དབུ་མའི་ལམ་གྱིས་བོད་དོན་གྱི་དཀའ་རྙོག་སེལ་ཐུབ་ཀྱི་རེད་སྙམ་པའི་འཁྲུལ་སྣང་ཞིག་བོད་མི་མང་པོ་ཞིག་ལ་འདས་པའི་ལོ་བཅུ་ཕྲག་རིང་སྐྱེས་པ་རེད་ལ་ད་དུང་གྲངས་ཀའི་མང་ཉུང་ལ་མ་ལྟོས་པར་མི་མང་པོ་ཞིག་མུ་མཐུད་འཁྲུལ་བའི་སྣང་བ་དེ་ལས་ཐར་ཐུབ་ཀྱི་མེད་པ་གསལ་པོ་རེད། དེས་ན་ང་ཚོས་ངེས་པར་ཐོག་མར་ཤེས་དགོས་པ་ཞིག་ནི། མི་སེམས་རྨོངས་ཤིང་འཁྲུལ་བར་བྱེད་པའི་ཉལ་ཐ་ལྟ་བུའི་དུག་རྫས་དེ་སུ་ཞིག་གིས་བོད་མིའི་སྤྱི་ཚོགས་ནང་ཐོག་དང་པོར་གཏོར་བ་རེད། དེ་ངོས་ཟིན་རྒྱུ་དེ་གལ་ཆེན་པོ་རེད།
མི་བསམ་བློ་ཅན་ཞིག་ཡིན་ན་འཁྲུལ་སྣང་གི་དུག་རྫས་དེའི་བདག་པོ་ནི་དཔྱད་ཞིབ་མང་པོ་བྱེད་མི་དགོས་པར་ཏིང་ཞའོ་ཕིང་ཡིན་པ་ལམ་སང་སེམས་ངོར་འཆར་ཐུབ་པ་ཞིག་རེད། ཏིང་གིས་རྒྱ་གཞུང་གི་དབང་བཟུང་བ་དང་ཕར་ལ་འབྲེལ་བ་བྱེད་མ་དགོས་པར་ཚུར་འབྲེལ་བ་བཟུང་བ་དེས་ང་ཚོ་ལ་འཁྲུལ་སྣང་དང་རྨི་ལམ་ཟ་ཟི་ཞིག་གཏོང་བཅུག་པ་རེད། ཡིན་ནའང་། ད་རུང་འཁྲུལ་སྣང་གི་རྫས་དུག་ངོ་མ་དེ་བོད་སྤྱི་ཚོགས་ནང་གཏོར་ཡོད་པ་མ་རེད། དེ་ནི་ཏིང་གིས་ཏང་གི་ཆབ་སྲིད་ནང་ཚེ་གང་སྦྱངས་ཡོང་བའི་སྒྱུ་མ་མང་པོ་སྤྲུལ་རྒྱུ་ཡོད་པ་ལས་ཆ་ཤས་གཅིག་ཁོ་ན་ཚུར་བཏང་བ་རེད། དེ་ནས་ཏིང་གི་སྒྱུ་མ་དེའི་ཆོ་འཕྲུལ་གྱི་ཟུར་ཞིག་ང་ཚོར་ཕོག་པ་རེད། རྒྱ་ལོ་དོན་གྲུབ་ཟ་རེ་ཟི་རེ་ཆགས་ནས་ཉིན་མོའི་རྨི་ལམ་གཏོང་གི་གཏོང་གི་ཕར་རྒྱ་ནག་ལ་ཕྱིན་ཏེ་ཏིང་ཞའོ་ཕིང་ལ་ཐུག་པ་རེད།
ང་ཚོའི་བོད་ཀྱི་སྒྲུང་ནང་རྒྱ་སྒྱུ་མ་མཁན་ཟེར་བའི་མི་ལ་འཁྲུལ་སྣང་སྟེར་མཁན་ཞིག་རྒྱ་ལ་ཡོད་པ་དེ་ཤེས་གསལ་ལྟར་ཡང་། ཏིང་ཞའོ་ཕིང་སྒྱུ་མ་མཁན་ཞིག་ཡིན་པ་རྒྱ་ལོས་ཀྱང་ཤེས་ཡོད་པ་མ་རེད་ལ་བོད་མི་སུས་ཀྱང་ཤེས་ཡོད་པ་མ་རེད། དེའི་སྐབས་སུ། ཏིང་ཞའོ་ཕིང་གིས་བོད་རང་བཙན་མ་གཏོགས་གཞན་ག་རེ་ཡིན་ནའང་བསམ་བློ་གཏོང་གི་ཡིན་མདོག་མདོག་ཅིག་བཤད་པ་རེད། སྐད་ཆ་འདི་ནི་ཏིང་གིས་བོད་སྤྱི་ཚོགས་ནང་གཏོར་བའི་འཁྲུལ་སྣང་གི་དུག་རྫས་ངོ་མ་དེ་ཆགས་པ་རེད། དུག་རྫས་འདིའི་དུག་རླངས་མཐོ་རྒྱལ་བ་ནས་དམན་སྤྲང་པོའི་བར་ཚང་མར་ཕོག་ཏེ་ནང་གི་ཤེས་པ་རྦད་དེ་སྦྲིད་པར་གྱུར་པ་རེད།
ད་མཚམས་འདི་རུ་ངས་འཁྲུལ་སྣང་དེ་ཇི་ལྟར་འཁྲུལ་སྣང་ཡིན་པ་ངོ་སྤྲོད་ན་འདོད། ཏིང་གིས་ཚུར་བཙན་བྱོལ་བོད་གཞུང་ལ་འབྲེལ་བ་འཛིན་དགོས་པའི་དམིགས་ཡུལ་ག་རེ་རེད། དེ་ནི་གནད་འགག་གི་རྩ་བ་ཐུག་ས་དེ་རེད། ཁྱེད་ཀྱིས་དེ་ཤེས་པ་ཡིན་ན་གཞི་ནས་འཁྲུལ་སྣང་ངོ་ཤེས་ཀྱི་རེད། འཁྲུལ་སྣང་ངོ་ཤེས་པ་ཡིན་ན་ཁྱེད་རང་འཁྲུལ་སྣང་ལས་ཐར་ཐུབ་ཀྱི་རེད། ཏིང་གིས་ཚུར་འབྲེལ་བ་བྱས་པ་དེ་བོད་དོན་ཐག་གཅོད་པའི་ཆེད་མིན་པར་རྒྱལ་བ་རིན་པོ་ཆེ་སྐུ་འཁོར་དང་བཅས་པའི་ཡུལ་གྱར་གྱི་འཚོ་བ་སྔ་ཟིག་རྫོགས་བཅུག་ནས་ཕར་ཏང་གི་མགོ་ཁྲིད་འོག་ལོག་ཡོང་བ་བྱེད་རྒྱུ་དེ་ཏིང་གི་དམིགས་ཡུལ་ངོ་མ་དེ་རེད། དེ་ལྟར་ཕར་ཕྱོགས་སུ་ཡོངས་བསྒྲགས་ཀྱང་བྱེད་ཀྱི་ཡོད་པ་རེད། དེ་མིན་བོད་དོན་ཐག་ཡག་པོ་ཞིག་གཅོད་འདོད་ན་ཚུར་བཙན་བྱོལ་བོད་གཞུང་ལ་འབྲེལ་བ་བྱེད་དགོས་དོན་ཡོད་མ་རེད། བོད་དོན་གྱི་ལྡེ་མིག་ངོ་མ་དེ་རྒྱལ་བ་རིན་པོ་ཆེའི་ཕྱག་ན་མེད་པར་གུང་གཞུང་གི་ལག་ན་ཡོད་པ་རེད། མི་རིགས་སྲིད་བྱུས་ཀྱི་བཅའ་ཁྲིམས་ནང་བཟོ་བཅོས་ཁ་ཤས་ཤིག་དང་ས་གནས་སྲིད་གཞུང་ཁག་ལ་བཅོས་སྒྲིག་ཅིག་བྱས་པ་ཙམ་གྱིས་འགྲིགས་པ་རེད། ཡིན་ནའང་། བོད་དོན་ལ་ཐག་གཅོད་གསར་པ་ཞིག་བྱེད་པའི་འདོད་པ་རྩ་ནས་ཡོད་པ་མ་རེད། ཚུར་ཕྱོགས་སུ་བོད་གཞུང་གིས་བོད་དོན་ཐག་གཅོད་བྱེད་ཐུབ་ཀྱི་རེད་སྙམ་པའི་འཁྲུལ་སྣང་ཞིག་སླེབས་པ་རེད། འཁྲུལ་སྣང་དེ་ཏིང་གིས་བྱིན་པ་རེད།
ཏིང་གིས་ ་་ རང་བཙན་མ་གཏོགས་་ ཟེར་ནས་ཁ་ཚོད་ཡོད་ནང་གི་གཏམ་ཚོད་མེད་ཅིག་ཤོར། དེ་ནི་ཁོ་རང་གིས་ཀྱང་ནོར་འཁྲུལ་ཞིག་ཏུ་མཐོང་ཡོད་ཚོད། རིང་བོ་མ་ཐོགས་པར་རང་བཙན་མ་གཏོགས་ཟེར་བའི་རང་བཙན་དེ་ལ་འགྲེལ་བཤད་རིང་པོ་ཞིག་བཀྱོན་པ་ནི། རང་བཙན། ཕྱེད་རང་བཙན། རྣམ་པ་འགྱུར་བའི་རང་བཙན་ཟེར་ནས་མི་ཆོག་པའི་རང་བཙན་དེ་འགྱིག་ཐག་བཞིན་རིང་དུ་བསྐྱེད་ནས་རང་སྐྱོང་ངོ་མ་ཡང་རང་བཙན་ཁོངས་སུ་འདུ་བ་ཞིག་བཟོས་ཏེ་དེ་ཡོངས་བསྒྲགས་ཀྱང་གནང་བ་རེད། རང་སྐྱོང་ངོ་མ་ཞིག་ཀྱང་སྤྲད་རྒྱུ་མིན་པ་དེ་དེའི་སྐབས་ནས་གཏན་འཁེལ་ཚར་ཡོད་པ་རེད། ངོ་མ་བཤད་ན། ཏིང་ཁོ་རང་གི་སྐབས་ནས་ཕྱི་གསལ་ནང་གསལ་བཟོས་ཚར་ཡོད་པ་རེད། དེ་མིན་ཏིང་གི་བསམ་ཚུལ་ལྟར་མགོ་ཁྲིད་རྗེས་མ་ཚོ་མ་ཕྱིན་པ་མིན་པར་མགོ་ཁྲིད་རྗེས་མ་ཚོས་ཀྱང་མུ་མཐུད་ཏིང་གི་རྗེས་སུ་འབྲངས་པ་ཡིན་པ་གསལ་པོ་རེད།
