ཕྱི་ཚེས་༡༤ ཉིན་གྱི་ཞོགས་པའི་དུས་ཚོད་༥ཿ༣༠ ཙམ་ལ་ས་གནས་ས་ཐོག་ནས་ཁ་པར་བརྒྱུད་རྨོག་རུ་བསྟན་པ་ལགས་ཀྱིས་གནས་ཚུལ་ཁོ་སྤྲོད་བྱས་པ་ལྟར་ན། དེ་རིང་ཞོགས་པའི་དུས་ཚོད་༥ཿ༠༠ པའི་ཐོག་གོམ་བགྲོད་པ་མ་བུ་གསུམ་སྐྱེལ་མ་བྱེད་མཁན་རྨོག་རུ་བསྟན་པ་དང་རྒྱལ་མཚོ་གཉིས་མལ་ལས་ལྡང་སྐབས་གླིང་ཚ་ཚེ་བརྟན་རྡོ་རྗེ་མལ་ས་ན་མི་འདུག་ཟེར། བོད་སྐྱོད་གོམ་བགྲོད་མ་ཨ་མ་ལྡོམ་པོ་སྐྱིད་དང་གླིང་ཚ་ལྷ་མོོ་སྐྱིད། སྐྱེལ་མ་བྱེད་མཁན་བཅས་ཀྱིས་ཡར་མར་བརྩད་བྱེད་སྐབས་ཁོ་ཚོ་ཞག་སྡོད་བྱ་སའི་མགྲོན་ཁང་གི་བདག་པོས་ཞོགས་པའི་དུས་ཚོད་༢ཿ༣༠ ཙམ་ལ་ཁོང་གཅིག་བུ་སྒོའི་ཕྱི་ལོག་ལ་འགྲོ་སོང་ཟེར་འདུག
གླིང་ཚ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་ལ་ཕྱི་ཚེས་༡༠ ཉིན་གྱི་དགོང་མོའི་དུས་ཚོད་༩ པ་ཙམ་ལ་བལ་ཡུལ་རྒྱལ་སྲུང་དམག་མིས་རྡུང་རྡེག་ཚོད་མེད་བཏང་ཡོད་པ་དང་ཨ་མ་ལྡོམ་པོ་སྐྱིད་ལ་རྨས་སྐྱོན་ཚབ་ཆེན་བྱུང་ཡོད། གནས་སྐབས་རིང་ཁོ་མ་བུ་གསུམ་ཕྱི་འཐེན་གྱིས་ཨ་མ་ལྡོམ་པོ་སྐྱིད་ལ་སྨན་བཅོས་བྱ་ཆེད་གྷོ་ར་པོར་འབྱོར་ཡོད་པ་རེད། གྷོ་ར་པོར་ནས་ཁོང་ཚོ་ཞག་སྡོད་བྱ་ས་ནི་རླངས་འཁོར་འབབ་ཚུགས་ཀྱི་ཁ་གཏད་དུ་ཡོད་པའི་མགྲོན་ཁང་ཞིག་ཏུ་བསྡད་ཡོད་འདུག རྒྱུ་མཚན་གང་ཡིན་མི་ཤེས་པའི་འོག་གླིང་ཚ་ཚེ་བརྟན་རྡོ་རྗེ་གཅིག་བུར་ཕྱི་འཐོན་བྱུང་ཡོད་པ་དང་ཨ་མ་ལྡོམ་པོ་སྐྱིད་ཀྱི་རྨས་སྐྱོན་ད་དུང་ཡག་པོ་དྲག་མེད་ཁར་ངུ་ངག་གི་ཁྲོད་ན་ལྷག་འདུག་ཟེར། སྐྱེལ་མ་བྱེད་མཁན་གཉིས་སུ་ན་ལེ་འམ་རྒྱལ་མཚམས་ཕྱོགས་སུ་རྗེས་འདེད་བྱེད་དུ་སོང་ཡོད་པ་རེད་ཅེས་བརྗོད་སོང།
ཚེ་བརྟན་རྡོ་རྗེ་ཁོང་གིས་མ་དང་གཅུང་མོ་གཉིས་ལ་དཀའ་ངལ་ཆེན་པོ་འབྱུུང་རྒྱུ་ལ་མ་བཟོད་ནས་ཁོང་གཅིག་པུ་ཐོན་སོང་བ་རེད། ཁོང་ད་དུང་བལ་ཡུལ་ས་ཐོག་ཏུ་རྒྱུན་ཆད་མེད་པར་ལས་འགུལ་སྤེལ་རྩིས་ཀྱི་ཇུས་ཤིག་རེད།
