རང་ཚུགས་ཅན།
རྒྱལ་དར་མཉམ་འཕྱར་ལ་བརྟེན་ནས་བཀའ་སྤྱི་གཉིས་ཀས་ཀྱང་རུབ་རུབ་འགའ་གནང་འདུག་ཟེར། རྣམ་དཔྱོད་ལྡན་པའི་མཁས་དབང་ཟམ་གདོང་རིན་པོ་ཆེ་འདྲ་བ་ཞིག་ཡོད་ན། ཚོགས་གཙོ་མཆོག་ལའང་དེ་རིང་གི་གསུང་བཤད་འདི་ལས་ཅུང་སྣུམ་ཤིག་ཤིག་ཅིག་གསུང་རྒྱུ་ལོས་ཡོད་ཀྱང། ད་ནི་ཚོགས་གཙོའི་གསུང་བཤད་དེའང་སྨྱུག་ཁ་བདག་མེད་ཚོའི་གྲལ་དུ་ཟགས་འདུག་ལ། ཆབ་སྲིད་པ་འགན་མེད་ཚོའི་གཏམ་བཤད་ཀྱི་གྲས་སུའང་ལྷུངས་འདུག
རྒྱལ་དར་མཉམ་འཕྱར་བྱས་པའི་ཐད། དར་དམར་མུ་མཐུད་ནས་སྲེག་གི་ཡིན་པའི་འཇིགས་སྐུལ་དྲག་སྤྱོད་པའི་སྐད་ཆ་འཛམ་གླིང་ཁྱོན་དུ་བསྒྲགས། ས་གཞི་ཡོམས་འདར་ཤོར། རྒྱལ་དར་མཉམ་དུ་འཕྱར་མིན་གང་ལྟར་ཡང། དེ་འཕྱར་མཁན་ལ་དགག་བྱ་མེད་ལ་འཕྱར་མཁན་མང་པོ་ཐོན་པར་ཤོག་ཅེས་ཀྱང་ས་གཞི་དམག་གིས་ཁེངས་པ་ལྟར་ཕྱོགས་གཉིས་ནས་གླེང་འགོ་ཚུགས།
བར་དེར་གངས་ཅན་སྐྱིད་གཤོངས་ནས་སྐད་ཆ་ཞིག་འཁྱོག་ལམ་བརྒྱུད་ནས་སྤྱི་ཚོགས་སྟེང་སླེབས། གངས་སྐྱིད་ཀྱི་དར་ཆའི་ཐད་ཀྱི་ལངས་ཕྱོགས་གསལ་དུ་ཕྱིན། ལངས་ཕྱོགས་དེ་ཐབས་རྡུག་པོའི་ངང་གསལ་འདོན་བྱ་དགོས་བྱུང། དེ་ནི་དར་ཆ་སྲེག་པ་དེས་རྒྱ་ནག་མི་མང་ལ་ཞེ་འཁོན་བསྐྲུན་གྱི་ཡོད་པས། དེ་བྱེད་སྟངས་ཤིག་མིན་པ་དང། དར་ཆ་འཕྱར་བའང་མིང་དོན་མཚུངས་པའི་རང་སྐྱོང་རག་མཚམས་ལས་འཕྱར་རྒྱུའི་གནས་བབ་མེད་ཅེས་ཕེབས། ད་དུང། མང་གཙོའི་སྤྱི་ཚོགས་ནང་བསམ་སྤྱོད་རང་དབང་ཡིན་ཡང། གནད་འགག་ཅན་གྱི་སྐབས་སུ་གཞུང་གི་ལངས་ཕྱོགས་དང་ཆིག་སྒྲིལ་བྱ་དགོས་ཟེར། འདི་ནི་ད་རིང་ཁ་སང་གི་གླེང་གཞི་དང་འབྲེལ་ནས་ཐོན་པའི་གངས་སྐྱིད་ཀྱི་བཞེངས་ཕྱོགས་རེད།
ང་ཚོས་སྐབས་འདིར་འགོ་འཚོས་མེད་པ་ཞིག་ནི། གླིང་ཚ་མ་བུ་གསུམ་གྱིས་རྒྱ་མིའི་རྒྱལ་དར་འཕྱར་བ་མིན་པར། བོད་དར་མཉམ་རྒྱལ་ཁབ་གསུམ་གྱི་དར་ཆ་མཉམ་འཕྱར་གནང་བ་དེ་རེད། འདི་ལ་དར་དམར་འཕྱར་བ་མི་ཟེར་བར། དར་བཞི་མཉམ་འཕྱར་ཟེར་ཡང། དོན་མེད་ཀྱི་གླེང་རྙོག་དེ་དག་གྱ་ཚོམ་གྱིས་བྱུང་ཞིང་དེ་ཙམ་ལའང་ཆབ་སྲིད་ཀྱི་ཐ་སྙད་སྙིང་རྗེ་མོ་ཞིག་འདོག་མ་ཤེས་པ་ནི་ངོ་ཚ་བའི་ཡུལ་རེད།
གཉིས་ནས་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་བོད་མི་ས་ཡ་དྲུག་གི་སྐུ་ཚབ་བྱས་ཏེ་འཐབ་རྩོད་གནང་གི་མེད་པར། བོད་མི་ས་ཡ་དྲུག་ལ་ཞབས་ཞུར་མི་ཚེ་བློས་གཏོང་གིས་འཐབ་རྩོད་གནང་བཞིན་ཡང། འདི་ལ་བསམ་བཞིན་ལོག་ལམ་དུ་སྤྱུགས་མཁན་ཚོས་སྦྱོར་བ་བརྩམས་མེད་ན། བཤད་གླེང་འདི་འདྲ་ཡོང་དགོས་དོན་མེད་ལ། གངས་སྐྱིད་ཀྱི་ལངས་ཕྱོགས་དེའང་ཡོང་དོན་གཏན་ནས་ཡོད་པ་མ་རེད།
ད་འོ་ན། གནད་ཀྱི་མདོ་རྩ་རང་སྐྱོང་རག་མཚམས་དར་དམར་འཕྱར་དགོས་པ་རེད་དམ་ཟེར་ན། འདིའང་མིའི་བསམ་ཚུལ་ཞིག་ཡིན་པས། མ་འགྲིག་ཟེར་ས་མི་འགྲོ་ཡང། འདིའི་ཕག་ནས་ང་ཚོས་དམར་དམར་རྗེན་རྗེན་དུ་མཐོང་ཐུབ་པ་ཞིག་ནི། དབུ་མའི་ལམ་གྱི་སྲིད་བྱུས་ལ་བཅངས་བའི་ཡིད་ཆེས་རེད། དབུ་མའི་ལམ་ལ་རྒྱ་ཕྱོགས་ནས་ཡ་ལན་ཚུལ་མཐུན་མ་གནང་བ་བདེན་ཡང། བོད་ཙམ་མ་ཟད་འཇིག་རྟེན་ཞི་བདེར་སྨན་པའི་ཐབས་མཆོག་དབུ་མའི་ལམ་གྱིས་ནམ་ཞིག་བོད་ཀྱི་བདེན་དོན་སེལ་ངེས་ཀྱི་བློ་སྤོབས་མེད་པ་གསལ་བཏོན་བྱས་སོང་བ་རེད། སྐབས་འདིར་ངས་དྲན་སོས་པ་ཞིག་ནི། བཙན་བྱོལ་ནང་གི་རྒན་རབས་པ་ཞིག་སྟེ་དབུ་མའི་ལམ་ལ་ཡིད་ཆེས་བརྟན་པོ་ཡོད་མཁན་ཞིག་གིས་” བོད་གཞུང་མང་རང་བཙན་གྱི་ལམ་དུ་བསྐྱོད་ཀྱང་ང་མ་ཤི་བར་དབུ་མའི་ལམ་དུ་བསྐྱོད་ཀྱི་ཡིན་”ཞེས་པའི་སྐད་ཆ་འབྲུག་སྒྲ་བཞིན་གྲགས་པ་དེ་རེད་ལ། དབུ་མའི་ལམ་གྱིས་འཇིག་རྟེན་ཁྱོན་ཡོངས་དང་སྒོས་སུ་བོད་ཀྱི་འཚོ་གནས་ལ་ཁེག་ཐག་ཐུབ་མིན་གྱི་གདེང་ཚོད་མ་རྙེད་ན་ནི། མདོར་དེད་ན་༧ཏཱ་ལའི་བླ་མ་ལྟ་བུའི་འཇིག་རྟེན་ཡ་རབས་སུ་འཁྲིད་པའི་སྐྱེས་བུ་རླབས་ཆེན་དག་ལའང་ཡིད་ཆེས་བརྟན་པོ་མེད་པ་དང་རིག་པས་མཚུངས་བསྡུར་བྱས་ན་གཅིག་པ་ཆགས་ཡོད། འཇིག་རྟེན་འདིའི་སྐྱེ་བུ་རླབས་ཆེན་དག་གི་ཐུགས་གཤིས་ནི་དཔྱད་པའི་རྗེས་སུ་འབྲངས་པར་སྲོག་ཀྱང་འབེན་དུ་འཇོག་ནུས་བ་དེ་ཡིན་སྟབས། གནམ་ས་རྟིང་འོག་བརྗེ་ན་མ་གཏོགས་དབུ་མའི་ལམ་གྱིས་བོད་ཀྱི་བདེན་མཐའ་མི་སེལ་བ་ཞིག་ཡོང་སྲིད་དམ།
