རྡི་ལི་མདོ་སྨད་ས་རྒྱུན་ཚོགས་གཞོན་རྟ་མགྲིན་ལགས་ནས་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་སྐོར་ད་ལྟ་རང་གནས་ཚུལ་བཏང་འབྱོར་ལྟར་ན། ད་ནངས་ཞོགས་པའི་ཆུ་ཚོད་དང་པོ་དང་ཕྱེད་ཀ་ཙམ་ལ་ཨ་མ་ལྡོམ་པོ་སྐྱིད་དང་སྲིང་མོ་ལྷ་མོ་སྐྱིད་གཉིས་ལ་ཤེས་སུ་མ་བཅུག་པར། གྷོ་རག་པུར་དུ་སྡོད་ཡུལ་མགྲོན་ཁང་ནས་གསང་ཐོན་བྱས་ཤིང་། ལམ་བར་ནས་ཚགས་ཤོག་སྐྱེལ་མཁན་རླངས་འཁོར་ཞིག་དང་སྟབས་འགྲིག་བྱུང་སྟེ། ཉིན་ཤས་གོང་གོམ་བགྲོད་མཚམས་འཇོག་བྱེད་དགོས་བྱུང་ཡུལ་རྒྱ་གར་དང་བལ་ཡུལ་གྱི་ས་མཚམས་སི་ནོ་ལེན་ལ་འབྱོར་ཡོད་པ་དང་། དེ་ནས་ཆུ་ཚོད་བཞི་དང་ཕྱེད་ཀའི་སྟེང་གོམ་བགྲོད་མགོ་འཛུགས་ཀྱིས་ད་ལྟ་ལིམ་བྷི་ནིའི་ཕྱོགས་སུ་གོམ་བགྲོད་བྱེད་བཞིན་པ་དང་། ད་དགོང་ལིམ་བྷི་ནིར་ཞག་སྡོད་བྱས་ཏེ། སང་ཞོགས་བལ་བོའི་རྒྱལ་ས་ཀ་ཐ་མན་གྲུའི་ཕྱོགས་སུ་གོམ་བགྲོད་ཀྱི་མགོ་འཛུགས་བྱ་རྒྱུ་ཡིན་འདུག ཁོང་རང་ད་ནངས་གསང་སྟབས་ཀྱིས་ཐོན་བསྐྱོད་སྐོར་ལ། ཐོག་མའི་དམིགས་ཡུལ་དང་འཆར་གཞི་ལ་འགྱུར་བ་གང་ཡང་མེད་པ་བྱ་རྒྱུ་ནི་གཞི་རྩའི་དམ་བཅའ་དེ་ཡིན་སྟབས། ཨ་མ་དང་སྲིང་མོ་གཉིས་ལ་གསང་ནས་འདི་ལྟར་མུ་མཐུད་གོམ་བགྲོད་བྱེད་པ་འདམ་ཀ་ཡག་ཤོས་ཆགས་ཡོད་ཅེས་བརྗོད་འདུག
བཀྲ་ཤིས་ཁ་བྲོ། ཁྱེད་ལམ་འགྲོ་ཡོང་བ་ཤོག
ཨ་མའི་བུ ། རིག་པའི་བུ ། རིགས་ཞེན་གྱི་བུ། རྒྱལ་ཞེན་གྱི་བུ་ལོ ། ཁྱོད་ཀྱི་གནས་ཚུལ་གོ་བའི་ངོ་མ་དགའ་སོང་ ད དུང་ཁྱོད་ཀྱི་ཨ་མ་དང་ནུ་མོ་བསྐྱར་ནས་འགྲོ་བ་དེ་ཧ་ཅང་བཟང་གི
གནས་གོ་སྟེ་སྙིང་ནས་དགའ་སྤྲོ་བྱུང་།།
གླིང་ཚ་ཚེ་བརྟན་ཟེར་བ་བུ་རྒོད་འདས།།
ལས་འགུལ་དབུ་མའི་ལམ་དུ་གསལ་བ་ཡི།།
ལྷག་བསམ་འོད་དང་སྙིང་རྗེ་རླབས་དང་བཅས།།