འདི་ནི་དཔའ་རྒོད་གཅིག་གིས་གནང་སྟངས་ཤིག་རེད། ཁོང་དང་མཉམ་དུ་མི་མང་ཙམ་མཉམ་ཞུགས་བྱེད་མ་ཐུབ་པ་གང་ཡིན་ནམ། ཨ་ཁ་ཁོང་གཅིག་པུས་ག་འདྲ་བྱེད་དགོས་རེད། ངའི་དཀོན་མཆོག་གིས་མཁྱེན།
དངོས་གནས་རེད་དམ་ དངོསགནས་་ཡིན་ཚེ་་་གྱོད་དོན་དེ་གཞོན་ནུ་
ཨ་མ་དང་གཅུང་མོ་མཉམ་ཁྲིད་བྱས་ཏེ་ཡོང་ཡ་མེད་པ་རེད། ཁོང་གཅིག་པུ་ཐོན་པ་འདི་ནི་ཤིན་ཏུ་ལེགས། ཨ་མ་བུ་མོ་གཉིས་ཀྱིས་ད་ནི་ལས་འགུལ་འཚམས་འཇོག་གནང་ན་ཡག་ཤོས་རེད།
བཀུར་འོས་པའི་རྒྱལ་གཅེས་དཔའ་བོའི་ཆོད་སེམས་ལ་ཡི་རང་ཞུ།
གནས་ཚུལ་འདི་དངོས་འབྲེལ་ཡིན་མིན་ཐོག་ངེས་པར་ཚད་གཅོད་གནང་དགོས་འདུག། ཁོང་གི་སེམས་ཤུགས་དང་ལོད་བཏོང་ལ་ང་ཚོ་ངེས་པར་བསམ་ཤེས་བྱེད་དགོས་འངུག།
དཀོན་མཆོག་མཁྱེན་་་་་་བལ་དམག་འདྲེ་རྒན་ཁག་ཅིག་གིས་དྲུད་སོང་ནི་མིན་ནམ་་་་་་ཚོགས་པ་ཁག་གིས་བཙལ་གཅོད་གནང་རྒྱུའི་འབད་བརྩོན་གནང་རོགས་་་་་་ཨ་མ་མོའི་སྒང་ལ་སེམས་ཁྲལ་ལྷག་མ་ཞིག་བྱུང་སོང་་་་སྙིང་རྗེ།
ངའི་མིག་ལ་མཆི་མས་ཁེངས་ཏེ་ཅི་ཡང་བཤད་ཐུབ་མ་སོང་།།
གངས་རིའི་དཔའ་རྒོད་འདིའི་བློས་གཏོང་གནང་སྟངས་ལ་ཚོད་དཔག་བྱེད་དཀའ་མོ་རེད། ཡིན་ནའང་ཁོང་གི་མ་དང་གཅུང་མོ་གཉིས་དཀའ་སྡུག་གི་གནས་ལས་སྐྱོབས་ཐབས་ལ་འབྲེལ་ཡོད་ཚོས་ངེས་པར་དུ་གཟབ་དགོས་འདུག ལྷག་པར་དུ་ཚེ་བརྟན་རྡོ་རྗེ་བལ་ཡུལ་གྱི་ཕྱོགས་སུ་བསྐྱོད་སོང་ན་བལ་ཡུལ་ཉེན་རྟོགས་པའི་ལག་ཏུ་འཆོར་རྒྱུ་ཉག་ཅིག་རེད། ཡིན་ནའང་ཁོང་ལ་གྲ་སྒྲིག་ག་འདྲ་ཡོད་སུས་ཀྱང་བཤད་དཀའ་མོ་རེད། གང་ལྟར་ཁོང་གི་སྙིང་སྟོབས་དང་བློས་བཏང་ལ་སྙིང་ནས་གུས་འདུད་དང་ཡི་རང་ཡོད།
བལ་བོ་རྒྱ་མིའི་རྒྱུག་ཁྱི་དག་གིས་རྨུག་པ་མིན་ན་དྲག་གི་རེད་དེ། ས་དེ་ནི་འཛམ་གླིང་ནང་བདེ་འཇགས་མིན་པའི་གནས་སུ་ཐེ་བ་མ་ཡིན་ནམ།
བལ་དམག་གིས་གླིང་ཚ་ཚེ་བརྟན་རྡོ་རྗེ་ཁོང་རྒྱ་ལག་ཏུ་སྤྲོད་ཉེན་ཆེ་བས། དཀོན་མཆོག་གི་ཐུགས་རྗེས། ཁོང་གིས་བོད་དང་། བོད་མིའི་ཆེད་དུ་བྱ་བ་ལམ་ལྷོང་ཡོང་བར་ཤོག
