ཁར་སང་གཟའ་ཟླ་བ་སྟེ་ཚེས་བཅུ་བཞིའི་ཉིན་གྱི་ཞོགས་པའི་ཆུ་ཚོད་༩་དང་སྐར་མ་༤༥སྟེང་དུ་བལ་ཡུལ་གྱི་མཐའ་མཚམས་དང་ཁད་ཉེ་བའི་གློ་བོའི་གནས་ཆེན་ཆུ་མིག་བརྒྱ་རྩའི་ཉེ་སར་གནམ་གྲུ་ཞིག་བརྡབས་སྐྱོན་བྱུང་ནས་མི་བཅོ་ལྔ་འཆི་སྐྱོན་དང་དྲུག་ལ་རྨས་སྐྱོན་ཐེབས་འདུག འགྲུལ་བ་བཅོ་བརྒྱད་དང་ལས་བྱེད་པ་གསུམ་ཁུར་བའི་གནམ་གྲུ་དེ་བལ་ཡུལ་གྱི་གྲོང་ཁྱེར་ཕོག་ར་ནས་འཕུར་ཞིང་གློ་ཆུ་མིག་བརྒྱ་རྩ་དང་ཁད་ཉེ་བའི་འཛོམ་གསུམ་གནམ་ཐང་ལ་འབབ་བཞིན་པའི་སྐབས་སུ་ཆག་སྒོ་དེ་བྱུང་འདུག
འགྲུལ་བ་བཅོ་བརྒྱད་ཀྱི་ནང་ནས་བཅུ་དྲུག་རྒྱ་གར་བ་ཡིན་ཞིང་མི་དེ་ཚོ་གློ་བོའི་གནས་ཆེན་ཆུ་མིག་བརྒྱ་རྩར་མཇལ་སྐོར་དུ་ཡོང་བ་དང་། འགྲུལ་བ་གཉིས་ནི་ཌན་མརཁི་ནས་ཡིན་པས་ནུབ་ཕྱོགས་པ་དེ་གཉིས་ས་གནས་དེར་རི་འཛེགས་ལྟ་སྐོར་ལྗོངས་རྒྱུ་བ་ཡིན་འདུག
གློ་སྨོན་ཐང་རྫོང་གཙོ་ལཀྴིམིའི་གོ་ཏམ་གྱིས་གསར་འགོད་པར་བརྗོད་གསལ་ལྟར་ན་གནམ་གྲུ་བརྡབ་སྐྱོན་བྱུང་ཡུལ་དེ་བལ་པོའི་དམར་སྒར་ཞིག་དང་ཉེ་ས་ཡིན་སྟབས་དམག་མི་ཚོས་མི་བརྒྱད་གསོན་པོར་རྙེད་ཀྱང་མི་གཉིས་སྨན་ཁང་དུ་འཁྱེར་བའི་ལམ་བར་དུ་གྲོངས་བ་རེད་ཟེར།
དེ་རིང་གནད་དོན་དེའི་ཐད་ལ་བལ་པོའི་མགོ་གཙོ་་སྐུ་ཞབས་ཌོག་ཊར་བྷ་བྷུ་རམ་བྷད་ཏ་རའེ་མཆོག་གིས་མྱ་ངན་གཏིང་ཟབ་མོའི་སྒོ་ནས་སེམས་གསོ་གནང་འདུག དེ་ཡང་ཁོང་གིས། ངས་དེ་རིང་འདིར་འདས་སྐྱོན་ཤོར་བའི་མི་དེ་ཚོའི་ནང་མི་རྣམས་ལ་སྙིང་ཁུངས་རུས་པའི་གཏིང་ནས་སེམས་གསོ་དང་གདུང་སེམས་མཉམ་སྐྱེད་བྱེད་བཞིན་ཡོད། ང་ཚོའི་གདུང་སེམས་དང་སྨོན་ལམ་ཚང་མ་ཁྱེད་ཚོ་དང་ལྷན་དུ་ཡོད། ཁྱེད་རྣམ་པས་དཀའ་ངལ་དང་མྱ་ངན་སེམས་སྡུག་ལ་གདོང་ལེན་ནུས་པའི་རེ་བ་ཡོད་སོགས་གསུངས་འདུག
སེམས་པ་ཕམ་པོ་རེད། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ s m Krishna རེད། Dr Bapu ram batarai ནི་བལ་པོའི སྲིད་བློན་རེད། མགོ་མ་ཚོས་གོང་ལྕེས་མ་བསྙབས་རོགས།
སྤོབས་པ་མཐའ་ཡས་མཆོག་ལགས། བོད་ནང་གི་རང་ལུས་མེར་བསྲེགས་བྱེད་མཁན་སུམ་བཅུ་ལྷག་གིས་ཁྱོད་ཀྱི་ཁུ་སིམ་སིམ་གྱི་ཏིང་འཛིན་དཀྲོགས་མ་ཐུབ་བར་བལ་ཡུལ་གྱི་དོན་རྐྱེན་འདིས་ཁྱོའི་ཁ་གྲགས་སུ་བཅུག་པར་དགའ་བོ་བྱུང་ལ་བློ་ཕམ་ཡང་བྱུང་།
གང་ལྟར་ཡང་ཁྱོད་དང་དྲ་ཐོག་ནས་ཡང་བསྐྱར་ཐུག་པར་དགའ་ཡོད། སྔོན་བཞིན་དུས་ཐོག་ཏུ་བསམ་ཚུལ་བཤད་པའི་རེ་བ་ཡོད།
ཨ་ཁ་་་་་་་ཨོམ་མ་ནི་པད་མེ་ཧུང་།
ཡ་ཡ་ཡ་དུ་མོ་ཟིག་རེད།
ཨོ་་་ད་ཅི་ཞིག། སེམས་གསོ་དྲོན་པོ་ག་ཚོད་གཡུགས་ཕན་ཐོགས་ཨུ་ཡོད་ལ་་་གང་ལྟར་འདས་པ་རྣམས་སྙིང་རྗེ།
འོ་རེད་སྤྱིར་བཏང་བློ་ཕམ་རེད།ཡིན་ན་ཡང་བལ་ཡུལ་གྱི་ཉེན་རྟོགས་པ་ཁ་ཤས་དེའི་ནང་ལ་ཡོད་ན་དགའ་ལ།
བློ་ཕམ་པ་ལ་ཨང་།
བལ་ཡུལ་གྱི་གྲོང་ཁྱེར་ཕོག་ར་ཟེར་བ་དེ་pokhara ནམ་རྒྱུན་བོད་པའི་བྲི་སྲོལ་ལ་སྤོག་ར། རྫོང་དཔོན་དེ་zomsom གྱི་རྫོང་དཔོན་ཡིན་གྱི་རེད། བོད་སྐད་དང་ཡུལ་མིའི་སྐད་དུ་རྫོང་གསར་པ་ཞེས་པ་དེ་རེད། གློ་སྨོན་ཐང་གི་རྫོང་དཔོན་ཡིན་གྱི་མ་རེད། གང་ལྟར་ས་ཁུལ་དེར་གནམ་གྲུ་བརྡབ་སྐྱོན་མང་ཡོང་གི་འདུག
བལ་བོ་དང་རྒྱ་དམར་ལ་རྐྱེན་ཆགས་སྒོ་ག་ཚོད་ཡོང་ན་དགའ་བསུ་ཡོད་དྭ་ ་ ་ ་ ་ འོན་ཀྱང་འགྲུལ་པ་དེ་ཚོ་སྙིང་རྗེ། འགྲུལ་པ་དེ་ཚོའི་ཆེད་དུ་མ་ནི་ཕྲེང་གོང་ཁ་ཤས་ཞིག་བསག་རྒྱུ་ཡིན།
(རྒྱ་གར་ཕྱི་སྲིད་བློན་ཆེན་སྐུ་ཞབས་ཌོག་ཊར་བྷ་བྷུ་རམ་བྷད་ཏ་རའེ་མཆོག་གིས་མྱ་ངན་གཏིང་ཟབ་མོའི་སྒོ་ནས་སེམས་གསོ་གནང་འདུག) བྷ་བྷུ་རམ་བྷད་ཏ་རའི་་་ག་དུས་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་བསྐོས་པ་རེད། ཧ་ཧཧ་
ཕྱོགས་བཅུའི་ཞིང་འབྱམས་ན་བཞུགས་པའི་བླ་མ་རྒྱལ་སྲས་དང་། གྲུབ་མཐའ་རིས་མེད་ཀྱི་དགེ་འདུན་གྱི་སྡེ་དང་བཅས་པ་རྣམས་ཀྱིས་ཐུགས་སྨོན་ཕྱོགས་གཅིག་དུ་བསྡུས་ཏེ། ཚེ་འདས་དེ་དག་གིས་ཚེ་འཁོར་བ་ཐོག་མེད་ནས་བསགས་པའི་ལས་ངན་སྡིག་སྒྲིབ་བག་ཆགས་དང་བཅས་པ་བྱང་ཞིང་དག་ནས་མྱུར་དུ་མངོན་མཐོའི་ལུས་རྟེན་ཐོབ་པའི་སྐྱབས་འཇུག་དང་སྨོན་ལམ་སོགས་ཡོད་པ་མཁྱཻན། མཁྱཻན།།
ཁྱོད་ཚོ་རང་རང་ལ་ནི་འབུ་སྦྲང་མའི་སྐད་སྒྲ་ཙམ་ཞིག་འདོན་ཡོང་རྒྱུ་མི་འདུག མི་ཞིག་གིས་ཅིག་བཤད་ཡོང་དུས་འདི་ཤེས་མི་འདུགདང་དེ་འགྲིགས་མི་འདུག་ཟེར་ནས་ལུང་པ་གང་བཤད་ཡོང་རྒྱུ་འདུག ད་ཁྱོད་ཚོས་ཤོད་དང་།
སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་འགྱུར་ཅིག།
དགྲ་བོ་རྒྱ་དམར་གྱིས་ང་ཚོ་གསོད་བརྡུང་བཅོམ་འཕྲོག་གིས་མནར་གཅོད་བཏང་བར་ང་ཚོའི་ཆབ་སྲིད་དར་རྒུད་ཀྱི་འགག་རྩ་ལ་ཡིན། འོན་ཀྱང་སྦྲ་སྡེ་བལ་བོ་གཞུང་དམངས་གཉིས་ཀྱིས་ང་ཚོའི་མི་རིགས་འཕྲོག་བཅོམ་བརྡུང་གསོད་ཀྱིས་བརྙེས་བཅོས་བྱེད་པ་ང་ཚོའི་སྙིང་ན་ནས་མི་ཚད་གཟེར་གྱིས་གད་འགྲོ་གི
ནམ་གྲི་ནམ་ནས་ལྷུང་། ས་གྲི་ས་གད་དགོས། བལ་རིགས་མུ་གེ་རྒུད་ཐན་གྱིས་མི་རྒྱུད་རྩ་ནས་ཆད་པར་ཤོག་་་
ཁམས་གསུམ་སྐྱེ་དགུ་མ་ལུས་ཁྲོས་གྱུར་ཏེ། །གཤེ་ཞིང་མཚང་འབྲུ་བསྡིགས་ཞིང་སྲོག་གཅོད་ཀྱང་།།
མི་འཁྲུགས་གནོད་ལན་ཕན་པ་སྒྲུབ་བྱེད་པའི། །བཟོད་པའི་ཕར་ཕྱིན་རྫོགས་པར་བྱིན་གྱིས་རློབས།།
ཞེས་གསུངས་ཡོད་པ་སོགས་དོན་ལ་དགོངས་ནས་སྒོམ་གནང་རོགས།
༡༢ སྤོབས་པ་ལགས། ནོར་འཕྲུལ་རགས་པ་དེ་འདྲ་ལ་ནོར་འདུག་ཟེར་ན་ནོར་བ་རེད་དམ།