གཤམ་གསལ་དྲི་བ་འདི་དག་བོད་དོན་ཉམས་ཞིབ་རྩོམ་ཡིག་ཅིག་གི་ཟུར་རྒྱན་དུ་མཁོ་སྒྲུབ་ཞུ་ཡི་ཡོད་ལགས་ན། དེ་རྩིས་སྐུ་ཉིད་ནས་ལན་འདེབས་ཁ་གསལ་ཞིག་གནང་རོགས་ཞུ།
༡ བོད། རྒྱ་ནག རྒྱ་གར། ཕྱི་རྒྱལ་ཟེར་བའི་མིང་འདི་དག་གོ་ཡོང་བའི་སྐབས་ལ་ཁྱེད་རང་གི་སེམས་ལ་ཚིག་དང་པོ་དེ་ག་རེ་སླེབས་ཡོང་གི་འདུག
༢ གལ་སྲིད་ཁྱེད་ལ་རང་དབང་གི་འདམ་ཀ་ཞིག་ཡོད་ཚེ་ཁྱེད་རང་རྒྱལ་ཁབ་གང་གི་ནང་དུ་བཞུགས་འདོད་ཡོད་དམ།
༣ བོད་ཀྱི་མ་འོངས་པ་ཇྀ་འདྲ་ཞིག་ཆགས་ས་རེད།
༤ བཙན་བྱོལ་ནང་དུ་ཡོད་པའི་བོད་མི་རྣམས་ཀྱི་མ་འོངས་པ་ཇི་འདྲ་ཞིག་ཆགས་ས་རེད།
༥ གལ་སྲིད་བོད་ལ་རང་དབང་ཐོབ་པ་ཡིན་ན། ཁྱེད་རང་བོད་ནང་ལོག་འདོད་ཡོད་དམ།
༦ གལ་སྲིད་བོད་འདི་ཞི་བདེ་དང་རང་དབང་ལྡན་པའི་རྒྱལ་ཁབ་ཅིག་ཆགས་པ་ཡིན་ན། ཁྱེད་ཀྱི་བསམ་པར་འཛམ་གླིང་གི་ཡུལ་གྲུ་ཀུན་ཏུ་གནས་པའི་བོད་མི་རྣམས་མཉམ་གཅིག་ཏུ་བོད་ནང་དུ་སྡོད་ཐུབ་པར་བསམ་གྱི་འདུག་གམ།
༧ གལ་སྲིད་བོད་རང་བཙན་ཡིན་ན། བོད་རྒྱ་གཉིས་ཞི་བདེ་ལྡན་པའི་ངང་མཉམ་དུ་འཚོ་གནས་ཐུབ་པར་ཁྱེད་རང་ལ་ཡིད་ཆེས་ཡོད་དམ།
༨ བོད་ནང་གི་བྱ་དངོས་སམ་གནས་ཚུལ་ལེགས་ཤོས་གསུམ་དང་སྡུག་ཤོས་གསུམ་གསུང་རོགས།
༩ རྒྱ་གར་ནང་གི་གནས་ཚུལ་ལེགས་ཤོས་གསུམ་དང་སྡུག་ཤོས་གསུམ་གསུང་རོགས།
༡༠ ཕྱི་རྒྱལ་གྱི་གནས་ཚུལ་ལེགས་ཤོས་གསུམ་དང་སྡུག་ཤོས་གསུམ་གསུང་རོགས།
༡༡ ཁྱེད་རང་ནང་ཆོས་ལ་ཡིད་ཆེས་ཡོད་དམ།
༡༢ ཁྱེད་རང་ལ་མཚོན་ན་ཏཱ་ལའི་བླ་མ་ཟེར་བ་ཇི་འདྲ་ཞིག་རེད།
༡༣ ཁྱེད་རང་ལ་མཚོན་ན་བོད་ཟེར་བ་ཇི་འདྲ་ཞིག་རེད།
༡༤ ཁྱེད་རང་ལ་མཚོན་ན་ཕྱི་རྒྱལ་གྱི་ལུང་བ་དེ་ཚོ་ཇི་འདྲ་ཞིག་རེད།
༡༥ ཁྱེད་རང་སྒེར་ངོས་ནས་བོད་མི་དམངས་ལ་རེ་འདུན་ག་རེ་ཞུ་རྒྱུ་ཡོད་དམ།
༡༦ ཁྱེད་རང་གིས་བསམས་ན། བོད་ལ་རང་དབང་ཐོབ་རྒྱུ་རེད་དམ་མ་རེད། རྒྱུ་མཚན་ཅི་ཞིག་ཡོད།
༡ ང་རང་བོད་པ་ཡིན་ཙང་བོད་འདི་སེམས་ནང་སླེབས་ཀྱི་འདུག
༢ གལ་སྲིད་ང་ལ་གདམ་ཀ་ཡོད་ཚེ་ངས་ང་རང་གི་སྐྱེས་ཡུལ་བོད་འདེམས་ས་རེད།
༣ བོད་ཀྱི་མ་འོངས་པ་ཞུ་ཁག་ཙམ་འདུག་ཀྱང་། ངས་བལྟས་ན་ཕུན་སུམ་ཚོགས་པའི་རིག་གཞུང་དང་རྣམ་དཔྱོད་ཡ་རབས་ལྡན་པའི་སྤྱི་ཚོགས་འབུར་དུ་ཐོན་པ་ཞིག་ཆགས་རྒྱུར་བཟང་ཕྱོགས་ནས་ལྟ་ཚུལ་ཡོང་གི་འདུག
༤ བཙན་བྱོལ་ནང་དུ་ཡོད་པའི་བོད་མི་རྣམས་མ་འོངས་པར་ཨི་སལ་རལ་ནང་བཞིན་རིམ་པས་མི་རིགས་ཀྱི་ཞེན་ཁོག་ཇེ་ཆེར་འགྲོ་ས་རེད། གང་ཡིན་ཟེར་ན་མི་རབས་གསར་པ་ཚོར་རྒྱལ་ཁབ་གཅིག་དང་རང་ཉིད་ལ་དབང་བའི་ས་ཆ་སྦར་མཐིལ་ཙམ་མེད་ཚེ་རང་དབང་གི་གཤོག་རྩལ་ངོམས་མ་ཐུབ་པའི་ཚོར་སྣང་ཆེན་པོ་འདུག
༥ བོད་ལ་རང་དབང་ཐོབ་པ་ཡིན་ཚེ། ང་བོད་ལ་ལོག་འདོད་ཡོད། གང་ཡིན་ཟེར་ན་ང་བོད་པ་གཙང་མ་ཡིན།
༦ སེམས་པ་གཅིག་ཏུ་མཐུན་ན་རྒྱང་རིང་གི་བླ་མ་ཡིན་ན་གསོལ་བ་རྒྱང་ནས་བཏབ་ཚེ་བྱིན་རླབས་མཇུག་པ་ལྟར་ཡིན་གཅིག་མཉམ་དུ་སྡོད་སྲིད་པའི་ངེས་པ་མེད།
༧ རྒྱ་མིའི་བྱེད་སྟངས་ཧ་ཅང་ཁ་འཇམ་གཏིང་གནག་ཡིན་ཙང་རྦད་དེ་མཉམ་དུ་ཞི་བདེའི་ཐོག་གནས་ཁག་པོ་རེད། སྐབས་རེ་ཏོག་ཙམ་ཐུག་དགོས་ས་རེད།
༨ བོད་ནང་ ༢༠༠༨ ལོ་ནས་བཟུང་ཆོལ་གསུམ་ཆིག་བསྒྲིལ་གྱི་གོང་་བུའི་ནུས་པ་སྲ་བརྟན་ཚུགས་པ། བོད་ནང་མཁའ་རླུང་གཙང་ལ་རང་བྱུང་གི་ཐོན་ཁུངས་འཛོམས་པ། བོད་ནང་དྲག་ཤུགས་དང་འཚེ་བ་སྤངས་པས་ཞི་བདེའི་བསྟི་གནས་ལྟ་བུ་ཞིག་ཡིན་པ། ངན་ཕྱོགས་གསུམ་ནི། བོད་ནང་ཕྱི་ཕྱོགས་སུ་འབྲེལ་བ་ཉུང་དྲག་པས་ས་ཁུག་ཁག་ཅིག་རྨོངས་དད་ཕྲན་བུ་ཡོད་པ། བོད་ནང་ཐོན་ཁུངས་ཡོད་ཀྱང་ཡུལ་མིས་་བེད་སྤྱོད་བྱེད་དབང་མེད་པ། བོད་ནང་ས་སྐྱེས་རྡོ་་སྐྱེས་རྣམས་མི་རིགས་གཞན་གྱི་གཡོག་པོར་གྱུར་་བཞིན་ཡོད་པ།