དེས་ན། དེ་རིང་ཁ་སང་གི་བོད་དོན་གྱི་གནས་བབ་ཀྱང་དེ་འབྲེལ་གྱི་སྡིངས་ཆ་ཞིག་ཏུ་ལྷག་ཡོད་པ་གསལ་ཞིང་གསལ་ལ། ཅི་ཙམ་རང་ལ་ཡིད་ཆེས་ཡོད་པ་དང། རང་གི་མི་རིགས། རང་གི་རྣམ་དཔྱོད། རང་གི་ལངས་ཕྱོགས། རང་གི་ལམ་སྟོན་པར་ཡིད་ཆེས་ཡོད་པ་དེ་སྲིད་དུ། མཚོན་དང་དྲག་སྤྱོད་ཀྱིས་རང་ཉིད་ནམ་ནམ་ཞར་ཞར་དུ་གསོད་ཐབས་མེད་པ་འཇིག་རྟེན་དཔང་ལ་བཙུགས་ནས་སྨྲས་ཀྱང་བྲག་གི་རི་བོ་བཞིན་བདེན་པ་འགྱུར་མེད་དུ་གནས་ན། ད་ནས་བཟུང། ལམ་དབུ་མའི་སྲིད་བྱུས་འཛིན་པར་ཁས་འཆེ་བ་ཆེ་ཕྲ་སུས་ཀྱང་མ་མཐར། རང་ཉིད་སྲིད་བྱུས་དེར་ཡིད་ཆེས་ངེས་བརྟན་མེད་པར་ཁ་ལྷོ་འཁོར་གྱིས་འདང་ནུབ་ཕྱོགས་སུ་འཕེན་པ་ནི་ཅི་ནས་ཀྱང་མི་རིགས་པའི་གནས་སོ།
དེ་དང་ཞོར་འཕྲོས་ཤིག་ལ། དར་བཞི་མཉམ་འཕྱར་གྱིས་ཞི་བའི་དོན་ཚན་ལྔ་བཏོན་པ་དེ་འགྲིག་མེད་ན། ད་འོ་ན། ང་ཚོར་ཕྱིར་འཐེན་བྱ་དགོས་པའི་ཕྱག་ལས་ག་ཚོད་ཅིག་ལྷག་མེད་དམ། དཔེ་མཚོན་ཆུང་ཆུང་གོ་སླ་བ་ཞིག་ནི། རྒྱ་ནག་གཞུང་ལ་༼ དབུས་གཞུང ༽་གསོལ་བའི་མཚན་འདི་ཉིད་ང་ཚོས་ཅི་ལྟར་ཕྱིར་འཐེན་བྱ་རྩིས་ཡིན་ནམ། ༼ བཙན་བྱོལ་བོད་གཞུང༽དང་༼ གངས་ལྗོངས་རང་དབང་དམངས་གཙོའི་སྒྲིག་འཛུགས ༽སོགས་ལ་རྩིས་རྒྱག་རྒྱུ་ལྷག་མེད་དམ། དེ་བཞིན་སོང་བ་དང་འགྲོ་རྒྱུའི་འབྲེལ་མོལ་དག་ལའང་ཤེས་ཆོག་དང་མི་ཆོག་གི་ཆ་རྐྱེན་གང་ཡང་མེད་པར་རྒྱ་ནག་གཞུང་གིས་ཅོག་ཙེ་གཅིག་ཏུ་ཆུ་ཚོད་འཕྲོ་བརླག་ཏུ་གཏོང་གི་རེད་དམ་ཟེར་ན། འདི་རྣམས་ལའང་བསམ་ཞིབ་ཡག་པོ་ཞིག་མ་གནང་ན། མི་ཆུང་ཆུང་ཚེ་བརྟན་རྡོ་རྗེ་འདིའང་མཐོང་ཆོག་ཆོག་ཅིག་ག་ལ་ཡིན།
ཐག་ཞོར་འབྲང་འདྲུད་དུ་སོང་བ་ཞིག་ནི་གཞོན་ལྷན་དང་དབུ་མའི་ལམ་རེད། སྒྲིག་འཛུགས་འདི་གཉིས་ཀྱི་བྱེད་ལས་གང་འཚེ་བ་ཡིན་མིན་གནས་སྐབས་བཞག་ནས། ཁོང་རྣམ་པ་གཉིས་ལ་ལྟོས་བཅས་ཀྱིས་ཚོང་ཡག་པོ་ཞིག་རྒྱག་རྒྱུ་ཡོད་པ་འདྲ་སྟེ། དེ་ནི་དར་ཆ་སྲེག་ན། དར་ཆ་འཕྱར་གྱི་ཡིན། ཞེ་འཁོན་བསྐྲུན་ན། ཞེ་འཁོན་སེལ་གྱི་ཡིན་ཞེས་པའི་བཀའ་མོལ་་གཅིག་གི་སྟེང་ནས་བསམ་ཤེས་བྱས་ཀྱང་ཆོག་མོད། དབུ་མའི་ལམ་གྱི་ཁྲག་རྩ་ཡོད་ན་ཆབ་སྲིད་ཁོ་ནའི་ཁེ་གྱོང་ལ་འཇུ་མཁན་ཞིག་ཡོང་ཤེས་མེད་སྟབས། གོང་གི་ཚོང་འདི་ལའང་རེ་བ་ཞིག་གཏན་ནས་མེད་པ་འདྲ་བས། མདོ་དོན་རང་ཉིད་རང་གིས་ཡང་དག་པར་ངོ་ཤེས་པར་བརྩོན་པ་ནི་མཆོག་ཏུ་གྱུར་འདུག་གོ།
རང་ཚུགས་ཅན་འདི་ཡང་རང་ཚུགས་མེད་པར་གཡོན་ཕྱོགས་སུ་ཡོ་འདུག། གླིང་ཚང་མ་བུ་གསུམ་གྱིས་བོད་བསྐྱོད་ལས་འགུལ་ལ་དང་ཐོག་ཚོགས་སྐྱིད་ཚང་མས་བརྒྱབ་བསྐྱོར་གནང་བ་མ་ཟད་མི་དམངས་ཀྱིས་ཀྱང་མིག་ཆུས་ཅུང་ཟད་ཕེབས་བསྐྱེལ་ཡང་ཞུས་པ་རེད་ལ། དེ་ནི་ཡིད་རངས་དང་བསྔགས་བརྗོད་ཞུ་འོས་པ་རེད། འོན་ཀྱང་ཁོང་གིས་ལམ་བར་ནས་བློ་བུར་དུ་དར་བཞི་མ་འཕྱར་བར་དར་གསུམ་འཕྱར་ན་ད་ལྟའི་རྩོད་རྙོག་འདི་མེད་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་མཚོན་རྟགས་འཇིགས་སུ་རུང་བ་དང་སྡུག་རྩུབ་རང་བཞིན་ལྡན་པའི་ཏང་དར་དམར་པོ་དེ་འཕྱར་ཙང་རྩོད་རྙོག་འདི་ནས་བྱུང་བ་རེད་ལ་བོད་མི་མང་པོའི་སེམས་ལ་རྨ་ཁ་བཟོས་པ་རེད། ཚོགས་གཙོས་གསར་འགོད་པས་དྲིས་ལན་ནི་རྒྱ་བོད་ཀྱི་ད་ལྟའི་གནས་སྟངས་དངོས་ཐོག་བདེན་འཚོལ་གྱི་ལམ་ནས་དྲང་ཚུགས་ཀྱིས་ལན་གནང་འདུག་བསམ་བསམ་མ་གཏོག་ཁྲི་ཟུར་ཚང་གིས་སྣུམ་མདངས་བརྒྱག་དགོས་པ་ཞིག་ཅང་མཐོང་མ་སོང་། འོན་ཀྱང་ཅི་སྟེ་ཁྲི་ཟུར་ཚང་གིས་སྣུམ་མདངས་བསྐྱོན་ན་ནི་དཔེ་བསགས་པ་རེད། ཉེ་འཆར་རང་གསར་འགོད་པས་བཅར