ཕར་ཕྱོགས་ཀྱི་དམིགས་ཡུལ་ངོ་མ་དེ་གོང་དུ་བཤད་པ་ལྟར་བཙན་བྱོལ་བོད་གཞུང་བསྡུ་གསོག་རྒྱག་རྒྱུའི་ཆེད་ཁོ་ན་ཡིན་པས་བོད་དོན་གླེང་བའི་འདོད་པ་རྩ་ནས་མེད་ནའང་། ཏིང་གི་ཆོ་འཕྲུལ་གྱིས་བཟི་བའི་ཚུར་ཕྱོགས་ནས་མུ་མཐུད་བོད་དོན་ལ་བཅངས་པའི་འཁྲུལ་སྣང་དེ་སེམས་ངོས་ནས་ཡོངས་སུ་གཙང་བཟོ་བྱེད་མ་ཐུབ་པར་ཉེ་བའི་ལོ་ཤས་བར་མུ་མཐུད་རྒྱ་ནག་དང་མཉམ་བོད་དོན་གླེང་ཁུལ་བྱས་པ་རེད། རྒྱ་བོད་ཀྱི་མཁས་པ་རྣམ་དཔྱོད་ཅན་དུ་མ་ཞིག་ནས་སྔོན་ཚུད་ནས་རྒྱ་བོད་གཉིས་ཀྱི་གྲོས་མོལ་ལ་འབྲས་བུ་འབྱུང་རྒྱུ་མིན་པའི་ཚོད་དཔག་གནང་བ་ལྟར་བདེན་པ་བདེན་ཐོག་ཏུ་བབས་པ་རེད།
ད་ལྟ་ད་རུང་། བོད་མི་མི་ཉུང་བ་ཞིག་ནས་དབུ་མའི་ལམ་གྱིས་བོད་དོན་སེལ་ཐུབ་རྒྱུ་ཡིན་པའི་འཁྲུལ་སྣང་སྐྱེས་དང་སྐྱེ་བཞིན་པ་རེད་ལ། ཝང་ལི་ཞུང་གི་སྐད་ཆ་ཞིག་སྟེ་༧རྒྱལ་བ་རིན་པོ་ཆེ་བོད་དོན་སེལ་བྱེད་ཀྱི་ལྡེ་མིག་ཡིན་ཟེར་བའི་མ་བརྟག་མ་དཔྱད་པའི་སྐད་ཆ་དེ་བདེན་པར་བཟུང་འདུག ངས་ཤེས་པ་ལྟར་ན། ད་ལྟ་ཁོ་ཚོ་འགའ་རེའི་འཁྲུལ་སྣང་དེ་སྔོན་གྱི་ཏིང་གི་སྐད་ཆ་དེ་ཁོ་ན་མིན་པར། སྔ་ཕྱི་མ་གཏོགས་རྒྱ་ནག་ལ་འགྱུར་བ་འགྲོ་གི་རེད་སྙམ་པ་དང་། འགྱུར་བ་སོང་ན་དབུ་མའི་ལམ་ལ་རེ་བ་ཡོད་པ་རེད་སྙམ་པའི་འཁྲུལ་སྣང་དང་རྨི་ལམ་གཞན་ཞིག་གཏོང་གི་འདུག
འདི་ལ་ཡང་དཔྱད་པ་ཅུང་ཞིག་བྱེད་ན་འདོད་བྱུང་། རྒྱ་ནག་ལ་སྔ་ཕྱི་མ་གཏོགས་འགྱུར་བ་འགྲོ་རྒྱུ་ཡིན་པ་དེ་བདེན་པ་རེད། ངས་བལྟས་ན། རྒྱ་ནག་གི་འགྱུར་བ་དེ་ཚུར་ཕྱོགས་བཙལ་བྱོལ་བོད་གཞུང་དང་དབུ་མའི་ལམ་ལ་འབྲེལ་བ་ཇི་ལྟར་ཡོད་པ་དེ་གསལ་པོར་ཤེས་ཀྱི་མི་འདུག དེ་ཡང་བོད་དོན་གྱི་ལྡེ་མིག་ངོ་མ་དེ་རྒྱ་ནག་གི་མི་རིགས་སྲིད་བྱུས་ཡིན་པ་དང་། ལྡེ་མིག་དེ་འཛིན་མཁན་མི་དམངས་འཐུས་མི་རེད། སྒོ་ནམ་འབྱེད་ཆོག་མིན་གྱི་དབང་ཅན་དང་བཀའ་བཀོད་པ་གུང་ཁྲན་ཏང་རེད། རྒྱ་ནག་ལ་འགྱུར་བ་སོང་བའི་ཉིན། ད་ལྟའི་བོད་དོན་གྱི་ལྡེ་མིག་ཉར་མཁན་ཙམ་ལས་མིན་པའི་མི་དམངས་འཐུས་མི་ཟེར་བ་ཚོའི་ལག་པར་བོད་དོན་གྱི་སྒོ་ཇི་ལྟར་འབྱེད་དང་ནམ་འབྱེད་ཀྱི་དབང་ཆ་ཡོང་མདོག་ཁ་པོ་རེད། དེས་ན་རེ་བ་ངོ་མ་དེ་དེ་ན་ཡོད་པ་རེད། ང་ཚོ་ཕར་ལོག་འདོད་པ་རྣམས་ལོག་འགྲོ་རྒྱུ་ལས་གཞན་ཡོད་པ་མ་རེད། གལ་སྲིད། དེའི་སྐབས་དབུ་མའི་ལམ་ལ་རེ་བ་རྒྱག་ཆོག་པ་ཡིན་ན་རང་ཐག་རང་གཅོད་དང་ཡང་ན་རང་བཙན་སོགས་ལའང་རེ་བ་བྱེད་ཆོག་པར་འདོད།
རྒྱ་ནག་གི་སྒེར་གཅོད་ལམ་ལུགས་མཇུག་མ་རྫོགས་ན། བོད་དོན་གྱི་དཀའ་ངལ་སེལ་ཐབས་མེད། གཞན་ཡང་རྒྱ་ནག་གི་རིགས་ཞེན་དང་མངའ་ཁོངས་ཆེན་པོའི་མཁྲེགས་འཛིན་གྱི་ལྟ་བ་དེ་མཇུག་སྒྲིལ་མིན་དམངས་གཙོ་ལམ་ལུགས་ཀྱིས་ཐག་གཅོད་མི་ཐུབ། དེ་མཇུག་མ་སྒྲིལ་ན་རྒྱ་ནག་དམངས་གཙོར་སོང་ཡང་བོད་ལ་རང་སྐྱོང་གི་གོ་སྐབས་སྤྲོད་པ་མི་སྲིད། དེ་བརྟེན་བོད་ཀྱི་བདེ་སྡུག་ནི་གཞན་གྱི་ལག་ན་མེད། བོད་མི་རང་གིས་མ་འཇོན་ན་སྐྱབས་མི་ལ་རེ་བ་དེ་འཆི་ལམ་ཁོ་ན་ཡིན།
རྒྱ་ནག་སྒེར་གཅོད་རིང་ལུགས་པ་འཇུག་རྫོགས་ན་ཡང་བོད་ལ་རང་དབང་སྤྲོད་ཆོག་སུས་ལབ་ཡོད་ན། སྒེར་གཅོད་རིང་ལུགས་པ་འཇུག་རྫོགས་ཀྱང་བདག་དབང་དེ་རྒྱ་མི་མང་ལས་གཞན་སུ་ལ་ཡང་ཡོད་མ་རེད། ད་དུང་དམར་ཤོག་རྫོགས་ཀྱང་བོད་རྒྱ་འོག་ནས་ཚུར་རྩིས་སྤྲོད་མཁན་ཞིག་གྱི་རྒྱ་མི་བྱང་ཆུབ་སེམས་དཔའ་ཞིག་དུས་སྐབས་དེར་ཕེབས་ཐུབ་གི་ཨ་ཡོད། བྱང་ཆུབ་སེམས་དཔའི་སྤྲུལ་པ་ཞིག་ཕེབས་མ་འོང་ན། ཡང་རེ་བ་གཞན་པ་གཞོན་ནུའི་བརྩོད་པའི་འཐབ་རྩོད་དེ་ལས་སྐབས་དེ་དུས་ལམ་གཞན་པ་ཞིག་གདམ་ཁ་བྱེད་རྒྱུ་ཨ་ཡོད་ན།
སད་ན་ལེགས་ཀྱང་མ་སད་པ་རང་རེད་འདུག ད་བསམ་གཞིགས་དང་དཔྱོད་ཤེས་གཅིག་ལས་གཅིག་དམན་འདུག་ཨོ་ཧོ་བོད་རིགས་འདི་་་་་་་་་་་་་་
ཡག་པོ་བཤད་འདུག དོན་དངོས་དེ་འདྲ་ཡིན་མིན་གང་ལྟར་ཡང་རྒྱུ་མཚན་དང་གཏན་ཚིགས་ཀྱིས་ཕྱུག་འདུག་པས་དགའ་བསུ་ཡོད། ཚང་མས་བསམ་གཞིག་གི་ཡུལ་དུ་བཞག་ན་འགྲིག་པར་སྙམ།
ང་ཚོའི་སྨྱུག་ཐོག་པ་ཚོས་རང་གི་ལག་རྗེས་སྟོན་རྒྱུ་མེད་པར་ཁ་ཕྱིར་བལྟས་ཀྱི་དཔྱད་གླེང་དག་ལ་བལྟ་ཐེངས་རེར་མཆིན་པ་གཟེར་གི མདའ་ཚན་པ་ཁོས་ད་ལྟ་བར་དུ་སྤྱི་ལ་ཕན་པའི་ལས་ཀ་ཅི་ཞིག་ལས་ཡོད། རང་སྟོད་གཞན་སྨོད་ཀྱི་སྐད་ཆ་རྐྱང་རྐྱང་ལས་ཅི་ཡང་ཡོད་རབས་གོ་མྱོང་མེད། བཤད་ཚུལ་ཞིག་ལ་ཨ་མའི་བུ་ལ་འཇོན་ཐང་ཡོད་ན་དགའ་ལྡན་ཁྲི་ལ་བདག་པོ་མེད་ཟེར་བ་བཞིན་རང་ལ་རྣམ་དཔྱོད་དང་འཇོན་ཐང་ཡོད་ན་འུ་ཅག་སུ་ལའང་འགན་ཡོད་པར་ཤེས་པར་གྱིས།
སྐད་ཆ་བཤད་སྟངས་འདི་འདྲ་ཡེ་ནས་མ་རེད།