༩ རྒྱ་གར་ནང་གི་གནས་ཚུལ་ལེགས་ཤོས་གསུམ་རང་དབང་གི་ཡུལ། དམངས་གཙོའི་ཡུལ། མི་་འབོར་ཆེ་བའི་ཡུལ། སྡུག་ཤོས་གསུམ། ཚ་བ་ཆེ་བ། ཁོར་ཡུག་བཙོག་པ། འགྱིད་ལེ་ངན་པ།
༡༠ ཡར་རྒྱས་ཆེ་བ། དངུལ་མང་་བ། ཐོན་ཁུངས་འཛོམས་པ། སྡུག་ཤོས་གསུམ།
༡༡ ང་ནང་ཆོས་ལ་ཡིད་ཆེས་ཡོད།
༡༢ འདྲི་བ་འདི་བོད་པ་ལ་རེད་མི་འདུག
༡༣ འདི་ཡང་ཕྱི་རྒྱལ་བ་ལ་རེད་འདུག་གོ
༡༤ ལུང་པ་་ཚང་མ་གཅིག་པ་རེད། འགྱུར་འགྲོས་དང་ཆགས་འཇིག་གི་གཏུམས་པའི་ཞིང་ས་ཞིག་རེད།
༡༥ ང་སྒེར་ངོས་ནས་བོད་མི་དམངས་ལ་ཆིག་བསྒྲིལ་་གྱི་ནུས་པ་ནི་རྡུལ་ཕྲན་མཚོན་ཆ་དང་སྙོམས་པས་གཅིག་བསྒྲིལ་གནང་རོགས། འཐེན་འཁྱེར་མ་བྱེད་རོགས་ཞེས་ཞུ་འདོད་འདུག
༡༦ ངས་བལྟས་ན་བོད་ལ་རང་དབང་ཐོབ་ཀྱི་རེད། གང་ཡིན་ཟེར་ན་ང་ཚོར་བདེན་པ་ཡོད་པས་སོ། ཡིན་ནའང་དུས་ཚོད་གང་འཚམས་ཤིག་འགོར་གྱི་རེད་བསམ་གྱི་འདུག
དྲ་གྲོངས་རྣམས་པ་ལགས་ཁྱོད་ཚོས་ངེས་པར་དུ་དོག་ཟོན་བྱོས། འདྲི་བ་འདིར་རང་གར་ལན་འདེབ་བྱེད་མི་ཉན། རྒྱ་ནག་སྲིད་གཞུང་གིས་བོད་པའི་ཁོག་གི་གློ་བ་མཆིན་པ་སོགས་ལ་ཞིབ་ལྟ་བྱེད་འདོད་མེད་དམ་བསམ་གྱི་འདུག དོག་ཟོན་གནང་རོགས་ཞུ༎
ཡིན་ནོར་ དྲ་གྲོངས་ དྲ་གྲོགས་ལ་བཅོས་རོགས་ཞུ།
དྲ་གྲོགས་ཚོར་ཕུལ་བའི་དྲི་བ་འདི་ཚོའི་ཡོང་ཁུངས་གང་ནས་ཡོང་བར་དོགས་པ་ཟ་དགོས་པ་ཞིག་རེད་དེ། ཡིན་ནའང་སྲིད་དོན་ཞིབ་འཇུག་པ་ཞིག་གི་དོགས་འདྲི་ཡིན། རྒྱ་ནག་གཞུང་གི་ངན་བྱུས་ཀྱི་ཉམས་སད་གང་ཡིན་ལ་མ་ལྟས་པར་དྲི་བ་འདི་ཚོ་གནད་འགག་ཡིན་སྟབས་ལན་རྒྱག་འདོད་བྱུང་། དྲི་བ་དང་པོའི་ལན། བོད། རྒྱ་ནག རྒྱ་གར། ཕྱི་རྒྱལ་ཟེར་བའི་མིང་ཚིག་འདི་དག་གོ་ཡོང་དུས་ངའི་སེམས་སུ་བོད་ཟེར་བའི་མིང་འདི་ཡང་རྒྱ་གར་ནག་དང་དེ་མིན་པའི་རྒྱལ་ཁབ་བྱེ་བྲག་པ་ཞིག་དང་འདྲ་བར་མི་རིགས་དང་སྐད་ཡིག རིག་གཞུང་། ཡུལ་སྲོལ་གོམས་གཤིས། ཁོར་ཡུག་གནས་བབས་སོགས་རང་བཙན་ཡོད་པའི་རྒྱལ་ཁབ་ཞིག་དང་གཅིག་མཚུངས་ཀྱི་གནས་བབས་འཛིན་ཐུབ་པའི་དོན་སྤྱི་ཞིག་ངང་ངམ་ཤུགས་ཀྱིས་ཤར་ཡོང་གི་འདུག ད་ལྟའི་ཆར་བོད་འདི་སྲིད་དོན་བདག་དབང་གི་ཆ་ནས་རང་བཙན་མིན་ནའང་འདས་པའི་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་གྱི་རྒྱལ་ཁབ་ཞིག་གི་ངོ་བོར་གནས་ཡོད་སྟབས་རང་བཙན་དགོས་པའི་བག་ཆགས་ཤིག་སེམས་སུ་ལྷང་ངེར་འདུག དེ་མིན་པའི་རྒྱ་གཞུང་གི་དྲིལ་བསྒྲགས་སྐྱོན་བརྗོད་ལྟར་ཆེས་མུན་ནག་དང་། ཆེས་ཀླ་ཀློ། ཆེས་གླེན་ལྐུགས། ཆེས་རྨོངས་དད་སོགས་ཀྱི་ཚོར་སྣང་མི་འདུག་ལ། ཡོ་རོབ་རྒྱལ་ཁབ་འདི་ཚོ་ནང་བཞིན་ཆེས་ཡར་ཐོན་དང་ཆེས་འཕེལ་རྒྱས་སོང་བའི་ཉམས་སྣང་ཅི་ཡང་མེད་ནའང་ད་ལྟ་ས་ལྒང་འདིར་ཤི་མེད་པའི་མི་རིགས་གསོན་པོ་ཞིག་གི་རེ་བ་སླེབས་ཀྱི་འདུག
དྲི་བ་གཉིས་པའི་ལན། གལ་ཏེ་ང་རང་ཡུལ་ཕྱོགས་གང་དུ་སོང་ནས་བསྡད་ཀྱང་རང་དབང་ཡིན་ཚེ་ཕ་ཡུལ་བོད་དུ་ལོག་རྒྱུ་ཉག་ཅིག་ཡིན།
1)རྒྱ་མིས་བོད་ས་བཙན་བཟུང་བྱས་པ་དེ་དྲན་གྱི་འདུག
2)བོད་པ་ཞིག་བོད་ལ་མི་སྡོད་ག་ལ་སྲིད། སྨྱོན་པའི་འདྲི་བ་རང་རེད།
3)རང་དབང་ཅན་གྱི་རྒྱལ་ཁབ་ཞིག་ཆགས་རྒྱུ་ཉག་གཅིག་རེད།
4)མ་འོངས་པར་དགའ་དགའ་སྤྲོ་སྤྲོའི་ངང་གནས་ཚང་རྒྱ་གར་དང་ཁ་བྲལ་ཏེ་རང་ཡུལ་བོད་ལྗོངས་ཕྱོགས་སུ་ལོག་འགྲོ་གི་རེད།
5)དཔེར་ན་ཕ་མ་བཙོན་ལ་བཅུག ཁྱིམ་གཞི་རྐུན་ཇག་གིས་འཕྲོག་པའི་བྱིས་པ་ཞིག་ཡུན་རིང་ཕྱི་ལ་འཁྱམ་ཀྱང་ནམ་ཞིག་ཕ་མ་བཙོནལས་ཀློད་ཏེ་རང་ཁྱིམ་རང་བདག་འབྱུང་བ་ཡིན་ན་བྱིས་པ་དེ་ལོག་ཡོང་གི་རེད་དམ་མ་རེད། ངེས་པར་དུ་ལོག་ཡོང་གི་རེད་བྱིས་དེ་མ་ཤི་བར་དུ་རེ་སྒུག་བྱེད་ས་དེ་རང་རེད།
6)སྡོད་ཐུབ་དང་ཐུབ་ང་ཚོར་ཕ་མ་འདྲ་བའི་༸སྐྱབས་མགོན་ཞིག་ཡོད་པས་བུ་ཕྲུག་རྣམས་འཆམ་མཐུན་ངང་གནས་ཐུབ་ཀྱི་རེད།