་འདྲི་དང་ལེན་གནང་སྐབས་ཁོང་གིས་བོད་ནང་གི་མེར་བསྲེག་གི་བྱུང་རྐྱེན་ཟུར་ཙམ་ཡང་མི་གླེང་བར་མཚོན་རྟགས་འཇིགས་སུ་རུང་བ་དང་སྡུག་རྩུབ་རང་བཞིན་ལྡན་པའི་ཏང་དར་དམར་པོ་བསྲེག་པས་ཐུགས་འཕམས་ཚད་མེད་ཡོད་ཚུལ་དང་། ཁོང་ལམ་དབུ་མའི་སྲིད་ཁྲིར་བཞུགས་དུས་བཀག་འགོགས་གནང་ཚུལ་གསུངས་སོང་བས་ད་རེས་གཞུང་འབྲེལ་མ་ཡིན་པའི་ལས་འགུལ་ལ་སྣུམ་མདངས་བསྐྱོན་ནས་ཐེ་བྱུས་གནང་ན་ཆབ་སྲིད་རིག་པའི་གཞུང་ལུགས་ནང་གཞུང་གིས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་སྒེར་བེད་སྤྱོད་གཏོང་མི་ཆོག་པ་དང་ཐེ་བྱུས་བྱས་མི་ཆོག་པ་ལས་ཡོངས་སུ་འགལ་འགྲོ་གི་རེད། བྱས་ཙང་དཔེ་བསགས་པ་རེད་ལ་ཁྱེད་ཀྱིས་ཆབ་སྲིད་ལ་བསྒྱུས་མངའ་ཆེ་མདོག་ལས་ཆབ་སྲིད་རིག་པའི་གཞུང་ལུགས་དེ་ཙམ་ཐུགས་མངའ་མེད་པ་འདྲ།
ཁྱེད་ཀྱིས་དབུ་མའི་ལམ་གྱིས་སྲིད་ཇུས་ལ་བཅངས་པའི་ཡིད་ཆེས་ཟེར་ན་གང་འདྲ་ཞིག་ལ་གོ་དགོས་པ་རེད། ཏང་དར་དམར་པོ་དམར་ལྷབ་ལྷུབ་ཏུ་འཕྱར་ན་དབུ་མའི་ས་ལམ་གྱི་འབྲས་བུ་རང་སྐྱོང་མངོན་འདོད་རང་བཞིན་དུ་འབྱུང་བར་ཡིད་ཆེས་བྱེད་དགོས་པ་ཨེ་རེད། ཉེ་འཆར་རང་༧སྐུ་མདུན་གྱིས་ཕྱི་རྒྱལ་གསར་འགོད་པས་བཅར་འདྲི་དང་ལེན་གནང་སྐབས་ཁོང་གིས་དགོངས་གཞི་དབུ་མའི་ལམ་ལ་འབྲས་བུ་མ་བྱུང་བ་གསལ་པོ་གསུངས་འདུག་ལ། ཏང་ལ་ཡིད་ཆེས་སྲབ་ཏུ་སྲབ་ཏུ་འགྲོ་གི་འདུག་ཏེ་རྒྱ་ནག་མི་དམངས་ལ་ཡིད་ཆེས་གཏན་པོ་ཡོད་ཞེས་མང་མང་གསུངས་པ་གསན་ཨེ་མྱོང་། གལ་ཏེ་གསན་ཡོད་ན་ཚོགས་གཙོ་མཆོག་གིས་གཞུང་འབྲེལ་གྱིས་ལས་འགུལ་ལ་ད་བར་དར་དམར་འཕྱར་མྱོང་མེད་པ་དང་མ་འོང་པ་ཡང་དགོས་འདུན་རང་སྐྱོང་ཚད་ལྡན་མ་འཐོབ་བར་འཕྱར་མི་སྲིད་གསུངས་པར་དོན་ལ་གནས་འདུག་ལ། ༧ཏཱ་ལའི་བླ་མ་ཞེས་པའི་འཇིག་རྟེན་ཞི་བདེ་དང་དྲང་བདེན། ཡ་རབས་སྤྱོད་བཟང་ལ་འཁྲིད་པར་མཛད་པའི་སྐྱེས་བུ་རླབས་ཆེན་དག་ལ་ཡིད་ཆེས་བརྟན་པོ་ཡོད་པ་མངོན་སུམ་རེད་ལ་རིག་པས་མཚུངས་བསྡུར་བྱས་ན་ཡང་འགལ་འདུ་ཅི་ཡང་མི་འདུག། དེས་ན་༧སྐུ་མདུན་གྱིས་ཀྱང་དབུ་མའི་ལམ་ལ་ཡིད་ཆེས་བརྟན་པོ་ཡོད་དགོས་པར་མཚོན་རྟགས་འཇིགས་སུ་རུང་བ་དང་སྡུག་རྩུབ་རང་བཞིན་ལྡན་པའི་ཏང་དར་དམར་པོ་ལྷབ་ལྷུབ་ཏུ་འཕྱར་དགོས་པ་ཞིག་ནམ་ཡང་གསུང་གི་མི་འདུག། བྱས་ཙང་ལམ་དབུ་མ་འདི་ལོག་འབྲེལ་སྣ་ཚོགས་བྱས་ཏེས་སླ་པོ་བཟོ་མཁན་ནི་དབུ་མའི་ལས་འགུལ་ཁང་དེ་རེད།
དེས་ན་ཁྱེད་ཀྱི་དྲན་ཡུལ་ལ་ཡོད་པའི་བཙན་བྱོལ་ནང་གི་ལམ་དབུ་མར་ཐུགས་ཡིད་ཤིན་ཏུ་ནས་བརྟན་པོ་ཡོད་པའི་རྒས་པོ་དེས། 《བོད་གཞུང་དམངས་རང་བཙན་གྱི་ལམ་དུ་བསྐྱོད་ན་ཡང་རྒས་པོ་རང་ཉིད་དབུ་མའི་ལམ་དུ་འཆས་ཀྱི་ཡིན་》་གསུངས་པར་ཐུག་ཁག་རྩ་བ་ནས་མེད་པ་རེད། ཁ་རྒྱུན་ལ་བྱ་རྒས་ན་ཚང་དྲན། མི་རྒས་ན་ཡུལ་དྲན། བྱས་པ་རེད་སྙིང་རྗེ་་་་རྒས་པོ་ཁོང་ཕྱི་ལམ་དུ་ཕེབས་རྒྱུར་མི་རིང་བས། ཕྱི་ལམ་དུ་མ་འཆས་གོང་སོ་སོའི་ཕ་ཡུལ་ལན་གཅིག་གཟིགས་འདོད་ཡོད་པ་རེད་ལ་སྤུན་མཆེད་ཉེ་འབྲེལ་ལ་འཐུག་འཕྲད་ཐེངས་གཅིག་གནང་འདོད་ཡོད་ཙང་རང་བཙན་ལས་དབུ་མའི་ས་ལམ་ཉེ་མེད་དྲོ་སྙམ་པ་ཡིན་རྒྱུ་རེད། འོན་ཀྱང་ཁོང་ད་ལྟ་འཚོ་བཞུགས་གནང་ཨེ་ཡོད། གལ་ཏེ་འཚོ་བཞུགས་གནང་ཡོད་ན་ཏང་ཀྲུང་དབྱང་དགོངས་པ་མ་རྫོགས་བར་འབྲས་བུ་རང་བཙན་དང་འབྲས་བུ་རང་སྐྱོང་གཉིས་ཀའི་ས་ལམ་གྱི་རིང་ཐུང་འཇལ་རྒྱུ་ཁག་པོ་བྱས་པ་རེད། ཅི་སྟེ་ཏང་ཀྲུང་དབྱང་དགོངས་པ་རྫོགས་ཚར་ན་འབྲས་བུ་རང་བཙན་དང་འབྲས་བུ་རང་སྐྱོང་གཉིས་ཀ་འཐོབ་སྲིད་པས་ཡིན་ཅིག་རང་སྐྱོང་བྱེད་དགོས་པའི་རྒྱུ་མཚན་མི་འདུག་ཞེས་ཞུ་འཕྲིན་འདི་ཁྱེད་ཀྱི་དྲན་ཡུལ་ན་ཡོད་པའི་རྒས་པོ་དེར་ཡིན་ཅིག་སྙན་དུ་འཁྱོལ་བར་ཅི་ནས་ཀྱང་མཛད་རོགས་གནང་།
ཡ་ཉོབ་ཏོ་ རང་ཚུགས་ཅན་ཐུགས་རྗེ་ཆེ་རང་གི་རྩོམ་དེ་ཀློག་པས་གཉིད་ཁུག་གྲབས་བྱས་སོང་