མ་འོང་པར་རྒྱ་ནག་དམངས་གཙོ་ཅན་དུ་འགྱུར་ན་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་འགྱུར་བ་གཏོང་གི་རེད། རྩ་ཁྲིམས་འགྱུར་སོང་ན་རྩ་ཁྲིམས་ཀྱི་སྒྲོལ་གཞིའི་འོག་གི་མིང་དོན་མཚུངས་པའི་རང་སྐྱོང་ལ་གྲུབ་འབྲས་ཤིག་གང་ན་ཡོང་།ཧཧཧཧཧཧཧ
རྒྱ་ནག་གི་སྒེར་གཅོད་ལམ་ལུགས་མཇུག་རྫོགས་པ་ཡིན་ན་བོད་དོན་ཐག་གཅོད་བྱེད་ཐུབ་ཀྱི་རེད། རང་ཉིད་ལ་ཐོབ་ཐང་དགོས་པ་བཞིན་གཞན་གྱི་ཐོབ་ཐང་ལ་ངོས་ལེན་བྱེད་པའི་སྤོབས་པ་མེད་པ་ཡིན་ན་དེ་ནི་ད་རུང་སྒེར་གཅོད་ལམ་ལུགས་མཇུག་རྫོགས་མེད་པའི་མངོན་རྟགས་གསལ་པོ་ཞིག་རེད།
རྒྱ་ནག་དམངས་གཙོ་རག་པ་ཡིན་ན་བོད་དོན་ཐག་ག་འདྲ་ཞིག་གཅོད་རྒྱུ་ཡིན་པ་ནི་ད་རུང་ག་ཚོད་གཅོད་དཀའ་བའི་དོན་དག་ཅིག་རེད། དེ་ནི་དམངས་གཙོ་ཟེར་བའི་ཚིག་སྤྱི་བམ་པ་འདི་ཁོ་ནའི་ཐོག་ནས་དབྱེ་ཞིབ་བྱེད་མི་ཐུབ་པ་ཞིག་རེད། དེ་ནི་དེའི་སྐབས་ཀྱི་བོད་ཀྱི་སྲིད་བྱུས་དེ་ཇི་འདྲ་ཞིག་གཏན་ལ་འབེབས་རྒྱུ་ཡིན་པ་དང་སྲིད་བྱུས་དེ་ལ་ཇི་ལྟར་འགན་ལེན་བྱེད་རྒྱུ་ཡིན་པ་དེ་ལ་ཐུག་པ་རེད།
དབུ་མའི་ལམ་གྱིས་བོད་དོན་གྱི་ལྡེ་མིག་དེ་རྒྱ་ནག་གི་ལག་པར་རྩིས་སྤྲོད་བྱས་ཡོད་པས་དེ་རང་ལག་ཏུ་ཉར་མེད་པ་རེད། དེ་བས་ཕ་རོལ་བོ་ཞིག་ལ་རེ་བ་བྱེད་སྡོད་པ་ལས་ཐབས་ཤེས་གཞན་མེད། དངོས་སུ་ན། བོད་དོན་གྱི་ལྡེ་མིག་དེ་རང་ལག་ཏུ་ཉར་བའི་ལམ་ཁ་ཡོད་པ་རེད། དེ་ནི་ང་ཚོའི་བཙན་བྱོལ་གྱི་བོད་དོན་འཐབ་རྩོད་ཀྱི་རྩ་བའི་རྩ་དོན་གྱི་སྲིད་བྱུས་ག་འདྲ་ཞིག་འཛིན་མིན་དེ་ལ་ཐུག་འདུག མུ་མཐུད་དུ་གླེང་།
ཚིག་སྐམ་སྟོང་བཤད་་མདའ་ཚན་པ་ ཁྱོད་ཉོན་ཅིག་་ ཕན་ཚུན་གྲོས་མོལ་གྱི་ལམ་ནས་དཀའ་ངལ་སེལ་ཐུབ་གྱི་མེད་ན་ ཚིག་སྐམ་སྟོང་བཤད་པ་ཁྱོད་ནས་ད་བར་ཐབས་བྱུས་གང་བྱས་མྱོང་ཡོད་དམ་ རྒོད་བྲོ་བའི་འཆལ་གཏམ་གྱི་རྩོམ་མ་སྤེལ་ན་བཟང་
འདོད་པ་སྐྱིད།
སྐད་ཆ་ཁ་ཐུག་བཤད་པར་དགའ་ཡོད། ཕན་ཚུན་གྲོས་མོལ་ཟེར་བ་ཞིག་ཡོད་ན་དཀའ་ངལ་སེལ་ཐུབ་གི་རེད། ད་ལྟའི་གྲོས་མོལ་ཟེར་བ་དེ་དོན་དག་གམ་གྲོས་གཞི་གཅིག་གི་ཐོག་ལ་བབ་པའི་གྲོས་མོལ་མ་རེད། གུང་གཞུང་གི་དམིགས་ཡུལ་ནི། གྲོས་མོལ་དེ་བཙན་བྱོལ་གཞུང་གུང་གཞུང་འོག་བཙུད་ཐབས་ཀྱི་གྲོས་མོལ་ཙམ་ལས་མ་རེད། དེ་འདྲ་ཡིན་ཙང་། ཕར་རང་སྐྱོང་བཤད་ནའང་ཁ་བྲལ་རིང་ལུགས་པ་ཟེར་གྱི་ཡོད་པ་རེད། རྒྱ་གཞུང་གི་བཅའ་ཁྲིམས་ནང་བཀོད་ཚར་ཡོད་པའི་མི་རིགས་ཀྱི་ཐོབ་ཐང་ཆུང་ངུ་ཞིག་བརྩད་ནའང་ཁ་བྲལ་རིང་ལུགས་པ་ཟེར་གྱི་ཡོད་པ་རེད། ཁོ་ཚོས་ང་ཚོས་ང་ཚོ་དང་མཉམ་གྲོས་མོལ་བྱེད་པ་དེ་བོད་དོན་ཆེད་མ་རེད་ད། བོད་ལ་ངོ་མ་ཐོབ་ཐང་ཞིག་སྟེར་འདོད་ན་ཚུར་འབྲེལ་བ་བྱེད་དགོས་དོན་ཡོད་པ་མ་རེད། ཕར་ཕྱོགས་སུ་བཞུགས་པའི་བོད་མི་གནད་ཡོད་ཚོའི་ངག་ལྟར་སྲིད་བྱུས་ལ་འགྱུར་བ་བཏང་ན་འགྲིགས་བསྡད་ཡོད་པ་རེད།
ཚུར་འབྲེལ་བ་བཟུང་བསླུ་བྲིད་ག་ཚོད་བཏང་ནའང་བཙན་བྱོལ་གཞུང་བསྡུ་གསོག་རྒྱག་ཐུབ་ཡོད་པ་མ་རེད། ཡིན་ནའང་། རྒྱལ་སྤྱིའི་མདུན་བོད་དོན་སྐོར་གྲོས་མོལ་བྱེད་ཀྱི་ཡོད་པའི་རྣམ་འགྱུར་དང་འཁྲབ་སྟོན་རྫུན་མ་ཞིག་འཁྲབ་པ་ལ་བརྟེན་ནས་ཁོང་ཚོར་ཁེ་བཟང་རག་ཡོད་པ་རེད། དེ་ནི་པེ་ཅིང་དུ་ཨོ་ལིམ་ཕིག་འཚོགས་ཐུབ་པ། རྒྱལ་སྤྱིའི་ཚོང་དོན་ནང་ཞུགས་ཐུབ་པར་ཕན་ཏན་ཏན་ཐོགས་ཡོད་པ་རེད། ལྷག་པར་དུ། ཟམ་གདོང་རིན་པོ་ཆེའི་སྐབས། གུང་གཞུང་གི་མགོ་ཁྲིད་ཚོ་ཕྱོགས་བསྐྱོད་སྐབས་རེ་བའི་འཁྲུལ་སྣང་ཞིག་བཅངས་ཏེ་དེ་ལ་ངོ་རྒོལ་བྱེད་མ་བཅུག་པའི་བར་དེ་ནས་ཁོ་ཚོར་དགོས་ངེས་ཀྱི་དོན་དག་ཚང་མ་བསྒྲུབས་ཚར་དཅུག་པ་རེད། དེ་ནས་ཚུར་བོད་དོན་ཟེར་བ་དེ་འཕོང་ཕྱིས་ཀྱི་རྡོ་བཞིན་གཡུག་པ་རེད། མདོར་དེད་ན། བོད་དོན་སྐོར་གྲོས་མོལ་བྱེད་རྒྱུའི་འདོད་པ་ཁོ་པ་ཚོར་ཡོད་པ་མ་རེད། མེད་པའི་རྒྱུ་མཚན་ཁོ་རང་ཚོས་སྔོན་མ་ནས་བསྒྲགས་ཚར་ཡོད་པ་རེད།
འོ་ན ཁྱེད་ལ་ཐབས་རྒྱ་བྱཱུས་སྟོང་ག་རེ་ཡོད་དམ་ དེ་སྟོན་རྒྱཱུྲ་སྣེ་གཅིག་མེད་པར་ཚིག་སྐམ་པོའི་སྟོང་བཤད་དེ་བོད་དོན་ཐད་སྣེ་གཅིག་ཀྱང་མི་ཕན་ རི་མོ་གཅིག་ཀྱང་མི་ཤེས་མཁན་གྱི་གླེན་པ་དེས་ རི་མོ་མཁན་མཁས་པར་སྐྱོན་བརྗོད་པ་དང་མཚུངས་སོསོསོསོསོ ཧཧཧཧཧཧཧ
ཡག་པོ་བྲིས་འདུག བོད་རང་བཙན་གྱི་ལྟ་བ་འདོར་རྒྱུ་ཏིང་གི་ཆབ་སྲིད་ཀྱི་གཙོ་སྙིང་ཡིན་པ་བདེན་པ་རེད། རྣམ་དཔྱོད་ཅན་གྱིས་ནད་ཀྱི་རྩ་བ་ངོས་ཟིན་འདུག ཏིང་གི་ཆོལ་འཕྲུལ་རྒྱལ་དོན་རྒྱུད་གོང་ས་མཆོག་ལ་ཕོགས་པ་རེད། གོང་ས་མཆོག་རྒྱུད་བོད་ཀྱི་སྤྱི་ཚོགས་སུ་ཕོགས་པ་རེད། དངོས་གནས་ཏིང་འདི་འགྲན་ཟླ་བྲལ་བའི་ཆབ་སྲིད་པ་རེད། ནད་ཀྱི་རྩ་བ་མདའ་ཚན་པས་མི་ལོ་སུམ་ཅུ་རྗེས་སུ་དངོས་ཟིན་་པ་རེད། ངས་དེ་བསམ་བློ་སྔ་ས་ནས་མ་འཁོར་བ་གང་ཡིན་ནམ་སྙམ་ནས་རང་ལ་ལས་བརྡ་བྱེད་ཀྱིན་ཡོད། ངས་རང་བཙན་གྱི་ལྟ་བ་འདོར་རྒྱུ་སྐུ་མདུན་མིན་པ་ཏིང་ཡིན་པ་ཤེས་བཞིན་དུ་དེ་ལྟར་བསམ་བློ་མ་འཁོར་ཅི་ཡིན་ནམ། མདའ་ཚན་བཤད་པ་དེ་དོན་དངོས་རེད། རྒྱ་ནག་མང་གཙོ་གྱུར་ན་བོད་ལ་རེ་བ་ཡོད་མེད་ཐེ་ཚོམ་གྱི་གནས་རེད། འོན་ཀྱང་ད་ལྟ་ལས་ཡག་པ་དངོས་འབྲེལ་རེད།