7)བོད་པས་སྡོད་ཐུབ་ཀྱང་རྒྱ་འདྲེ་སྡོད་ཐུབ་ཀྱི་མ་རེད་བསམ་གྱི་ཡོད། གང་ཡིན་ཟེར་ན་1949 ལོར་རྒྱ་འདྲེ་བོད་ལ་སླེབས་ཏེ་བོད་ཧམ་བྱས་པ་རེད་མ་གཏོགས་བོད་མི་རྒྱ་ནག་ཧམ་བཟའ་བྱས་ཏུ་སོང་མེད།
8)ཡག་ཤོས་གསུམ་ནི། དང་པོ། རྒྱ་ནག་སྲིད་གཞུང་གིས་བོད་མིའི་སེམས་ནམ་ཡང་བསླུས་མ་ཐུབ་པ་དང༌། གཉིས་པ། བོད་ཀྱི་ཆོས་དང་རིག་གཞུང་ད་དུང་མ་ཉམས་པར་གནས་ཐུབ་ཡོད་པ། གསུམ་པ། བུ་རབས་ཚ་རྒྱུད་རྣམས་ལ་སུས་ཀྱང་བསླབ་མི་དགོས་པར་བོད་ཀྱི་བདག་པོ་བོད་མི་ཡིན་པ་ཤེས་ཡོད་པ་སོགས་ཡིན། སྡུག་ཤོས་གསུམ། དང་པོ། རྒྱ་ནག་སྲིད་གཞུང་གིས་བོད་མིར་གནར་གཅོད་ཚད་མེད་གཏོང་བཞིན་པ། གཉིས་པ། ཡ་ང་སྙིང་རྗེ་མེད་པར་བོད་མི་གང་བྱུང་དུ་གསོད་པ། གསུམ་པ། རྒྱ་དམར་སྲིད་གཞུང་གིས་བོད་རིགས་དང་རྒྱ་རིགས་མི་མང་བར་ཞེ་ཁོན་བཟོ་བཞིན་པ་སོགས་རེད།
9)ཡག་ཤོས་གསུམ་ནི། དང་པོ། དྲང་བདེན་སྐྱོང་མཁན། གཉིས་པ། མིང་དོན་མཚུང་པའི་དམངས་གཙོའི་རྒྱལ་ཁབ། གསུམ་པ། ལུང་པ་འདིའི་ནང་བསྡད་ན་ལུས་སེམས་གཉིས་ལ་བདེ་བ་ཐོབ་པ་བཅས་ཡིན། སྡུག་ཤོས་གསུམ་ནི། དང་པོ། ཚ་བ་ཆེ་བ། གཉིས་པ། དུག་བྲང་མང་བ། གསུམ་པ། དེང་སྐབས་དྷི་ལིའི་སྲང་ལམ་ཁག་ནས་རྒྱ་དམར་གྱི་སྐྱག་དྲི་ཁ་བ་སོགས་ཡིན།
11)བརྒྱ་ཆའི་བརྒྱ་ཡོད། འོན་ཀྱང་རྨོང་འདས་མིན།
12)འདྲི་བ་འདོན་མཁན་ཁྱོད་རང་གི་ཀླད་པར་སྐྱོན་ཡོད་པ་ངས་སྔ་ས་ནས་ཤེས་ཡོད། འོན་ཀྱང་ངས་འདིར་ལན་ཞིག་མི་འདེབས་ཀ་མེད་རེད། ཁོང་ནི་ང་ཚོའི་བརྩེ་བའི་ཕ་མ་དང༌། མུན་ནག་ནང་གི་སྒྲོན་མེད། ཤི་ན་རྣམ་ཤེས་འདྲེན་མཁན་དང་གསོན་ལ་མགོན་སྐྱབས་གནང་མཁན་རེད་ལགས༎
13)བོད་ཞེས་མིང་འདི་ཐོས་ཡོང་དུས་དང་པོ་རྒྱ་ནག་སྲིད་གཞུང་གི་སྡུག་རྩུབ་དང་བོད་མིས་ཡ་ང་བའི་གནར་གཅོད་ཟེད་ཀྱི་ཡོད་པ་རྒྱལ་སྤྱིའི་སྟེངས་ཚང་མས་ཧ་གི་ཡོད་པའི་ཚོར་ཞིག་ངམ་ངམ་ཤུགས་ཀྱིས་ཡོང་གི་འདུག
14) ང་རང་ལ་མཚོན་ན་ཕྱི་རྒྱལ་གྱི་ལུང་བ་དེ་ཚོ་ནི་རྒྱ་ནག་སྲིད་གཞུང་གིས་མིག་དཔེར་བལྟ་འོས་པའི་རྒྱལ་ཁབ་ཐ་དག་རེད།
15)བོད་རང་དབང་རང་བཙན་ལེན་རྒྱུར་མཐའ་གཅིག་ཏུ་འབད་དགོས། བོད་རང་བཙན་གཙང་མ་ཡིན།
16)ཐོབ་ཀྱི་རེད་གང་ཡིན་ཟེར་ན། བོད་ནི་གནའ་སྔ་མོ་ནས་རང་བཙན་བཙང་མའི་རྒྱལ་ཁབ་ཞིག་རེད། དེ་སུས་ཀྱང་མེད་པ་བཟོ་ཐུབ་ཀྱི་མ་རེད། དུས་ཚོད་ཀྱིས་གསལ་པོ་བཟོ་ངེས་རེད།
ལན་དེ་དག་རྒྱ་ནག་སྲིད་གཞུང་ལ་དམིགས་ནས་བྲིས་པ་ཡིན༎ བཀྲིས་བདེ་ལགས༎
གོང་གསལ་དྲི་བ་དེ་དག་ལ་དྲ་གྲོགས་འཇའ་ཚོན་ཆུ་མིག་ལགས་ནས་ལན་གང་ཐུབ་ཐུབ་ཤིག་གནང་འདུག འོན་ཏེ་གཤམ་དུ་མཆན་འགོད་མཁན་གཉིས་ཀྱིས་དྲི་གཞི་དེ་དག་ལ་དོགས་་གཞི་ཡོད་པའི་ལྟ་བ་གསུངས་འདུག ངས་ཀྱང་མཆན་ཞིག་བཀོད་འདོད་ཀྱང་རང་བཞིན་དུ་དོགས་གཞི་ཞིག་བྱུང། རྡོར་དབང་མིང་ཅན་དེ་རིག་གཞུང་གི་ཉམས་ཞིབ་པ་ཡིན་ཟེར་གྱི་ཡོད་མ་རེད་པས། ་དེ་རིང་ཁོང་གིས་སྲིད་དོན་གྱི་དྲི་བ་ཞིག་དང་དེ་ཡང་ཡུན་རིང་ནས་སྲིད་དོན་ལ་ཉམས་ཞིབ་བྱ་གི་ཡོད་པའི་རྣམ་པ་ཤུགས་ཆེ་འདུག་ལ། དྲི་གཞིའི་ནང་ཕྱི་རྒྱལ་སྲིད་དོན་ཉམས་ཞིབ་པ་ཉམས་མྱོང་ཅན་དེ་ཚོས་ང་ཚོའི་སྣང་བར་གཤོངས་དཀའ་བའི་དྲི་བ་ལྟ་བུ་བསྐུལ་བཞིན་འདུག་པས། གལ་ཏེ་དེ་རྡོར་དབང་གི་དྲི་བ་ཡིན་ཚེ་ང་ཚོས་ལན་བརྒྱབ་རྒྱུར་བསམ་བློ་གཏོང་དགོས་པ་ལས། ཁོང་པར་མི་གཞན་ཞིག་གིས་་བརྒྱུད་བསྐུལ་བྱས་ཡོད་ཚེ་ཏན་ཏན་དེའི་རྒྱབ་ཏུ་དགྲ་བོས་བེད་སྤྱོད་བྱ་སྲིད་པའི་རྒྱུ་མཚན་འདུག་པས་དེར་མཆན་མ་བཀོད་ན་དགའ། དགོངས་་པ་མ་་འཚོམ་ལོ། རྡོར་དབང་།
༡༢ ཁྱེད་རང་ལ་མཚོན་ན་ཏཱ་ལའི་བླ་མ་ཟེར་བ་ཇི་འདྲ་ཞིག་རེད།?????????????????????????????????????
༡༣ ཁྱེད་རང་ལ་མཚོན་ན་བོད་ཟེར་བ་ཇི་འདྲ་ཞིག་རེད།????????????????????????????????????????????