དར་དམར་འཕྱར་བས་གུང་བྲན་གཞུང་ལ་ཕན་གནོད་མི་ཤེས།འོན་ཀྱང་དོན་གྱི་བདག་པོ་གཞིས་བཞུགས་བོད་མི་རྣམས་ཀྱིས་སྲོག་ལ་མ་ལྟོས་པར་གུང་བྲན་གཞུང་གི་སྡུག་རྩུབ་རང་བཞིན་ལྡན་པའི་དར་དམར་མི་འཕྱར་བ་མཐོང་ཆོས་ཡིན།།
དངོས་གནས་དབུ་མའི་ལམ་ལ་ཡིད་ཆེས་ཡོད་ན། རྒྱ་ཕྱོགས་ནས་རྣམ་འགྱུར་ཅི་ཞིག་སྟོན་མིན་ལ་མ་བལྟས་པར། སྲིད་བྱུས་དེ་བརྒྱུད་བོད་ཀྱི་བདེན་མཐའ་སེལ་རྒྱུར་ཡིད་ཆེས་མེད་ན་ཐབས་སྐྱོ་བོ་རེད། དབུ་མའི་ལམ་གྱི་སྲིད་བྱུས་ཀྱིས་བོད་ཀྱི་བདེན་དོན་སེལ་གྲབས་ཡོད་པ་དེའང་འཕྲོ་བརླག་ལ་གཏོང་ངེས་པ་རེད།་
དབུ་མའི་ལམ་དང་དར་དམར་གཉིས་ལ་འབྲེལ་བ་གང་ཡང་ཡོད་མ་རེད། དབུ་མའི་ལམ་ནི་བོད་དོན་སེལ་ཐབས་ཀྱི་ཐབས་ལམ་ཞིག་རེད་ལ། དར་དམར་ནི་གུང་ཁྲན་གཞུང་ནས་གཏན་འབེབ་བྱས་པའི་རྒྱལ་དར་ཞིག་རེད། བོད་དོན་ཐག་མ་ཆོད་པའི་སྔོན་ལ་རྒྱ་གཞུང་འགྱུར་བ་སོང་ན་དར་དམར་ལ་ཡང་འགྱུར་བ་འགྲོ་སྲིད་པ་རེད། དེས་ན་ཚོགས་གཙོ་མཆོག་གིས་དར་དམར་འཕྱར་མིན་ནི་མིང་དོན་མཚུངས་པའི་རང་སྐྱོང་རག་རྗེས་ཐག་བཅོད་དགོས་པར་གསུང་པ་དེ་རྒྱུ་མཚན་ལྡན་པ་རེད།
ད་ཚོགས་གཙོ་ཆུ་སྣ་གར་འཁྲིད་མཆོག་ལ་ཏག་ཏག་བཟོས་མི་འདུག་གམ། ངས་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་གྱི་ཚབ་བྱས་ཏེ་ཁྱེད་ལ་བརྗོད་འདོད་པ་ཞིག་ནི། བློ་རྩེ་གཉིས་ཀྱིས་དོན་མི་འགྲུབ་ཅེས་བོད་ལ་གཏམ་དཔེ་ཡོད་པ་ལྟར། ཁྱེད་ནས་ནམ་ཞིག་དབུ་མའི་ལམ་འདི་བཞག་ནས་གང་དུ་བསྐྱོད་རྒྱུར་སྒུག་བཞིན་པ་གསལ་བོ་རེད་པས། ང་ཚོས་རྣམ་པ་འགྱུར་བའི་རང་བཙན་དང་ཕྱེད་རང་བཙན་སོགས་བཤད་ཀྱི་ཡོད་པ་གཞི་རྩ་མེད་པ་ཞིག་མིན་ལ། ༧ཏཱ་ལའི་བླ་མའི་ལྷག་བསམ་ཁོ་ནས་བོད་ཀྱི་དཀའ་རྙོག་མཇུག་སྒྲིལ་རྒྱུ་དེ་བས་ཀྱང་ད་ལྟ་ཁག་པོ་ཡིན་སྟབས། དེ་རིང་ཁྱེད་ཀྱི་ཆོད་སེམས་མཐོང་བས་རྒྱ་བོད་བར་གྱི་གནད་དོན་ནི་དེ་བས་ཀྱང་གསལ་རུ་ཕྱིན་སོང་ན། མ་འོངས་པར་ཁྱེད་ཚོར་འབྲེལ་མོལ་ཟེར་བ་ཞིག་ཀྱང་གཏན་དུ་མེད་པ་སོགས་ནི་སེམས་འཇགས་ཞུ། རྡ་རམ་ས་ལའི་ཆབ་སྲིད་ལ་ནི་དེ་བས་ཀྱང་དགོད་བྲོ་བའོ།
ག་པ་ག་པ།ལམ་དབུ་མ་ལ་གྲུབ་འབྲས་རྩ་བ་ནས་འཐོན་བགྱི་མེད་རེད།རྒྱུ་མཚན་རྒྱ་མིའི་སོ་པ་མང་པོ་རང་བཙན་འཐབ་རྩོད་པ་ཚོའི་གསེང་དུ་འཛུལ་ཏེ།མི་རིགས་དང་རྒྱལ་ཁབ་ཁ་ལ་ཁྱེར་ནས་དབུ་ལམ་སྒྲུབ་པར་བར་ཆད་གང་ཐུབ་བྱེད་བཞིན་པས་སོ།།གནས་ཚུལ་དེ་འདྲར་བརྟེན་ཟམ་གདོང་འུ་ཐུག་སྟེ་རང་བཙན་པ་ཚོ་དོལ་རྒྱལ་ཚོགས་པ་ལས་ཀྱང་ཉེན་ཁ་ཆེན་པོ་རེད་ཅེས་གསུངས་འདུག་ག
ད་རུང་ལོ་མང་པོར་གྲགས་འགུལ་མེད་པར་ནུབ་ཕྱོགས་སུ་བརླག་སོང་བའི་བོད་མི་ཤེས་ཡོན་པ་རེ་ཟུང་དེང་གློ་བུར་གཉིད་སད་ལྟར།དྲ་ལམ་ཁག་ཏུ་དུས་ཚོད་མང་པོ་བཏང་སྟེ་༧རྒྱལ་དབང་དང་དབུ་ལམ་ལ་སྐྱོན་བརྗོད་དང་ཉམས་དམས་གང་ཐུབ་གཏོང་བཞིན་པ་འདི་རིགས།ལྷ་འདྲེ་གདོན་བགེགས་སུས་ཆོ་འཕྲུལ་ཡིན་ནམ།ཡག་རྟགས་ཤིག་ཏན་ཏན་མ་རེད་སྙམ།
ཚོགས་གཙོས་རང་སྐྱོང་ཐོབ་ན་རྒྱ་དར་བསྒྲེང་མིན་ལྟ་རྒྱུ་རེད་ཅེས་བཤད་འདུགཧཧ།ཇོ་བོ་རིན་པོ་བགད་མོ་ཤོར་ནས་ཤི་ཐ།ཁྱེད་ཚོ་གྲོས་ཚོགས་ནས་མོས་མཐུན་བྱས་ཏེ་སྐུ་ཚབ་ནས་དགྲ་དམར་ལ་སྤྲད་པའི་དྲན་ཐོའི་ནང་རྒྱ་དམར་གྱི་རྩ་ཁྲིམས་ལ་འགྱུར་བ་གཏོང་མི་དགོས་པ་གསལ་འདུག་པས།དེ་འདྲའི་རང་སྐྱོང་ལ་རྒྱ་དར་འཕྱར་མིན་གྱི་དྲི་བ་གཏོང་ས་ཅིག་འདུག་གམ།བཙན་བྱོལ་ནང་གི་ཕྲུ་གུ་མགོ་བསྐོར་གཏོང་ལུགས་ལྟ་བུའི་ཇུས་ཐེབས་ཆགས་དེ་ཚོ་མཐོང་དུས་བོད་ནང་གི་བོད་མི་ཚོ་སྙིང་རྗེ་ནས་ངུ་ཤོར་ཀི།
རྒྱ་བོད་བར་གྱི་དཀའ་རྙོག་ནི་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་རྣམས་འགྲིག་མ་འགྲིག་གི་སྐད་ཆ་ཞིག་ལས། གཞན་དར་ཆ་འཕྱར་མིན་དང་མངའ་ཁོངས་ཡིན་མིན་གྱི་སྐད་ཆ་ཞིག་ད་ལྷག་ཡོད་པ་མ་རེད། སུས་ལྷག་གི་མ་བཅུག་པ་རེད། སྔར་བྱས་ངོ་ཤེས་པའི་ཐོག་ནས་བཀའ་མོལ་གནང་རྒྱུ་མ་གཏོགས་ག་ནས་ཡོང།
