Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བློ་དང་གློ་བ།

Posted on 2012-05-12 By ཁ་བརྡ་ 14 Comments on བློ་དང་གློ་བ།

སྐྱོ་བྲག་དགའ་དབང་།

ཁ་བརྡའི་ཞབས་མཆན་ཞིག་ཏུ་ཀླུ་སྨྱོན་གྱིས། བདག་ཀྱང་གློ་བ་རབ་ཏུ་དགའ་འོ། །ཞེས་བྲིས་པར། ལ་དྭགས་བློ་བཟང་འཇམ་དཔལ་གྱིས། བླ་མ་ཀླུ་སྨྱོན་པས་གཞུང་མང་དུ་བཀླགས་མྱོང་ཡང་། རྣམ་དཔྱོད་བཀོལ་བ་མེད་སྙམ་པ་ཞིག་བློ་ལ་ཤར། བདག་གི་བསམ་པར་གློ་བ་ནི་བེམ་པོ་རྡུལ་དུ་གྲུབ་པ་ཞིག་ལ་དགའ་བ་ག་ལ་འོང་། བློ་དགའ་ཞེས་པ་ནི་རྨ་མེད་པ་ཞིག་ལགས། ལན་ལ་སྒུག་གོ །ཞེས་བྲིས་པ་ལས། བློ་དགའ་ཞེས་པའི་བརྡ་དོན་ཡོད་པ་བདེན་པ་ཡིན་ནའང་། བློ་ལ་གློ་བ་ཞེས་བརྗོད་པ་ནི་སྔོན་གྱི་ཐ་སྙད་དེ། ཀརྨ་པ་མི་བསྐྱོད་རྡོ་རྗེའི་འཇུག་འགྲེལ་དུ། དེ་ནི་ཁོ་བོའི་གློ་བར་རབ་ཏུ་མི་འཇེན་ཏེ། ཞེས་གསུངས་ཡོད། ཐ་སྙད་འདི་རིགས་རྟེན་གྱི་མིང་བརྟེན་པར་ བཏགས་པ་སྟེ། དཔེར་ན། སྙིང་ཞེས་པ་དོན་སྣོད་ཀྱི་ཡ་གྱལ་ཡིན་མོད། རྫོགས་ཆེན་སེམས་སྡེའི་དབང་ལ་སྙིང་དཀྱིལ་ཡོད་པ་ནི། སྙིང་གི་དབུས་ན་རྣམ་པར་ཤེས་པའི་ཚོགས་བརྒྱད་ཡུལ་དང་བཅས་པ་གནས་པའི་མཚོན་བྱེད་ཡིན་པར་གསུངས་པ་ལྟ་བུའི་གྲགས་སྲོལ་གྱིས། སྙིང་རྗེ། སྙིང་སྡུག །སྙིང་བཅངས་སོགས་སུ་བརྗོད་ཅིང་། དེང་སང་བློ་རྣོ་རྟུལ་ལ་བསམས་ནས་ཀླད་པ་སྤྱང་པོ་ཡིན་མིན་ཞེས་བཤད་ཀྱིན་པ་བཞིན་ནོ།

སྣ་ཚོགས།

Post navigation

Previous Post: ཚེ་བརྟན་རྡོ་རྗེས་ལས་འགུལ་མུ་མཐུད་སྤེལ་འཆར།
Next Post: སྐར་ལྔའི་དར་དམར་དང་གླིང་ཚ་མ་བུ་གསུམ།

Comments (14) on “བློ་དང་གློ་བ།”

  1. མེ་ཏོག་དཀར་པོ། says:
    2012-05-12 at 11:21 am

    གློ་བ་དགའ་བྲིས་པ་དག བློ་དགའ་ཟེར་བ་དག

  2. ཤུག་པ། says:
    2012-05-12 at 12:31 pm

    དེབ་དཀར་དུ།
    བཙན་པོ་མཆེད་གཉིས་ལ། མོང་སྔོན་པོ་གློ་བ་རིངས་པར། ཟུ་ཙེས་ཁོས་གྲབ་ཤོམས་བྱེད་པ་ཚོར་སྟེ། བཙན་པོ་མཆེད་གཉིས་ལ་སྐུ་ལ་བསྡོ་མ་ནུས་པར་མོང་སྔོན་པོ་བཀུམ་མོ། ཞེས་པ་འདུག