གོང་གི་དྲི་བ་འདི་གཉིས་ལ་དོག་གཞི་ཆེན་པོ་འདུག
གྲོགས་རྡོར་མིང་བ་ལགས་ཁྱེད་ཀྱིས་དྲི་བ་ཕལ་ཆེ་བ་ཁ་གསལ་མི་འདུག་ཀྱང་དེ་མཐུན་པའི་ལན་རྒྱབ་ན།
༡ རྒྱ་ནག་ཞེས་པའི་ཚིག་ཏེ་ཤར་ཡོང་གི་འདུག
༢ ངེས་གཏད་མེད་པར་འཚོ་ས་རེད།
༣ རང་དབང་ཅུང་ཡོད་པའི་མི་རིགས་ཤིག་ཆགས་ས་རེད།
༤ རང་ངོ་མི་ཟིན་པའི་ཡུལ་གྱུར་མི་རིགས་ཤིག་ཆགས་ས་རེད།
༥ ལོག་འདོད་མེད།
༦ ཡོངས་མི་སྲིད་པ་ཞིག་རེད།
༧ བོད་རང་བཙན་ཐོབ་ན་རྒྱ་དབང་དུ་བསྡུ་དགོས། ཡང་ན་གང་དྲན་དྲན་ཟེར་བ་དེ་རེད།
༨ ལེགས་ཤོས་གསུམ། སྙིང་རྗེའི་བསམ་པ། གཙང་ཞིང་མཛེས་པའི་ཡུལ་ལྗོངས། ཕུན་སུམ་ཚོགས་པའི་ཐོན་ཁུངས་བཅས་རེད། སྡུག་ཤོས་གསུམ་ནི། རང་དབང་མེད་པ། རྒྱ་མི་མང་བ། ཤེས་ཡོན་མེད་པ།
༩ མི་འབོར་ཆེ་བ། རང་དབང་ཆེ་བ། རང་ཁ་རང་གསོ་བཅས་རེད། སྡུག་ཤོས་གསུམ་།
༡༠ འདི་སྤྱི་ལྡོག་ཞིག་རེད་འོན་ཀྱང་དེ་ལ་དཔག་པའི་ལན་ནི། ལེགས་ཤོས་གསུམ་ སྐྱིད་པ། ཞི་བ་། ཕྱུག་པ་གསུམ་མོ། སྡུག་ཤོས་གསསུམ་ ན་བ། རྒུད་པ། འཐབ་པ་གསུམ་རེད།
༡༡ ཡིད་ཆེས་ཡོད།
༡༢ ཆོས་འཇིག་རྟེན་གཉིས་ཀར་ཡོན་ཏན་གྱིས་ཕྱུག་པའི་དགེ་སློང་ཡང་དག་ཞིག་རེད།
༡༣ རྒྱུན་རིང་གི་ལོ་རྒྱུས་ལྡན་པའི་མི་རིགས་ཤིག་རེད།
༡༤ སྤྱིར་བཏང་གི་མི་ཡུལ་ཞིག་རེད།
༡༥ རང་དབང་དགོས་ན་རང་འགར་མ་འདུག།
༡༦ བོད་མི་རིགས་འདི་རང་གིས་རྩོལ་ལས་གཞན་ལ་རེ་བར་དགའ་བ་ཞིག་ཡིན་པས་སོ།
དྲི་བར་ལན་འདེབས་མ་བྱས་སྔོན་དུ་དྲ་གྲོགས་རྣམ་པར་ཞུ་འདོད་ཡོད་པ་ཞིག་ནི་དྲ་གྲོགས་རྣམས་ཀྱིས་དོན་མེད་ཀྱི་རྣམ་རྟོག་ལངས་ནས་དྲི་བ་འདྲི་མཁན་སུ་ཡིན་མིན་དང་དེ་ལ་ལན་འདེབས་དགོས་མིན་སོགས་མང་པོ་ཞིག་བྲིས་འདུག་པ་དེ་རེད། དྲི་བ་འབྲི་མཁན་སུ་ཡིན་མིན། དེའི་དམིགས་ཡུལ་ག་རེ་ཡིན་མིན་སོགས་དེ་འདྲའི་གལ་ཆེན་པོ་མ་རེད་ལ་སོ་སོས་ལན་འདེབས་བྱེད་འདོད་མེད་ན་ལན་འདེབས་མ་བྱས་ཀྱང་ཆོག་གི་རེད། རང་དབང་ཆ་ཚང་གང་ཉིད་ཡོད་ས་ཞིག་ནས་ད་དུང་སྔངས་སྐྲག་ལངས་པ་དེ་སྡར་མའི་རང་གཤིས་ཅིག་མཐོང་ཡོང་གི་འདུག ད་ནི་ང་ཚོ་ཡང་དོགས་པས་ཕོངས་ཀྱི་མེད་དམ་བསམ་པའི་ཚོར་བ་ཞིག་ཡོང་གི་འདུག
༡་བོད་ཅེས་པའི་ཚིག་དེ་མཐོང་དུས་རང་གི་ཕ་ས་ཕ་ཡུལ་ཡིད་ལ་ལྷང་ངེར་དྲན་སོང་བ་དང། རྒྱ་གར་ཟེར་བ་མཐོང་དུས་སྐྱབས་བཅོལ་བའི་འཚོ་བ་སྡུག་པོ་དེ་དང་རྒྱ་ནག་ཟེར་དུས་རང་ཉིད་གཙོས་བོད་རིགས་ས་ཡ་དྲུག་ལྷག་ལ་སྡུག་པོ་གཏོང་མཁན་གྱི་དགྲ་བོ་དེ་མཐོང་ཡོང་གི་འདུག ཕྱི་རྒྱལ་ཟེར་དུས་གསལ་ཁ་མེད་པའི་ལམ་ཁ་ཞིག་དྲན་གྱི་འདུག་
༢་ང་ཚོ་སྐྱབས་བཅོལ་ལ་སླེབས་པ་དེ་རང་དབང་གི་འདེམས་ཀ་མ་རེད། ང་ཚོའི་འདེམས་ཀ་འཕྲོག་ཟིན་པས་རྒྱ་བོད་གཉིས་དབར་ཞི་མོལ་མ་བྱུང་བར་དུ་ང་ཚོར་སྐྱབས་བཅོལ་དུ་ཡོད་མཁན་ཚོ་སྐྱབས་བཅོལ་ནང་སྡོད་ཀྱི་རེད།
༣་རྒྱ་ནག་གི་མགོ་ཁྲིད་ཀླད་པ་མཁྲེགས་པོ་དེ་ཚོས་བོད་ཀྱི་མ་འོངས་པ་ཐག་གཅོད་ཀྱི་རེད། བོད་མི་ཚོས་རང་ཉིད་ཀྱི་མ་འོངས་པ་ཐག་གཅོད་ཀྱི་རེད། དུས་ཡུན་ཐུང་བའི་བོད་ཀྱི་མ་ཌྷའོངས་པ་དེ་༧གོང་ས་མཆོག་གི་གསུང་པ་ནང་བཞིན་བོད་མི་ཚོར་སྲོག་གི་ཁྲིམས་ཐག་བཅད་ཡོད་པ་དེ་བཞིན་སྡོད་ཀྱི་རེད།
༤་བཙན་བྱོལ་བོད་གཞུང་གིས་བཙན་བྱོལ་བོད་མིའི་མ་འོངས་པར་འཆར་གཞི་བང་རིམ་བསྟར་ནས་སྒྲིགས་ཡོད་པའི་བཙན་བྱོལ་བོད་མིའི་གནས་སྟངས་གང་ལྟར་སྡུག་ཕྱོགས་ལ་འགྲོ་གི་མ་རེད། རྒྱལ་ཁབ་དེའི་མི་སེར་བྱེད་དང་མི་བྱེད་སོགས་དགོས་མཁོ་ལྟར་བྱས་ཆོག་གི་རེད།
༥་བོད་ལ་ལོག་དང་མ་ལོག་ཟེར་བ་དེ་རང་གཞན་གཉིས་ཀྱི་ཁེ་ཕན་ལ་བལྟ་རྒྱུ་དེ་རེད། དེ་མི་སྒེར་སོ་སོའི་འདེམས་ཀ་ཡིན་པ་ལྟར་ངས་ཀྱང་གཙོ་བོ་གནས་སྟངས་ལ་བལྟ་དགོས་བསམ་གྱི་འདུག