སྤྱན་དྲངས་ཞི་བདེ་ལམ་དུ་ཞུགས་གྱུར་པས།།
རྒ་དར་འཕྱར་བ་ལ་ཡང་ནག་ཉེས་མེད།།
ཆབ་སྲིད་ལམ་ངན་ཀྱག་ཀྱོག་ངས་མི་ཤེས།།
དགོས་དབང་མིན་ན་ཚིག་ངན་སོགས་བཤད།།
ཡིགེ་རེ་གཉིས་ཆད་སོང་ཟིག་དགོངས་དག
ངོ་མ་བོད་མིགས་ཀྱི་རླབས་ཆེན་དང་གཟི་བརྗིད་ཀྱི་ལས་འགུལ་བརྩམས་པའི་མིག་དཔེ་རང་རེད།་་་ཁ་བྲོ།་་བཀྲ་ཤིས།
འོ་་་ ད་ཡིན་ན་བློ་བདེ་སོང་། ད་ནངས་ཞོགས་པར་སེམས་འཚབ་ཞེ་དྲག་བྱུང་།
རྒྱ་དར་དེ་ཁྱེར་ཡོད་དམ། རྒྱ་དར་དེ་ཁྱེན་ནས་འགྲོ་སྐབས་སེམས་སྐྱིད་པོ་ཞིག་མི་འདུག་ལ། ཕན་ཐོགས་པ་ཞིག་ཀྱང་མིན་གསལ་པོ་ཡིན་པ་མ་ཟད། ཆབ་སྲིད་འཁྲབ་སྟོན་པ་ཚོར་ནང་ཁུལ་ལག་ཆ་ཞིག་ཀྱང་ཆགས་འདུག
ཕ་བཟང་བུ་ལས་འགུལ་དེ་གཟི་བརྗིད་ལྡན་པ་ཞིག་ཡིན་དགོས།
གནས་ཚུལ་ཇི་ལྟར་ཡིན་མིན་མི་ཤེས་ཀྱང་། ཁྱེད་ཀྱི་སྙིང་སྟོབས་ལ་ཡིད་རང་བསྔགས་བརྗོད་ཡོད། ཁྱེད་ཀྱི་ཞི་རྒོལ་རིང་མོའི་གོམ་ཁའི་དོག་སྒྲ་རེའི་དཀའ་སྡུག་རྣམས་དྲ་ལམ་དང་མ་འབྲལ་ཞིང་། ཅི་ཞིག་འབད་བཞིན་ཡོད་ཀྱང་། ང་ཚོ་དང་འཛམ་གླིང་གིས་ཤེས་སུ་འཇུག་པའི་ཐབས་ལམ་ཞིག་གནང་རོགས་མཁྱེན།
མདོར་ན་མི་མེད་ལུང་སྟོང་ནས་གོམ་ཁ་མགྱོགས་ཙམ་དང་། ཀུན་གྱིས་མཐོང་ས་རིག་ས་ནས་དལ་གྱིས་ཁྱབ་བསྒྲགས་ཆེ་ཙམ་གནང་དགོས་པར་སེམས།
འདི་ལྟར་འོ་བརྒྱལ་གནང་བར་སྙིང་ནས་བཀའ་དྲིན་ཆེ་ཞུ། གླིང་ཚ་ལགས་བདེ་མོར་ཕེབས། ཡིད་གཟབ་གནང་རོགས།
བུ་དཔའ་བོ་སྟག་འདྲ་བོ་རེད། དེ་སྔའི་གནས་ཚུལ་གོ་དུས་སྡུག་བྱུང་་་ད་ལྟའི་གནས་ཚུལ་གོ་དུས་དགའ་སོང་།
ཕོ་རྒོད་པོ། ལས་ཀ་བྱེད་སྟངས་ཤེས་པ། ཤེས་འཇོན་ལྡན་པ། རྒྱལ་ཞེན་ཅན། རིགས་ཞེན་ཅན། འདི་འདྲ་དཀོན་པོ་རེད།