  3. མེ་ཏོག་དཀར་པོ། says:
    2012-05-12 at 12:54 pm

    སྐབས་ཐོབ་གློ་བ་ཟེར་བ་སེམས་ལ་ག་བ་རེད།

  4. ནུབ་ཕྱོགས་གངས་ཕྲུག་ says:
    2012-05-12 at 1:12 pm

    བློ་ལ་གློ་བ་ཞེས་བརྗོད་ན་གོ་རྒྱུ་མི་འདུག ཡིག་ནོར་ཤོར་ནས་བྲིས་པ་འདྲ།

  5. མེ་ཏོག་དཀར་པོ། says:
    2012-05-12 at 1:27 pm

    བློ་དང་གློ་བ་ཐ་དད་ཡིན་ཡང་། གློ་བ་དགའ་ཟེར་སྲོལ་ཡོད། ནོར་མེད།

  6. སྲིན་པོ་རྫ་རྒན། says:
    2012-05-12 at 11:43 pm

    མཁན་པོ་དགའ་དབང་གིས་དོགས་སློང་ཡག་པོ་གནང་འདུག དེའི་འཕྲོ་མཐུད་དུ་ཞུས་ན། གློ་བ་དགའ་ཞེས་པ་ནི་ཡིད་ཚིམ་པའི་དོན་ཅན་ཏེ། བསྐོར་བ་བྱེད་པ་ལའང་གློ་བ་དགའ་སྟེ། དེ་བས་ཅོས་ཅིག་བྱས་ན་མི་དགའ་འམ། ཞེས་བཀའ་གདམས་གསུང་བགྲོས་སུ་ཡོད་པ་དང་། ད་དུང་མུ་མཐུད་ཞུས་ན། ཏུན་ཧོང་གཏེར་ཡིག་ན། གློ་བ་ཉེར་འོང་བ་ནི། མ་བགམ་མ་བརྒལ་བར་ཐོངས་ཤིག ཅེས་ཡོད། སྙིང་ཐག་པ་དང་གློ་བ་ཐག་པ་གཉིས་དོན་གཅིག གློ་བ་འདྲིང་དང་རྒྱབ་གཏོད་པ་གཉིས་དོན་གཅིག གློ་བས་བས་པ་དང་ཞེ་སེམས་ཁྲེལ་བ་གཉིས་དོན་གཅིག་སྟེ། འདུལ་གཞུང་ན། ་་་་་་་་་་་་་་་་ཉེ་དུས་གློ་བས་བས་པར་མི་འགྱུར་བར་གྱིས་ཤིག་་་་ཅེས་བཀོད་དེ་ཡོད་པ་ལྟ་བུ་ཡིན། ད་མཁས་པ་དང་མཁས་པའི་ཚོགས་ཀྱིས་མུ་མཐུད་གླེང་རོགས།

    གཅན་ཚ་བ་སྲིན་པོ་རྫ་རྒན་ནས།

  7. སྨུ་ཐག་གི་བུ་རྒྱུད། says:
    2012-05-13 at 12:30 am

    (གློ་བ་དགའ)་ཟེར་བ་སྐྱོན་ཡིན་ན་(སྙིང་ཚིམས)་ཟེར་བའང་སྐྱོན་ཡིན་དགོས་རྒྱུ་རེད། རིགས་པ་བཀོལ་ན་དེ་འདྲ་རེད། འདི་ཚོའི་གནད་འགག་ཡིག་རྙིང་བཀླག་ན་ཤེས་ངེས་པ་ལས་ཡོད་ཚད་ལ་རིགས་པས་འཚང་ག་རྒྱག་ཉན་ཡོད་ནི་མ་རེད། སྐབས་རེར་ལུགས་སྲོལ་དུ་གྱུར་བའི་འབྲི་སྟངས་ཡང་མང་པོ་ཡོད་པ་རེད། དེ་ཚོ་ཡིག་ཚོགས་མང་དུ་བཀླག་ན་ཤེས་རྒྱུ་ཞིག་ལས་རིགས་པ་ཁོ་ནས་ཤེས་རྒྱུ་ཞིག་མ་རེད།