རིག་པའི་བུ་དང་མདའ་ཚན་པ་ལགས།༧རྒྱལ་བ་རིན་པོ་ཆེས་ཞལ་རྫུན་མི་གསུངས་རྒྱུར་ཡིད་ཆེས་ཡོད་ན།ཁོང་གིས་ཐེངས་མ་མང་པོར་རང་སྐྱོང་གི་དགོངས་ཚུལ་འདི་རྒྱ་ནག་གཞུང་དང་ཐོག་མའི་འབྲེལ་མོལ་ལ་བརྟེན་བྱུང་བ་ཞིག་མིན་པར།རྒྱ་ནག་དང་འབྲེལ་ལམ་རྩ་ནས་མ་བྱུང་སྔོན་སྤྱི་ལོ་༡༩༧༠ནང་ནས་༧གོང་ས་ཆེན་པོར་དགོངས་ཚུལ་དེ་ཡོད་པ་དང་།དགོངས་ཚུལ་དེ་སྐབས་དེ་ཤེད་ཀྱི་སྤྱི་འཐུས་ཚོགས་གཙོ་དང་བཀའ་ཤག་ལ་གོ་བསྡུར་གནང་ཡོད་ཅེས་བཀའ་སློབ་མང་པོའི་ནང་མཐའ་ནན་ཁུངས་སྐྱེལ་ཐེངས་མང་གནང་སོང་ང་།
དེ་ཚོ་ཤེས་བཞིན་དུ་༧རྒྱལ་བ་རིན་པོ་ཆེར་ཏིང་གིས་མགོ་བསྐོར་བཏང་ལུགས་ཨུ་ཚུགས་བྱས་ཏེ་བརྗོད་པ་དེའི་ཤུགས་སུ་༧གོང་ས་མཆོག་མགོ་བསྐོར་བཏང་ཆོག་ཆོག་དང་གང་དུ་ཁྲིད་ཆོག་འདྲ་བོ་ཅིག་བཤད་འདུག་པ་ཁྱད་མཚར་ཅིག་མཐོང་སོང་།
ལར་མདའ་ཚན་པས་རྒྱ་ནག་གཞུང་གིས་མགོ་བསྐོར་སྐྱག་རྫུན་འཁྲབ་རབ་མང་པོ་ཅིག་བཤད་པའི་ཤུགས་སུ་ང་ཚོས་དེ་འདྲ་མ་འཁྲབ་པ་གྱོང་ཡིན་པ་འདྲ་བོ་བསྟན་འདུག་སྙམ།ཡིན་ནའང་།ང་ཚོ་བོད་མིས་རྒྱ་ནག་གཞུང་གིས་གསོད་གཏུབ་སྐྱག་རྫུན་གང་འདྲ་འཁྲབ་ཀྱང་།རང་ཚུགས་བརྟན་པོ་བཟུང་སྟེ་བདེན་པ་དང་འཚེ་བ་མེད་པ།ཕྱི་གསལ་ནང་གསལ་དང་གཉྀས་ཕན་གྱི་ལམ་ལ་སོང་བསྡད་ཡོད་པས།མ་མཐའ་ཡང་ལོ་རྒྱུས་ནང་གཟི་བརྗིད་ལྡན་པ་ཆགས་ཡོད།དེ་མ་གཏོགས་ང་ཚོས་རྫུན་མ་འཁྲབ་ཁུལ་གྱིས་བོད་དོན་འགྲུབ་འགྲོ་བ་ཅིག་ཡོང་མི་སྲིད་པ་དང་།དགོས་སུ་རང་ལ་ཕན་ཐོགས་མེད་པའི་གནོད་རོགས་དེ་འདྲ་བྱས་ན་ང་ཚོའང་རྒྱ་ནག་དང་གཅིག་པ་ཆགས་རེད།
ཁྲི་རལ་པ་ མདའ་ཚན་པ་དང་རིག་པའི་བུ་གཉིས་ལ་ཁ་རྡ་མ་བྱེད་ ཁོང་གཉིས་ཚིག་སྐམ་སྟོང་བཤད་པ་རེད་དོ
ཁྲི་རལ་བ།
རྒྱལ་བ་རིན་པོ་ཆེས་ ༧༤ ལོ་ནས་དགོངས་གཞི་དེ་འཁོར་ཚུལ་བཤད་ཡོད་པ་མ་རེད་དམ། གསལ་པོ་མེད།
༧༤ལོའི་བར་དེར་ཕལ་ཆེར་ཧོང་ཀོང་ཡིན་པ་ཡོད། རྒྱ་ནག་གི་གསང་བའི་མི་སྣ་དེ་འདྲ་བརྒྱུད་ནས་བོད་དོན་ལས་འགུལ་བ་དེ་འདྲར་འབྲེལ་བ་ཟུར་ཙམ་བྱུང་བའི་གནས་ཚུལ་ཞིག་བྱུང་འདུག གནས་ཚུལ་དེ་དང་རྒྱལ་བ་རིན་པོ་ཆེའི་དགོངས་གཞི་བར་འབྲེལ་བ་ཡོད་མེད་ངས་ཁ་ཚོན་གཅོད་མི་ཐུབ་ཀྱང་དེ་ལ་དྭོགས་གཞི་ཡོད། རྒྱ་ནག་གི་གསང་ལས་ཤིག་བརྒྱུད་བོད་དོན་ལ་ཐེངས་དང་པོའི་འབྲེལ་བ་བྱུང་བའི་གནས་ཚུལ་དེ། ཁམས་པ་རྒྱ་བོ་ཟེར་བའི་བོད་དོན་ལ་རོགས་རམ་མང་པོ་གནང་མཁན་དེའི་དེབ་ཅིག་ནང་ཡོད་པ་རེད། མི་དེའི་དབྱིན་མིང་དང་དཔེ་དེབ་ཀྱི་མིང་ངས་ད་ལྟ་ཁྱོན་ནས་དྲན་གྱི་མི་འདུག སུ་ཞིག་ནས་ཁམས་པ་རྒྱ་བོའི་དབྱིན་མིང་འདིར་བྲིས་པ་ཡིན་ན་ངས་དེབ་མིང་དང་བཅས་པ་བཙལ་ནས་ཁྱེད་ལ་ཁུངས་སྟོན་ཆོག
འདི་ཡང་དགོངས་པ་བཞེངས་སྟངས་ཤིག་རེད། ཡག་པོ་རེད། རྒྱལ་ལོ་དོན་འགྲུབ་དང་ཏིན་ཞའོ་ཕིན་གཉིས་ཀྱི་བར་ལ་སྐད་ཆ་ཞིག་བྱུང་བ་དེ་ནི་གླེང་མོལ་གྱི་རིམ་པ་ཞིག་རེད། ཡིག་ཐོག་གི་རིམ་པ་ཞིག་མིན་སྟབས། སྔོན་མ་ཞིག་ནས་ང་ཚོ་ཕམ་ཚར་ཡོད་པ་རེད་དྲན་བྱུང་། ལོ་འགའི་གོང་དུ། རྒྱ་གཞུང་གིས་ཏིན་ཞའོ་ཕིན་གྱིས་རྒྱལ་ལོ་དོན་གྲུབ་ལ་‘‘རང་བཙན་མིན་པའི་སྐད་ཆ་’’ཟེར་བ་ཞིག་ཡོད་པ་དེ་འདྲ་ནམ་ཡང་བཤད་མེད་ལབ་དུས། རྒྱལ་ལོ་དོན་གྲུབ་ཀྱིས་སྐུ་གཤེགས་འཇུ་ཆེན་སྐད་བཏང་ནས་བཙན་བྱོལ་དུ་ཚོགས་འདུ་ཞིག་བསྡུས་པ་ད་དུང་ཡང་ངའི་སེམས་ན་འབྱར་འདུག གལ་སྲིད་ཏིན་གྱིས་‘‘རང་བཙན་མིན་པའི་སྐད་ཆ་’’དེ་འདྲ་ཞིག་བཤད་ཡོད་པའི་དབང་དུ་བཏང་ནའང་། སྐབས་དེར་བོད་ཀྱི་ཆབ་སྲིད་པ་གྲགས་ཅན་སྐུ་ཞབས་རྒྱལ་ལོ་དོན་གྲུབ་ཀྱིས་ཚིག་ཐོ་དེ་དག་ཡིག་ཐོག་ཏུ་མ་ཕབ་པར་བཏང་སྙོམས་སུ་བཞག་པ་དེར་ངོས་རང་ཡ་མཚན་པར་གྱུར། ཏིན་ཤི་ཚར་བ་རེད། རྒྱ་གཞུང་གིས་ང་ཚོར་ག་རེ་བྱེད་ཆོག་ཆོག་མ་རེད་དམ།
ཁྲི་རལ་བ་དེ་ང་ལ་དབྱིན་ཇི་རྩོམ་པ་པོའི་མིང་དང་དེབ་མིང་རྙེད་བྱུང་། Geoge Patterson གྱིས་བྲིས་པའི་དེབ་ Requiem for Tibet ཞེས་པ་དེར་ལྟོས། ༧༤ ལོ་ནང་ཕལ་ཆེར་ཡིན་བསམ་སོང་། བོད་དོན་སྐོར་གསང་འབྲེལ་ཞིག་བྱུང་འདུག
མདའ་ཚན་པས་དཔྱད་པ་གནད་ལ་འཁེལ་འདུག་ལ་མདའ་མཚན་པ་ཡིན་རིན་ཆོག་ཤག། འོན་ཀྱང་བོད་པའི་སྤྱི་ཚོགས་ཆུང་ཆུང་འདི་ལྷ་ཀླུ་ནང་བཞིན་ཕོག་ཐུག་འགྲོ་ཆོག་ཆོག་ལགས་ན། ཁྱོད་ཀྱིས་མདའ་དེ་འབེན་ལ་མི་ཕོགས་པར་སྟེང་གི་ལྷ་དང་བར་གྱི་བཙན་འོག་གི་ཀླུ་ལ་ཕོག་ཉེན་ཡོད་པས་ཐུགས་ཞུམ་པར་མ་གནང་ཨ། བློ་མཐུན་ལགས།