རྐུབ་སྟེགས་རྫིག་པོའི་སྟེང་ནས་སྐད་ཆ་སྤོམ་པོ་བཤད། མིང་རྫིག་པོ་འཁྱེར། ཐོབ་ཐང་དང་སྒོར་མོ་མཐོང་ན་འདར་གསུག་རྒྱག་མཁན་ཚོས་འདི་འདྲ་བའི་ཕོ་རྒོད་ཚོར་མིག་དཔེ་བལྟ་རོགས།
རེ་བ་ཞིག་ཡོད་པ་ནི། ཨ་མ་དང་བུ་མོ་གཉིས་ཕྱིར་ལོག་བྱས་ན་བསམ།
ཨ་མའི་བུ་རྒོད་བྱེད་སྟངས་འགྲིག་འདུག
ད་ཡིན་ན་་་་ངའི་སེམས་བདེ་ལ་ཅུང་བབ་སོང་
གནས་ཚུལ་གོ་ནས་བཟུང་
ངའི་སེམས་ལ་འདྲ་མིན་སྣ་ཚོགས་ཞིག
་འཁོར་ཡོང་གིས།།
དཔལ་རྒོད་ལགས། ཁ་བྲོ། ཨ་མའི་བུ།
ཨ་མ་དང་ནུ་མོ་གཉིས་ག་བསྐྱུར་ནས་སོང་ནོ་ངོ་མའི་དགའ་ནི་ཡིན།
ཁོང་གི་སྙིང་སྟོབས་དང་བློས་གཏོང་ལ་ནམ་ཡང་ཡི་རང་བྱེད་ཀྱིན་ཡོད། འོན་ཀྱང་ཨ་མ་དང་སྲིང་མོ་གཉིས་འདི་ལྟར་ཅི་བྱེད་འདི་བྱེད་མི་ཤེས་པའི་གནས་སྟངས་ཤིག་གི་ནང་གཡུག་བཞག་ན་དེ་འགྲིག་ཐབས་མེད་པ་ཞིག་རེད། ཁོང་གཉིས་ནས་ཀྱང་མི་ཚེའི་མདུན་ལམ་བོད་དོན་གྱི་ཆེད་དུ་བཏང་བ་རེད། ཁོང་རང་གི་རྒྱབ་སྐྱོར་གྱི་ཆེད་དུ་དང་ཁོང་རང་གཅིག་པུ་གཏོང་བློས་མ་བཟོད་ནས་མཉམ་ཞུགས་བྱས་པ་རེད། ཨ་མ་གྲེོང་གསེབ་ཀྱི་བུད་མེད་ཅིག་རེད། ལས་འགུལ་ཇི་ལྟར་སྤེལ་དགོས་པའི་ཐད་རྒྱུས་མངའ་གཏིང་ཟབ་ག་ལ་ཡོད། བུ་མོ་སློབ་ཆུང་གི་སློབ་མ་ལོ་གཞོན་ཞིག་རེད། སྤྱིའི་ཆ་ནས་རྒྱ་ནག་ལ་ཁ་གཏད་གཅོར་བའི་འཐབ་རྩོད་ཅིག་ལ་དགོས་ངེས་ཀྱི་རྣམ་དཔྱོད་དང་རིག་པ་ད་དུང་འཐོབ་མེད། དེ་ལས་ཀྱང་གལ་ཆེ་བ་ཞིག་ལ་ཁོང་གཉིས་ཀ་བུད་མེད་རེད།
ཚེ་བརྟན་རྡོ་རྗེ་ནས་དེ་ལྟར་བྱས་པ་ངོས་ནས་འགྲིག་འདུག་་་ཨ་མ་དང་བུ་མོ་གཉིས་ད་ལྟ་གང་འདྲ་བྱེད་ཀྱི་འདུག་
ཚེ་བརྟན་རྡོ་རྗེ་ནས་དེ་ལྟར་བྱས་པ་ངོས་ནས་འགྲིག་འདུག་་་ཨ་མ་དང་བུ་མོ་གཉིས་ད་ལྟ་གང་འདྲ་བྱེད་ཀྱི་འདུག
དུས་བབ་ཚང་ནས་བོར་སོང་བའི་ངའི་དཔའ་རྒོད།
ཁ་བརྡ་ཚང་ནས་རྙེད་བྱུང་བས་དགའ་ཡོད།
ཁ་བརྡ་ཚང་གི་མྱུར་འཕྲིན་གློག་ལས་མྱུར་གི ཁ་བྲོ།