རྡ་རམ་ས་ལའི་ཆབ་སྲིད། ནང་འཁྲུག ཆོལ་ཞེན་ཆོས་ཞེན་གྱིས་བོད་མི་རིགས་ལ་ད་ལྟ་བར་ཞབས་ཞུ་ག་རེ་སྒྲུབ་ཡོད་པ་རེད་དམ། སྙིང་རྗེ།
དོན་དངོས་ཐོག་དར་དམར་དང་དབུ་ལམ་གཉིས་ལ་འབྲེལ་བ་ཡོད་མ་རེད། ཡིན་ན་ཡང་ད་ལྟའི་དབུ་ལམ་པས་དར་དམར་ཕྱར་བར་རྒྱབ་བསྐྱོར་ཡོད་པ་དེ་དོན་ལ་གནས་མེད། དབུ་ལམ་པས་དར་དམར་ལ་སྨད་ར་མ་གཏོང་ཡང་དར་དམར་ལ་དགའ་ཞེན་བྱེད་པ་དེ་ཡང་དོན་ལ་གནས་མེད། དབུ་མའི་ལམ་འདི་2012ལོ་འགོ་འཛུགས་བྱས་པ་ཞིག་ཡིན་ཚོད་མ་རེད། རྒྱུ་མཚན་དེས་ན2012ལོར་དར་དམར་ཕྱར་བ་ལ་རྒྱབ་བསྐྱོར་ཡོད་ཅེས་པའི་སྒྲིག་ཁྲིམས་གསར་པ་འདིར་དུས་ནམ་དུ་ཡང་ངོ་རྒོལ་ཡོད། དར་དམར་ཕྱར་བ་ཙམ་གྱི་བོད་དོན་ཐག་ཆོད་རྒྱུ་ཡིན་ཚོད་མ་རེད། གལ་སྲིད་དེ་འདྲ་ཡིན་ན་བོད་གཞུང་དམངས་གཉིས་ནས་དར་དམར་ཕྱར་སྟེ་ལས་འགུལ་ཞུགས་དགོས་གི་ཡོད་རེད། དེ་མིན་པ་དར་དམར་ཕྱར་བ་དེས་ཕན་ཐོག་མེད་པར་རྒྱུ་མཚན་ཧ་གོ་སྟེ་ཚོགས་གཙོ་མཆོག་གི་ཀྱང་བསམ་བློ་རྣལ་དུ་ཕབས་ནས་གསུངས་པ་ཞིག་ཡིན་པ་ལས། དབུ་ལམ་པ་ཆེད་དུ་སྡིར་ནས་གསུངས་པ་ཞིག་མིན་པ་ཐག་གི་ཆོད། སྤྱི་མཐུས་ཚོགས་གཙོ་རེད་ད། ཁྱོད་དང་ང་ལྟར་བུའི་སྡང་ཞེན་ཅན་ཞིག་མིན་པར་ཕྱི་གསལ་ནང་གསལ་རེད། ད་དུང་རྒྱ་ཕྱོགས་འགྱུར་བ་མ་ཕྱིན་བར་དུ་བསྒུག། དེས་བར་རྒྱ་ལ་དགའ་བའི་ཕྱག་ལས་འདྲ་གནང། དེ་ནས་གལ་སྲིད་རྒྱ་ནག་དམངས་གཙོ་འགྱུར་བ་ཡིན་ན་བོད་ལ་ཡང་དམངས་གཙོའི་ཐོབ་ཐང་ཆ་ཚང་རག་པའི་འགན་ཁུར་སུས་བྱེད་ཐུབ་རེད། རྒྱ་མཚན་དེས་ན་ཕར་བལྟས་ཚོད་ལ་རྒྱ་ནག་དམངས་གཙོ་འགྱུར་ན་བོད་ལ་དམངས་གཙོའི་ཐོབ་ཐང་ཆ་ཚང་ཡོད་ཡོད་པ་རེད་བསམ་པའི་ཀུན་སློང་ཕར་ཆེར་བོད་པ་ཚང་མ་ལ་ཡོད་ཚོད་རེད། བསམ་བློ་གཏོང་ན་བོད་ལ་ཕྲན་བུའི་འགྱུར་བ་འགྲོ་སྲིད་པ་ཞིག་རེད། ཡིན་ན་ཡང་སྐབས་དེ་དུས་ཀྱང་དབང་འཛིན་པ་རྒྱ་མི་ཡིན་པ་ལས་གཞན་སུ་ཡང་མ་རེད། དེ་དུས་ཡང་འཐབ་རྩོད་མེད་པ་བོད་རང་ས་རང་བདག་ཅན་གྱི་རང་སྐྱོངས་མཚན་ཉིད་པ་དེ་སྤྲད་གི་ཨ་ཡོད་ན་བསམ་པའི་ཀུན་སློང་ཞིག་བོད་པ་ཚང་མར་ཡོད་དགོས་པ་གལ་ཆེན་པོ་མཐོང་སོང། དར་དམར་ཕྱར་ནས་རྒྱ་དགའ་རུ་ཆུག་ཀྱང་བོད་ལ་རང་དབང་རག་རྒྱུ་དེས་ཕན་ཐོག་ཆེན་པོ་ཞིག་མཐོང་གི་མི་འདུག། ང་ཚོའི་ད་ལྟར་ང་ཚོ་རྒྱ་ཡི་ཁུངས་གཏོག་ཡིན་པ་བརྩིས་ན་མ་འོང་པ་རྒྱ་ནག་དམངས་གཙོ་འགྱུར་ན་ང་ཚོའི་ང་ཚོ་རྒྱ་འོག་ཡིན་དུས་ང་ཚོར་ཡང་རང་དབང་དེར་ལོངས་སྤྱོད་ཆོག་རེད་བསམ་པའི་ཀུན་སློངས་དེ་དོན་ལ་གནས་ཐུབ་གི་རེད་བས། དུས་ནམ་ཡང་རྒྱ་ནི་རྒྱ་རེད། བོད་ནི་བོད་རེད་ཁ་ཁ་ཡིན་པ་ལས་གཅིག་ཡོང་སྲིད་གི་མ་རེད། དེ་ངས་བསམ་བློ་གཏོང་སྟངས་ཞིག་ཡིན། ནོར་འདུག་ན་ཡ་མ་བྱེད། རྒྱུ་མཚན་འདུག་ན་བསམ་བློའི་ནང་དུ་བཞག་རོགས་ཟེར་གི་ཡོད།
བཙན་བྱོལ་བོད་མིས་སྐར་ལྔའི་དར་དམར་འཕྱར་བ་འདི་གཞིས་ལུས་བོད་མིས་གོ་སོང་ན་བློ་ཕམ་ཆེན་པོ་ཡོང་རྒྱུ་ཡིན་པ་ཐག་བཅད་ནས་བཤད་ཆོག ང་ཚོས་ངོ་སྲུང་དགོས་ས་དེ་རྒྱ་མི་རེད་དམ་གཞིས་ལུས་བོད་མི་རེད། དེ་ཡང་བསམ་བློ་བཏང་དགོས།
འཐབ་ཕྱོགས་གཅིག་བསྒྱུར་པུའི་ཀྲུའུ་ཝེན་ཆོན་ཀྱི་སྐུ་ཚབས་བློ་བཟང་ཚེ་རིང་དང་། ཀྲུང་ནན་ཧེའེ་ཡིས་ཏང་ཡོན་ཀྲུ་ཞི་ཁྲི་རལ་པ་ཅན་ཁྱོད་གཉིས་ཉོན་ཨ།
ཁྱོད་ཚོའི་སེམས་ན་རྒྱ་བོད་ཀྱི་གནད་དོན་དང་དཀའ་རྙོག་སེལ་རྒྱུའི་འདུན་པ་ནམ་ཡང་མེད་ལ། ༧ཏཱ་ལའི་བླ་མ་དང་ཁོང་དང་ཉེ་བའི་མི་ཁ་ཤས་ཀྱི་གནད་དོན་མ་གཏོག་བོད་ཀྱི་གནད་དོན་ཟེར་བ་ཞིག་ནམ་ཡང་གླེང་གི་མེད་པ་དེ་ཀྲུང་ནན་ཧེའེ་ཁྱེད་ཚོའི་ཁ་དེ་མ་རེད་པས། ད་དུང་འབྲེལ་མོལ་སྒོ་ཡངས་པོར་ཕྱེ་ཡོད་མདོག་གིས་རྒྱ་བོད་གཉིས་ཀར་མགོ་བསྐོར་དང་ལྷག་པར་དུ་རྒྱལ་སྤྱིར་མགོ་བསྐོར་འཁྲབ་མཚན་ལེའུ་མང་དེ་ཁྱེད་ཚོས་འཁྲབ་པ་མ་རེད་པས། ད་དུང་ཁྱེད་ཚོས་སོ་ཉུལ་བཏང་བ་དེ་ཚོ་རང་བཙན་པའི་སིམ་ལ་འཛུལ་མི་འདུག་ལ་ལམ་དབུ་མའི་ལས་འགུལ་ཁང་ལ་མངོན་སུམ་འཛེམས་མེད་དུ་འཛུལ་ནས་གཞིས་ལུས་རྒྱ་ཆེའི་མི་དམངས་དང་བཙན་བྱོལ་དབར་ཕུངས་དཀྲུགས་དང་རྒན་རབས་པ་དང་གཞོན་རབས་པའི་དབར་ཕུངས་དཀྲུགས་རང་བཙན་ལྟ་གྲུབ་པ་དང་དབུ་ལམ་ལྟ་གྲུབ་དབར་ཕུ་དཀྲུགས་མདའ་དཀྲུགས་བྱས་པ་དེ་ཚོ་ངོ་ཚ་མེད་པ་ཅི་རེད།