༦་བོད་རྒྱལ་ཁབ་ཆགས་ཟེར་བ་དེ་ད་དུང་ཐག་རིང་གི་སྐད་ཆ་རེད། དེང་སང་རྒྱལ་ཁབ་གཅིག་གི་ནང་མི་རིགས་མང་པོ་མཉམ་སྡོད་བྱེད་ཀྱི་ཡོད་པས་བོད་རྒྱལ་ཁབ་བོད་རིགས་གཅིག་པོ་ཁེར་རྐྱང་ལ་སྡོད་པའི་དམིགས་བསལ་ཞིག་ཡོང་དགོས་དོན་མི་འདུག བོད་རིགས་རྣམས་འཛམ་གླིང་གི་རྒྱལ་ཁབ་གང་སར་གནས་སྡོད་བྱས་ན་དེས་བོད་ལ་ཕན་ཐོགས་ཀྱི་རེད་མ་གཏོགས་གནོད་སྐྱེལ་གྱི་མ་རེད།
༧་འདས་པའི་ཉམས་མྱོང་ལ་གཞིགས་ན་བོད་རྒྱའི་དབར་དམག་འཁྲུག་མེད་པར་བསྡད་མྱོང་མེད་པ་རེད། ལྷག་པར་མཐའ་མཚམས་ཁག་གི་རྒྱ་བོད་མི་རིགས་དབར་དཀའ་ངལ་མང་པོ་བྱུང་མྱོང། ཞི་བདེ་མཉམ་གནས་ཟེར་བ་དེ་ཕན་ཚུན་གཉིས་ཀྱི་འབད་བརྩོན་ལ་བརྟེན་དགོས།
༨་བོད་ནང་གི་གནས་ཚུལ་ལེགས་ཤོས་གསུམ།
བོད་རིགས་རྣམས་༧གོང་ས་མཆོག་ལ་གུས་བརྩི་ལྷོད་མེད་ཡོད་པ།
བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ཚོར་ཤུགས་གོང་དུ་འཕེལ་བ།
གཞོན་སྐྱེས་རྣམས་ལ་བོད་མིའི་འདུ་ཤེས་ཟབ་པ་བཅས་རེད།
སྡུག་ཤོས་གསུམ་ནི།
བསམ་པ།
ཤོད་པ།
སྒྲུབ་པབཅས་ཀྱི་རང་དབང་མེད་པ་དེ་རེད།
༩་རྒྱ་གར་དེ་བོད་ལ་བཀའ་དྲིན་ཆེན་པོ་རེད།
༡༠་ཕྱི་རྒྱལ་གྱི་གནས་ཚུལ་བཤད་ཁག་པོ་རེད། རང་དབང་དང་མང་གཙོ་སོགས་ལེགས་ཤོས་དང་། དཔལ་འབྱོར་ཐོག་ཧམ་པ་ཡོད་པ་དེ་སྡུག་ཤོས་ཡིན་པ་འདྲ།
༡༡་བོད་རིགས་མང་ཆེ་བ་ནང་ཆོས་ལ་དད་པ་ཡོད་མཁན་ཡིན་པས་ནང་ཆོས་ལ་དད་པ་མེད་ཟེར་ཐུབ་མཁན་ཁག་པོ་རེད། ནང་ཆོས་དང་ནང་ཆོས་ཉམས་ལེན་པའི་ཁྱད་པར་ཤེས་རྒྱུ་དང་། ད་ེལ་ལེགས་བཅོས་བྱེད་དགོས་པའི་འདོད་པ་ཤུགས་ཆེན་པོ་ཡོད།
༡༢་༧གོང་ས་ཡིད་བཞིན་ནོར་བུ་མཆོག་ནི་བོད་མི་རིགས་ཀྱི་སྲོག་རྩ་དང། འཛམ་གླིང་མི་མང་གི་བསམ་བློའི་དབུ་ཁྲིད་རེད།
༡༣་ཕྱི་རྒྱལ་གྱི་ལུང་པ་དེ་ཚོ་ཁ་ནས་རང་དབང་དང་མང་གཙོ་ཟེར་བ་མ་གཏོགས་རང་གི་རྒྱལ་ཁབ་ཀྱི་ཁེ་ཕན་མ་གཏོགས་བསམ་བློ་གཏོང་མཁན་མེད། དེ་ནི་མིའི་ལྷན་སྐྱེས་ཀྱི་གཤིས་ཀ་ཡིན་པས་ཐབས་ཤཻས་ཅི་ཡོད།
༡༤་བོད་མི་རྣམས་མུ་མཐུད་འཚོ་དགོས། བོད་མི་ཚོས་མུ་མཐུད་རང་དབང་གི་ཐབས་རྩོད་གནང་དགོས། བོད་མི་ཚོས་རང་ཉིད་ཀྱི་མགོན་རང་ཉིད་ཡིན་པ་དེ་ངེས་པར་དུ་ཤཻས་དགོས།
༡༥་འགྲོ་བ་མིའི་ཡོངས་ཁྱབ་ཐོང་ཐང་དེ་བཞིན་བོད་རིགས་ཙམ་མ་ཡིན་པར་འགྲོ་བ་མིའི་རིགས་ཡོངས་ལ་དགོས་ངེས་ཞིག་ཡིན་པས། བོད་ལ་རང་དབང་ཐོབ་མི་ཐོབ་ཀྱི་ཐེ་ཚོམ་གཏན་ནས་མེད། བོད་ལ་རང་དབང་ཐོབ་ཀྱི་རེད་ལ། བོད་མིའི་རིག་གཞུང་གིས་འཛམ་གླིང་མི་མང་ལ་ཞབས་འདེགས་ཞུ་ཐུབ་པའི་ཡིད་ཆེས་དང་སྤོབས་པ་དུས་རྟག་ཏུ་ཡོད།
བོད་རྒྱལ་ལོ།
དྲ་གྲོགས་དག་གིས་ཤུ་རེ་བྱས་དེ་རང་རང་གིས་གང་དྲན་པ་ལན་རེ་གནང་བ་ཡིན་ན་ཡང་། རྡོར་དབང་ལགས་མཐོང་རྒྱུ་མེད་པ་ཅི་རེད། འདི་ཡ་མཚན་མ་རེད་དམ། ཁོམ་དུས་རེ་ཡོང་ནས་འདི་ཟེར་ནས་འབུད་འགྲོ་ན་ཅི་རེད། དངོས་ནས་་་་
ཕལ་ཆེར་རྡོར་་དབང་ཁོ་གིས་ཁ་བརྡ་སྟོང་པ་མ་ལུས་ཙམ་ལ་སེམས་གསོ་བྱ་གི་མེད་དམ། གསར་གནས་ངོ་དྲག་་པ་སྤེལ་མ་ཐུབ་སྐབས། རབ་གསལ་ཁོ་དང་ལུང་རིགས་ཀྱང་ལས་ཀ་མང་དྲག་སྟེ་མ་འཇོན་འཇོན་མདོག་བྱས་རྐྱེན་གནས་་ཚུལ་མ་རྙེད་སྟབསཁ་བརྡ་དྲ་བ་ལ་རེ་བ་བཅོལ་མཁན་ང་ཚོ་ལྟ་བུར་ཁོ་གིས་མཐོང་ཆུང་བྱ་གི་ཡོད་ས་རེད་དཱ། ཁོ་ནི་མཐོང་རྒྱུ་མི་འདུག་ལ། ལན་ཅི་ཡང་སྟེར་མ་ཐུབ་པ་དེ་འདྲ་ཅི་རེད།
དེ་འདྲ་རང་གསུང་རྒྱུ་ཨེ་ཡོད། བསམ་ ཚུལ་མང་ཙམ་སྤེལ་དང་། གསར་པ་བཏོན་སྲིད་པ་རེད།
ལྷ་ཀླུ་གཉན་གསུམ་དང་ཆུ་མིག་ཅན་སོགས་ག་དུས་ཡིན་ཀྱང་ལྡོག་ཕྱོགས་ཀྱི་བསམ་ཚུལ་མ་གཏོགས་མེད་མཁན་དེ་འདྲ་ཐབས་སྡུག་རེད། རབ་གསལ་དང་ལུང་རིགས། རྡོར་དབང་སོགས་ནི་བཙན་བྱོལ་སྤྱི་ཚོགས་ཁྲོད་བོད་ཀྱི་རིག་གནས་ཐོག་མཁས་པ་ཙམ་དུ་མ་ཟད་མཛད་རྗེས་ཡོད་མཁན་དེ་འདྲ་རེད། དེ་ཚོའི་བྱེད་སྟངས་འགྲིག་མ་སོང་མདོག་མདོག་དེ་འདྲ་རྐྱང་རྐྱང་ཤོད་པ་ཁྱེད་ཚོ་ངོ་མི་ཚ་ན་ང་ཉན་མཁན་ནི་ངོ་ཚ་གི་འདུག