གླིང་ཚ་ཚེ་བརྟན་རྡོ་རྗེའི་དམ་བཅའ་ལ་སེམས་གཏིང་ནས་རྗེས་སུ་ཡི་རང་བྱུང།སྐྱེས་ཕོ་རབ་ཞིག་གི་ཚུགས་ཀ་འདུག།མ་ལྡོམ་པོ་སྐྱིད་དང་བུ་མོ་དེ་གཉིས་ལ་བསྔགས་བརྗོིད་ཡོད།
གླིང་ཚ་ཚེ་བརྟན་རྡོ་རྗེའི་དམ་བཅའ་ལ་སེམས་གཏིང་ནས་རྗེས་སུ་ཡི་རང་བྱུང།སྐྱེས་ཕོ་རབ་ཞིག་གི་ཚུགས་ཀ་འདུག།མ་ལྡོམ་པོ་སྐྱིད་དང་བུ་མོ་དེ་གཉིས་ལ་བསྔགས་བརྗོིད་ཡོད།
གླིང་ཚ་ཚེ་བརྟན་རྡོ་རྗེའི་དམ་བཅའ་ལ་སེམས་གཏིང་ནས་རྗེས་སུ་ཡི་རང་བྱུང།སྐྱེས་ཕོ་རབ་ཞིག་གི་ཚུགས་ཀ་འདུག།མ་ལྡོམ་པོ་སྐྱིད་དང་བུ་མོ་དེ་གཉིས་ལ་བསྔགས་བརྗོིད་ཡོད།
གླིང་ཚ་ཚེ་བརྟན་རྡོ་རྗེའི་དམ་བཅའ་ལ་སེམས་གཏིང་ནས་རྗེས་སུ་ཡི་རང་བྱུང།སྐྱེས་ཕོ་རབ་ཞིག་གི་ཚུགས་ཀ་འདུག།མ་ལྡོམ་པོ་སྐྱིད་དང་བུ་མོ་དེ་གཉིས་ལ་བསྔགས་བརྗོིད་ཡོད།
གླིང་ཚ་ཚེ་བརྟན་རྡོ་རྗེའི་དམ་བཅའ་ལ་སེམས་གཏིང་ནས་རྗེས་སུ་ཡི་རང་བྱུང།སྐྱེས་ཕོ་རབ་ཞིག་གི་ཚུགས་ཀ་འདུག།མ་ལྡོམ་པོ་སྐྱིད་དང་བུ་མོ་དེ་གཉིས་ལ་བསྔགས་བརྗོིད་ཡོད།
དཀོན་མཆོག་གསུམ རྒྱ་དར་དེ་མ་ཁྱེར་རོགས།་དེ་མ་གཏོགས་མི་ཚང་མས་ཁྱེད་ལ་ཁ་བཏང་ནས་འདུག་གི་མི་འཇུག་ཁོ་ཐག་རེད། ཁྱོད་བུ་སྙིང་སྟོབས་ཅན་ཟིག་རེད
དུས་བབ་ཚང་ནས་བོར་སོང་བའི་ངའི་དཔའ་རྒོད།
ཁ་བརྡ་ཚང་ནས་རྙེད་བྱུང་བས་དགའ་ཡོད།
ཁ་བརྡ་ཚང་གི་མྱུར་འཕྲིན་གློག་ལས་མྱུར་གི ཁ་བྲོ།
དུས་བབ་འདི་ཚང་གསར་འགྱུར་ལས་རིགས་གཉེར་མཁན་ཞིག་མིན་པ་འདྲ
ཁོང་གི་སྙིང་སྟོབས་ལ་དངོས་གནས་རྗེས་སུ་ཡི་རང་ཞུ།
བསྟན་འཛིན་བརྩོན་འགྲུས་སོགས་ནས་ཁོང་ལ་མིག་དཔེར་བལྟ་དགོས་འདུག