བཙུན་པ་ཟམ་གདོང་ཚང་འུ་ཐུག་ས་དེ་རང་བཙན་ལྟ་གྲུབ་པ་མ་རེད་ལ། ཁོང་གིས་ཁྱེད་ཚོ་ཀྲུང་ནན་ཧེའེ་ལ་མགོ་འབུལ་ལུས་ག་ཚོད་ཞུས་ཀྱང་ཁྱེད་ཚོ་ཀྲུང་ནན་ཧེའེ་ཡིས་ཁ་ཡ་མ་བྱས་ཙང་ཁོང་འུ་ཐུག་ནས་བོད་གཞུང་དེ་་་་བདེན་པ་ཉིད་རྒྱལ་རྒྱུར་ཅིག་་་་་་ཟེར་བའི་སྨོན་ཚིག་འདྲ་ལ་བརྗོད་མི་བདེ་བའི་མིང་ཞིག་བཏགས་ནས་སྒྲིག་འཛུགས་ལ་བསྒྱུར་དགོས་བྱུང་བ་མ་རེད་པས།
མ་གཞི་ནས་ཁོང་ཏང་ལ་བློ་དཀར་གཞུང་དྲང་ཅན་གྱི་གུང་ཁྲན་ཏང་ཡོན་རྣལ་མ་ཞིག་ཡིན་པས། རང་བཙན་ལྟ་གྲུབ་པ་ཚོ་དགྲ་ཟླར་བཟུངས་ནས་ཉེན་ཁར་འཛིན་ཆོག་ཀྱང་ལྷ་འདྲེ་གདོན་བགེགས་ཚོགས་པ་ཉེན་ཁར་འཛིན་དགོས་དོན་ཅི་ཡིན་ནམ། ལྷ་འདྲེ་གདོན་བགེགས་ཚོགས་པ་ནི་ཀྲུང་ནན་ཧེའེ་ཁྱོད་ཚོས་བདག་པོ་བརྒྱབ་ཡོད་པ་མ་ཟད་འགྲོ་གྲོན་ཡང་འཛེམས་མེད་བཏང་དང་གཏོང་བཞིན་པ་རེད་ལ། ཁྱེད་ཚོ་ཏང་གིས་གཟིགས་པ་ཆེན་པོ་གནང་གི་ཡོད་པ་མ་རེད་པས། བྱས་ཙང་ཏང་ཡོན་ཁྲི་ཟུར་ཚང་གིས་ཉེན་ཁར་རྩིས་དགོས་དོན་ཡ་མཚན་སྐྱེས་གཞི་ཞིག་མ་རེད་པས།
དེས་ན་ངེད་དམངས་གཙོའི་ལུང་པར་གནས་བཅས་པའི་བཙན་བྱོལ་བ་ཚོར་ཀྲུང་ནན་ཧེའེ་ཁྱོད་ཚོས་གཞིས་ལུས་སྤུན་ཟླ་ཚོ་ནང་བཞིན་དམར་གསོད་དང་། བཙོན་འཇུག། མནར་གཅོད། བརྡུང་བརྡེག་ཚ་ནན་བཏང་ཆོག་ཆོག་ཞིག་དང་། ཁྱོད་ཚོས་ཅི་བྱེད་ཟེར་བ་ལ་ཉན་མཁན་ཞིག་མིན་ལ་དམངས་གཙོ་དང་རང་དབང་། འགྲོ་བ་མིའི་ལྷན་སྐྱེས་ཀྱི་འཐོབ་ཐང་ཆ་ཚང་ཡོད་པ་ངེས་པར་དུ་ཤེས་པར་བགྱིས་ཨ།
ཀྲུང་ནན་ཧེའེ་ཁྱོད་ཚོར་རྒྱ་བོད་གནད་དོན་དང་དཀའ་རྙོག་སེལ་རྒྱུའི་འདུན་པ་དང་ཆོད་སེམས། སྤོབས་པ་ནམ་ཡང་མེད་པས་རྒྱ་བོད་དང་རྒྱལ་སྤྱིར་མགོ་བསྐོར་གཏོང་བའི་འཁྲབ་མཚན་དེ་མཇུག་བསྒྲིལ་ན་ཡག་སོང་བས། དོན་དངོས་ཀྱིས་འབྲེལ་མོལ་ཞིག་མེད་པ་ང་ཚོས་སྔ་མོ་ནས་ཤེས་སོང་བས་ད་ནས་བཟུངས་གཡོ་རྒྱུ་རང་བཞིན་ལྡན་ལ་མགོ་བསྐོར་རང་བཞིན་ལྡན་པའི་འབྲེལ་མོལ་དེ་ནམ་ཡང་རྒྱ་བོད་གཉིས་ཀར་མི་མཁོ་བས་འཚམས་འཇོག་བགྱིས་ཨ། དགའ་བསུ་ཡོད། རྒྱ་རྒྱ་ཡིལ་ན་སྐྱིད། བོད་བོད་ཡུལ་ན་སྐྱིད། ཟེར་བ་དེ་སེམས་ལ་བཟུངས་རོགས་ཏང་ཡོན་ཀླད་སྟོང་པ་ཚོ།
གསེར་འབྲུག་སྡེ་ལྔ་ཚོགས་གཙོའི་སྐུ་ཚབ་འདི་གད་མོ་ཤོར་ས་ཞིག་རེད། ཁོ་རང་ཁོ་རང་ཧུར་ཐག་འབད་ཐག་བྱེད་ཀྱི་འདུག
ཟུར་རྒྱན།
ད་དུང་ལམ་དབུ་མས་ལྷག་བསམ་རྣམ་དག་གིས་མགོ་འབུལ་ལུས་འབུལ་ག་ཚོད་ཞུས་ཀྱང་། དགོས་འདུན་བསམ་འཆར་ཡིག་ཆ་ལ་གཞི་མེད་སྒྲོ་བཏགས་ཀྱིས་རང་བཙན་རྣམ་པ་དུ་མར་དབྱེ་བའམ་མིང་འདྲ་མིན་བཏགས་ནས་ཕྱིར་ལོག་བཏང་བ་དེ། ཁྱོད་ཚོ་ཀྲུང་ནན་ཧེའེ་ལ་རྒྱ་བོད་གནད་དོན་དང་དཀའ་རྙོག་སེལ་རྒྱུའི་འདུན་པ་དང་། ཆོད་སེམས། ལྷག་བསམ་དང་སྤོབས་པ་མེད་པ་གསལ་པོར་བསྟན་འདུག་ན་ད་དུང་ཆ་རྐྱེན་ཅི་ཞིག་བསྒྲུབ་དགོས་པ་རེད། འོ་ན་བཙན་བྱོལ་མི་རེ་ངོ་རེའི་མགོ་ཐོག་ཏུ་མཚོན་རྟགས་འཇིགས་སུ་རུང་བ་དང་། སྡུག་རྩུབ་རང་བཞིན་ལྡན་པའི་ཏང་དར་དམར་པོ་དེ་བཙུག་ནས་འགྲོ་དགོས་ཨེ་རེད། སྒྲིག་འཛུག་གཞུང་གི་ཡང་ཐོག་དང་ལས་ཁུངས་ཚང་མར་ཏང་དར་དམར་པོ་དེ་བསྒྲེངས་དགོས་པ་ཨེ་རེད། ཡང་ཅིག་མིན་ན་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་མེས་རྒྱལ་གྱི་པང་དུ་ལོག་དགོས་པ་དེ་རེད་པ། ཐབས་ག་ཚོད་སྡུག་ཀྱང་དེ་འདྲ་བྱེད་མི་སྲིད་པ་རེད།
ལྷ་མཛེས་འདི་ཡང་ཀྲུང་ནན་ཧེའེ་ནས་མངགས་པའི་སྨད་ཚོང་མ་ཞིག་མིན་པར་སྨོན།