ཏིང་གྲོངས་ཀྱང་མ་གྲོངས་ཀྱང་གཅིག་པ་རེད། དེ་ནི་ཁོང་གི་ཆབ་སྲིད་ཀྱི་འཁྲབ་སྟོན་ཞིག་རེད། ཏིང་གིས་བོད་མི་རྣམས་འུ་ཐུག་པ་ཤེས་ཤིང་འུ་ཐུག་ལས་ཚབས་ཆེན་གྱི་ལས་འགུལ་མི་སྤེལ་ཆེད་དང་། འུ་ཐུག་ལས་རང་སྐྱོང་གིས་འདོད་པ་ཁེངས་བའི་ཕྱོགས་ལ་མཐུན་འགྱུར་བྱེད་ཆེད་རང་བཙན་མིན་པ་སྐད་ཆ་གང་བཤད་ན་བཤད་ཆོག་ཅེས་མདའ་ཚན་པས་གསུངས་བཞིན་རང་བཙན་གྱི་སེམས་པ་རྩ་རྫོགས་དང་བོད་མི་ནང་ཁུལ་དུ་འགལ་རྐྱེན་བསླངས་ཐབས་བྱས་བ་རེད། དེ་ནི་ཆུ་སྔོགས་གཏམ་རྒྱུད་རེད། སྐུ་མདུན་གྱིས་རང་སྐྱོང་རྩོད་པ་དེ་སྔོན་ནས་དགོངས་བཞེས་ཡོད་ན་ཅིས་ཕྱིར་དབུ་མ་པ་རྣམས་ཀྱིས་ཏིང་གི་རང་བཙན་མ་རྩོད་ན་ཅི་ཞིག་བཤད་ཀྱང་བཤད་ཆོག་ཟེར་ནས་ཨུ་ཚུགས་མཐའ་སྐྱོང་བྱེད་དགོས་བ་རེད་དམ། ཏིང་གིས་གསུངས་ཀྱང་སྐད་ཆ་ཁེ་ཕན་དང་སྟུན་ནས་འགྱུར་ཆོག་ཅིང་འགྱུར་བ་མེད་པའི་ཆབ་སྲིད་ཀྱི་སྐད་ཆ་ཞིག་འཇིག་རྟེན་འདིར་མེད། རང་བཙན་མ་རྩོད་ཚེ་སྐད་ཆ་བཤད་ཆོག་ཟེར་བ་ལས་རང་བཙན་མ་རྩོད་ན་རང་སྐྱོད་སྤྲོད་ཅེས་བཤད་མི་འདུག་ལ། འགྱུར་འགྲོས་སུ་གྱུར་བའི་ཆབ་སྲིད་ཀྱི་སྐད་ཆ་ལ་རྟག་བརྟན་ཐེར་ཟུག་ཏུ་འདོད་པ་ནི་རང་ཉིད་ཀྱི་འཁྲུལ་སྣང་རེད་ལ་འུ་ཐུག་གི་བརྡ་རྟགས་རེད། འཁྲུལ་སྣང་གི་ཟློས་གར་དེ་ལ་རྟག་པའི་འདོད་འདུན་བཅངས་ན་རང་ཉིད་ཕམ་པ་ལས་ཅི་ཡང་མིན་ལ། ཕམ་ཁ་ཡི་བདེན་པ་དཔང་དུ་རྒྱ་གཞུང་གིས་ཏིང་གིས་དེ་ལྟར་གསུངས་མེད་ངོས་སུ་བཤད་ཀྱང་དབུ་པ་རྣམས་ལ་གོ་བ་མེད། ང་ཚོའི་མི་འདི་དེ་འདྲ་རེད། རང་གི་ངོས་ལེན་བྱེད་པའི་ལྟ་བའམ་སྐད་ཆ་ཞིག་གནད་དོན་ཅི་ཞིག་ལ་ཐུག་ཀྱང་ལས་སླ་བོ་ངོས་ལེན་མེད་པའི་དེ་ཉིད་སྟོན་འདུག
རྒྱུ་མཚན་ནི་རང་ཉིད་ངོས་ལེན་བྱེད་པའི་གནད་དོན་དེ་རང་གི་ཁེ་ཕན་དང་འབྲེལ་བ་གཏན་ཟབ་ཡོད་པས་རེད། དེ་ནི་མི་རྣམས་ཀྱི་རང་གི་ཁེ་ཕན་གཙོ་བཟུང་བྱེད་པའི་ཆོས་ཉིད་དེ་ངེས་ཤེས་རྙེད་དང་མ་རྙེད་པའི་སྒོ་ནས་་ངོ་སྤྲོད་བྱུང་བའི་ལེའུ་ཞིག་རེད། དེ་ནི་རང་གི་ལྟ་གྲུབ་ལ་ཁེ་ཕན་དང་ཁོར་ཡུག་གིས་ཤུགས་རྐྱེན་ཐེབས་པས་རེད།
མདའ་ཚན་པ་་ ཉམས་ཞིབ་གངས་མང་དང རིག་རྩལ་རྣོ་ངར་ལྡན་པ་ཞིག་རེད་ཞག འོན་ཀྱང
གོང་ས་མཆོག་ནས་ བ྄ོད་ནང་གི་གནས་སྟངས་རྫ་དྲགས་དང་
ཆབ་སྲིད་བཙོན་པ་ཚོར་ཆེད་སྡུག་རྩུབ་གྱིས་ སྲིད་ཇུས་བྱེད་བཞིན་པར་
དེའི་ཚེ་དེའི་དུས་ འགགས་བྱ་ལས་དགོས་པ་གལ་ཆེ་བ་
གཟིགས་པ་ལས ཏིང་གི་འཁྲུལ་སྣང་གི་འཁྲུལ་པ་ཨེ་ཡིན་སྙམས
སྐུ་མདུན་གྱིས་ཞལ་རྫུན་གསུངས་མ་གསུངས་མ་རེད། དྲུག་ཅུ་དང་བདུན་ནང་གི་བཀའ་སློབ་ལ་གཟིགས་དང་། སྐུ་མདུན་གྱིས་སྐྱར་ཟློས་ཡང་ཟློས་ཀྱིས་བོད་ལ་རང་དབང་མགྱོགས་ཐོབ་ཚུལ་གསུངས་ཀྱང་ད་ལྟ་མི་ལོ་ལྔ་བཅུ་འདས་ཀྱང་ཐོབ་མེད། ད་ལྟ་སྐུ་མདུན་མགྱོགས་པོ་ཐོབ་ཚུལ་ཀྱི་ཚབ་ཏུ་སྔ་ཕྱི་ཙམ་དང་རེ་བ་ཡོད་མེད་ཀྱི་གནས་སུ་སླེབས་པ་རེད། ཁྱེད་ཀྱིས་བཀའ་སློབ་ཀློག་དང་ཤེས་ངེས་རེད། ཁྲི་རལ་ལགས། དག་སྣང་གིས་དངོས་ཡོད་ཀྱི་ཚབ་བྱེད་མི་ནུས།
་ང་ཚོར་ཏིང་གི་མགོ་བསྐོར་བཏང་འདུག ཏིང་ཤི་ནས་ལོ་མང་ཕྱིན་སོང་། ད་དུང་ང་ཚོའི་ཏིང་གི་ལུང་དེ་དྲངས་གི་ཡོད་རེད། དེང་སང་གི་རྒྱ་དཔོན་དེ་ཚོས་ང་ཚོའི་རང་བཙན་དོར་ནས་མིང་དོན་མཚུངས་པའི་རང་སྐྱོང་ངོས་ལེན་བྱེད་ཀྱི་ཡོད་མ་རེད། དེ་ལས་ཐབས་ལམ་གཞན་པ་ཞིག་འཚོལ་དགོས།
ཏིང་གིས་མགོ་སྐོར་བཏང་མིན་ཇི་ལྟར་ཡང་གོང་དུ་གྲགས་པའི་ཏིང་གིས་སྐད་ཆ་དེས་༧གོང་ས་མཆོག་གི་སྐུ་ཚབ་དང་འཐབ་ཕྱོགས་གཅིག་འགྱུར་གཉིས་དབར་འབྲེལ་མ་ཞིག་བྱུང་པ་རེད། དེ་མིག་མདུན་གྱི་དངོས་ཡོད་གཅིག་རེད། དེ་ནས་གྲོས་མོལ་གྱི་ལམ་བུ་དེ་རྒྱུད་ནས་བོད་ཕྱི་ནང་གི་སྤུན་ཟླ་དབར་ཐུག་འཕྲད་ཀྱི་གོ་སྐབས་དེ་བྱུང་པ་རེད། དེ་མིག་མདུན་གྱི་དོན་དངོས་གཉིས་པ་དེ་རེད། རིམ་བཞིན་བོད་ནས་སྤུན་ཟླ་མི་ཉུང་བ་ཞིག་བཙན་བྱོལ་ནང་གི་སློབ་གྲ་དང་གྲ་ས་ཁག་ལ་སློབ་གཉེར་དུ་ཡོང་ཐུབ་ཡོད། དེ་ནི་མིག་མདུན་གྱི་དོན་གངོས་གསུམ་པ་དེ་རེད། དོན་དངོས་གསུམ་པོ་དེའི་འབྲས་བུ་དེ་གང་རེད་ཅེ་ན་བོད་ཕྱི་ནང་གི་བོད་མི་ཚོའི་སེམས་དབུས་སུ་མི་རིགས་རིང་ལུགས་ཀྱི་བསམ་བློ་དང་གཅིག་སྒྲིལ་གྱི་འདུ་ཤེས་བརྟན་པོ་དེ་བྱུང་པ་རེད། ཁྱེད་རང་ཚོས་བྱས་ན་དེ་དག་རྒྱལ་ཁར་རྩི་ངེས་ཡིན་ནམ་ཡང་ན་ཕམ་ཁར་རྩི་འམ།
དབུ་མའི་ལམ་གྱི་འཁྲུལ་སྣང་འབྲི་མཁན་གྱི་དཔྱད་གཏམ་འདིར་བདེན་དོན་གྱི་རིན་ཐང་ཧ་ཅང་ཆེ། སྲིད་དོན་པ་མིང་གྲགས་ཅན་ཏིན་གྱི་སྐད་ཆ་འདིས་བོད་མི་དྲག་ཞན་ཡོངས་མགོ་བོ་མགར་མེ་བཞིན་བསྐོར་ཡོད་དོ།། ཁ་ཤོའི་མིང་ལ་གཡང་སྐྱབས་བཏགས་ན་འཚམ་མིན་ལ་མ་ལྟོས་བར་དངོས་ཡོད་དེ་ག་རང་རེད། ཐུགས་རྗེ་ཆེ།
