའི་ཁ་ནས་འདྲ་མིན་བཅོ་བརྒྱད་གླེང་གིན་པའི་མི་ཁ་ལས་ལྡོག་འགྲོ་བ་རེད། རྡ་ས་ནས་གོམ་པ་རེ་རེ་སྤོས་པའི་ལེ་དབར་སྟོང་ཕྲག་གི་རྐང་རྗེས་ཀྱང་བོད་མི་ཚོས་མིག་གིས་མཐོང་རྒྱུ་ཡོད་པ་རེད།
ཨ་སྙིང་རྗེ་།
འདི་མ་བུ་གསུམ་གྱི་རྒྱ་གུང་ཕྲན་གྱི་སྐར་ལྔ་དར་ཆ་འཕྱར་ནས་འགྲོ་རྒྱུ་ག་འདྲ་ཞིག་ནས་དྲན་པ་ཡིན་ནམ།
ལག་རྗེས་རྐང་པས་བརྫད་ནས་འགྲོ་མཁན་།
ཨ་སྙིང་རྗེ།
མ་བུ་གསུམ་ལ་ཉེན་ཁ་མེད་པར་ཤོག་་་་་་་
བོད་གྱི་བདེན་མཐའ་སེལ་ཆེད་སུ་དང་སུ་ཡིས་ལས་འགུལ་སྤེལ་བ་དགའ་བསུ་ཡོད།
རང་ཉིད་གོམ་གང་ཙམ་ཡང་མི་འགྲོ་ཞིང་། །
གཞན་གྱི་ཕྱོགས་སུ་ལོག་པ་སྨྲ་བ་ལ། །
ཁ་ལྕེ་གཉིས་ཀར་བདུད་ཀྱིས་བཟུང་འདྲ་བའི། །
དྲྭ་འབུ་འདི་དག་རྒྱ་ཁྱི་ངོ་མ་ཉིད། །
དོན་གྱིས་བརྗོད་ན་གཞོན་ནུ་ཚོགས་པས་རྒྱ་ནག་ལ་རམ་འདེགས་བྱེད་ཀྱིན་འདུག
ཝང་ལི་ཞོལ་དང་ཁྱད་པར་ཅི།
ད་ཡིན་ན་ནང་འཁྲུག་ལུང་པ་གང་བཟོས་སོང་།།
དཀོན་ཅོག་གིས་གཟིགས་ཤིག དབུ་མའི་ལམ་པས་གཞོན་ནུ་རྒྱ་ཡིས་གསོས་ཕྲུག་རེད་ཟེར། རྒྱ་ཚང་གིས་ཟེར་ན་གཞོན་ནུ་འཇིགས་བསྐུལ་རིང་ལུགས་པ་རེད་ཟེར།
ངའི་ངོར་གཉིས་ཀ་བདེན་པ་མ་རེད།