གནས་ཚུལ་དེ་ནི་དངོས་གནས་ཡིན་ཚེ་འབྲེལ་ཡོད་རྣམ་པས་གནས་ཚུལ་གསལ་བོ་ཞིག་བརྩད་གཅོད་བྱས་ཏེ་གླིང་ཚ་ཁོང་གི་མིག་སྔའི་བདེ་འཇགས་དང་།་་་གནས་ཚུལ།་་་གནས་སྟངས་སོགས་ལ་དོ་གལ་ཆེན་པོས་བལྟ་རྟོགས་དང་ཡིད་གཟབ་བྱ་རྒྱུ་ནི་ཆེས་གལ་ཆེན་ནང་གི་འགངས་ཆེན་རེད།་་་དེ་མིན་ད་རུང་ཁོང་གི་ཨ་མ་དང་ནུ་མོ་གཉིས་ཀྱི་བདེ་ཐང་དང་གནས་སྟངས་ལའང་དོ་གལ་ཆེ་བས་ཡིད་གཟབ་བྱ་རྒྱུ་ནི་གལ་ཆེན་རེད།་་་
མ་དང་ནུ་མོ་བཞག་ནས་རང་ཉིད་གཅེར་འགྲོ་གནང་བར་སྙིང་ཡིད་རངས་དང་གུས་བཀུར་ཞུ།།
ཁོང་གིས་རིན་ཆེན་སྲོག་དེ་བློས་བཏང་བྱས་ནས་རང་ལུས་མེ་རུ་མི་སྒྲོན་པའི་རེ་སྨོན་ཡོད།
ཆེས་ཛ་དྲག་གི་སྐབས་འདིར་ཚོགས་པ་སྐྱིད་སྡུག་ཁག་ནས་ལྟ་རྟོག་གང་མང་མང་བྱས་ན་བསམ་ཀི མ་ཟད། སྐབས་འདིར་ཁོང་གི་ཨ་མ་ལགས་དང་གཅུང་མོ་གཉིས་ལ་སེམས་ཁྲལ་ཅི་འདྲའི་ཅིག་ཆེ་ཨང་།
འདི་ལྟར་ཨུ་ཚུགས་བྱས་རྗེས་གར་སོང་ཆ་མེད་དུ་ཡལ་ཚེ། རྩ་མེད་ནུས་མེད་ཡིན་པས་དྲ་ལམ་དང་འཛམ་གླིང་གིས་མཐོང་ས་ཞིག་ནས་ལས་འགུལ་གྱི་ཐབས་རྩལ་གསར་པ་ཞིག་སྤེལ་ན་ཆོག་པ་ཨང་།
བློས་བཏང་འདི་ལ་སེམས་གཏིང་ནས་བསྟོད་ཀྱིན་ལམ་ལྷོང་ཡོང་བར་སྨོན་ནོ།།
གལ་ཏེ་ཚེ་བརྟེན་རྡོ་རྗེ་ཁོང་བོར་བརླགས་སུ་སོང་བ་བདེན་ན
་ངོ་ནས་ཨ་མ་དང་སྲིང་མོ་གཉིས་ཀར་སེམས་ཁྲལཆེན་པོ་ཡོད་རྒྱུ་རེད།
ལས་འགུལ་མི་མཐུད་སྤེལ་བ་ཡིན་ན་མ་དང་སྲུང་མོར་འཕྲིན་ཡིག་ཅིག་ལོས་འཇོག
སེམས་ཁྲལ་མི་བྱེད་པས་ཆད།འདི་ལྟར་གློ་བུར་དུ་བརླགས་དུས་རྐྱེན་ངན་རེ་བྱུང་བ་ཡིན་རྒྱུ་རེད།
ཚོགས་པ་ཚང་མའི་མཉམ་རུབ་གྱི་བཙལ་ཐུབ་ན་ཡག།
སེམས་ཁྲལ་གྱི་སྒང་ལ་སེམས་ཁྲལ་བརྩེགས་ནས་ཉན་བསྡད་ཡོད། བར་ཆད་རེ་མི་ཡོང་བར་སྨོན།
མི་དེ་ག་བ་ཡོད་ན་རྒྱ་མིའི་གཞུངས་ཚབ་ཁང་ལ་སོང་མེད་རུང
དཀོན་མཆོག་གིས་མཁྱེན། ང་ཚོ་བོད་པ་ལ་འདི་འདྲི་ཞིག་ཡོང་དགོས་རྒྱུ་ལ།