བུ་རྒོད་པོ་སྐྱེས་པ་ཕོ་ཞིག་གི་ལས་ཀ་རེད། དེ་མ་གཏོགས་མ་རྒན་དང་སྲིང་མོ་མཉམ་དུ་མི་མཐུད་དུ་གོམ་འགྲོས་བྱས་ན་རྒྱ་གར་ནང་ལ་དེ་འདྲ་སྐྱོན་མེད་ཀྱང་། སང་ཉིན་བལ་དམག་གི་ལག་དུ་ཤོར་ན་ཁོ་ཚོ་སྙིང་རྗེ་བྲལ་བའི་སྤྱང་ཀི་དང་ཆད་མེད་པས། ཁྱེད་མ་བུ་གསུམ་གྱི་དཀའ་སྡུག་ཚེ་མེད་མྱང་དགོས་པ་མ་ཟད་ད་དུང་སྲིང་མོ་ལ་བཙན་གཡེམ་བྱེད་རྒྱུའི་ཉན་ཁ་ཧ་ཀྱང་ཆེ། དེང་སང་བལ་དམག་གི་ཆེས་གོ་སྐབས་ཡག་ཤོས་ཏེ་བོད་པ་ཚོའི་ལག་ནས་དངུལ་འཕྲོག་རྒྱུ་དང་བོད་མོ་ཚོ་ལ་བཙན་གཡེམ་བྱ་རྒྱུ་དེ་རེད།
མི་ག་གེ་མོ་ཁ་ཤས་ལ
སངས་རྒྱས་ལ་ཀ་ཁ་དང་
གང་ཡིན་ལ་སྐྱོན་བརྗོད་མ་བཤད་རོགས།
རང་སོ་སོའི་འཇོན་ཚུལ་དེ་ཙམ་རེད།
སྐུ་མཁྱེན།
འདིས་ཕན་པ་ལས་གནོད་ཆེ་བར་སྙམ།
དྲ་གྲོགས་ཤིག་གིས་ཁོ་བོའི་དྲ་མིང་མེ་ཞེས་པའི་མིང་ཐོག་ནས་མཆན་ཁ་ཤས་འདེབས་ཀྱིན་འདུག་པས་དེ་ནི་ཁོ་བོ་ཤིས་ཚང་ལྗང་མྱུག་མིན་པ་དགོངས་འཇགས་འཚལ།
བསྟན་འོད་ནས་རོ་མ་མཐོང་གོང་རོ་ངུ་རྒྱབ་སོང་ཡིན་ནས་་་
ག་གེ་མོ་འདིའི་ནང་དུ་ཁྱེད་མེད།
ཡིན་ནའང་སོ་སོས་རྩོམ་ཡིག་སྤེལ་དུས་
རྩོམ་ཡིག་ལ་འགན་ཁུར་བའི་ཐོག་ནས་འབྲི་དགོས།
གངས་ཕྲུག་གཞོན་ནུ་ སེང་ཕྲུག་ངར་མ་
སྙི་རུས་ཅན་གྱི་རྡོ་ལ་ཨི་ཁུངས་འབིགས་
ཧཧཧཧཧ་་ཤིས་ཚང་ཟེར་མཁན་འདི་སུ་ཡིན་ནམ།
ཧམ་པ་ཆེ་སའི་འདུག༼མེ་༽ ཟེར་ན་ངའི་དྲ་མིང་ངམ་སྨྱུག་མིང་ཡིན།
ཁྱེད་རང་གིས་མེ་སྤེལ་བའི་མཆན་བུ་གཅིག་སྟོན་རྒྱུ་ཡོད་ན་ཆོག
ངས་མེ་འདི་༼མྱེ་༽ལ་བསྒྱུར་ཆོག
དེ་མིན་སུ་ཡང་ཁྱེད་ལ་ཡིད་ཆེས་རྒྱུ་མ་རེད་ལ
སྐད་ཆ་འདི་འདྲ་བཤད་ཆོག་པའི
་དབང་ཚད་ཡང་ཁྱེད་ལ་མེད་དོ།།
ངོ་མ་དཔའ་བོ་ཁྱོད་ལ་གུས་བཏུད་ཞུ།།
གླིང་ཚ་ཨ་བུ་གསུམ་གྱི་ལས་འགུལ་འདི་བཙལ་བྱོལ་སྤྱི་ཚོགས་ཁྲོད་མང་ཁྲོད་ཀྱི་ལས་འགུལ་གྱི་དབུ་བརྙེས་པ་
ཙམ་རེད་་་འདི་་ཡི་འཇུག་ཏུ་སྙིང་སྟོབས་དང་ལྡན་པའིོ་སྐྱེད་བོ་སུ་འཁྲུངས་སྲིད་་།