གཅིག་གིས་བཤད་ན་གཅིག་བདེན་པ་འདྲ་བོ་འདུག ཡང་གཅིག་གིས་བཤད་ན་གཅིག་བདེན་པ་འདྲ་བོ་འདུག ང་ནི་ཆུ་སྣ་གར་ཁྲིད་ཅིག་ཡིན་པ་འདྲ། དེ་ནི་ང་རང་ཉིད་ལ་རང་ཚུགས་ཀྱི་ལྟ་གྲུབ་མེད་པས་ཡིན་པ་འདྲ། འོན་ཀྱང་གླེང་མོལ་དེ་དག་ཤིན་ཏུ་གལ་ཆེ་བ་ཡང་འདྲའོ། །
དབུ་མའི་རྩེད་སྟངས་ནི་ཏིང་གི་རྫུལ་འཕྲུལ་ལས་བྱུང་ཕྱིན་རྩེད་མོ་འདི་ཅི་ལྟར་རྩེད་དགོས་བ་རྒྱ་ནག་ལ་གྲྭ་སྒྲིག་ཨང་གསལ་ཡོད་ལ་སེམས་ནས་ཁྲིག་ཁྲིག་ཡིན་ངེས། གལ་སྲིད་བོད་མིས་ངོ་རྒོལ་གྱི་ཚོ་རླབས་དྲག་ཏུ་འཕྱུར་ཚེ་སྐུ་མདུན་པེ་ཅིང་དུ་གདན་འདྲེན་ཞུས་ནས་སྐད་ཆ་བཤད་དེ་ངོ་རྒོལ་ཞི་འཇམ་བཏང་ངེས་རེད། དེ་ནི་དེ་སྔོན་༡༩༥༤ལོར་སྐུ་མདུན་རྒྱ་ནག་ཏུ་གདན་འདྲེན་ཞུས་བ་བཞིན་རྒྱལ་སྤྱིའི་མདུན་དུ་བོད་དང་ནང་འགྲིག་ཡོང་ཁུལ་གྱིས་ཕྱི་ནང་གི་གནོད་ཤུགས་ཀྱི་མེ་ལྕེ་འཇགས་ཐབས་བྱེད་ངེས་རེད། བོད་མི་རྣམས་ཀྱིས་ཡང་སྐྱར་རེ་བ་སྐམ་པོ་ཞིག་ལ་འཇུ་ངེས་རེད། རེ་བ་དེས་བོད་མིའི་དཔའ་སྟོབས་ཀྱི་ཀུན་རྙིང་བ་བཏང་ཞིང་ནུས་མེད་དུ་གྱུར་ཚེ་པེ་ཅིང་གཞུང་གིས་གནད་དོན་ཆུང་ཚག་ཅིག་ལ་ཁ་གཡར་ནས་བོད་མིའི་ངལ་བ་ཀུན་འབྲས་མེད་དུ་བཏང་ངེས་རེད། དུས་དེ་བོད་མི་རྣམས་ཀྱིས་ང་འགྲིག་ཁྱེད་ནོར་གྱི་འཐབ་རྩོད་བྱུང་ཏེ་ནང་ཁུལ་འགལ་ཟླ་འབྱུང་ངེས་རེད། འགལ་ཟླའི་ཁྲོད་སེམས་ཤུགས་དང་རྣམ་དཔྱོད་ཅན། དཔའ་མཛངས་ཀྱི་བོད་མི་མང་པོ་ཞིག་འཕྲོགས་བརླགས་འགྲོ་ཞིང་སེམས་ཤུགས་ཀྱང་གང་མཚམས་ཤི་ངེས་རེད། དུས་དེར་བོད་མི་མང་ཚོགས་ཐེ་ཚོམ་དང་རྨོངས་བའི་ཁྲོད་ལྷུང་ཤིང་ལམ་ཁ་ཅི་ཞིག་བདེན་པ་ཡིན་མིན་གྱི་སྒྲོག་གིས་བཅིངས་ཏེ་ནང་ཁུལ་འགལ་ཟླ་ལས་རྒྱ་རྒོལ་གྱི་ནུས་བ་ཆུང་དུ་འགྲོ་ངེས་རེད། དུས་དེ་རྒྱ་ནག་ཁོངས་འཛུམ་གྱིས་རྒྱང་ལྟ་བྱེད་ལ། ཁོང་ཚོ་དང་མཐུན་ཕྱོགས་ལ་སྔ་ལས་རོགས་རམ་བྱེད་ངེས་རེད། གནས་སྟངས་དེ་བྱོལ་ཐབས་ཅི་ཞིག་ཡོད་དམ།
དེང་གིས་དེ་ལྟར་ལབ་ཡོད་པའི་དབང་དུ་བཞག་ན་ཡང་ང་ཚོ་ལ་ཁོའི་སྐད་ཆ་བཙིར་འདུག་རྒྱུ་ཡིས་དབང་ཚད་མེད་པས། འདས་ཚར་བའི་སྐད་ཆ་ཁུངས་མེད་ཞིག་གི་ཅི་བྱེད། དེ་ལས་ད་ལྟ་དང་མ་འོངས་བའི་རྒྱ་སྐྱག་དེ་ཚོས་དེ་ལྟར་བཤད་མི་བཤད་དང་། དེ་མ་བཤད་རང་དབང་མེད་པའི་སྟོབས་ཤུགས་ཞིག་ང་ཚོས་གསོག་དགོས། སྟོབས་ཤུགས་དེ་མེད་པ་ཡིན་ན་བོད་རེ་བས་སྟོང་ཞེས་ལ་ཅི་ཡང་མེད།
སྟོབས་ཤུགས་དེ་དང་པོ་དྲ་གྲོགས་ཚོ་སྡུད་རུབ། དེ་ནས་དགའ་ཉེ་སྡུད་རུབ། རུམ་གྱིས་ཁྱིམ་ཚེ། སྒར་གྲོང་། བླ་སློབ། རྒན་གཞོན། དེ་ལས་ཀྱང་གལ་ཆེ་བ་ནི་སྟོབས་ལྡན་རྒྱལ་ཁབ་གྱི་ཡུལ་མི་སྤུ་གྲོགས་དང་དེའི་གཞུང་། མཐའ་དོན་ཡོང་ན་དམགས་མ་ཡོང་ན་ཁ་སྡུད་རུབ་བྱས་ནས། རྒྱའི་རྒྱལ་ཁབ་འདི་ཡུགས་ས་མ་ཞིག་དུ་གཏོང་ཐུབ་ན། དེའི་དུས་ཁོ་ཚོས་ང་ཚོ་བཟའ་ཟླ་འཚོལ་བའི་བག་རིན་དུ་སྟེར་བའི་ཐེ་ཚོམས་མེད།
མདའ་ཚན་པ་ཁྱོའི་སྐུ་ཚེ་བརྟན།
ཁ་ལ་མར་སྐུས།
ལག་ལ་གསེར་བླུགས།
རྩོམ་པ་པོར་ཁས་འཆའ་མཁན་འདིས་བརྗོད་སྙིང་ངོ་མ་ནི་༧གོང་ས་མཆོག་གིས་གཙོས་པའི་མི་མང་པོ་ཞིག་ད་ལྟའི་བར་འཁྲུལ་སྣང་གིས་བཟི་བ་བ་ལས། དབུ་མའི་ལམ་ལ་རེ་བ་རྒྱག་ས་མེད་པ་ཁོ་རང་གིས་སྔ་ས་ནས་ཤེས་ཡོད་མདོག་གི་སྐད་ཆ་རྫིག་པོ་བཤད་ཀྱིན་འདུག ཁོ་རེ། ཆབ་སྲིད་ཀྱི་རྒྱབ་མདུན་ཟེར་བ་དང་། ལོ་རྒྱུས་ཀྱི་སྔ་ཕྱི། སྤྱི་ཚོགས་ཀྱི་གནས་བབ་ཟེར་བ་སོགས་ལ་དོན་དངོས་ཤ་ལ་གླན་ཏེ་བསམ་བློ་བཏང་ན་མ་གཏོགས། ཆབ་སྲིད་ཀྱི་སྐད་ཆ་འདི་རྩེད་སྤྱད་བྱེད་ཉན་ཡ།
སྔོན་ཆད་ཏིང་གི་སྐབས་སུ་བོད་པའི་གོ་སྐབས་ཡག་ཤོས་དེ་ཤོར་བ་རེད། དཔེར་ན། ཏིན་གྱིས་ཧོང་ཀོང་ལ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་བཤད་པ་རེད། ཏིང་ཁོ་རང་ལ་དབང་ཆ་ཆེན་པོ་ཡོད་པ་རེད། ཁོ་དེ་མ་རེད་ཟེར་མཁན་རྒྱ་ནག་ནང་མེད། རྗེས་ནས་ཅང་གིས་དེ་ལྟར་དུ་ལག་ལེན་བསྟར་བ་རེད། སྐབས་དེར་བོད་པའི་ཡང་དབུ་མའི་ལམ་འདི་ཏིན་ལ་བསྟན་པ་ཡིན་ན་ཏིང་གིས་ངེས་ལེན་བྱེད་མདོག་ཁ་བོ་རེད།
བོད་ལ་ཧོང་གོང་ལྟར་སྤྲད་མིན་ཟླ་ཁ་ཤས་ཀྱི་སྔོན་དུ་སྤེལ་ཀྲོ་ཡོན་གྱི་སྐད་ཆ་ལྟོས་དང་། ཤེས་ངེས་རེད། བོད་དང་ཧོང་གོང་མི་འདྲ་བའི་གནད་དོན་མང་པོ་ཡོད་པ་རེད། ཡོད་པ་ཁོང་གིས་ངོས་སུ་བཤད་ཟིན་པས་འདིར་སྐྱར་ཞུ་དགོས་དོན་མི་འདུག