ཐ་ན་རང་གི་མིང་ཙམ་ཡང་ཕྱི་ལོག་ཏུ་བཏོན་ཐུབ་ཀྱི་མི་འདུག ངའི་རེ་བ་ཡིན་ན་རྗེས་སུ་མིང་རྫུན་ཅན་འདི་ཚོར་དཀྲུག་ཤིང་གི་གོ་སྐབས་མ་སྤྲད་ན་ལེགས། བོད་ནང་ཡོད་ན་གནས་ཚུལ་གཞན་རེད་མ་གཏོགས་བཙན་བྱོལ་ནང་ད་དུང་མིང་རྫུན་བེད་སྤྱོད་གཏོང་བ་འདི་འགན་མ་ཁུར་བའི་བྱེད་སྟངས་རེད། འདིའི་ཐོག་ཚང་མས་འགན་ཁྱེར་ནས་འགྱུར་བ་བཏང་ན་ག་འདྲ་འདུག
ཨོ། ངའི་མིང་ལ་བློ་བཟང་ལུང་རྟོགས་ཞུ་གི་ཡོད།
ཨ་རོགས། ངའི་མིང་ལ་བློ་བཟང་ལུང་རྟོགས་ཟེར་གྱི་ཡོད་ཅེས་མི་ཟེར་བར་ཞུ་གི་ཡོད་ཟེར་བ་དེ་ཅི་ཡིན་ནམ།
ངས་བཞེས་མོག་བཞེས་ཀྱིན་ཡོད། ངས་གསོལ་ཇ་མཆོད་ཀྱིན་ཡོད། ང་ཞབས་སྐོར་ལ་ཕེབས་ཀྱིན་ཡོད། ངས་ཆབ་གསང་གནང་གིན་ཡོད། ངོ་མ་དགོད་སྤྱད་རེད། ཧཧ་ཧ་ཧ་ཧ་ཧ་ཧོ་ཧོ་ཧོ་ཧོ་ཧོ་ཧོ་ཧོ་ཧོ་ཧོ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ཁྱོད་ཀྱི་མིང་ལ་བློ་བཟང་ལུང་རྟོགས་ཟེར་གྱི་ཡོད་པར་ཧ་ལས་རྒྱུ་ཅི་ཡོད། ཆུ་མིག་ནས་ག་དུས་ཡིན་ནའང་ལྡོག་ཕྱོགས་ཀྱི་བསམ་ཚུལ་བཤད་པ་གང་དང་གང་འདུག ལུང་འདྲེན་རྒྱུ་ཡོད་དམ། ངས་ག་དུས་ཡིན་ནའང་བསམ་ཚུལ་གང་ཡོད་པ་དེ་མ་གསང་དྲང་པོར་དེའི་་ཐོག་བརྗོད་ཀྱི་ཡོད། ལྡོག་ཕྱོགས་ཀྱི་བསམ་ཚུལ་ཡོད་ཙང་སྡིངས་ཆ་དེ་བསམ་ཚུལ་སྤུངས་སར་སྤྲད་པ་རེད། དེའི་་ཐོག་ཚང་མ་གྲལ་་འགྲིག་པ་ཞིག་ཡོང་གི་རེད་དམ། དེ་མིན་ན་རྡོར་དབང་གིས་བཤད་ཚད་དང་བྲིས་ཚད་དེ་རང་རེད་ཅེས་ཆུ་སྣ་གར་འཁྲིད་དུ་འགྲོ་དགོས་པའི་རྒྱུ་མཚན་མེད། གང་ལྟར་མ་དགའ་དགའ་མདོག་བྱས་ཏེ་བསམ་ཚུལ་བཤད་པ་མེད། ང་ལ་བསམ་ཚུལ་གང་ཡོད་པ་གོང་དེར་ཞུས་ཚར་བ་ཡིན། མི་དཀར་པོར་ཞ་ནག་པོ་མ་གཡོག་རོགས། སོ་སོའི་བསམ་ཚུལ་ཡོང་ན་སྤུངས་དགོས་པ་ལས་མི་་སུ་ཡིན་ངོ་ཤེས་དགོས་དོན་མེད། ཟིན་བྲིས་མིས་འབྲི་གི་ཡོད་སྟབས་མི་་ཞིག་གིས་བསམ་ཚུལ་ཡིན་པ་དེ་ཁས་ལེན་བྱེད་དགོས། ་དེ་ག་རང་ཡིན་།།།
མཇའ་ཚོན་དང་ཆུ་མིག་མིའི་མིང་མ་རེད། དགོངས་དག གང་ལྟར་རང་མིང་གསང་བ་བྱེད་དགོས་པའི་དོན་དག་གཙོ་བོ་ལྡོག་ཕྱོགས་དང་དཀྲོག་གཏམ་བཤད་རྒྱུ་ཁོ་ནའི་ཆེད་རེད།
དགའ་ན་དེ་རེད། མ་དགའ་ཡང་དེ་རེད། ངས་མིང་རྫུན་བེད་སྤྱོད་གཏོང་མཁན་ཚང་མ་མི་གྲལ་ལ་འཇོག་ཐུབ་ཀྱི་མི་འདུག
ཁྱེད་རང་བློ་བཟང་ལུང་རྟོགས་མཉམ་དུ་བློ་རྩལ་འགྲན་དུས་དངོས་ནས་མི་ཞིག་གི་མཉམ་དུ་བློ་རྩལ་འགྲན་གྱི་ཡོད་པའི་ཚོར་བ་ཡོད་ངེས། འོན་ཀྱང་ང་རང་ལ་མཚོན་ན། ལྷ་ཀླུ་གཉན་གསུམ་དང། རྟ་མཆོག་ཅན། ཤ་ཁོན་རྩོད་མཁན། གླེན་པ་སོགས་ནི་མི་ཡིན་མིན་ཀྱང་ཤེས་ཁག་པོ་རེད། གྲོགས་པོ་ཚོ། གོམ་པ་གང་མདུན་དུ་སྤོས་ན་ག་འདྲ་འདུག དེ་ལས་ལྡོག་དེ་མིང་རྫུན་མ་ཞིག་གིས་སོ་སོའི་ངོ་རིས་གཡོག་ནས་ཤེས་འཇོན་གཉིས་ལྡན་གྱི་མི་སྣ་རྣམས་ལ་ཞྭ་ནག་པོ་གཡོག་ཐབས་བྱེད་མཁན་རྣམས་ཀྱི་བསམ་བློ་རྗེས་ལུས་རེད།
རྡོ་དབང་གིས་ཞིབ་འཇུག་པ་ཞིག་གི་ཚབ་ཏུ་དྲི་བ་བཏང་ཡོད་མ་གཏོགས་བསམ་ཚུལ་འདིར་གླེང་མི་འདུག་པས་འཇཌྷའ་ཚོན་ལྟར་སྙིང་པོ་མེད་པཌྷའི་དྲ་གྲོགས་འཇའ་ཚོན་ལགས་ནས་རྡོ་དབང་གི་བཤད་ཚད་ལ་ལེགས་སོ་ཞུ་དགོས་དོན་མི་འདུག་ཟེར་བ་དེ་གོ་དོན་རྟོགས་མ་སོང་།
བློ་བཟང་ལུང་རྟོགས་ཟེར་བ་ཁྱོད་ལ་བདག་པའི་མིང་མ་རེད། ཁྱི་དེ་འདྲ་ལའང་བློ་བཟང་དང་ལུང་རྟོགས་ཟེར་མཁན་དེ་འདྲ་འདུག བྱས་ན་རྩོམ་པ་པོ་ཚོའི་སྨྱུག་མིང་དེ་ཚོའང་རིགས་མི་འདྲ་བ་འདུག་པས་དེ་ཚོ་ཁྱོད་ཀྱིས་མི་ཡིན་པར་ཁས་ལེན་གྱི་མ་རེད་པས། ཤེས་འཇོན་ཡོད་པ་དང་བསམ་བློ་སྔོན་་ཐོན་པ་ཚོས་ནུབ་ཕྱོགས་བདེ་ལྡན་ཞིང་དུ་གཞན་གྱི་གཡོག་རྒྱུགས་པ་ལ་གོ་དགོས་རེད་དམ། ཤེས་ཡོན་ཡོད་མདོག་རྩ་བ་ནས་མ་བྱེད། གྲྭ་་པ་ལོག་ཚད་ཀྱིས་ཚང་མ་ཤེས་ཀྱི་ཡོད་མ་རེད། བོད་ཡིག་ཤེས་པ་ཙམ་གྱིས་ཤེས་ཡོན་ཅན་ཡིན་ཅེས་རང་རློམ་བྱས་ནས་འཕྱོ་ཡོད་མ་རེད། དབྱིན་ཇི་དེའང་ཁྱར་ཁྱོར་ཞིག་ལས་མི་ཤེས་པར་ཤེས་ཡོན་ཅན་ཞིག་ཡིན་ལབ་ན་ངོ་ཚ་གི་མི་འདུག་གམ། སུ་ཞིག་གིས་དམའ་འབེབས་དང་སྐྱོན་བཏོན་པར་མི་དེ་མི་གཞན་དེར་མི་དགའ་བ་རེད་ཅེས་བཤད་ཐུབ་ཀྱི་མ་རེད། ང་ལྟ་བུར་མཚོན་ན་རྡོར་དབང་གི་བཏོན་པའི་རྩོམ་ཡིག་དང་ཚགས་ཤོག་སྟེང་གི་དཔྱད་བརྗོད་རྒྱུན་དུ་ཀློག་གི་ཡོད་པས་ཁོ་ལ་མི་དགའ་ན་ངས་ག་རེ་བྱས་ཏེ་ཀློག་དགོས་རེད། རྒྱུ་མཚན་མེད་པའི་སྐད་ཆ་མ་བཤད། མིང་བཏོན་ཐུབ་པ་ཙམ་གྱིས་ཤེས་ཡོན་ཡོད་པའི་གདེངས་ཚོད་ཡོད་པར་རང་རློམས་མ་བྱེད། ད་དུང་ང་རྒྱལ་སྤོངས། སེམས་ཤུགས་མ་ཆགས། ངེད་གཉིས་ཀ་རང་དབང་ལུང་པར་ཡོད་ཙང་སྲོག་ལ་ཉེན་ཁ་མི་འདུག ནང་ཁུལ་ཁ་རྩོད་ཡག་ཐག་ཆོད་རྒྱབ་ཆོག་ ད་ཁྱོད་ལ་ཤོད་རྒྱུ་ཡོད་ན་ཤོད་དང་། ངས་ཉན་ནས་བསྡད་ཡོད། རྡོར་དབང་གི་དྲི་བ་དེ་དག་ཁྱོད་ཀྱིས་ཤེས་ཡོན་ཡོད་མདོག་བྱས་ཏེ་རྦད་དེ་འཕྲོ་བརླག་བཏང་ཚར་སོང་། ་ད་ཁྱོད་ལ་ད་དུང་གོ་མ་ ཚོད་པའི་སྐད་ཆ་གང་བཤད་རྒྱུ་ཡོད་དམ།
དག་དག་རེད་བསམ་འཚུལ་བཤད་དགོས་། རང་དབང་གི་ལུང་པའི་ནང་ནས་། འགྲོ་བ་མིའི་ཐོབ་ཐངས་ཆེ་ཤས་སྨྲར་བརྗོད་ཀྱི་རང་དབང་ལ་བཀག་འགོག་བྱེད་པ་ནི་། རྒྱ་ནག་གི་ཇག་དཔོན་ཆེན་མོ་མོ་ཙེ་ཏུང་དང་གཅིག་མཚུངས་རེད་།
ཨོ་ལགས་སོ། འཇའ་ཚོན་མིང་ཅན་ལགས་ལ། ངས་གོང་དུ་ཞུས་པ་བཞིན་མིང་རྫུན་བེད་སྤྱོད་གཏོང་བ་དེ་ལྡོག་ཕྱོགས་དང་དཀྲོག་གཏམ་བཤད་རྒྱུ་ཁོ་ནའི་དོན་དུ་རེད་ཟེར་བ་དེ་དོན་དངོས་དང་མཐུན་འདུག་གོ།།
གང་ཉིད་ཀྱི་ང་ལ་སློབ་སྦྱོང་མེད་ཚུལ་དང་གྲ་བ་ལོག་ཚུལ། གཞན་གྱི་གཡོག་ལ་རྒྱུགས་ཚུལ། ད་དུང་དབྱིན་ཡིག་མི་ཤེས་ཚུལ་སོགས་མང་པོ་ཞིག་བྲིས་འདུག་པར་ང་རང་ངོས་ལེན་ཞུ་གི་ཡིན། འོན་ཀྱང་། ངས་དུས་ནམ་ཡང་མིང་རྫུན་བེད་སྤྱོད་བཏང་ནས་མི་གཞན་ལ་སྐྱོན་བརྗོད་བྱས་མ་མྱོང་ལ། མིང་རྫུན་བེད་སྤྱོད་བཏང་ནས་ཞབས་འདྲེན་ཞུས་པའི་ལོ་རྒྱུས་ང་རང་གི་མི་ཚེའི་ནང་མེད། ཡིད་སྐྱོ་བ་ཞིག་འཇའ་ཚོན་མིང་ཅན་དེ་སུ་ཡིན་མིན་སོགས་གང་ལྟར་ང་ལ་མདའ་གཞུ་ཐེབས་ཆག་ཅིག་ལས་མེད་ཀྱང་མུན་ནག་ནང་འཕེན་དགོས་པ་དེ་རེད། དེ་བས་དྲ་གྲོགས་ཚོས་མིང་རྫུན་བེད་སྤྱོད་མ་གཏོང་རོགས་ཞེས་ཡང་བསྐྱར་པུས་མོ་བཙུགས་ནས་ཞུ་བ་འཐེན་གྱི་ཡོད།
འཇའ་ཚོན་ཅན་ལ་མུ་མཐུད་ནས་ཞུ་རྒྱུར། ངས་ད་ལྟའི་བར་རང་ཉིད་ཤེས་ཡོན་ཅན་ཞིག་ཡིན་ཞུ་རྒྱུ་བྱུང་མེད་ལ་དེ་ལྟར་བསམ་ཡང་མ་མྱོང། འོན་ཀྱང་། ང་རང་མིང་རྫུན་ཅན་དང་རྩོམ་པ་པོར་རློམ་པ་དག་གིས་སྨྱུག་མིང་བེད་སྤྱོད་གཏོང་བ་སོགས་ལ་འདོད་པ་མེད་མཁན་ཞིག་ཡིན། རང་ཉིད་ཀྱི་་བསམ་ཚུལ་དོན་དགོས་སྐོར་དྲ་གྲོགས་ཚོས་འབོད་སྐུལ་ཞུ་གི་འདུག་ན་རང་ཉིད་ཀྱིས་བསམ་ཚུལ་ཙམ་བཏོན་པར་གང་ཉིད་ནི་རླུང་གིས་བརྒྱལ་གྲབས་བྱེད་ཀྱི་འདུག
དྲ་གྲོགས་ལ་མེ་ཆ་ལ་ཞུ་རྒྱུ། མིང་རྫུན་བེད་སྤྱོད་བཏང་ནས་མི་གཞན་ལ་དམའ་འབེབས་བྱེད་རྒྱུ་དེ་འགྲོ་བ་མིའི་ཐོབ་ཐང་མ་རེད་ལ། མང་གཙོའི་ཐོབ་ཐང་ནི་དེ་ལས་ཀྱང་ག་ལ་ཡིན། དེ་ཁྲིམས་འགལ་གྱི་ལས་ཀ་རེད་ཞུ་འདོད་བྱུང་།
དྲ་གྲོགས་བློ་བཟང་ལུང་རྟོགས་ལགས། རླུང་གི་རྒྱལ་གྲབས་བྱེད་དགོས་མ་རེད། ཤ་ཚ་བའི་གཏམ་དེས་་རྣ་ཚ་ཟེར་བའི་དཔེ་ལྟར། ང་ཚོ་བོད་མི་ནང་ཁུལ་ཤ་ཚའི་ཁ་ནས་གཏམ་གང་ཞིག་ཀྱང་སྐབས་འགར་ཐོན་སྲིད་པ་རེད། གང་་ལྟར་ང་ཚོ་ཚང་མ་ཁ་བརྡ་དྲ་རྒྱར་འཁྱུད་ནས་རང་གི་བསམ་ཚུལ་སྤེལ་རྒྱུར་འདོད་པ་ཡོད་པ་གཅིག་པུ་རེད། ངས་ཁས་ལེན་བྱ་རྒྱུ་གཅིག་ཡོད་པ་ནི། རང་ཉིད་མིང་དགོས་འདོད་མི་བྱེད་མཁན་གྱི་སྨྱུག་མིང་བེད་སྤྱོད་གཏོང་གི་ཡོད་པ་ལྟ་བུ་ཡོད། ང་ལྟ་བུར་མཚོན་ན་མིང་བཏོན་རྒྱུ་དེ་བདེ་པོ་ཞིག་མི་འདུག བྱས་ཙང་གཡུག་བཞག་པ་ཡིན། གཞན་ལ་མིང་ཆད་དང་དམའ་་འབེབས་བྱ་འདོད་ཀྱང་མི་འདུག ཡིན་ནའང་ཁྱོད་རང་གི་མི་གཞན་ལ་དཀྲུག་ཤན་སྤེལ་གྱི་འདུག་ཅེས་ཧམ་་བཤད་བྱ་དུས་ང་ཚོས་ཀྱང་དེར་དགག་པ་བྱེད་དགོས་པ་དེ་དགོས་པ་རྒྱུ་མཚན་གྱི་ཆ་ནས་བྱུང་བ་་ཞིག་རེད། ཁྱེད་རང་གྲྭ་་ལོག་མ་རེད་ལ། དབྱིན་ཡིག་ཀྱང་ཤེས་ཀྱི་ཡོད་ས་རེད། མི་་གཡོག་ཀྱང་མ་རྒྱུགས་པར་མི་གཡོག་བསྐུལ་མཁན་ཞིག་ཡིན་ས་རེད། སེམས་པ་སྐྱིད་པོ་བྱེད། ད་ང་དེ་རིང་ནས་ཁྱོད་རང་དང་གནས་ཚུལ་དེའི་ཐད་བསམ་ཚུལ་བཏོན་གྱི་མིན། སེམས་པ་རླུང་གི་འགྱེལ་ཚེ་ལོ་རྒས་དུས་གཟུགས་པོ་གཅོང་པོ་ཆགས་ཀྱི་རེད། ཁོང་ཁྲོ་མ་བྱེད། དེ་ལས་སྡུག་པ་དགྲ་བོས་རྒྱ་མིས་ང་ཚོས་སོ་སོའི་ཕ་ཡུལ་ནས་ཕུད་པ་མ་རེད་དམ། དེ་ལ་བཞག་གི་ཡིན། ཚུར་བྲིས་ཀྱང་ད་ཕར་ལན་མེད་དོ།། །།
དྲ་གྲོགས་བློ་བཟང་ལུང་རྟོགས་ལགས་རླུང་དེ་འདྲ་ལང་དགོས་ཨེ་ཡོད། ཁྱེད་ནི་དྲ་གྲོགས་དེ་དག་མི་ཡིན་མིན་ལ་དོགས་པ་ཡོད་ཟེར་བ་མིན་ནམ། ངོ་མ་རླུང་མགོ་མི་ནོན་ན་མཐུ་དང་སྔགས་ལ་བསྟེན་ན་ཅི་དྲག་ཁྱོད་གྲྭ་ལོག་ཞིག་ཡིན་ན་ནང་ཆོས་གང་འཚམ་ཤེས་བར་ཡིད་ཆོས་ཡོད། ཡང་ན་ཁ་བརྡ་དྲ་ཚིག་ལ་མ་ཞུགས་ན་དགའ། གང་ལྟར་ཁྱོད་བོད་མི་རིགས་ཞེན་ཅན་གཅིག་ཡིན་ས་རེད་དོན་མེད་རླུང་གིས་འཆི་མི་ཉན་ལོ།
གལ་སྲིད་བོད་འདི་ཞི་བདེ་དང་རང་དབང་ལྡན་པའི་རྒྱལ་ཁབ་ཅིག་ཆགས་པ་ཡིན་ན། ཁྱེད་ཀྱི་བསམ་པར་འཛམ་གླིང་གི་ཡུལ་གྲུ་ཀུན་ཏུ་གནས་པའི་བོད་མི་རྣམས་མཉམ་གཅིག་ཏུ་བོད་ནང་དུ་སྡོད་ཐུབ་པར་བསམ་གྱི་འདུག་གམ།
འདིར་གུས་པས་བསམ་ཚུལ་སྙིང་བསྡུས་ཤིག་ཞུས་པའི་དབང་དུ་བཏང་ན། དུས་རབས་འདིའི་ནང་ད་དུང་བཙན་དབང་དང་གཉའ་གནོན་གྱི་མུན་ཁྲོད་དུ་ཞི་བདེ་ཡི་འོད་སྣང་དང་བྲལ་བའི་རང་ཅག་རྣམས་ཀྱི་ཕ་ཡུལ་དེ་མ་འོངས་པར་གསལ་སྲིད་རང་དབང་གཙང་མའི་ནམ་ལངས་ཤིང་ཞི་བདེའི་ཉི་གཞོན་སླར་ཡང་འཆར་ཏེ་བདེ་སྐྱིད་རྫོགས་ལྡན་གྱི་དཔྱིད་དཔལ་མངོན་པར་བཞད་ཀྱང་རུང་སྟེ། ད་ལྟ་འཛམ་གླིང་ཡུལ་གྲུ་གང་སར་ཁ་འཐོར་བའི་བོད་རིགས་སྤུན་ཟླ་ཚོ་རང་ཡུལ་ན་མཉམ་དུ་འཛོམས་པ་ནི་ཧ་ཅང་གི་དཀའ་མོ་རེད།
གོང་གསལ་ཀྱི་དྲི་བ་འདི་དག་བོད་དོན་ཉམས་ཞིབ་ཆེད་ཡིན་ཟེར་བ་ལས། བོད་མིའི་ཉམས་བརྟག་ཆེད་ཡིན་ལབ་ན་འཚམ། རང་ཉིད་བོད་ལ་ལོག་འདོད་མེད་ན། བོད་མི་མང་ཡུལ་ལ་ལོག་མི་ལོག་དང་། གོང་ས་མཆོག་ལྷ་མི་གང་ཡིན་ང་ཚོའི་སེམས་ལ་ཐེ་ཚོམ་དང་དྲི་བ་གང་ཡང་མེད་། འགན་ཁུར་དང་རྒྱུ་མཚན། བློ་བསྐྱེད་དང་དོགས་གཅོད་སྐོར་གླེང་མོལ་ཁུངས་དག་རེ་སྤེལ་ཐུབ་ན། དངོས་མིང་དང་སྨྱུག་མིང་གང་བྲིས་རུང་། ཇོ་བཟང་ལུང་རྟོགས་སོགས་དགག་ལན་རྣ་ཡིས་གོ་འདོད་མེད་པ་ཚོ་ལ་རྙོག་གཏམ་ལབ་ཡ་འཚམ་བཅད་པ་མ་རེད་དམ།
སྨྲར་བརྗོད་རང་དབང་ལ་བཀག་འགོག་མེད་ན། ཨ་མ་འཛོག་ལབ་ན་ག་རེ་བྱས་་་་ཨ་་་ཧ་ཧཧ
བཀའ་བློན་ཁྲི་བར་ཐུབ་བསྟན་ལུང་རིག་མི་འགྲིག་རྒྱུ་ཡོད་པ་མ་རེད་དེ། རབ་གསལ་ལགས་ཀྱིས་བརྗོད་པ་བཞིན་འོས་ཤོག་འཐོབ་རྒྱུ་ཁག་པོ་རེད། ཁོ་རང་ཨ་མདོ་བ་རེད་དེ་ཆུང་ས་ནས་བཤད་ན་ཨ་མདོ་བས་ཀྱང་འོས་བླུག་གི་མ་རེད་བསམ་གི་འདུག
ཁག་ཅིག་གིས་འབྲོང་ཆུང་དངོས་གྲུབ་འོས་གཞིར་བཞག་འདུག འགོད་མཁན་གྱི་ཆ་ནས་ཁོང་གི་ཡོན་ཏན་བརྗོད་པ་བཞིན་མི་ཡག་པོ་དང་དྲང་མོ་རེད། འོན་ཀྱང་ཁོང་འོས་ཤོས་དེ་བདེ་སྲུང་བཀའ་བློན་རང་རེད། བཀའ་བློན་ཁྲི་པ་གནང་ན་ཆུང་ས་ནས་ཁོང་གི་གསུང་སྐད་དེ་ལ་མཚོན་ནའང་དཀའ་ངལ་ཞིག་རེད། གསུང་སྐད་འགག་འགག་དེ་འདྲ་ཞིག་བཀའ་བློན་ཁྲི་པར་བདམ་ན་གསུང་བཤད་གནང་དགོས་པ་ཧ་ཅང་མང་བས་དཀའ་ངལ་འཕྲད་རྒྱུ་ངེས་པ་རེད། དེ་བས་གོང་དུ་བརྗོད་པ་བཞིན་བདེ་སྲུང་བཀའ་བློན་རང་རྒྱུན་རིང་ཙམ་གནང་ན་འོས་ཤོས་རེད།
ངས་བལྟས་ན་མི་གསར་པ་ཞིག་སླེབས་དགོས་པ་གལ་ཆེན་པོ་རེད་བསམ་གི་འདུག དེར་བརྟེན་བློ་བཟང་སེང་གེ་འོས་ཤོས་ལྟ་བུ་མཐོང་གི་འདུག