ཐ་ན་སྤྲང་རྒྱལ་བལ་པོས་ཀྱང་འདི་འདྲིའི་མཐོང་ཆུང་།
བལ་ཡུལ་ལ་རྒྱ་གཞུང་གིས་གང་བྱས་བྱས་རེད། འཛིན་གི་རེད། བཟུང་གི་རེད། རྡུང་གི་རེད། ཐ་ན་རྒྱ་གཞུང་གིས་གསོད་དགོས་ལབ་ནའང་གསོད་ཀི་རེད། བལ་གཞུང་ནི་འདི་འདྲ་ཞིག་རེད།
ཨ་མ་དང་སྲིང་མོ་བོར་རློག་མི་གཏོང་པར་ཕ་རྒན་ལ་རྩིས་སྤྲོད་བྱེད་རོགས། དྲིན་ཆེན་ཆ་བོ། ཁོང་གཉིས་ལ་གུས་བ་ཆེན་པོས་ཐུགས་རྗེ་ཆེ་ཞུས་བ་ཡིན།
གསེར་ས་ལ་ཡོད་ན་འོད་ནམ་མཁའ།
དཔའ་བོ་ཞིག་གི་མིག་ལམ་ནས་རང་གི་་སྲོག་དང་དགྲ་ལ་འཇིགས་པ་མི་བྱེད་པས། ཉིན་ཞིག་ང་ཚོས་ཁོའི་རྒྱལ་ཁའི་ཞབས་རྗེས་འཚོལ།
དཔའ་ཁེར་རྒྱུག
མདུང་དར་དམར།
ཁྱོ་རྒྱལ་ལོ།
གྲོགས་པོ་ཁྱོ་རྒྱལ་ལོ།
བཀྲ་ཤིས་བདེ་ལེགས།
ཁོང་རྣམས་ཀྱི་འདྲ་དཔར་སྣ་ཚོགས་མཐོང་ཐེངས་རེ་མིག་ཆུ་ལ་འགོག་ཐབས་མི་འདུག ཚེ་རྡོར་ལ་བར་ཆད་མེད་པར་ཤོག
བལ་དམག་སྡུག་རྩུབ་ཅན་གྱིས་རྒྱལ་ཞེན་པ་འདིའི་སྐུ་སྲོག་ལ་ཉེན་ཁ་བཟོ་ངེས་པས་ཅིས་ཀྱང་ང་ཚོས་སྲུང་སྐྱོབ་བྱེད་ཐབས་ལྟ་དགོས། མ་དང་བུ་མོ་གཉིས་ཚོགས་སྡེ་ཁག་དང་གཞུང་དམངས་ཚང་མས་ལྟ་སྐྱོང་གནང་དགོས། དེ་དང་ཆབ་གཅིག་ཁོང་གི་ཤ་ནས་ཆད་པའི་ཕྲུ་གུ་གཉིས་ཀྱི་མདུན་ལམ་ལ་འགན་སྲུང་གང་ཐུབ་ལྟ་དགོས། གལ་སྲིད་བོད་རིགས་ལྟ་བུ་ཁོའི་མཉམ་དུ་འགྲོ་མི་ཐུབ་འདྲ་བྱུང་ན་བལ་པོའི་མི་སེར་གླས་ཏེ་ཁོའི་གནས་སྟངས་རྒྱུས་ལོན་ཐབས་བྱེད་དགོས། གང་ལྟར་རྒྱལ་ཞེན་པ་འདི་བོར་བརླག་མ་སོང་བའི་ཐབས་ཤེས་གང་ཐུབ་གནང་དགོས། གལ་སྲིད་བོར་བརླག་ཏུ་སོང་ན་ས་ཕྱོགས་གང་དུ་འཚོལ། ཚུལ་ཇི་ལྟར་འཚོལ། ཁ་མཆུ་སུ་ལ་རྒྱག ཆུ་མ་ཡོང་གོང་ནས་རྐ། རྐྱེན་མ་ཡོང་གོང་ནས་རིམ་གྲོ་ཟེར་བ་ལྟར་ཅིས་ཀྱང་གྲ་སྒྲིག་གང་ལེགས་གནང་རོགས། ལས་འགུལ་མཚམས་འཇོག་རོགས་ཞེས་རེ་སྐུལ་ཞུ་མི་ཤེས་ཀྱང་ཐབས་ཤེས་གང་ལེགས་གནང་རོགས་རྒྱལ་ཞེན་ཅན། མི་རིགས་ཀྱི་དཔའ་བོ། ལོ་རྒྱུས་ཀྱི་རྡོ་རིང་། ཁྱེད་ཉིད་དུས་ནམ་ཡང་རྒྱལ་གྱུར་ཅིག