མདའ་ཚན་པའི་དཔྱད་གླེང་ལ་གོ་རྒྱུ་འདུག ངོ་མ་ལམ་དབུ་མའི་ཐོག་ནས་བོད་དོན་གྱི་དཀའ་རྙོག་སེལ་མི་ཐུབ་པ་ངས་ཀྱང་འདོད། ད་དུང་རྒྱ་ནག་གིས་རང་བཙན་གྱི་འགྲེལ་བཤད་འགྱིག་ཐག་བཞིན་རིང་དུ་བསྐྱེད་མོད་འདི་ནས་་བོད་པ་ཚོས་དབུ་ལམ་གྱི་འགྲེལ་བཤད་འགྱིག་ཐག་མེ་ལ་བསྲེག་པ་བཞིན་ཐུང་དུ་གཏོང་བཞིན་ཡོད། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ནས་མིང་དོན་མཚུངས་པའི་རང་སྐྱོང་། ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཡང་དག་ལག་བསྟར། ད་ལྟར་ཆ་རྐྱེན་མེད་པའི་ཐོག་ནས་ང་ཚོ་མེས་རྒྱལ་ལ་ལོག་ཆོག་པ་བཅས་ནི་དབུ་ལམ་གྱི་འགྲེལ་བཤད་རེད།
མཆན ༢༤ ནང་། བཙན་པོའི་བུ་ཡིས་དབུ་མའི་ལམ་གྱི་གྲུབ་འབྲས་སུ་ ་་དངོས་ཡོད་་ གསུམ་བགྲངས་འདུག་པ་འདིའང་ངེས་པར་དཔྱད་ཞིབ་བྱེད་དགོས་པའི་དོན་དག་ཅིག་རེད། ངས་དེའི་ནང་གི་དོན་ཚན་དང་པོ་ཁོ་ན་མ་གཏོགས་དངོས་ཡོད་དུ་མཐོང་གི་མི་འདུག
ད་བར་རྒྱ་གཞུང་གིས་བོད་གཞུང་གི་སྐུ་ཚབ་ཚོར་འཐབ་ཕྱོགས་གཅིག་གྱུར་ལ་འབྲེལ་བ་འཛིན་བཅུག་པ་དེ་དངོས་ཡོད་རེད། འཐབ་ཕྱོགས་གཅིག་གྱུར་གྱི་སྐོར་གླེང་དགོས་ན་ལོ་རྒྱུས་རིང་པོ་ཞིག་ཡོད་པ་རེད། དེ་ནི་དུས་ཐུང་ནང་བརྗོད་དཀའ་བ་ཞིག་རེད། འདིར་ཁོ་ཚོའི་ལས་འགུལ་གཙོ་བོ་དེ་བརྗོད་ན། དམངས་གཙོའི་མི་སྣ། ཕྱི་སྡོད་རྒྱ་མི། མི་རིགས་དང་ཆོས་ལུགས་ཀྱི་མི་སྣ་སོགས་གུང་གཞུང་དང་ལྟ་བ་མི་མཐུན་པ་དག་ལ་འབྲེལ་བ་བྱས་ཏེ་མཐའ་མཇུག་དེ་ཚོ་ཚང་མ་དམར་ཤོག་གི་མགོ་ཁྲིད་འོག་ལངས་ཕྱོགས་དང་འཐབ་ཕྱོགས་གཅིག་གྱུར་བཟོ་རྒྱུ་དེ་ཁོ་ཚོའི་རྩ་བའི་དམིགས་ཡུལ་ཡིན་པ་རེད། མང་པོ་བཤད་མི་དགོས་པར་འཐབ་ཕྱོགས་གཅིག་གྱུར་གྱིས་བཙན་བྱོལ་བོད་གཞུང་དང་འབྲེལ་བ་བྱེད་པ་འདི་ཁོ་ནས་གུང་གཞུང་གི་རྩ་བའི་དམིགས་ཡུལ་དེ་ཤེས་ཐུབ་པ་ཞིག་རེད། ཁོ་ཚོ་རྩ་ཁྲིམས་དང་བཅའ་ཁྲིམས་ཟེར་བ་དེ་ཚོར་འབྲེལ་བ་དང་འགན་ཁུར་ཡོད་པ་མ་རེད། བོད་གཞུང་གི་སྐད་གྲགས་ཅན་གྱི་ཚིག་ཐོ་དེ་སྟེར་སའི་ལས་ཁུངས་ནོར་པ་རེད། ཚིག་ཐོ་དེ་འཛིན་སྐྱོང་དང་། ཁྲིམས་བཟོ་ལ་འབྲེལ་བ་ཡོད་པའི་ལས་ཁུངས་ཏེ་སླེབས་དགོས་སར་མ་སླེབས་པར་ད་ལྟའང་ད་རུང་འཐབ་ཕྱོགས་གཅིག་གྱུར་ཁང་གི་ཡིག་རྙོག་ནང་ལྷག་པའམ་ཡང་ན་ཁོ་ཚོ་དང་འབྲེལ་བ་མེད་པས་གད་རྙིགས་ནང་གཡུག་ཚར་མེད་དམ་ཡང་སྙམ་མོ།
ཁྱེད་རང་གི་དངོས་ཡོད་གཉིས་པ་སྟེ། གྲོས་མོལ་གྱི་གོ་སྐབས་བརྒྱུད་ནས་བོད་མི་ཕྱི་ནང་ཕན་ཚུན་ཐུག་ཐུབ་པ་ནས་འཕྲོས་ཏེ་བོད་དོན་འཐབ་རྩོད་ལ་གྲུབ་འབྲས་བྱུང་ཡོད་ཚུལ་བགྲངས་འདུག་ཀྱང་དེ་ནི་དེ་བཞིན་མ་ཡིན་ནོ། ཏིང་གིས་དབང་ཆ་བཟུང་བ་ནས་རིམ་པས་རྒྱ་གཞུང་གི་སྲིད་བྱུས་མང་པོ་ཞིག་ལ་འགྱུར་བ་ཕྱིན་པ་རེད། དཔལ་འབྱོར་བཅོས་བསྒྱུར། ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པ། དེང་རབས་ཅན་བཞི་མངོན་འགྱུར་ཟེར་བ། ཡུན་རིང་ཁ་བྲལ་དུ་བསྡད་པའི་ཕྱི་ནང་གི་མི་རིགས་ཁག་ཕན་ཚུན་ཐུག་འཕྲད་ཀྱི་གོ་སྐབས་སྤྲད་པ་སོགས་སོ། བོད་གཞིས་བྱེས་གཉིས་ལ་ཐུག་འཕྲད་ཀྱི་གོ་སྐབས་བྱུང་བ་དེ་ཡང་དེའི་སྐབས་ཀྱི་རྒྱ་སྲིད་དང་མཐུན་ནས་རྒྱ་ལོ་དོན་འགྲུབ་ལ་ཁས་ལེན་བྱས་པ་ལས་ཁོ་ཚོའི་སྲིད་བྱུས་དང་འདོད་པར་མེད་པ་ཞིག་རྒྱ་ལོས་འཇོན་སོང་བ་ཅང་མ་རེད། དེས་ན་དེ་ནི་རྒྱ་བོད་གྲོས་མོལ་གྱི་གྲུབ་འབྲས་ཡིན་བཤད་ན་ཡོངས་སུ་བདེན་པ་དང་དངོས་ཡོད་དང་མཐུན་པའི་སྐད་ཆ་ཞིག་མ་རེད་དོ། གོ་ཨེ་བྱུང་ལགས། དངོས་ཡོད་གཉིས་པ་དེ་དངོས་ཡོད་མིན་ན་དངོས་ཡོད་གསུམ་པའང་དངོས་ཡོད་མིན་པ་རང་བཞིན་གྱིས་ཤེས་ཐུབ།
བསམ་ཚུལ་མི་མཐུན་པ་བརྗོད་པར་ཐུགས་རྗེ་ཆེ། བསམ་ཚུལ་མི་མཐུན་པ་བརྗོད་རྒྱུ་མེད་ན་བགྲོ་གླེང་ལ་དོན་སྙིང་བྲལ་བ་རེད།
་་རང་བཙན་མ་གཏོགས་་ ཟེར་བའི་སྐད་ཆ་འདི་ཏིང་གིས་བཤད་ཡོད་མེད་ཐད་མི་མང་པོ་ཞིག་ལ་དྭོགས་གཞི་སླེབས་པ་རེད། དེ་བཤད་ཡོད་པའི་ཁུངས་སྐྱེལ་རྒྱ་མིའ་ཚགས་ཤོག་གམ་ཡིག་ཆ་དེ་འདྲ་སྔོན་མ་ཞིག་ལ་དྲ་གྲོགས་ཤིག་གིས་ཁ་བརྡའི་ཐོག་བཀོད་སོང་བསམ་སོང་། དེ་མིན་རྗེས་སུ་རྒྱ་མིས། རང་བཙན། ཕྱེད་རང་བཙན། རྣམ་པ་འགྱུར་བའི་རང་བཙན་ཟེར་ནས་རང་བཙན་ལ་འགྲེལ་བཤད་དགོད་བྲོ་བ་ཞིག་ཡོངས་ཁྱབ་ཀྱིས་རྒྱག་དགོས་བྱུང་པ་དེ་ལ་བལྟས་ནའང་ཏིང་རྒན་གྱི་ཁ་ནས་ཏན་ཏན་དེ་འདྲ་ཞིག་ཤོར་ཡོད་པ་རེད་བསམ་པ་སྟེར།
བཙན་པོའི་བུ་ལགས། བོད་མི་གཉེན་འཕྲད་དང་། བོད་ནས་སྤུན་ཟླ་མི་ཉུང་བ་ཞིག་བཙན་བྱོལ་ནང་སློབ་གྲ་དང་གྲ་སར་སློབ་གཉེར་ཡོང་ཐུབ་པ་དེ་གྲུབ་འབྲས་རྒྱལ་ཁ་ཡིན་པ་ངོས་ལེན་མེད། རྒྱུ་མཚན་གང་ཡིན་ཞེ་ན། དང་པོ་རྒྱ་གར་ནས་བོད་ལ་གཉེན་འཕྲད་འགྲོ་དུས་ལྡི་ལི་རྒྱ་ནག་གཞུང་ཚབ་ཁང་ནས། བོད་མི་ཚོ་ཀྲུང་གོ་མི་རིགས་ཡིན་པའི་ཆ་ནས་ལག་འཁྱེར་ལེན་གྱི་ཡོད་རེད། གཉིས་པ་གསར་འབྱོར་ཚོ་རྒྱ་གར་ནང་རང་དབང་ཐོག་སློབ་གཉེར་བྱེད་དུ་ཡོང་བ་མ་རེད། ཁོང་ཚོ་ལ་ལུང་མང་པོ་གོམ་པ་རྒྱབ། འཇིགས་སྣང་ངང་ནས་མཐར་ས་མཚམས་བརྒལ་ནས་སློབ་གཉེར་བྱེད་དུ་ཡོང་གི་ཡོད་རེད། དེ་ཚོ་གྲུབ་འབྲས་ཡིན་ན་གད་མོ་ཤོར་བའི་གནས་རེད།