  8. ཐུབ་པ། says:
    2012-05-13 at 12:52 am

    ལ་དྭགས་པ་དེ་ཅི་ཡང་མི་ཤེས།

  9. ལུང་རྟོགས། says:
    2012-05-13 at 1:02 am

    ཡོད་ཚད་ལ་རིག་པ་བཏངས་སྡད་ན། འཇིག་རྟེན་གྱི་གྲགས་པ་ཕལ་ཆེ་བརླག་འགྲོ་ཡི་རེད།

  10. དིང་རྡོར says:
    2012-05-13 at 1:31 am

    གློ་བ་དགའ་ཟེར་བ་དེ་ཞང་ཞུང་གི་སྐད་ཡིན་པར་སྙམ བཙན་པོའི་གདུང་རྒྱུད་མཇུག་མ་རྫོགས་གོང་གི་ཡིག་རྙིང་དག་ཏུ་གློ་བ་ཉེ་དང་གློ་བ་རིང་།གློ་བ་དགའ་ཞེས་བྲིས་པ་མང་པོ་འདུག་ ཡིན་ནའང་བཙན་པོའི་གདུང་རྒྱུས་སིལ་བུར་ཐོར་བ་ནས་ཐ་སྙད་དེ་དག་རྙེད་དཀའ་བར་སྣང་།

  11. མེ་ཏོག་དཀར་པོ། says:
    2012-05-13 at 8:18 am

    གློ་བ་དགའ་ཞེས་པ་བོད་སྐད་རེད། ཡོད་ཚད་རྒྱ་གར་དང་ཞང་ཞུང་ལ་ཁུངས་བཏུག་ག་ལ་དགོས།

  12. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-05-13 at 9:41 am

    ༨༽ ཐུབ་པ་ནས།
    སྤྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༣ གི་ཆུ་ཚོད་ ༠ སྐར་མ་ ༥༢
    ལ་དྭགས་པ་དེ་ཅི་ཡང་མི་ཤེས།
    ཁྱེད་བདེན་ནོ། ད་དུང་སྦྱོང་བཞིན་པ་ཡིན།
    རང་བློ་ཤེས་བྱ་ཀུན་ལ་མ་སྦྱངས་ན།
    ཐམས་ཅད་མཁྱེན་པ་ནམ་མཁའི་མཐའ་ལས་རིང་།

  13. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-05-14 at 10:56 am

    གློ་བ་ཞེས་པ་མདོ་སྡེ་ལས་བརྒྱ་པ་ན་ཡང་གསལ། བློ་ལ་གློ་བ་ཞེས་སྔོན་མ་ནས་མ་དག་རྒྱུན་འབྱམས་སུ་སོང་བ་ཞིག་མ་ཡིན་ནམ། ཁྱེད་ཀློག་པ་རྣམས་ནས་དཔྱད་པ་བཀླགས་པས་བློ་དགའ། ད་འོ་ན། འཕྲལ་དུ་འོངས་པ་ལ། ལེགས་སྦྱར་སྐད་དུ། ཨཱ་གནཏུ་ཀ་དང་། ཨིན་སྐད་དུ། adventitious བོད་སྐད་དུ། གློ་བུར་ཞེས་མིང་ཇི་ལྟར་བྱུང་། སྒྲ་འདི་བོད་སྐད་ཤེས་པ་ཀུན་གྱིས་གོའམ། ལེགས་སྦྱར་དང་། ཨིན་བརྡ་དེ། སྐད་ཡིག་དེ་དག་ལ་ལེགས་པར་སྦྱངས་པ་རྣམས་ཀྱིས་མ་གཏོགས་གོ་ཐུབ་པ་ཞིག་ཡིན་མི་འདུག །

  14. ལྷ་ནོར says:
    2012-05-26 at 11:47 pm

    གང་ལྟར་བློ་དང་གློ་གཉིས་སྒྲ་གདངས་དང་དོན་གཉིས་ཀའི་ཆ་ནས་མི་འདྲ་ལ། དོན་གྱི་ངོ་བོའི་ཆ་ནས་ཀྱང་ཚིག་གྲོགས་སྦྱར་ན་དོན་ཡང་མི་འདྲ་བ་སྟོན་པ་ཡིན། བློ་བ་དཀར། གློ་བ་དཀར།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (58)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (42)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (31)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme