རྨོག་རུ་བསྟན་པའི་ངོ་དེབ་ནས་བླངས།
༢༠༡༢།༥།༡༥་ཉིན་གྱི་ཞོགས་པའི་ཆུ་ཚོད་༦་པའི་སྟེང་གླིང་ཚ་ཚེ་བརྟན་རྡོ་རྗེ་ཡིས་གནས་ཆེན་ལིམ་བུ་ནེ་ནས་ཉིན་གཉིས་པའི་གོམ་བགྲོད་མགོ་འཛུགས་བྱས་འདུག གླིང་ཚ་ཚེ་བརྟན་རྡོ་རྗེ་ཡིས་གོང་ཚེས་ཉིན་གྱི་ཞོགས་པར་རྨོག་རུ་བསྟན་པར་ཁ་པར་འབྱོར་ཏེ་རང་ཉིད་བདེ་ཐང་ཡིན་པ་དང་། ཉིན་གཉིས་པའི་གོམ་བགྲོད་མགོ་འཛུགས་བྱས་ཟིན་པ་ཡིན། དེ་རིང་འཛིན་བཟུང་མ་བྱས་ན་བྷིར་ཡ་བར་ཟེར་བའི་ས་གནས་སུ་འབྱོར་ཐུབ་རྒྱུར་ཚོད་དཔག་བྱེད་བཞིན་ཡོད་ཅེས་བཤད་པ་དང་། ཨ་མ་བུ་མོ་གཉིས་སུ་བདག་སྐྱོང་དང་། འཕྲོད་བསྟེན་ལ་དོ་སྣང་བྱེད་དགོས་པའི་རེ་སྐུལ་ཀྱང་ཞུས་སོང་།
ཨ་མ་ལྡོམ་པོ་སྐྱིད་ནི་འདང་དགུང་མཚན་གང་ལ་གཉིད་ཁུག་མེད་པ་དང་། སྨོན་ལམ་འདེབས་པ་དང་མིག་ཆུ་གཏོང་བ་གཉིས་རེས་མོས་ཡིས་དུས་ཚོད་བསྐྱལ་བཞིན་ཡོད་འདུག ཚེ་བརྟན་གྱིས་ཁ་པར་སླེབས་པ་དང་། ཁོ་རང་བདེ་བོ་ཡིན་པ། མུ་མཐུད་ཞི་བའི་གོམ་བགྲོད་འགོ་འཛུགས་བྱས་ཟིན་པའི་གནས་སྟངས་བཤད་ཚེ། ཁོ་མོས་མིག་ཆུ་གཏོང་བཞིན་ངའི་སེམས་ནི་ཁོ་རང་དང་མཉམ་དུ་ཡོད། ཡིན་ནའང་། ཟ་མ་ཟ་རོགས་དང་། སྐད་ཆ་བཤད་རོགས་ཐུབ་ཀྱིན་མི་འདུག་ཟེར་བཞིན་མིག་ཆུ་གཏོང་བཞིན་འདུག
ཨ་མ་ལྡོམ་པོ་སྐྱིད་ཀྱི་གཟུགས་པོའི་གནས་བབ་ཧ་ཅང་སྐྱོ་བོ་ཆགས་འདུག ཡིན་ནའང་། ཁ་སང་ཉིན་གང་རིང་སྡོད་གནས་སུ་ཟས་བཅད་ཆུ་བཅད་གནང་ཡོད་པ་དང་། དེ་རིང་ཡང་མུ་མཐུད་ཟས་བཅད་ཆུ་བཅད་གནང་བཞིན་འདུག ང་ཚོ་གང་མགྱོགས་ལྡི་ལིའི་ཕྱོགས་སུ་ལོག་ཐུབ་རྒྱུར་རེ་བ་བྱེད་བཞིན་ཡོད་ནའང་སྤྱི་སྤྱོད་རླངས་འཁོར་ཡག་པོ་མེད་པ་དང་། མེ་འཁོར་འཛིན་བྱང་མ་རེག་སོགས་ནི་དཀའ་ངལ་ཐོལ་བ་ཞིག་ཆགས་ཀྱིན་ཡོད།
མ་བུའི་བརྩེ་སེམས་དང་མ་བུའི་སྙིང་སྟོབས་མ་བུའི་བོད་ཞེན་བཅས་ལ་བསྔགས་བརྗོད་ཡོད། གོམ་བགྲོད་པ་ཁྱེད་བདེ་པོ་དང་བསམ་དོན་འགྲུབ་པའི་སྨོན་འདུན་ཞུ། ཨ་མ་ལགས་ཁྱེད་རང་ནས་བུ་མོ་འཁྲིད་དེ་རྡ་སར་ཕྱིར་ལོག་ནས་བུ་མོ་སློབ་འཇུག་གནང་བའི་རེ་བ་དང་། ཨ་མ་ལགས་ཁྱེད་རང་སྐུ་གཟུགས་ལ་དགོངས་བཞེས་ཀྱིས་རེ་ཞིག་སྐུ་ངལ་སྐྱོན་རོགས་ཐུགས་རྗེས་གཟིགས།།
བྱམས་བརྩེ་ཅན་གྱི་ཨ་མ་ལགས་ཟས་བཅད་དང་ཆུ་བཅད་ཀྱིས་རང་གི་ཚེ་སྲོག་ལ་བདག་གཅེས་མ་གནང་ན། ཁྱེད་ཀྱི་བརྩེ་བའི་བུ་ལ་དཀའ་ངལ་འཕར་མ་ཞིག་སྤྲོད་ངེས་སོང་ཨ་མ་ལགས་ཀྱིས་དགོངས་བསམ་གཟབ་བཞེས་གནང་རོགས་ཞེསསྙིང་དབུས་ནས་ཞུ་བཞིན་མཆིས་ལགས།།
བརྩེ་བའི་ཨ་མ་ལགས་ཁྱེད་སྐུ་ངུལ་གསོ་གནང་རོགས། བུ་མོ་ཕྱིར་འཁྲིད་ནས་སློབ་འཇུག་གནང་རོགས། ཟས་བཅད་སོགས་མ་གནང་གང་འགྱོགས་ཕྱིར་ལོག་རོགས་མ་བཏོགས། ཁྱེད་རང་གི་གཅེས་སུ་འོས་བའི་བུ་ལ་ཡང་དཀའ་ངལ་ཐད་པ་རེད། མ་ལོ་ལོག་ཤོག
ཨ་མ་ལྡོམ་པོ་སྐྱིད་དང་སྲིང་མོ་ལྷ་མོ་སྐྱིད་གཉིས་ལ་ཞུ་རྒྱུར། ཁྱེད་གཉིས་ནས་དེ་རིང་བར་དུ་བོད་སྤྱི་བའི་དོན་དུ་དཀའ་ལུས་བརྒྱབ་པ་དེ་གས་འགྲིག་སོང་། དངོས་གནས་འགྲིག་སོང་། ད་ཡར་ཡོང་རོགས། ལྷག་པར་དུ་བུ་མོའི་མི་ཚེ་འདི་འདྲ་བྱས་ནས་མཇུག་བསྡུ་མི་ཉན། ཁོ་མོ་དང་ཁོ་མོ་ལྟ་བུའི་ན་གཞོན་ལ་རྒྱ་ཅན་ཚོ་ཡུན་ནས་ཡུན་དུ་འཚོ་དགོས་ཏེ་ཁོང་ཅག་ནི་འུ་ཚང་གི་རེ་བའི་མྱུ་གུ་རེད། ཨ་མ་ལགས་ཀྱིས་ཀྱང་ངེས་པར་དུ་བཞེས་ལག་མཆོད་རོགས། ད་དུང་བོད་དོན་བསྒྲུབ་རྒྱུའི་གོ་སྐབས་ཡོད་པ་རེད། སྐུ་གཟུགས་ཐང་པོ་བྱས་ན་ད་གཟོད་མ་འོངས་པའི་ལས་དོན་སྒྲུབ་ཐུབ་ཀྱི་རེད། ལྷག་པར་དུ་ཡང་ཁྱེད་ཀྱིས་ཞལ་ལག་མ་མཆོད་ན་བུ་ཚེ་བརྟན་རྡོ་རྗེ་ལ་སེམས་ཁྲེལ་ལྷག་མ་ཞིག་ཡིན་པས་དགོངས་པ་བཞེས་རོགས་གནང་། བུ་ཚེ་བརྟན་རྡོ་རྗེའི་ལས་ཀ་བྱེད་སྟངས་དེར་ང་དང་ངའི་གཡས་གཡོན་ན་གནས་པའི་མི་མང་པོ་ཞིག་གིས་བསྟོད་བསྔགས་བྱེད་བཞིན་ཡོད། བུ་སྐྱེས་ན་སྐྱེས་གོ་ཆོད་འདུག ཨ་མ་ལགས་དང་སྲིང་མོ་གཉིས་ནས་ཀྱང་དགོངས་པ་དེ་འདྲ་ཞིག་བཞེས་ནས་སེམས་པ་གུ་ཡངས་ཙམ་གནང་རོགས། ཚེ་རིང་ལོ་བརྒྱ། ཨ་ཁུ་རྨོག་རུ། སྐད་འདི་ངེས་པར་དུ་ཁོང་གཉིས་ལ་བཤད་རོགས།
དར་དམར་དེ་མར་ལ་བཞག་དང་དེ་ནས་དཀོན་མཆོག་གསུམ་ཁྱོ་འདྲ་བའི་མྱི་འདི་ལ་གུས་པ་མི་བཅའ་རང་བཅའ་རེད།
བོད་ལ་འཐིམ་པའི་སྙིང་གསོན་པོ།
འཐབ་རྩོད་ལ་ཡུན་སྲིངས་ཤིག
འཇིག་རྟེན་གཉིད་ལས་དཀྲོག་ན།
ཁུ་སིམ་སིམ་མི་ཏལ།
འུར་ཟང་ཟིང་ཡིན་ཐལ།
གྲོགས་པོ།
རྨོག་རུ་བསྟན་པ། ཨ་མ་ཧ་ཅང་སྐྱོ་པོ་འདུག་ན་ཁྱོད་ལྐུག་པས་ཨུ་བཙུགས་རྒྱབ་དགོས་དོན་མིན་འདུག གྷོ་རག་པུར་ནས་ལྡི་ལིར་གནམ་གྲུ་ཡོད། ཁོང་རྣམས་ལ་ཞལ་འདེབས་གང་མཚམས་འབྱོར་ཡོད་པ་དང་། བུ་ནི་ལག་པ་སྟོང་པར་འགྲོ་སོང་ཞེས་ཁྱེད་ཀྱིས་ཟེར་གྱི་འདུག་པས་ཐབས་ཤེས་ཀྱི་བསམ་པ་མ་འཁོར་བ་ཡ་མཚན་་་་་་་་་་་་་་་
གཞས་པ་ལགས། ཁ་རྒྱག་པ་མ་ཤོད། དེ་འདྲ་ཡིན་ཁྱོད་སོང་དང་བཀག་འགོག་བྱེད་མཁན་ཡོད་མདོག་ཁ་པོ་མ་རེད།
རྨོག་རུ་ལ་སྙིང་ནས་ཐུགས་རྗེ་ཆེ། ཨ་མ་དང་བུ་མོ་ཕྱིར་ལོག་ཐབས་ལ་རེམ།
རྨོག་རུ་ལགས་ཐུགས་རྗེ་ཆེ ཨ་མ་ཁོང་གཉིས་ཕྱིར་རྡ་སར་མགྱོགས་པོར་ཁྲིད་རོགས་ བུ་མོ་སློབ་གྲ་བསྐྱལ་རོགས
མ་བུའི་བརྩེ་སེམས་དང་མ་བུའི་སྙིང་སྟོབས་མ་བུའི་བོད་ཞེན་བཅས་ལ་བསྔགས་བརྗོད་ཡོད། གོམ་བགྲོད་པ་ཁྱེད་བདེ་པོ་དང་བསམ་དོན་འགྲུབ་པའི་སྨོན་འདུན་ཞུ། ཨ་མ་ལགས་ཁྱེད་རང་ནས་བུ་མོ་འཁྲིད་དེ་རྡ་སར་ཕྱིར་ལོག་ནས་བུ་མོ་སློབ་འཇུག་གནང་བའི་རེ་བ་དང་། ཨ་མ་ལགས་ཁྱེད་རང་སྐུ་གཟུགས་ལ་དགོངས་བཞེས་ཀྱིས་རེ་ཞིག་སྐུ་ངལ་སྐྱོན་རོགས་ཐུགས་རྗེས་གཟིགས།།
ཐིག་ཕྲེང་ཁ་ཤས་ལ་ཡིག་ནོར་མང་ནས་ཉོབ་སོང། སྤྱི་འཐུས་ཤིག་དང་སེར་མོ་བ་ཞིག་གིས་བྲིས་ཡིག་འདི་འདྲ་ཡིན་ན་ཐབས་སྐྱོ་བོ་རེད། གནས་ཚུལ་བརྡ་འཕྲོད་ཙམ་བྱུང།
མ་བུ་ཚོས་ད་བྱེད་སྟངས་མ་ནོར་ན་བཟང་གི
གླིང་ཚའི་བུ་རྒོད། ངོ་མ་ཕོ་ཁྱོ་ག་ཟེར་ནོ་ཁྱོད་རེད།
དབུ་མ་རང་བཙན་ཟེར་བའི་ལྟ་གྲུབ་ལ་མི་རྩོད།།དཀའ་ཤག་སྤྱི་འཐུས་ནང་གི་གོ་ས་ཡང་མི་རྩོད།།མ་འོངས་བྱོས་འཆར་དཔྱོད་པའི་ཁ་གཏམ་དེ་མི་དགོས།།རང་ཡུལ་རང་ཁྱིམ་ནང་ལ་གོམ་ཁ་ཡིས་བསྙེགས་འགྲོ།།
གཏམ་བཤད་མཆི་མར་འདྲེས་པའི་གདོང་འབོད་རང་མི་བྱེད།།གསང་བ་ལྐོག་གྱུར་ནང་གི་སྲིད་ཇུས་དེ་མི་དགོས།།
དངོས་པོ་མངོན་སུམ་མཐོང་བའི་རྐང་ལམ་འདི་བརྒྱུད་ནས།།བདེན་པ་རྒྱབ་ལ་ཁུར་ནས་རང་ཡུལ་དུ་ཆས་འགྲོས།།
བཟང་དང་ངན་ཡང་བཤད་པའི་རང་རིགས་ཀྱི་སྤུན་ཟླར།།ངོ་རྒོལ་དངོས་ལེན་གཉིས་ཀྱི་ཁ་གཏམ་ཀྱང་མི་བཤད།།
རང་རེའི་རྒྱལ་ཁབ་རང་གི་སྙིང་དབུས་སུ་བཅིངས་ནས།།རྒྱལ་དར་ཕྲག་ལ་ཁུར་ནས་རང་ཡུལ་དུ་ཆས་འགྲོ།།
རྒྱ་གར་ཡུལ་འདི་གོམ་པས་འདེགས་འགྱོགས་ཀྱིས་གཏུབ་ནས།།སྦྲང་ཡུལ་བལ་བོའི་དམག་གི་རྫོང་མཐའ་ལ་ཐུགས་ཀྱང་།།སྙིང་གི་རུས་པ་རྡོ་རྗེའི་ཀ་བ་ལ་བཅིངས་ནས།།གཞུང་ལམ་སྐྱ་མོ་ཡུན་ནས་ཡུན་དུ་འདེད་འགྲོ།།
བལ་བོའི་སྦྲང་དམག་ངན་པའི་གདུག་རྩིབ་ལ་མི་འཇིགས།།དགྲ་བོའི་མེ་སྒྱོག་ཁ་ཡི་ཚེ་སྲོག་ལ་མི་སྐྲག།
རང་རྒྱལ་རང་གིས་བསྐྲུན་པའི་སྙིང་སྟོབས་དེ་བཟུངས་ནས།།ཁ་བ་དཀར་པོའི་མདངས་ཀྱི་འཇིག་རྟེན་ལ་ཕྱོགས་འགྲོ།།
ཟླ་བཀྲས་ཕུན་ཁང་ཟེར་བ་འདི་ལྷོ་ཕྱོགས་ཀྱི་བླ་རྒན་ཞིག་རེད། ཁོང་གིས་ག་དུས་ཡིན་ན་སྤྱི་འཐུས་མོག་རུ་ལ་སྒེར་ནད་ཡོད་མདོག་གིས་འདྲ་མན་བཤད་བསྡད་ཡོད་པ་རེད། བླ་རྒན་ཚོ་བཀོར་རྒྱག་ལ་སོང་ནས་མི་མང་གི་ཤ་ཁྲག་འཇིབ་པའི་སྙིང་དོན་མི་སྐྱ་ཕོ་མོ་ལས་སྐྱོ་བའི་ཆགས་སྡང་གི་བྱ་སྤྱོད་མངོན་འགྱུར་བྱེད་པ་དེ་རེད།
ཟླ་བཀྲས་ཕུན་ཁང་ཟེར་བ་ཉོན། ཁྱོད་རང་ཕྲག་དོག་གིས་གས་སོང་རུང་སྐུ་ཞབས་མོག་རུ་བོད་མི་མང་གི་སྤྱི་འཐུས་རེད། ཁྱོད་ལ་གང་བྱས་པ་ཡོད། མིག་ཆུ་ཐོངས། དེ་མིན་ཁྱོད་ཀྱིས་གང་ཡང་འཇོན་ཀི་མ་རེད། མ་བུ་གསུམ་གྱི་བདེན་དོན་རྒྱལ་ལོ། མ་བུ་གསུམ་གྱི་སྐུ་ཚེ་བརྟན་པར་ཤོག
ཁ་བརྡ་ཚང་གིས་ཀྱང་དྲ་འབུའི་གད་སྙིགས་སྤུངས་ས་འདྲ་ཞིག་བཟོས་འདུག མཆན་ལ་དག་ཐེར་བྱེད་ཀྱིན་ཡོད་ན་དྲང་པོ་བྱས་ན་དགའ་ངེས་རེད་བསམ་གྱིན་འདུག
མ་གཞི་ནས་གླིང་ཚ་མ་བུ་གསུམ་གྱི་ཞི་བའི་གོམ་བགྲོད་ཐད ། དགྲ་གཉེན་གཉིས་ཕྱོགས་ནས་གླེང་ཕྱོགས་གང་ཡང་བཟོས་སོང་བའི་མཇུག་འབྲས་ལ། འཐབ་རྩོད་ཀྱི་གོ་རིམ་འཁྲུགས་རྐྱེན་རང་དུ་གྱུར་སོང་མོད། ཚེ་བརྟན་རྡོ་རྗེ་ལགས། མཐའ་ལ་ཐུག་ན་བརྟན་པོ་ཡག་ནི་རེད། ཨམ་ཚུགས་བསྡམས་རོགས། མུ་མཐུད་ནས་མདུན་ལ་བསྐྱོད་དང་འཆི་གསོན་གང་ལ་ཐུག་རུང་བོད་མི་མང་གི་བདེ་སྡུག་ཁོ་ནའི་ཆེད་དུ་སོང་ཙང་། མཐའ་བསྡོམས་དེ་ཚོགས་པ་གྱི་ན་བ་དག་གིས་ཚུལ་ཅི་ལྟར་འགྲེལ་མིན་ཕྱོགས་གཞན་ཞིག་རེད། སྐུ་ཉིད་ཀྱི་ལངས་ཕྱོགས་ནང་ལྟར་བོད་མི་མང་གི་བདེ་སྡུག་ཐད་ལ་ཆོད་སེམས་བརྟན་པོ་རེ་ཡོད་བའི་དབང་དུ་བཏང་ན། སྟོད་ཀྱི་རྒྱལ་བོ་ནས་སྨད་ཀྱི་ཁྱི་རྔ་ལོ་དག་ཚུད་པའི་བོད་མི་མང་། བོད་ལ་མ་ལོག་པར་དུ་བོད་མིའི་བདེན་མཐའ་སེལ་རྒྱུ་ཞིག་ནམ་ཡིན་རུང་ཡོད་མི་སྲིད་། དེ་ན་རྨོག་རུ་བསྟན་པ་ལགས་ཀྱིས་བསམ་གཞིགས་ཡང་བསྐྱར་བྱེད་རོགས། སྐབས་སུ་མ་རྒན་ལགས་ཀྱི་སྐུ་གཟུགས་བདེ་ཐང་ཡོང་བར་གང་ཐུབ་བྱེད་རྒྱུ་ལས། ཕྱིར་འཐེན་གྱིས་ཕྱིར་རྡ་ས་ཡོང་དོན་འདུག་གམ། གང་ནས་མོ་རང་ཉིད་ཀྱི་བུ་ཕྲུག་དང་ཁ་གྱེས་སའི་གནས་ནས་མུ་མཐུད་དེ་བཞུགས་རོགས། བོད་གཞུང་སྒེར་གཉིས་རྡ་སའི་ཁྲོམ་ནས་རུལ་སོང་ཚེ། ཁོང་མ་བུ་གསུམ་གྱི་གོམ་བགྲོད་སླེབས་ས་གང་དེར་རྡོ་རིང་ཞིག་བཞེངས་ཆོག་ཆོག་རེད། སྔོན་ཞིག་ལ་བཀྲ་རྡོར་འབོད་པའི་དཔྱད་མཆན་པ་ཞིག་གི་གསུངས་བ་བཞིན། གལ་སྲིད་་་ གོམ་བགྲོད་འདིའི་ཐད་ནས་ཚོགས་པ་ཞིག་གསར་འཛུགས་ཐུབ་པའི་དབང་དུ་བཏང་ན། གནས་དེ་ནས་དབུ་བརྩམས། གནས་དེ་ནས་ལམ་ལ་ཆས། གནས་དེ་ནས་སྐྱིད་སྡུག་མཉམ་ཁུར་བྱེད།
མཐའ་དོན་བོད་མི་མང་གི་བདེན་པའི་མཐའ་སེལ་རྒྱུར་ཐབས་ལམ་ཉག་གཅིག་ནི་ཆབས་དུ་ཕ་ཡུལ་ལོག་རྒྱུའི་ཐབས་ལམ་ཞིག་ལས། གཞན་བོད་གཞུང་འབངས་འདིས་ཅི་ཞིག་ལ་བརྟེན་ནས་བདེན་པའི་མཐའ་སེལ་རྒྱུ་ཡིན། ཁྱད་འཕགས་ཅན་གྱི་ཐབས་ཇུས་མངའ་བའི་ཚོགས་པ་ཁག་ནས་བོད་མི་མང་སུ་ཡིན་རུང་ལན་འདེབས་བྱེད་རྒྱུའི་རེ་བ་ཡོད།
མོ་བུ་ནག་ཐར་སྐྱིད་ཀྱིས་བཤད་པར་ཁ་སྣོན་ཅི་ཡང་མེད་པར་དེ་དེ་བཞིན་ནོ་ཟེར་རྒྱུ་ཡིན།
གོམ་བགྲོད་མཚམས་འཇོགམི་རུང་། འབྲས་མེད་དུ་འགྱུར་སྲིད་པ་དང་། གྲུབ་འབྲས་གཞན་གྱིས་ཀློག་ཟ་བྱེད་སྲིད་པར་རང་ཉིད་ཀྱིས་དོགས་ཟོན་དང་སྤྱང་གྲུང་གཉིས་ལྡན་བྱེད་དགོས།
ཡག་པོ་འདུག
ཨ་མ་ཞིག་གི་སེམས་ཁུར་ལ་བསམ་བློ་བཏང་ན་དངོས་ནས་ཁག་མི་འདུག ཁྱེད་ཚང་གི་བྱ་བ་ཐམས་ཅད་འགྲུབ་པར་ཤོག
མ་བུ་བརྩེ་སེམས་ཟབ་པ། གླིང་ཚང་མ་བུ་གསུམ་པོ།
མི་རིགས་ལ་རྒྱ་ཆེད་དུ། མ་བུ་ཁ་བྲལ་དགོས་པ།
ལྟས་ངན་རྒྱ་མི་དམར་པོས། ཉམས་ཆུང་བོད་མི་རྣམས་པར།
ཡང་ང་སྙིང་རྗེ་མེད་པས། སྡུག་རྩུབ་ཆེ་བའི་བྱ་སྤྱོད
འགོག་ཐབ་ཡོང་བའི་དོན་དུ། གླིང་ཚང་ཕོ་རྒོད་ཁྱོད་ནི།
བསྒྱུར་མེད་དམ་བཅའ་བརྟན་པོས། རྒྱ་ཡི་ས་མཚམས་བརྒལ་ནས།
བལ་ཡུལ་ཕྱོགས་ལ་ཕེབས་པར། སྐུ་གཟུགས་ཐུགས་འཇགས་ཡོང་བའི་།
སྨོན་ལམ་སྙིང་ནས་ཡོད་དོ། མ་རྒན་བུ་མོ་ལྷ་སྐྱིད།
གང་མགྱོགས་བཞུགས་སྒར་ཕྱོགས་སུ། ཕེབས་སུའི་དགའ་ཞུས་ཆོག
གླིང་ཚང་ཚེ་རྡོར་གྱི་འཐབ་རྩོད་འདི་ཉེན་ཁ་དང་དཀའ་སྡུག་ཆེ་ལ་གྲུབ་འབྲས་ཐོབ་དཀའ་བའམ། ཡང་ན་གྲུབ་འབྲས་ཆུང་ཆུང་ཞིག་ལས་མི་ཐོབ་པའི་ཉེན་ཁ་འདུག དེའི་ཕྱིར་དེའི་ཕྱིར་རྣམ་དཔྱོད་ལྡན་པའི་ཐོག་ནས་ཁོའི་འཐབ་རྩོད་ཀྱི་མཇུག་སྐྱོངས་སྟངས་གཞན་ཞིག་ལ་བསམ་བློ་བཏང་ན་ཡག་པོ་རེད། དཔེར་ན། རྒྱལ་ཚོགས་ཀྱི་མདུན་དུ་ཟས་བཅད་ངོ་རྒོལ་བྱེད་པ་ལྟ་བུ་རེད། དེ་མིན་བལ་དམག་སྤྲང་པོ་ཚོའི་ལག་འོག་མནར་གཅོད་མྱངས་ནས་ཡོང་ཡ་ཡོད་མ་རེད། འཛམ་གླིང་མི་མང་གིས་མ་གོ་མ་ཐོས་པར་རང་གིས་སྡུག་པོ་ཚད་མེད་མྱངས་བསྡད་ན་གྲུབ་འབྲས་ཤིག་ཏུ་བརྩི་ཁག་པོ་རེད། ཁྱེད་ཀྱིས་བོད་དོན་ཆེད་སྲོག་གཏོང་རྒྱུར་འཛེམ་ཟོན་མེད་པའི་ཆོད་སེམས་ལ་གུས་བཀུར་ལོས་ཡོད། འོན་ཀྱང་ཚེ་སྲོག་ནི་རྩ་ཆེ་ཤོས་ཡིན་པས། ཚེ་སྲོག་བློས་གཏོང་ན། ཚེ་སྲོག་ལས་རྩ་ཆེ་བའི་གྲུབ་འབྲས་ཤིག་གི་ཆེད་དུ་བཏང་ན་འགྱོད་མེད་ཡིན་པ་ལས། གྲུབ་འབྲས་མངོན་རྒྱུ་མེད་པའི་ཀུན་སློང་རྩ་ཆེན་པོ་དང་སྨོན་ལམ་རྐྱང་པ་ཞིག་གི་ཆེད་སྲོག་ཤོར་བའམ། ཡང་ན་ནད་གཅོང་ཆགས་ན་ཧ་ཅང་འཕང་པོ་རེད།
བོད་རྒྱའི་འཐབ་རྩོད་ནི་ཨུ་ཚུགས་དང་བྲེལ་ཟིང་ལངས་ནས་དུས་ཐུང་ནང་བསྒྲུབ་ཐུབ་པ་ཞིག་མ་ཡིན་པས། བོད་མི་རིགས་ཀྱི་ལས་འགན་དང་པོ་རྒྱ་དམར་གཞུང་གི་ཚེ་མ་ཟད་བར་དུ་བོད་རང་ཉིད་མ་ཤི་བར་འཚོ་ཐུབ་པ་བྱེད་དགོས་པ་རེད།
དེང་སྐབས་བོད་ཀྱི་སྐད་ཡིག་སྲུང་སྐྱོབས་ཚ་ཚ་འུར་འུར་གྱིས་གླེང་གི་ཡོད་པ་གལ་ཆེན་པོ་རེད། འོན་ཀྱང་སྐད་ཡིག་མིས་རྒྱུན་འཛིན་བྱེད་དགོས་པ་རེད། འོན་ཀྱང་བོད་ཀྱི་མི་འབོར་ལོ་ལོ་རེ་བཞིན་ཉུང་དུ་འགྲོ་བཞིན་པས། བོད་ཀྱི་མི་རྒྱུད་སྲུང་སྐྱོབས་ཀྱི་ལས་འགུལ་ཚ་ཚ་འུར་འུར་གྱིས་གླེང་དགོས་པ་ཞིག་ཆགས་འདུག དཔེར་ན་བོད་དུ་ཐོག་མར་བཟའ་ཚང་གཉིས་ལ་ཕྲུ་གཉིས་ལས་སྐྱེས་མི་ཆོག་པ་རྒྱ་གཞུང་གིས་བཙན་བཀའ་བཏང་ནས་བསྒྲུབ་པ་རེད། ད་ལྟ་བོད་མི་ཚོ་གནས་སྟངས་དེ་རང་གོམས་སུ་གྱུར་ཏེ། ཕྲུ་གུ་མང་པོ་སྐྱེ་རྒྱུའི་སེམས་ཤུགས་ཉམས་ནས། ཕྲུ་གུ་གཉིས་ལས་ལྷག་སྐྱེས་ན་རྒྱུན་ལྡན་མ་པར། ཚད་ལས་བརྒལ་བའི་ཚོར་སྣང་ཡོད་པ་རེད།
གུང་ཁྲན་ཏང་དང་བོད་མི་རིགས་གཉིས་ཀྱིས་སུའི་ཚེ་རིང་ཐུང་ལ་སྒུག་རྒྱུ་ལས། རྒྱ་གཞུང་གིས་བོད་ཐོག་བསམ་ཤེས་དང་དྲང་བདེན་བྱས་ནས་ཐག་གཅོད་རྒྱུ་འབྲས་ཤིག་ཡོང་མི་སྲིད་པ་རེད། མདོར་བསྡུས་ན་གུང་ཁྲན་ཏང་དང་བོད་རྒྱལ་ཁབ་གཉིས་ཀྱི་སུ་ཚེ་ཐག་རིང་པོར་གནས་ཐུབ་མིན་ལ་ལྟ་རྒྱུ་ལས། བོད་རྒྱུ་དཀའ་རྙོག་སེལ་ཐབས་གཞན་ཞིག་ལྷག་ཡོད་པ་མ་རེད། དེའི་ཕྱིར་བོད་གཞུང་གིས་སྲིད་ཇུས་གང་འདྲ་ཞིག་བཏིང་ནའང། གཙོ་བོ་བོད་ཀྱི་སྐད་ཡིག་དང་མི་རྒྱུད་གཉིས་གུང་ཁྲན་ཏང་ལས་ཚེ་རིང་པོར་གནས་ཐབས་ལ་འབད་བརྩོན་བྱེད་དགོས།
དེ་རིང་ཆུ་ཚོད་ལྷོད་ཙམ་བྱུང་བ་དང་བསྟུན་གླིང་ཚང་ཚེ་རྡོར་གཙོའི་བོད་རིགས་ཚོར་བཤད་འདོད་པའི་གནད་དོན་རེ་གཉིས་ཁ་ཟིན་སྣ་ཟིན་རེ་གླེང་བ་ཡིན། གཞན་དུས་རྒྱུན་ལུས་པོའི་ནུས་པ་དང་ཆུ་ཚོད་ཀྱི་འགྲོ་སོང་ཆེ་བའི་དྲ་ཐོག་ལ་མང་པོ་འབྲི་མ་དགོས་པའི་འབད་བརྩོན་བྱེད་ཀྱི་ཡོད།
་་་་་་་་་་་་་་་་་་་་་་་་་་་་་་་་་་
ཀྭ་ཡེ་གླིང་ཚེའི་ཕོ་རྒོད།།
ཁ་མིན་སྙིང་གི་དམ་བཅའ།།
ང་ཚོ་སྨོན་པ་ཤོར་ཡོད།།
ག་དུས་ཡིན་ཡང་བརྟན་དགོས།།
ཨ་མ་ལགས་ནས་སྐུ་གཟུགས་ལ་བདག་ཅེས་ཅི་ནས་ཀྱང་གནང་རོགས།
སྤྱིར་ང་རང་གི་མི་འཇོན་པར་གཞན་བརྗོད་དཀའ་ འོན་ཀྱང་སེམས་ཐག་ཆོད་ཚར་ན་རྣ་ཐོད་ལའམ་ལ་དགས་སོགས་ས་མཚམས་གཞན་བརྒྱུད་ན་སྟབས་བདེ་ལ་གོ་ཆོད་ཆེ
ཁ་བའི་ཡུལ་ལ་གོམ་ཁ་བསྒྱུར་དུས།།
ཁ་ཕྱོགས་དངོས་ཅན་རྟུལ་ཕོད་ལྡན་དགོས།།
ཁ་མ་མེད་པའི་མི་ངན་འགའ་ཡིས།།
ཁ་ནས་འདྲ་མིན་བཤད་ནོ་མ་ཉན།།
ཁ་བ་ཅན་གྱི་ཡུལ་ནས་ཡོང་བའི།།
ཁ་ཁོག་མཐུན་པའི་གྲོགས་པོ་ཞིག་གིས།།
ཁ་ཐག་རིང་བའི་ཡུལ་གྲུ་ཞིག་ནས།།
ཁ་ཚིག་འོ་མ་འདྲ་བོ་འབུལ་ལོ།།
དྲ་ཉིལ་བྱས་བའི་ལོ་ངོ་འདི་དག་གི་རིང་ལ་དཔྱད་མཆན་པ་སྟག་སྨྱོན་ཞེས་བ་ཡང་ཡང་གོ་མྱོང་བ་བཞིན། གནད་ལ་ཐུག་དུས་གནས་ལུགས་རྒྱུ་མཚན་ཤོད་ཐུབ་མཁན་དེ་ཡིན་པའི་ཆ་ནས་གུས་བརྩི་མི་ཆུང་བ་ཡོད། སྐབས་སུ་སྐུ་ཉིད་ཀྱི་དགོངས་བ་བཞེས་སྟངས་འདི་བདག་གི་བློ་ངོར་ཤོང་དཀའ་བས་ན། ལམ་སྟོན་པའི་ཚུལ་དུ་རྒྱུ་མཚན་རེ་བཤད་ནས་ལམ་སྣ་འདྲེན་རོགས།
བདག་གི་བསམ་སྣང་ལ་གླིང་ཚ་མ་བུ་གསུམ་ཁོ་ནའི་འཐབ་རྩོད་འདི་ལ་བརྟེན་ནས་བོད་མི་མང་གི་བདེན་མཐའ་སེལ་ཐུབ་པའི་མཇུག་འབྲས་རྒྱ་ཆེན་པོ་ལ་རེ་བ་ཆེར་མེད་དེ། རྦད་དེ་མཇུག་འབྲས་ཆུང་ཆུང་ཞིག་ལས་མི་ཐོབ་པའི་བསམ་ཚུལ་ཀྱང་མིན། གཞིས་ལུས་རྒྱ་ཆེའི་མི་མང་ཕུད་ བོད་གཞུང་སྒེར་གཉིས་ནས་ད་བར་དུ་འཐབ་རྩོད་གང་བྱས་བ་དེའི་མཇུག་འབྲས་ལབ་ན། རབ་རིབ་སབ་སིབ་ཅིག་ལས་གསལ་ལྷང་ངེ་བ་ཞིག་དཀོན་པོ་རེད། དེར་བརྟེན་ཉེན་ཁ་མེད་ས་ནས་འུར་འུར་ཟང་ཟིང་གི་ལས་དེ་ལ་སྐུ་ཉིད་ཀྱང་ཉོབ་ཡོད་ཚོད་ཡིན། དེ་ལས་ཅུང་ཐབས་ལམ་མ་འདྲ་བ་མཇུག་འབྲས་ཡང་རྒྱལ་སྤྱིའི་མིག་མདུན་ནས་ལེན་འདོད་ཀྱིས་ཟས་བཅད་ངོ་རྒོལ་ལྟ་བུ་རེད། ཡིན་ནའང་དཔའ་བོ་ཐུབ་བསྟན་དངོས་གྲུབ་ནས་བཟུང་ཟས་བཅད་ངོ་རྒོལ་ལ་བསྡད་དེ་དགོས་འདུན་བཏོན་པ་བདེན་མོད། ཡ་ལན་སྡེར་མཁན་ཞིག་མ་བྱུང་བའི་མཐར་འུ་ཐུག་སྟེ་རང་སྲོག་མེར་བསྒྲོན་པ་མ་ཡིན་ནམ། ཉེ་སྔོན་འདིར་གཞོན་ནུ་ལྷན་ཚོགས་ཟས་བཅད་ལ་བསྡད་ནས་དགོས་འདུན་ཁག་ཅིག་བཏོན་པ་ནང་ལྟར། རྒྱལ་སྤྱིས་ཡིག་ལྐོག་ཆེན་པོ་ཞིག་བོད་མི་མང་གི་མདུན་ལ་གཡུག་རྗེས། བོད་མི་མང་ཅི་ཡིན་མི་ཤེས་བའི་དགའ་སྤྲོ་ཞིག་སྐྱེས་འདུག་སྟེ། དོན་དམ་གྱི་ཅི་ཞིག་འགྲུབ་ཟིན་པ་རེད།
གླིང་ཚ་མ་བུ་གསུམ་གྱི་འཐབ་རྩོད་བྱུང་རིམ་འདི་བསམ་གཞིགས་རིམ་པའི་ཁྲོད་ནས་མགོ་འབུས་ཙམ་ཞིག་ཡིན་པར་བརྟེན། འུར་འདྲོགས་ཀྱི་སྐད་ཆ་མ་ཡིན་ལ་བྲེལ་ཟིང་གྱིས་བོད་མིའི་བདེན་དོན་རྩོད་འདོད་དེ་བས་ཀྱང་མ་རེད། དུས་ལ་སླེབས་ནས་རྐྱེན་དང་འཕྲད་སོང་ན་༧གོང་ས་མཆོག་དབུ་བཞུགས་ཐོག་བོད་གངས་ཅན་པས་བདེན་དོན་དཔུངས་ལ་བཙུགས་ནས་ཕྱིར་རང་ཡུལ་དུ་ལོག་དགོས་ཚུལ་གྱི་དགོངས་བ་བཞེས་ཕྱོགས་ཞིག་ཡོད་པ་མིན་ནམ། མི་ལོ་བཅུ་རྗེས་ཀྱི་བོད་མི་རྣམས་དོན་དངོས་ནས་ལག་ལེན་ལ་བསྟར་མཁན་དེ་ཡིན་ཙང་། གླིང་ཚ་མ་བུ་གསུམ་གྱི་འཐབ་ཕྱོགས་འདིར་དབུ་ཁྱུད་དེ་བྲིས་ཚར་བས་ན་མཇུག་འབྲས་གང་ཡོང་ཅི་ཆ་སྟེ། དགོངས་བ་རེ་ཟབ་མོ་རེ་བཞེས་རོགས།
མདོ་དོན་ཉེན་ཁ་མེད་ས་ནས་གུང་ཁྲན་ཏང་གི་གོས་སྲུབ་ལ་ལྐོག་ནས་ ངང་སྒུག་བྱེད་འདོད་དེ་རེད། བསམ་ཞིང་བསམ་ན་རེ་སྨོན་འདི་ཡང་། བོད་མི་མང་གི་ཐུགས་རེ་ཙམ་མ་གཏོགས་དོན་གྱི་དེ་ལྟར་འགྲུབ་མིན་ཅི་ཆ། བདག་གི་བསམ་སྣང་ལ་གུང་ཁྲན་ཏང་འདི་འགད་རྫས་ཀྱིས་གཏོར་བ་ནང་བཞིན་འཐོར་འགྲོ་བ་དེ་འདྲ་ཞིག་མིན་པ་འདྲ། གཡང་གཟར་ན་ག་ལེར་རིལ་ནས་བདེ་ས་ཞིག་ལ་འབབ་ཀྱིན་བཟོ་མི་འདུག་གམ། གལ་སྲིད་གུང་ཁྲན་ཏང་གི་སྲིད་ལུགས་འདི་རྒྱལ་སྤྱིའི་མིག་ལམ་ནས་བདེ་བོ་དང་སྙིང་རྗེ་མོ་དེ་གྲུབ་རྗེས། བོད་མི་མང་གི་སྐྱིད་སྡུག་འདི་རྒྱ་ནག་མི་མང་གི་འདོད་བློ་དང་བསྟུན་དགོས་ཙང་། ནམ་ཞིག་ལ་བདེན་པའི་མཐའ་སེལ་རྒྱུ་རེད། སྐབས་སུ་འདི་ཙམ་གྱིས།
གླིང་ཚ་ཕོ་རྒོད་ལགས། ཁྱེད་ལ་ལམ་འགྲོ་ཡོང་བའི་སྨོན་ལམ་འདེབས། དཀོན་མཆོག་མཁྱེན།
གླིང་ཚ་ལགས། སྐུ་གཟུགས་ལ་བདག་སྐྱོང་གནང་རོགས།
ཁེར་རྐྱང་གི་གོམ་བགྲོད་ལམ་ནས་སྐུ་ལུས་ལ་གཅེས་སྤྲས་བྱེད་རོགས། ཨ་མའི་བུ།
སྟག་སྨྱོན་ཟེར་བས་བཤད་པར་མོས་མཐུན་ཡོད། གླིང་ཚས་བོད་མི་རིགས་ཀྱི་བདེན་དོན་འདི་ཁོང་གི་གཅེས་པའི་ཚེ་སྲོག་གི་རིན་ཐང་ལས་ཆེ་བར་འཛིན་བཞིན་པ་གསལ་ནའང་རྒྱལ་ཞེན་པ་འདི་བལ་བོད་གང་རུང་དུ་བོར་བརླག་ཤོར་ན་སུས་རོགས་བྱེད་ཀྱི་རེད། གང་ཞིག་ཏུ་འཚོལ་དགོས་ཀྱི་རེད། ངས་འདི་ལྟས་ངན་པའི་སྐད་ཆ་མ་ཡིན་པར་ཆུ་མ་ཡོང་གོང་ནས་རག་ཟེར་བ་ལྟར་ཞུ་བཞིན་ཡོད། བོད་ཕྱི་ནང་དུ་རང་ལུས་མེར་བསྲེག་གི་ལས་འགུལ་ལ་བརྟེན་ནས་གཞོན་ཞུས་གོ་སྒྲིག་འོག་རྒྱལ་ཞེན་པ་གསུམ་གྱིས་རྒྱལ་ཚོགས་མདུན་དུ་ཟས་གཅད་གནང་བས་རྒྱལ་ཚོགས་ཀྱི་སྐུ་ཚབ་དངོས་སུ་ཕེབས་ཏེ་དགོས་འདུན་ཁག་ལག་ལེན་ལ་འཁེལ་གང་ཐུབ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་བ་ལྟ་བུ་བོད་ཀྱི་ལོ་རྒྱུས་ཐོག་དང་པོ་ཡིན་གྱི་རེད། འདིས་མཚོན་པ་ནི་རྒྱལ་ཚོགས་སུ་འགུལ་སྐྱོད་ཆེན་པོ་ཐེབས་ཡོད་པ་གསལ་པོ་རེད། གླིང་ཚ་ལྟ་བུ་འདིར་ཞུགས་ན་ཆོད་སེམས་ལ་འགྱུར་བ་མེད་པས་རྒྱལ་ཚོགས་གཙོས་པའི་ཚོགས་སྡེ་ཁག་ལ་བོད་མི་རིགས་ཀྱི་བདེ་སྡུག་་གསལ་པོ་ར་སྤྲོད་ཐུབ་ལ་གནོན་ཤུགས་ཀྱང་ཆེན་པོ་སྤྲོད་ཐུབ། ད་ལྟའི་ལས་འགུལ་འདིར་མཚོན་ན་ཁོང་གི་ཆོད་སེམས་ལ་འགྱུར་བ་མེད་ཀྱང་བོད་དང་བལ་པོ་གང་རུང་གི་བཙོན་དུ་ཚུད་ན་ང་ཚོས་ཀློད་དགོས་པའི་འབོད་སྐུལ་ཙམ་ལས་ཕལ་ཆེར་གསར་འགོད་པ་དེར་སྐྱོད་ཐུབ་རྒྱུ་དཀའ་བས་རྒྱལ་སྤྱི་ལ་ཁྱབ་སྒྲག་ཆེན་པོ་མི་ཡོང་ལ་རྒྱ་ནག་ལ་གནོན་ཤུགས་ཀྱང་ཕལ་ཆེར་མི་ཡོང་། སྙིང་རྗེ་མེད་ཅིང་གནས་ལུགས་ཁས་མི་ལེན་པའི་རྒྱ་ནག་ལ་བེད་སྤྱོད་རྒྱུ་རྒྱལ་སྤྱི་དང་སྲིད་གཞུང་། དེ་བཞིན་ཚོགས་སྡེ་ཁག་གི་གནོན་ཤུགས་ལས་གཞན་ཐབས་ལམ་གང་ཡང་མེད་པས་ཁྱེད་ཀྱིས་ལས་འགུལ་གྱི་ཁ་ཕྱོགས་བསྒྱུར་ཏེ་གུང་ཁྲན་ལ་གནོན་ཤུགས་སྤྲོད་ཐུབ་པའི་ལམ་ཁ་ཞིག་ལ་སྙེག་ཐུབ་ན་ཅི་མ་རུང་སྙམ་བཞིན་ཡོད། འདི་དག་ནི་ངའི་བསམ་ཚུལ་ཙམ་དང་འབོད་སྐུལ་ཡང་ཡིན།
སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཀྱིས་བོད་མི་མང་གི་སྤྱི་འཐུས་གནང་ནས་ཨ་མ་དང་། བོུ་གཉིས་གང་མགྱོགས་མོ་ཊ་ལེགས་གྲས་ཤིག་ཏུ་ལྡི་ལིར་ཕེབས་སྐྱེལ་ཞུ་རོགས། ཁོང་གཉིས་ཀྱི་གཟུགས་པོའི་གནས་སྟངས་སྐྱོ་པོ་ཡོད་བཞིན་དུ་སྤྱི་སྤྱོད་འཁོར་ལོར་དང་། མེ་འཁོར་སྒུག་དགོས་དོན་མིན་འདུག སྒོར་མོ་ཇི་སོང་རྗེས་སུ་རྩིས་རྒྱབ་ཆོག སེམས་ཁྲལ་མི་དགོས།
ཁྱེད་ནི་བདག་ཅག་ཁ་བ་རི་པ་རྣམས་ཀྱི་ངོ་བོ་མཚོན་པའི་རྒྱལ་གཅེས་དཔའ་འཛངས་ཞིག་ཏུ་ངེད་ཅག་གིས་སྐད་གསང་མཐོན་པོའི་སྨོས་ཐུབ། གླིང་ཚ་ཚེ་བསྟན་རྡོ་རྗེ་འགེགས་མེད་བཞེད་དོན་ལྷུན་གྲུབ་པའི་སྨོན་འདུན་རྒྱ་ཆེ་ཁྱེད་རྗེས་ཡོད།
སྨོན་ལམ་འདེབས།