གསེར་འབྲུག་ལགས།ཁྱེད་རང་རྒྱུ་མཚན་མེད་པར་མི་མཐོང་ཚད་ལ་བཀའ་བཀྱོན་དྲག་པོ་ཕབ་མཁན་ཅིག་རེད་འདུག།ང་ལ་ནི་ཁྱད་པར་གང་ཡང་མེད་ལགས།འོན་ཀྱང་།སོ་སོའི་སྐུའི་འཕྲོད་བཞེས་ལ་གཟབ་གཟབ་གནང་རོགས་མ་གཏོགས།ཉི་མ་རྟག་པར་མིའི་ཐོག་ལ་སྐུ་རླུང་བཞེངས་ཏེ་བཞུགས་ན།ཉིད་ཀྱི་འཐབ་གྲོགས་ལྷ་བཟང་ལྟ་བུ་མི་མིན་འདྲེ་མིན་ཅིག་ཆགས་ཡོང་།ལར་སྐུ་ཉིད་རྒྱལ་ཞེན་ཆེན་པོ་གང་ཞིག་ལ་རྒྱ་ཞེན་བྱས་ཏེ་མཚན་ལ་གསེར་འབྲུག་དེ་འདྲ་བཏགས་པ་ནི་རྒྱ་མིའི་མཚོན་རྟགས་དེ་ལྷག་མེད་པ་ཅིག་ཡིན་ཙང་།གོང་བྲན་གྱི་དར་འཕྱར་པ་དང་ཉིད་ཀྱི་མཚན་གཉིས་ལ་ཁྱི་སྐྱག་ཟོས་པར་མང་ཉུང་གང་མི་འདུག་ག
ཏང་ཡོན་ཀྲུ་ཞི་ཁྲི་རལ་པ་ལགས།
ཁྱེད་ཀྱིས་ངའི་གཟུགས་པོའི་འཕྲོད་རྟེན་ལ་དགོངས་བཞེས་གནང་བར་ཐུགས་རྗེ་ཆེ། འོན་ཀྱང་ཕྲན་འཛམ་གླིང་ནང་འཕྲོད་རྟེན་ཡག་ཤོས་སུ་བསྒྲགས་པའི་ཡུལ་གྲུ་ཆུང་ཆུང་དེའི་ནང་གནས་ཡོད་པ་མ་ཟད། སེམས་ནད་དེ་ཕྱི་རོལ་དུ་བཏོན་རྒྱུ་བྱུང་ན་ལུས་སེམས་གཉིས་ཀའི་འཕྲོད་རྟེན་ལ་སྣང་དག་མེད་པས། སྐུ་ཉིད་ཀྱིས་ཐུགས་འཕྲལ་གནང་མི་དགོས་པའི་དགོངས་འཇགས་དང་འབྲེལ། ངའི་འཐབ་གྲོགས་དང་བློ་མཐུན་རྙིང་པ་ལྷ་བཟང་ལགས་ཁོང་རྡ་རམ་ས་ལའི་མིག་ནང་གི་ཐལ་རྡུལ་དེ་ཡིན་ཙང་། ཁོང་རང་ཉིད་མི་མིན་འདྲེ་མིན་ལ་མ་འགྱུར་བར་རྡ་རམ་ས་ལའི་སྤྱི་ཚོགས་ཀྱིས་ཁོང་མི་མིན་འདྲེ་མིན་ལ་བསྒྱུར་གྲབས་བྱས་པ་མ་རེད་པས། ད་ཆ་ཁོང་མི་རེད་འདུག་འདྲེ་རེད་འདུག། བདེ་མོ་ཨེ་རེད། ཁོང་གི་དེབ་ཁང་དེ་སུས་བདག་གཉེར་བྱས་འདུག། བྱས་ན་ཁོང་གིས་དེབ་ཁང་གི་དེབ་ཡོངས་རྫོགས་བོད་ཀྱི་ལོ་སྒྱུས་དང་རང་བཙན་སྐོར་ཡིན་ཙང་་མེར་བསྲེག་བཏང་ཡོད་རྒྱུ་རེད་པ། ཧ་ཧ་ཧ།
ངའི་སྨྱུག་མིང་ལ་གསེར་འབྲུག་ཞེས་བཏགས་པ་དེས་རྒྱ་ཞེན་དང་རྒྱའི་མཚོན་རྟགས་ལ་ཅིའི་ཕྱིར་འགྱུར་བ་རེད། རིན་ཆེན་དང་པོ་གསེར་གསེར་པོ་རྒྱ་ཡུལ་མ་གཏོག་མེད་པ་ནི་ཡིན་རྒྱུ་མ་རེད་པ། མངོན་སུམ་ཚད་མས་མ་དམིགས་པའི་རི་མོའི་བྲིས་རྒྱུན་ཙམ་གྱི་སེམས་ཅན་དེ་གང་ནས་བྱུང་མིན་གསལ་ཁ་མེད་ཀྱང་། རི་མོའི་ནང་སྡེར་ལྔ་ཡོད་པ་ཞིག་འབྲི་སྲོལ་འདུག་ལ་བོད་ལ་གནའ་སྔ་མོ་ནས་ས་ཁྱབ་རྡོ་ཁྱབ་རེད་འདུག། ད་དུང་ཆོས་ལུགས་ཀྱི་མིང་ལ་ཡང་འབྲུག་པ་བཀའ་བརྒྱུད་ཟེར་བ་དང་། བོད་ཀྱི་ལོ་སྒྱུས་ནང་རྩོད་མེད་ཀྱི་གྲུབ་ཐོབ་འབྲུག་པ་ཀུན་ལེགས་ཀྱང་རྒྱ་ཡུལ་ནས་ཡོང་བ་ཡིན་རྒྱུ་མ་རེད་པ། ད་དུང་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཆུང་ཆུང་འབྲུག་ཡུལ་ཡང་རྒྱ་ཡུལ་ནས་ཡོང་བ་དང་འབྲུག་པ་ཚང་མ་རྒྱ་མི་ཡིན་རྒྱུ་མ་རེད་པ། བྱས་ཙང་ངའི་མིང་ལ་འབྲུག་གྲགས་ཟེར་གྱི་ཡོད་ཙང་མིང་ལ་ཆ་བཞག་ན་། བཏགས་མིང་དང་དངོས་མིང་གཉིས་ཡོད་པ་རེད། བཏགས་མིང་ལ་ཆ་བཞག་ན་འདོད་རྒྱལ་དང་རྗེས་གྲུབ་གཉིས་ཡོད་པ་རེད། རྗེས་གྲུབ་ལ་ཡང་འདྲ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པ་དང་། འབྲེལ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པ་གཉིས་ཡོད་པ་རེད། བྱས་ན་ངས་སྨྱུག་མིང་གསེར་འབྲུག་སྡེར་ལྔ་ཞེས་བཏགས་དུས་འདོད་རྒྱལ་ཡིན་ཆོག་ལ་ངའི་མིང་ལ་འབྲུག་གྲགས་ཟེར་གྱི་ཡོད་ཙང་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པ་ཞིག་ཀྱང་ཡིན་ཆོག། བྱས་ཙང་རྒྱ་གུང་ཁྲན་ནི་དངོས་ཐོག་བདེན་འཚོལ་མ་གཏོག་མངོན་སུམ་ཚད་མས་མ་དམིགས་པའི་རིགས་ཁས་ལེན་རྩ་བ་ནས་བྱེད་ཀྱི་ཡོད་པ་མ་རེད་། མངོན་སུམ་ཚད་མས་མ་དམིགས་པའི་སེམས་ཅན་འབྲུག་ནམ་ཡང་མཁས་ལེན་ཡོད་རྒྱུ་མ་རེད་པ། དེས་ན་རྒྱ་ཞེན་དང་རྒྱའི་མཚོན་རྟགས་ཡིན་པ་གྲུབ་བྱེད་གསལ་པོ་མི་འདུག་ལ་སྐུ་ཉིད་ལ་གསུང་རྒྱུས་ཕོངས་པ་ནི་ཡིན་རྒྱུ་མ་རེད་པ། ཡང་ཅིག་མིན་ན་སྐུ་ཉིད་ཀྱིས་ཀླན་ཀ་འཚོལ་འདོད་སྐྱེས་པ་ནི་ཡིན་རྒྱུ་མ་རེད་པ།
གསེར་འབྲུག་སྡེར་ལྔ། རང་ཉིད་ལ་དཔྱོད་ཤེས་དེ་མེད་རུང་གཞན་གྱི་ཅི་བཤད་ཀྱིན་པའི་གོ་དོན་རྟོགས་ཐུབ་པ་གྱིས། དོན་དངོས་ནས་རི་བོང་ཅལ་འདྲོགས་ལབ་དུས་གསེར་འབྲུག་སྡེར་ལྔ་ལྟ་བུ་ལ་མཚོན་པ་ཡིན་རྒྱུ་རེད། ཚོར་ཤེས་ལ་བརྟེན་ན་བློ་སྣ་ཐུང་ནི་རེད།
