སྡེ་དགེའི་ཞི་མོ།
(དེ་རིང་ནི། ཨ་མའི་དུས་ཆེན་ཡིན་དུས། བྱམས་བརྩེ་ཟབ་པའི་དྲིན་ཅན་ཨ་མ་ལགས་ཀྱི་བཀའ་དྲིན་ལ་རྗེས་དྲན་གྲངས་མེད་ཞུ།)
བཀའ་དྲིན་ཆེ། བྱམས་ལྡན་ཨ་མ་ལགས།
ཁྱེད་ཀྱིས། བུ་མོ་ངའི་འཚར་ལོངས་ཀྱི་ཆེད་དུ།
ཁྱེད་ཀྱིས། བུ་མོ་ངའི་མདུན་ལམ་གྱི་ཆེད་དུ།
ཁྱེད་ཀྱིས། བུ་མོ་ངའི་ཤེས་ཡོན་གྱི་ཆེད་དུ།
ཁྱེད་ཀྱིས། བུ་མོ་ངའི་གྲུབ་འབྲས་ཀྱི་ཆེད་དུ།
ཁྱེད་ཀྱིས། བུ་མོ་ངའི་རེ་འདུན་གྱི་ཆེད་དུ།
འདི་ལྟར།
དཀའ་སྡུག་གི་འཁུར་བོ་དང་དུ་བླངས་ཤིང་།
སློབ་སྦྱོང་གི་མཐུན་རྐྱེན་གང་ལེགས་སྤྱར་བ།
མ་ནོར་ལམ་བཟང་གི་ཕྱོགས་སུ་རྟག་ཏུ་ཁྲིད་ཅིང་།
ཡ་རབས་བཟང་སྤྱོད་ཀྱི་མིག་དཔེ་ཡང་དག་བསྟན་པ།
དེའི་རྒྱུ་མཚན་ནི།
ཨ་མ་ལགས། བུ་མོ་ང་ལ་བྱམས་བརྩེ་ཟབ་པས་རེད།
ཨ་མ་ལགས། བུ་མོ་ང་ལ་རེ་འདུན་ཆེ་བས་རེད།
ཨ་མ་ལགས། བུ་མོ་ང་ལ་གཅེས་སེམས་ཡངས་པས་རེད།
ཨ་མ་ལགས། བུ་མོ་ང་ལ་བརྩེ་འདང་འཁྱུད་པས་རེད།
རེད་ལགས། ཨ་མ་ལགས་ཀྱི་བཀའ་དྲིན་དང་། བྱམས་སྐྱོང་། ད་དུང་ཐུགས་འཁུར་བཅས་ཀྱིས།
བུ་མོ་ང་ལ་གསོན་ཤུགས་རྒྱས་སོང་།
བུ་མོ་ང་ལ་ལང་ཚོ་འཕེལ་སོང་།
བུ་མོ་ང་ལ་སྙིང་སྟོབས་བསྐྱེད་སོང་།
བུ་མོ་ང་ལ་ཁ་ཕྱོགས་བསྟན་སོང་།
བུ་མོ་ང་ལ་ཤེས་རྟོགས་སྟེར་སོང་།
ད་དུང་།
བུ་མོ་ངས། མི་ཞིག་ལ་གྲུབ་འབྲས་ཤིག་དགོས་པ་ཤེས་སོང་།
བུ་མོ་ངས། དམིགས་ཡུལ་ངེས་ཅན་ཞིག་དགོས་པ་ཚོར་སོང་།
བུ་མོ་ངས། ཉམས་མྱོང་གི་སྟོབས་ཤུགས་དགོས་པ་རྟོགས་སོང་།
དེ་ལས་ཀྱང་།
ཨ་མ་ལགས་ཀྱི་ནུས་པས། ང་རྨོངས་གཉིད་ལས་སད་དུ་བཅུགས་སོང་།
ཨ་མ་ལགས་ཀྱི་ལམ་སྟོན་གྱིས། ང་རང་གི་ཁ་ཕྱོགས་ཇེ་བརྟན་དུ་བཏང་སོང་།
ཨ་མ་ལགས་ཀྱི་བློས་བཏང་གིས། སྤྱི་སེམས་དེ་གལ་ཆེན་ཡིན་པ་ཤེས་སོང་།
ཨ་མ་ལགས་ཀྱི་གཞན་ཕན་གྱིས། མཐུན་ལམ་ཆིག་སྒྲིལ་དགོས་པ་རྟོགས་སོང་།
དེས་ན།
བཀའ་དྲིན་ཆེའོ།། དྲིན་ཅན་ཨ་མ་ལགས།
ཁྱེད་ཀྱི་ཐུགས་སེམས་བདེ་མོ་བྱོས་དང་། བུ་མོ་ང་ཡིས་སློབ་སྦྱོང་ལ་འབད་ཀྱིན་ཡོད་ལགས།
ཁྱེད་ཀྱི་ཐུསག་སེམས་བདེ་མོ་བྱོས་དང་། བུ་མོ་ང་ཡིས་འཕྲོད་བསྟེན་ལ་གཟབ་ཀྱིན་ཡོད་ལགས།
ཁྱེད་ཀྱི་ཐུགས་སེམས་བདེ་མོ་བྱོས་དང་། བུ་མོ་ང་ཡིས་མཐུན་ལམ་ལ་བརྩོན་གྱིན་ཡོད་ལགས།
དེའི་ཕྱིར་ན།
བྱམས་ལྡན་ཨ་མ་ལགས།
ཁྱེད་རང་གིས་ཀྱང་། སྐུ་གཟུགས་ལ་བདག་སྐྱོང་བྱ་རོགས།
ཁྱེད་རང་གིས་ཀྱང་། ཐུགས་སེམས་སྤྲོ་བོར་བཞུགས་རོགས།
ཁྱེད་རང་གིས་ཀྱང་། དགེ་སྒྲུབ་ལ་གང་ཐུབ་འབད་རོགས།
བཀའ་དྲིན་ཆེ་བའི་བྱམས་ལྡན་ཨ་མ་ལགས།
ཁྱེད་རང་དྲན་པའི་མིག་ཆུ་རྒྱ་མཚོར་འདྲེས་སོང་།
ཁྱེད་ལ་མཇལ་འདོད་ཀྱི་འདུན་པ་འགོག་མེད་དུ་འཕྱུར་སོང་།
ཁྱེད་རང་གི་བཀའ་དྲིན་ཤེས་པའི་འདུ་ཤེས་ཇེ་ཟབ་ཏུ་བུད་སོང་།
ཁྱེད་དང་ལྷན་འཛོམས་ཀྱི་སྐལ་བཟང་དེ་མགྱོགས་པོར་ཤར་ན་བསམས་སོང་།
ཐུགས་རྗེ་ཆེ། དྲིན་ཆེན་ཨ་མ་ལགས།
བཀའ་དྲིན་ཆེ། བྱམས་ལྡན་ཨ་མ་ལགས།
ཁ་གསལ་གོ་བདེ་ཚོར་བའི་ཟིན་པ་རེད་བསམ་ཐལ། མུ་མཐུད་ནས་ཕྲིས།
ཀྱེ་ཨ་མ་ལག།
རྒྱང་རིང་གི་ཨ་མ་ལགས།
འཇིག་རྟེན་འདི་ཡི་དྲིན་ཆེན་གྱི་མ་ལོ།
ཁྱེད་དྲན་ཐང་རེ།
ཕྲན་ཆུང་ང་ངུ་སླ་ལ་སྤྲོ་བའང་སྐྱེད་སླ།།
གོ་ལ་ཧྲིལ་བོའི་སྟེང་གི་ཨ་མ་རྣམས་ལས་ཁྱེད་ཉིད་ཁྱད་དུ་འཕགས།།
ཁྱད་དུ་འཕགས་པའི་སྣང་རྙན་ལས་བསུབ་མེད་ཀྱི་རྡོ་རྐོས་རི་མོ་ཞིག་ཕྲན་ལ་བྲིས།།
ཀྱེ་བདག་སེམས་ཀྱི་དྲོད་ཐིག
བརྩེ་བའི་ཡུམ་ཆེན།
ཨ་མ་ལགས།
རྒྱང་རིང་གི་གདུང་འབོད་དེ་ཐོས་སམ།།
ཁྱེད་དང་བྲལ་བ་ནི་ཕྲན་གྱི་མགོན་སྐྱབས་ཅིག་དང་བྲལ་བ་མ་ཡིན་ནམ།།
མིག་ཆུ། དྲན་གདུང་།
འདི་དག་ཨ་མས་ཕྲན་ལ་གནང་བའི་ལྷད་མེད་ཀྱི་བྱམས་སྐྱོང་ཉིད།།
འདི་དག་མ་ལགས་ཀྱི་ཕྲན་ལ་གནང་བའི་སེམས་ཀྱི་དྲོད་ཐིག་ཀྱང་ཡིན་སྲིད།།
ལས་དབང་། འདུ་བྲལ།
འདི་ཚོ་སྐད་ངག་ལས་འཐོར་བའི་སྒྱུ་རྩལ་ཞིག་གི་སྡོམ་ཚིག་ཤི་བོ་ཞིག་ཡིན་ན་ཅི་མ་རུང་།།
ཡིན་མི་སྲིད་ལ་ལས་དབང་གི་བཀའ་བརྡ་ལ་སུ་ཞིག་གཡོལ་མྱོང་།
གོ་ཚོད་ལ་སྐྱེས་ཆེན་དག་ཀྱང་ལས་དབང་ལ་སྐྲག་སྲིད་ཟེར།།
སྙན་མོ་ཞིག་བྲིས་འདུག
བོ་མོ་ཁྱེད་རང་ཡག་པོ་རེད་དངོས་གནས་ སྐྱེས་དམན་ཁ་ཤས་བཟའ་ཟླ་ཡོད་བཞིན་དུ་ཚོང་པ་དང་མཁས་པོ་ཁོ་ནར་རྗེས་སུ་རྒྱུག་ནས་དངུལ་དང་ཞལ་ལག་གཟི་དངབྱུ་རུ་ལ་འགོ་འཁོར་ནས་ རང་གི་མི་ཚེ་རང་གི་ངོ་མི་ཤིས་པ་མང་པོ་འདུག་། འདས་པའི་ལོ་གཉིས་ཀྱི་སྔོན་ལ་། ང་ཡི་ཉེར་དུས་རྡོ་རྗེ་ལ་ཨ་རི་ནས་སྐྱེས་དམན་དེ་འདྲ་ཞིག་འཕྲད་འདུག་ བུ་མེད་དེེ་འདྲ་རིགས་ལ་མཇེ་དང་དངུལ་གཉིས་ཡོད་ན་ཁྲིལ་དང་ངོ་ཚ་ཁྱོན་ནས་མེད་པ་འདྲ་ ལོ་རྒྱུན་རྒྱས་པ་དགོས་ན་རྗེས་སུ་བྲིས་ཡུང་
ས
མ་ལོའི་བཀའ་དྲིན་དྲན་པའི་སྙན་ཚིག་འདིའི་ནང་དུ། །
མི་འདོད་འདྲེ་ལག་བསྐྱང་བའི་རྗེས་ཤུལ་ཤིག་མཐོང་སྟབས། །
མ་བཅོས་ལྷུག་པར་གྲོལ་བའི་མཛའ་བརྩེ་ཡི་ཚོར་བ། །
སྨྱུ་གུས་རྩེ་ནས་བཞུར་བ་མིན་པ་ནི་ཤེས་སོང་། །
བྱམས་པའི་ཕྱག་གིས་མ་བཏང་ཞིང་། །
བརྩེ་བའི་འཛུམ་གྱིས་མ་ལྷོད་ལ། །
ཐུགས་ཁུར་འོ་མས་གསོས་པ་ཡི། །
དྲིན་ཅན་མ་ལོ་སྙིང་ནས་དྲན། །
ཕྱི་གླིང་རྒྱལ་ཁབ་འགྲོ་ལུགས་བཞིན། །
ལག་སྐྱེས་འཕུལ་རྒྱུ་མ་བྱུང་ཡང་། །
མ་བཅོས་སེམས་ཀྱི་ཁུག་སོ་ནས། །
སྐུ་ཚེ་བརྟན་པའི་སྨོན་འདུན་ཞུ། །
བསོད་ནམས་མཐའ་ལ་ལྷུང་མིན་ན། །
ནམ་ཞིག་མ་བུར་ངོ་འཕྲོད་ཡོང་། །
དྲན་པས་ཉིན་མཚན་མ་སྐྱེལ་བར། །
བདེ་བར་མཛོད་ཅིག་མ་ཁོ་ལགས། །
སྙན་པོ་ཞིག་བྲིས་འདུག
མ་ལོའི་བཀའ་དྲིན་དྲན་པའི་སྙན་ཚིག་གི་ནང་དུ་་། མོ་མིང་འོག་དུ་གཡབ་པའི་བསྡམས་ཤོར་གི་བརྩུན་གཟུགས་། དང་མཐོང་ཁྱེད་ལ་འཕོས་པའི་རྗེས་ཤུལ་གྱི་བུ་ལོན་། བདེ་ཀུན་སྨྱོ་སྤྱོད་ལོ་རྒྱུན་ཆུ་བོ་བཞིན་དོར་ཡོངས་།
ཁོག་རྒྱ་ཁབ་མོག་ལས་དོག་པ། ཕྲག་དོག་མེ་ལྕེ་ལས་ཚ་བ། རང་ངོ་སྔོན་ཞིག་ལས་བོར་མཁན། རང་གཟུགས་རང་གིས་བསྟན་འདུག
ཡུམ་ཆེན་ལགས།
ཁྱེད་རང་གི་ཐུགས་རྗེའི་འོད་ཟེར་ནི། འཛམ་གླིང་ལ་ཁྱབ་སོང་།
དངོས་གནས་དུས་ཚོད་གཉན་ཕྲང་འདི་འདྲའི་སྐབས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་སྐུ་ཕྱའི་ཐད་སྐུ་བསྲུང་བ་རྣམས་པ་ཚོ་གཙོས་པའི་ངོས་བོད་མི་ཚང་མས་རང་རང་སོ་སོས་འགན་སྔར་ལས་ལྷག་པ་འཁུར་དགོས།སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག།
སྐུ་ལ་སྟོན་པའི་ན་བཟའ་གྱོན་རུང་། ཐུགས་ལ་གནོད་པའི་ཕྲག་དོན་བཅིངས་པ། གསུང་ལ་དཀྲུག་ཤིང་བཤད་རྒྱུ་གོམས་པ། རང་གཟུགས་རང་གིས་བསྟན་སོང་།
ལུས་ལ་ཆོས་གོས་གྱོན་ནས་བཞན་གྱི་བཟའ་ཟླ་ལ་འདོད་སྤྱོད་། བཤད་མཁས་འགོ་བདེ་དཀྲུག་ཤིང་གི་ཕྱུགས་པའི་། ཤི་བསམ་ཡིད་ལ་མེད་པའི་བསྐལ་མཐའ་ཡི་བཙུན་པ་། བསྟན་པ་སྤྱི་ལ་ཐུགས་བསམ་ཤིག་གནང་རོགས་།
ཨ་མ་ལགས།
ངོ་མ་དྲན་སོང་།
ཁྱེད་ཀྱིས་རྗེས་དྲན་འདི་ཡག་གི
ཞོར་དུ། ཕྲག་དོག་དུག་གི་སྨྱོས་པའི་གླང་རྒན་དེ་ཁས་བླངས་པའི་དམ་བཅའ་བོར་ནས་མནབ་སེམས་གནོད་སེམས་ཀྱིས། བསྙོན་འཛུགས་བྱེད་སྟངས་འདིས། ཁྱེད་རང་གི་ད་ལྟ་དང་མ་འོངས་པའི་མདུན་ལམ་བསྟན་འདུག་་་
ཧ་ཧ་ཧ་་་་་་་་་་་་་་་་་་་
བུ་མོ་ཁྱོད་ཀྱིས་ཨ་མ་ལ་བསྟོད་པའི་ཚིག་འབྲུ་རེ་རེའང་དེ་འདྲ་སྙན་པ་ལ། ལྷག་ཏུ་ཨ་མའི་རེ་འདོད་བཞིན་
ཕུགས་བསམ་དང་སྙིང་སྟོབས་རྒྱས་པ་ལ་དགའ་བསུ་ཞུའོ།།