དགེ་ལགས།
བཀྲ་ཤིས་བདེ་ལེགས། ཁྱེད་ཀྱིས་ཧ་ཅང་གནད་ལ་ཁེལ་བའི་དཔྱད་པ་ཞིག་གནང་འདུག འགའ་ཞིག་གིས་ཚིག་སྟོང་ཡིན་ཚུལ་དང་། བཤད་དགོས་ན་བྱེད་དགོས་ཚུལ་ཞིག་བཤད་ཀྱིན་འདུག འདི་ནི་བོད་མིའི་སྤྱི་ཚོགས་ནང་སྨྲ་བརྗོད་རང་དབང་བཀག་སྡོམ་བྱེད་ཐབས་ཀྱི་ལག་ཆ་ཞིག་རེད། བོད་དོན་འདི་བྱེད་མཁན་མ་གཏོགས་གཞན་གྱིས་བཤད་མི་ཆོག་པའི་བཟོ་འདྲ་ཞིག་བཤད་པ་ནི་མདོར་ན་སྨྲ་བརྗོད་རང་དབང་འགོག་བྱེད་ཀྱི་ལག་ཆ་ཞིག་རེད།
ཡུལ་གཞན་ན་བྱེད་མཁན་དང་བཤད་མཁན་ལོགས་སུ་ཡོད་ལ། དེ་ལྟར་ངེས་པར་དུ་ཡོད་དགོས་པ་ཞིག་ཀྱང་རེད། གལ་སྲིད་བྱེད་མཁན་ཁོ་ན་ལས་བཤད་པའི་ཐོབ་ཐང་མེད་ན་དེ་ནི་རྒྱ་གུང་ཁྲན་དང་གཅིག་པ་གཅིག་ཀྱང་མིན་ནམ། འདི་ཙམ་ཞིག་ཚང་མས་མཁྱེན་པར་ཞུ།
ཚོར་བའི་གཞན་དབང་ཅན་ཁག་ཅིག་གིས་མཚམས་མེད་ལབ་བརྡོལ་བྱེད་ཀྱང། རྒན་མདའ་ཚན་པ་འདིའང་འདི་འདྲ་ཞིག་ཡིན་པ་ད་བར་བསམ་བསམ་མ་བྱུང། ད་དངོས་གནས་ཀླུ་མཁར་བྱམས་ཀྱི་ཡང་སྲིད་འཁྲུངས་ཟིན་པ་འདྲ། ཨ་མདོ་བ་ལ་ཅི་འདྲིའི་ཆེན་པོ་བཤད་ཅིང། ཐམས་ཅད་མཁྱེན་པའི་མཁས་པ་མང་བ་ལ། དངོས་གནས་རིག་པའི་ཞིང་རང་རེད། ཧཧཧཧཧ དངོས་གནས་སྙིང་རྗེ་སོང།
ཀུན་བདེ་གླིང་གི་མི་ཚེའི་བྱུང་བ་བརྗོད་པའི་དེབ་ལྟར་ན། ༡༩༧༣ སྤྱི་ཟླ་༢ཚེས་༢༢ དགོང་དྲོ་ཆུ་ཚོད་༣ ཐོག་ཁོང་དང་རྒྱ་གཞུང་བར་འབྲེལ་བ་ཞིག་བྱུང་འདུག
ཁྲི་རལ་བ་ཅན།
ཁྱེད་ཀྱི་མཆན་༡༣ ནང་། དབུ་མའི་ལམ་གྱི་དགོངས་པ་༡༩༧༠ ནས་སེམས་ལ་ཤར་ཡོད་ཟེར་བ་འདིར་ཁུངས་སྐྱེལ་གསལ་པོ་ཞིག་བྱེད་ཐུབ་ན་ཐུགས་རྗེ་ཆེ།
དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།ཞེས་པ་ཞིག་རྒྱལ་བ་རིན་པོ་ཆེའི་སྐུ་སྒེར་དྲ་ཤོག་ཏུ་བཀོད་པའི་ནང་།
་་དེ་ནས་ཕྱི་ལོ་ ༡༩༧༣ ལོར་རྒྱ་ནག་ནང་རིག་གནས་གསར་བརྗེའི་ལས་འགུལ་མུ་མཐུད་སྤེལ་བཞིན་པ་དང༌། བོད་ནང་ལའང་དེ་བཞིན་རིག་གནས་བརྗེའི་ལས་འགུལ་མུ་མཐུད་སྤེལ་བཞིན་པའི་སྒང་ཡིན། དེ་དུས་ཚེ་དབང་འཕྲིན་ལས་སྤྱི་འཐུས་ཚོགས་གཙོ་རྒན་གཞོན་གང་ཡིན་དྲན་གྱི་མི་འདུག་ཀྱང༌། ཚེ་དབང་འཕྲིན་ལས་དང་སྐད་ཆ་བྱུང་བ་གསལ་པོ་དྲན་གྱི་འདུག ང་ཚོ་སྐད་ཆ་བྱུང་དོན་ལ་སྔ་ཕྱི་མ་གཏོགས་རྒྱ་ནག་དང་ང་ཚོའི་བར་སྐད་ཆ་ཤོད་རྒྱུའི་དུས་ཚོད་ཅིག་ཏན་ཏན་འཆར་རྒྱུ་དང༌། ང་ཚོའི་ངོས་ནས་སྐད་ཆ་བཤད་དེ་དཀའ་ངལ་སེལ་ཐབས་བྱ་རྒྱུ་ལས། དེ་མིན་གྱི་ཐབས་ཤེས་གཞན་མེད། གལ་ཏེ་ཐབས་ཤེས་གཞན་ཡོད་པའི་དབང་དུ་བཏང་ཡང༌། ང་རང་ཚོར་འཚམས་པོ་ཡོད་མེད་བསམ་བློ་གཏོང་དགོས། སྐད་ཆ་བཤད་ཕྱིན་གཉིས་མོས་ཀྱི་ལམ་ཞིག་འཚོལ་རྒྱུ་ལས། ང་རང་ཚོ་སོ་སོའི་འདོད་པ་གཅིག་པུའི་ཐོག་ནས་སྐད་ཆ་ཤོད་རེས་ཡོང་ཐབས་མེད། དེར་བརྟེན་ང་རང་ཚོས་རྒྱ་ནག་དང་མཉམ་དུ་སྐད་ཆ་ཤོད་རྒྱུའི་ཐད་བསམ་བློ་གཏོང་དགོས་པས་གང་འདྲ་བྱས་ན་ལེགས་པ་འདུག ང་རང་ཚོས་རང་བཙན་གཙང་མ་ཞེས་བརྗོད་པ་འདི་ལོ་རྒྱུས་ཐོག་ནས་ང་ཚོར་ཐོབ་ཐང་ཡོད་པ་ཞིག་དང༌། ད་ལྟ་བོད་རྒྱ་ཆེའི་མི་མང་གི་མང་མོས་ལ་བསྟུན་ནའང་ཁོང་ཚོས་རང་བཙན་གྱི་འདོད་པ་བྱེད་ཀྱི་ཡོད་པ་རེད།་་ ཅེས་དང་། ་་་་་་
་་ང་ཚོའི་བསམ་བློའི་ནང་སྔ་ཕྱི་མ་ལྟོས་པར་རྒྱ་ནག་དང་མཉམ་དུ་སྐད་ཆ་ཤོད་རྒྱུ་ཕྱི་ལོ་ ༡༩༧༣ ལོ་ཡས་མས་ནས་ཡོད་པར་བརྟེན་ཕྱི་ལོ་ ༡༩༧༩ ལོར་རྒྱ་ནག་ཕྱོགས་ནས་ང་ཚོར་འབྲེལ་བ་བྱ་རྒྱུའི་རྣམ་འགྱུར་སྟོན་སྐབས། ང་ཚོའི་ངོས་ནས་ཀྱང་འབྲེལ་བ་བྱ་རྒྱུར་འདོད་པ་དང༌། དགའ་པོ་ཡོད་ཅེས་བརྗོད་དེ། ང་ཚོས་སྐུ་ཚབ་ཚོགས་པ་གཏོང་རྒྱུ་བྱས་པ་ཡིན།་་ ཞེས་སོགས་གསལ།
མདའ་ཚན་པ་ལགས། རང་ལ་གལ་གནད་ཆེ་བའི་སྐད་ཆ་མང་པོ་འདུག་སོང་ཙང་བོད་མི་རིགས་དང་བོད་སྤྱི་པའི་དོན་དུ་ཧ་གོ་པའི་གནས་ཚུལ་མུ་འཐུད་ནས་གསུང་དང་། ང་ཚོས་ཉན་འདོད་ཞེ་བྲག་ཡོད། དྲང་གཏམ་དང་བདེན་དོན་བཤད་པར་ཞུམ་པ་མ་གནང་རོགས། སྤྱིར་བཏང་བོད་མི་ཚོས་མི་ཞིག་ནས་དྲང་གཏམ་དང་བདེན་དོན་འགྲེལ་བརྗོད་གནང་ཡོང་དུས་ལམ་སེང་་་་ཁོ་རྒྱ་མི་སོག་པ་དང་རྒྱ་མིའི་ཕོག་ཟ་མཁན་རེད་ཟེར་གྱི་འདུག དེ་ནི་གོམས་བཤིས་དཔེ་སྡུག་ཅག་རེད། ཕྱོགས་གཅིག་ནས་སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་རེད་ཟེར་ཕྱོགས་གཞན་ཞིག་ནས་གནས་ལུགས་དང་རྒྱུ་མཚན་ཤོད་དུས་ཞེད་སྣང་བྱེད་དགོས་ཡག་དེ་བཙན་བྱོལ་སྤྱི་ཚོགས་ནང་ལོགས་ཆོས་སྲིད་གང་ཅིའི་འཐད་རང་དབང་མེད་པའི་དན་རྟགས་གསལ་པོ་རེད།།
གང་ཞིག་རྒྱུ་མཚན་ཡང་དག་ཡིན་པ་དང་ཅི་ཞིག་རྒྱུ་མཚན་ཡང་དག་པར་ལྟ་བའི་རྣམ་དཔྱོད་ནི་དོན་འཁྱོངས་བྱེད་ཀྱི་བསམ་བློ་ཐོག་མ་དེ་ཡིན་པ་འདོད།། བཙན་སྒྲ།།