ཚེའུའི་འགྲམ་ནས་རི་བོང་བློ་ལྡན་ཤེས་རབ་ཀྱིས་སྲོག་ཆགས་ཡ་མཚན་ཅན་ཅལ་ཞེས་པ་ཞིག་འདུག་ལབ་པ་དང་། གཡོ་ཅན་ཝ་མོ་ཁྱོད་ཀྱང་སྐྲགས་ནས་བྲོས་པའི་ལམ་བར་དུ་ཏང་གི་སྐྱག་དོང་ནང་ཟག་གྲབས་བྱས་འདུག་ག། ཧ་ཧ་ཧ་ཧ།
ང་ཆུང་དུས་ཞིང་ཆེན་གཅིག་དང་ལྗོངས་ལྔའི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་སློབ་ཆུང་ཀློག་དེབ་སློབ་དུས། གཡོ་ཅན་ཝ་མོ་དང་། ཟ་རྔམས་ཅན་གྱི་འཕར་བ། སྟར་ཁའི་སྡོང་པོ་བཅད་པ། རྒྱལ་པོ་ཁྱི་སྐད་རྒྱག་ཏུ་བཅུགས་པ། ནོར་བུས་ནོར་གཅིན་བཏང་ནས་བྲོས་པ། སྣེ་གདོང་རྒྱལ་པོ་དང་ཉི་ཆོས་བཟང་པོ། རི་བོང་ཅལ་འདྲོགས། ལྕང་སྡོང་སྟེང་གི་བྱ་སྐྱ་ཀ། ལ་སོགས་པའི་གཏམ་བརྒྱུད་དེ་ཚོ་སྙན་པོ་ཞེ་དྲག་ཡོད། བྱས་ན་ཁྱོད་ཀྱིས་རི་བོང་ཅལ་འདྲོགས་ཀྱི་གཏམ་བརྒྱུད་ཆ་ཚང་ཞིག་ངའི་མཆན་རེ་རེ་བཞིན་སྦྱར་ནས་ཤོད་དང་། ངས་ཁྱོད་ཀྱི་དཔྱོད་ཤེས་ཀྱི་རིག་པ་དང་གོ་དོན་ཟབ་མོ་གང་འདྲ་འདུག་བལྟས་ཆོག།
གསེར་འབྲུག་སྡེར་ལྔ་འབོད་པ་ལགས། སྐུ་ཉིད་སྤྱི་དོན་ཐད་ལ་ཤ་ཚ་མོ་དང་འུར་ཚ་བོ་འདྲ་ཞིག་འདུག་སྟེ། གནམ་དཔྱོད་ཅན་ཞིག་མིན་པ་འདྲ། མི་གཞན་ལ་ལན་འདེབས་བྱེད་སྐབས་ཡིག་འབྲི་གསོག་ཐབས་ཀྱིས་ཉ་ཉོག་མང་བོ་བཤད་ན་ལན་འདེབས་རྒྱུ་ཉོབ་འགྲོ་ནི་རེད། མ་གཞི་ནས་ཚོང་པ་ཁྱོད་ལ་མ་རྩ་ཞེ་དྲག་མི་འདུ། དཔེར་ན་མཚེའུ་ལ༼ཚེའུའི༽ཞེས་འབྲི་ལུགས་ལ་བལྟས་ན་ཀ་ངོ་ཡིག་ངོ་ཆོད་ཙམ་མིན་འགྲོ། ད་དུང་ཞིང་ཆེན་གཅིག་དང་ལྗོངས་ལྔའི་ཉིན་ཧྲིལ་བའི་ལམ་ལུགས་ལབ་ཡོང་དུས། གཡས་ལ་བལྟས། གཡོན་ལ་འཁོར། མདུན་ལ་བསྐྱོད། གཅིག གཉིས། གཅིག ་་་་་་་་་བག་ལྷོད། བློ་སྒྲིམ་ལྟ་བུའི་འབོད་ཚིག་དེ་དག་ད་རུང་རྣ་ལམ་ན་འུར་ཆི་ལེ་འཁོར་བསྡད་ཡོད་མཁན། རྒྱ་ནག་གི་ལུས་རྩལ་ར་བའི་ནང་ནས་ཕྱི་ལ་ཐོན་ཙམ་གྱི་ལོ་ཆུང་གདོང་ལེན་རུ་མི་ཞིག་ཡིན་པ་འདྲ། ཏང་གི་སྐྱག་ཁུང་ནང་ལབ་དུས་ཁོ་དེ་ནས་ཡོང་བ་འདྲ་བོ་ཞེ་དྲག་འདུག ཧུཧུཧུ་་་་
ཕྱུགས་རྫི་ནི་ཕྱུགས་རྫི་རང་རེད། ཕྱུགས་ཟོག་གཉོར་སྐྱོངས་མ་གཏོགས་ཅང་ཤེས་ནི་མ་རེད། ཁོ་རང་ལ་ཅིག་བལྟོས་དང་། ཀ་ངོ་ཡིག་ངོ་ཆོད་མདོག་ལས་བརྡ་སྤྲོད་ཀྱི་རྣམ་དབྱེའི་འཇུག་ཚུལ་ཤེས་ཀྱི་མེད་པ་འདྲ། དཔེར་ན། ཨི་ལྡན་གྱི་རྣམ་དབྱེ།
རྗེས་འཇུག་ཡི་གེ་བཅུ་པོ་ལ། ཨི་དང་མཐུན་ལུགས་འདི་ཞེས་བྱ། དང་པོ་གཉིས་ལ་དང་པོ་མཐུན། གསུམ་ལྔ་བཅུ་ལ་ཀྱ་དང་སྦྱར། བདུན་པ་ཉིད་ལ་བདུན་པ་སྟེ། ལྷག་མ་རྣམས་ལ་གྱ་སྦྱར་བ། དེ་དག་ཨི་སྦྱར་འབྲེལ་བའི་ས། ཞེས་རྗེས་འཇུག་བདུན་པ་འ་མཐའ་ཅན་ཉིད་ལ་འ་མཐའ་དངོས་་སུ་ཡོད་དམ་མེད་ཀྱང་རུང་སྟེ་བདུན་པ་འ་རང་ཉིད་སྦྱོར་བ་དངོས་སུ་བསྟན་ནས། ཤུགས་ལ་རྐང་པ་ཁ་སྐོང་བའི་ཚེ་ཡ་ཡིག་སྦྱོར་དགོས་པ་ནི་སློབ་དཔོན་གྱི་དགོངས་པ་སྟེ་འདི་རྣམ་པ་ཀུན་ཏུ་བརྗེད་མི་རུང་ངོ་། དེ་དག་ཐམས་ཅད་ལ་ཨི་ཡིག་སྟེ་གི་གུ་སྦྱར་བས་རྣམ་དབྱེ་དྲུག་པ་ཞེས་རྟེན་དང་བརྟེན་པའམ་ཡན་ལག་དང་ཡན་ལག་ཅན་སོགས་མིང་དོན་ཕན་ཚུན་འབྲེལ་བ་བརྗོད་པའི་དོན་ཅན་གྱི་སྒྲ་ཡིན་པས་འབྲེལ་བའི་ས་ཞེས། དཔེར་ན། མཚེའུའི་འགྲམ་ཞེས་རྟེན་དང་བརྟེན་པའི་འབྲེལ་བ། རྟེའུའི་རྔ་མ། བེའུའི་མཇུག་མ། རེའུའི་རྭ། ལྟ་བུ་ཡན་ལག་དང་ཡན་ལག་ཅན་གྱི་འབྲེལ་བའོ། ཚེའུའི་ཞེས་སྔོན་འཇུག་མ་ཡིག་ཆད་འདུག་ན། མ་མ་མ་མ་མ་མ་མ་མ་མ་མ་་་་ཁྱོད་ཀྱི་ཞལ་དུ་བཏབ་བོ་ཁཱ་རམ་ཁཱ་ཡི།
ད་དུང་གཡས་ལ་བལྟས། གཡོན་ལ་འཁོར། མདུན་ལ་བསྐྱོད། རྒྱབ་ལ་ཤིག། ཡཱིས། ཨཱར། སཱན། སཱི ལབ་ཡོང་དུས་ཁྱོད་ཏང་གི་ཕག་རྫི་དང་བྱ་རྫི་ཡིན་པ་འདྲ། ཧུ་ཧུ་ཧུ། ཧུ་སྒྲ་འདི་ལ་བལྟས་ན་བྱ་སྐྱག་དང་ཕག་སྐྱག་གི་དོང་ནང་ནས་ཕྱིར་ཐོན་ལ་ཁད་ཙམ་ཡིན་པ་འདྲ། ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ།