རླབས།
དཔེ་ཆ་ཀློག་པར་མི་སྤྲོ་བའི་དྲ་ཐོག་གི་མཆན་བུ་བ་དག་གི་ཆེད་དུ་ཡིག་ཆུང་འདི་འབྲི་དགོས་བྱུང་། རྗེས་ཕྱོགས་ང་ཚོས་བོད་ཡིག་ཐོག་ཏུ་དཔྱད་རྩོམ་འབྲི་ཕྱོགས་ཀྱི་ལམས་ལུགས་དེར་འགྱུར་བ་ཞིག་གཏོང་དགོས་ཀྱིན་འདུག ཞིབ་འཇུག་གི་རྒྱུ་ཆ་དང་དཔེ་ཆའི་ལུང་ཁུངས་སོགས་གསལ་བོར་འགོད་དགོས་ཀྱིན་འདུག དེས་ན་ད་གཟོད་དཔྱད་རྩོམ་གྱི་རྣམ་པ་ངོ་མ་དེ་ཐོན་ཐུབ་པར་སེམས། འོན་ཀྱང་། གཤམ་དུ་བྲིས་པ་དེ་དཔྱད་རྩོམ་མིན། དགོས་མཁོའི་ཤེས་བྱ་བརྗེ་རེས་ཙམ་ཡིན་ནོ།།
བཙན་བྱོལ་གཞུང་དང་རྒྱ་དམར་གཞུང་བར་གྱི་ཐོག་མའི་འབྲེལ་བ་དེ་ཕྱི་ལོ་༡༩༧༣ ཟླ་༠༤ བའི་ཟླ་སྨད་དུ་སྐབས་དེའི་བཀའ་བློན་ཀུན་བདེ་གླིང་གཙོས་གནད་ཡོད་མི་སྣ་འགའ་དང་རྒྱ་གཞུང་གི་ལས་བྱེད་ཁ་ཤས་ཧང་ཀོང་དུ་ཐུག་ནས་༧གོང་ས་མཆོག་གི་ཕྱིར་ཕེབས་སྐོར་ལ་གྲོས་མོལ་གནང་འདུག དེར་མཐུད་ཟླ་གཅིག་རིང་ཐུག་འཕྲད་ཐེངས་ཁ་ཤས་བྱས་འདུག
ཡོངས་ཁུངས།
༡)The Negotiation that never were. By Claude Arpi- Page 29
༢) Far Eastern Economic Review by George Patterson
ཕྱི་ལོ་༡༩༧༨ ལོའོ་ཟླ་༡༡བའི་ནང་རྒྱ་ལོ་དོན་གྲུབ་ཧང་ཀོང་དུ་རྒྱ་ནག་ཞིན་ཧ་གསར་ཁང་གི་རྩོམ་སྒྲིག་པ་ལས་ཅོས་ཤང Li Ju Sheng དང་མཉམ་དུ་ཐུག་འདུག སྐབས་དེར་ལས་ཅོས་ཤང་ཆེད་མངགས་ཏིན་ཤོ་ཕེན་གྱིས་བཏང་འདུག་ལ་ཁོང་གིས་རྒྱ་ལོ་དོན་གྲུབ་པེ་ཅིན་དུ་སྐད་བཏང་འདུག་མོད་རྒྱ་ལོས་ཐོག་མར་༧གོང་ས་མཆོག་ལ་བཀའ་འདྲི་ཞུ་དགོས་ཞེས་ཁས་ལེན་བྱས་མི་འདུག
ཡོངས་ཁུངས།
༡) དེབ་མིངཿ The Negotiation that never were . By Claude Arpi- Page 55
༢) Interview with Gyalo Dhondup , By Asia Age
ཕྱི་ལོ་༡༩༧༩ ཟླ་༠༣་ཚེས་༡༢་ཉིན་རྒྱ་ལོ་དོན་གྲུབ་དང་ཏིང་ཤོ་ཕེན་གཉིས་དངོས་སུ་ཐུག་འདུག་ལ་སྐབས་དེར་ཁོས་བོད་ཀྱི་གནད་དོན་མི་བཞི་ཕྱོགས་ཁག་ལན་ཚུལ་དང་།
(ཇི་སྲིད་རང་བཙན་གྱི་སྐད་ཆ་མ་བཤད་པར་དུ་ང་ཚོའི་སྒོ་མོ་ཕྱེས་ནས་ཡོད་ལ། རང་བཙན་ལས་གཞན་པའི་སྐད་ཆ་གང་ཡིན་ཡང་གྲོས་མོལ་བྱས་ཆོག་གི་རེད།) ཅེས་བརྗོད་འདུག སྐད་ཆ་དེའི་ཚིག་ཟིན་ཕྱི་ལོ་༡༩༧༩ ལོའི་ལོ་མཇུག་ཏུ་ནེས་ཡོག་ཚགས་པར་གྱིས་ཏིན་ལ་བཅར་འདྲི་བྱས་པར་བཀོད་དོན།
(The door is opened as long as we don’t speak about independence.Every thing else is negotiable)
ཡོངས་ཁུངས།
ནེའུ་ཡོག་དུས་དེབ་ཀྱི་བཅར་འདྲི། The New York Times Interview with Deng in 1980-www.nytimes.com ( ཚགས་པར་དེ་རྒྱ་རི་ཚང་གིས་ཀྱང་སྔོན་ཆད་རྡ་སར་བསྟན་མྱོང་།)
ཕྱི་ལོ་༡༩༧༣་ཟླ་༠༣་ཚེས་༡༠་༧གོང་ས་མཆོག་གི་གསུང་འཕྲིན་ནང་ང་ཚོའི་འཐབ་རྩོད་ཀྱི་ངོ་བོ་ ( བོད་མི་ས་ཡ་དྲུག་གི་བདེ་སྐྱིད་ཀྱི་ཆེད་དུ་ཡིན། ) གསུངས་འདུག་ལ། ཕྱི་ལོ་༡༩༨༧ཟླ་༠༩ཚེས་༢༡་ཉིན་གྱི་ཞི་བའི་གྲོས་འཆར་དོན་ཚན་ལྔའི་སྒྲོགས་སྦྱངས་སྐོར་གྱི་བཀའ་སློབ་ཏུ། དབུ་མའི་ལམ་གྱི་དགོངས་པ་༡༩༧༠ ནས་སེམས་ལ་ཤར་ཡོད་ཟེར།
ཡོངས་ཁུངས།
༡) གོང་ས་མཆོག་གི་སྐབས་དེའི་གསུང་བཤད་ཟེར་སྡེར་ཕྱི་དྲིལ་ལས་ཁུངས་ཀྱིས་ཕབ་བཤུས་བྱས་པ་ལས་རྙེད་ཐུབ་ལ།
༢) དེ་བཞིན་དབུ་མའི་ལམ་གྱི་བྱུང་རིམ་རྒྱས་པ་ཕྱི་དྲིལ་གྱི་པར་དུ་བཏབས་པ་ལས་ཀྱང་རྙེད་ཐུབ།
ང་མ་སྐྱེས་གོང་དུ་གཉིས་ཕན་དབུ་མའི་ལམ་དེ་འཁྲུངས་ཚར་བ་འདྲ།
མི་འདིས་གནད་འགག་ཅན་ཁ་ཤས་བཀོག་ནས་བཀོད་འདུག ཤར་ཁུག་སོགས་ལ་དཔེ་ཆ་ཀློག་ཁོམ་ཡོད་ནི་མ་རེད་ཤུ་རེ་ཁོ།།།།།།།།
མདོ་དོན་གཙོ་བོ་ང་ཚོ་ཚང་མས་དཔེ་ཆ་ཀློག་དགོས་ཀྱིན་འདུག དཔེ་མ་བ་བཀླག་པས་དཔྱད་གཏམ་སྤེལ་མཁན་ཚོ་རྩྭ་མ་ཟོས་པར་ལྕི་བ་གཏོང་རྒྱུ་ཡིན་ལབ་མཁན་གྱི་གྲས་དེ་རེད། ངས་ཀྱང་སྐད་ཆ་འདི་སྔོན་ཆད་བཤད་མྱོང་།
སྐྱེས་སྐར་གྱི་ལོ་ཚིགས་ནོར་ཡོད་པ་འདྲ། གཤམ་དུ་གཟིགས།
འདིར་དབུ་མའི་ལམ་གྱི་སྐྱེས་སྐར་གླེང་གི་འདུག་པས་སྐྱེས་སྐར་ངོ་མ་དེ་ནམ་ཡིན་ཁ་གསལ་ཞིག་དགོས་པ་དེ་རྩོམ་གྱི་སྙིང་པོའི་སྙིང་པོ་དེ་མ་རེད་དམ།
ངའི་ཉེ་སྔོན་གྱི་དབུ་མའི་ལམ་གྱི་འཁྲུལ་སྣང་ཞེས་པ་དེ་སྐྱེས་སྐར་དང་འབྲེལ་བ་མེད་ནའང་། མཆན་ཞིག་ལ་གསལ་བཤད་ཀྱི་ཆེད་དུ་མཆན་གྱི་ནང་དུ་རྒྱ་བོད་ཀྱི་འབྲེལ་བ་དེ་ནམ་བྱུང་ལོ་དུས་ཏག་ཏག་བློ་ངོར་མེད་ཀྱང་ ༧༤ལོའི་བར་ཞིག་མིན་ནམ་གསལ་བོ་མེད་ཟེར་ནས་བཤད་པ་དང་འབྲེལ་། དེ་གང་ན་ཡོད་པའི་དཔེ་ཆའི་ཁུངས་ཙམ་བསྟན་ཡོད།
དེ་རིང་གྲོགས་པོ་དོ་སྣང་ཅན་ཞིག་ནས་ཁུངས་ཁ་ཤས་ཤིག་དྲངས་ནས་ལོ་ཚིགས་ཤིག་བཀོད་འདུག་ཀྱང་དེ་ནོར་མེད་དམ་སྙམ།
འདི་ནི་ཀུན་བདེ་གླིང་དང་འབྲེལ་བ་ཡོད་པས་ཁོང་གི་མི་ཚེའི་བྱུང་བ་བརྗོད་པའི་དེབ་དེ་ཁུངས་གཏུགས་ས་བྱས་ན་དེ་ནི་ཕལ་ཆེར་ཁུངས་བཙན་ཤོས་དེ་མ་ཡིན་ནམ།
ཁོང་གི་མི་ཚེའི་བྱུང་བ་བརྗོད་པའི་དེབ་གཉིས་པའི་ཤོག་གྲངས་༡༧ཐིག་ཕྲེང་༧ པར་བཀོད་པ་འདི་ལྟར། ་་ དེའི་སྐོར་ཁོང་ཚོས་བརྗོད་གསལ་པེ་ཅིང་གཞུང་ལ་གོ་བསྡུར་བྱས་ནས་ལན་བརྡ་བྱས་འཐུས་ཟེར་བ་ཕྱི་ཉིན་སྤྱི་ཟླ༢ཚེས༢༢དགོང་དྲོའི་ཆུ་ཚོད་༣ཐོག་ཐུག་འཕྲད་བྱ་རྒྱུའི་ལན་གསལ་བྱུང་བ་ལྟརབསྐྱོད་དེ་ཐུག་འཕྲད་བྱས་་ ཞེས་དུས་ཚོད་དང་བཅས་པ་གསལ་བོར་བཀོད་མི་འདུག་གམ།
འདིའི་སྐབས་ཀྱི་སྔ་ཕྱིའི་འབྲེལ་བ་བྱེད་མཁན་དང་ཀུན་གླིང་ཧོང་ཀོང་དུ་བཞུགས་ས་སོགས་ཇོར་རྗེ་ཕ་ཋར་སན་ནམ་ཁམས་པ་རྒྱ་བོ་ཞེས་པ་དེ་རེད། ཕྱི་ཟླ་༤ པའི་བར་དེར་ཁོང་ད་རུང་དྷ་སར་ཡང་བཅར་ནས་རྒྱ་བོད་འབྲེལ་བའི་སྐོར་བསམ་ཚུལ་བཏོན་འདུག
དབུ་མའི་ལམ་གྱི་དགོངས་པ་༡༩༧༠ ནས་སེམས་ལ་ཤར་ཡོད་ཟེར་བ་འདིར་ཁུངས་སྐྱེལ་གསལ་པོ་ཞིག་བྱེད་ཐུབ་ན་ཐུགས་རྗེ་ཆེ།
དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།ཞེས་པ་ཞིག་རྒྱལ་བ་རིན་པོ་ཆེའི་སྐུ་སྒེར་དྲ་ཤོག་ཏུ་བཀོད་པའི་ནང་།
་་དེ་ནས་ཕྱི་ལོ་ ༡༩༧༣ ལོར་རྒྱ་ནག་ནང་རིག་གནས་གསར་བརྗེའི་ལས་འགུལ་མུ་མཐུད་སྤེལ་བཞིན་པ་དང༌། བོད་ནང་ལའང་དེ་བཞིན་རིག་གནས་བརྗེའི་ལས་འགུལ་མུ་མཐུད་སྤེལ་བཞིན་པའི་སྒང་ཡིན། དེ་དུས་ཚེ་དབང་འཕྲིན་ལས་སྤྱི་འཐུས་ཚོགས་གཙོ་རྒན་གཞོན་གང་ཡིན་དྲན་གྱི་མི་འདུག་ཀྱང༌། ཚེ་དབང་འཕྲིན་ལས་དང་སྐད་ཆ་བྱུང་བ་གསལ་པོ་དྲན་གྱི་འདུག ང་ཚོ་སྐད་ཆ་བྱུང་དོན་ལ་སྔ་ཕྱི་མ་གཏོགས་རྒྱ་ནག་དང་ང་ཚོའི་བར་སྐད་ཆ་ཤོད་རྒྱུའི་དུས་ཚོད་ཅིག་ཏན་ཏན་འཆར་རྒྱུ་དང༌། ང་ཚོའི་ངོས་ནས་སྐད་ཆ་བཤད་དེ་དཀའ་ངལ་སེལ་ཐབས་བྱ་རྒྱུ་ལས། དེ་མིན་གྱི་ཐབས་ཤེས་གཞན་མེད། གལ་ཏེ་ཐབས་ཤེས་གཞན་ཡོད་པའི་དབང་དུ་བཏང་ཡང༌། ང་རང་ཚོར་འཚམས་པོ་ཡོད་མེད་བསམ་བློ་གཏོང་དགོས། སྐད་ཆ་བཤད་ཕྱིན་གཉིས་མོས་ཀྱི་ལམ་ཞིག་འཚོལ་རྒྱུ་ལས། ང་རང་ཚོ་སོ་སོའི་འདོད་པ་གཅིག་པུའི་ཐོག་ནས་སྐད་ཆ་ཤོད་རེས་ཡོང་ཐབས་མེད། དེར་བརྟེན་ང་རང་ཚོས་རྒྱ་ནག་དང་མཉམ་དུ་སྐད་ཆ་ཤོད་རྒྱུའི་ཐད་བསམ་བློ་གཏོང་དགོས་པས་གང་འདྲ་བྱས་ན་ལེགས་པ་འདུག ང་རང་ཚོས་རང་བཙན་གཙང་མ་ཞེས་བརྗོད་པ་འདི་ལོ་རྒྱུས་ཐོག་ནས་ང་ཚོར་ཐོབ་ཐང་ཡོད་པ་ཞིག་དང༌། ད་ལྟ་བོད་རྒྱ་ཆེའི་མི་མང་གི་མང་མོས་ལ་བསྟུན་ནའང་ཁོང་ཚོས་རང་བཙན་གྱི་འདོད་པ་བྱེད་ཀྱི་ཡོད་པ་རེད།་་ ཅེས་དང་། ་་་་་་
་་ང་ཚོའི་བསམ་བློའི་ནང་སྔ་ཕྱི་མ་ལྟོས་པར་རྒྱ་ནག་དང་མཉམ་དུ་སྐད་ཆ་ཤོད་རྒྱུ་ཕྱི་ལོ་ ༡༩༧༣ ལོ་ཡས་མས་ནས་ཡོད་པར་བརྟེན་ཕྱི་ལོ་ ༡༩༧༩ ལོར་རྒྱ་ནག་ཕྱོགས་ནས་ང་ཚོར་འབྲེལ་བ་བྱ་རྒྱུའི་རྣམ་འགྱུར་སྟོན་སྐབས། ང་ཚོའི་ངོས་ནས་ཀྱང་འབྲེལ་བ་བྱ་རྒྱུར་འདོད་པ་དང༌། དགའ་པོ་ཡོད་ཅེས་བརྗོད་དེ། ང་ཚོས་སྐུ་ཚབ་ཚོགས་པ་གཏོང་རྒྱུ་བྱས་པ་ཡིན།་་ ཞེས་སོགས་གསལ།
བཤད་སྒྲོས་གཅིག་ལས་མ་རྟོགས་ན་དེ་འདྲ་རེད། བོད་ཀྱིས་རྒྱ་གཞུང་དང་འབྲེལ་བ་བྱེད་པ་མིན་པ་རྒྱ་གཞུང་གིས་བོད་ལ་འབྲེལ་བ་བྱེད་དགོས་བའི་དམིགས་ཡུལ་གཅོ་བོ་ནི་རང་བཙན་རྩ་རྫོགས་བྱེད་རྒྱུ་ཆེད་དུ་རེད་དེ། ཁེ་ཕན་མེད་ན་རྒྱས་བོད་ལ་འབྲེལ་བ་བྱེད་དམ། དབུ་མའི་ལམ་གྱི་ཡོངས་གྱི་གཞི་འཛིན་ས་གཙོ་བོ་ནི་༨༧ལོར་སི་པྲ་སི་བྷག་གི་གསུངས་བཤད་ཡིན་ལ་དེ་ལ་རྒྱས་འགྲེལ་རྗེས་ཀྱི་ཨ་རི་གྲོས་ཚོགས་ཀྱི་གསུངས་བཤད་རེད། དེ་ལས་ལྷག་གི་དབུ་མ་པ་རྣམས་ལ་ཁོངས་གཏུགས་ས་བསམ་ཚུལ་ཙམ་ལས་ཡིག་ཆ་གཙང་མ་ཞིག་མེད། དབུ་མའི་དགོངས་པ་རྣལ་མ་ནི་༧༠ཙམ་མིན་པ་༥༠ ནང་ནས་བྱུང་ཚར་བ་རེད། གྲོས་མཐུན་དོན་མཚན་བཅུ་བདུན་ལ་མཚན་རྟོགས་བཀོད་ཅིང་སྐུ་མདུན་གྱིས་པེ་ཅིང་གི་རྐུབ་བཏགས་བླངས ཉིན་ནས་དབུ་མ་དབུ་མཉེས་བ་རེད། གྲོས་མཐུན་བཅུ་བདུན་གྱི་དབུ་མའང་དང་ཐོག་རྒྱ་གཞུང་གིས་བཏོད་པའི་དབུ་མ་རེད། བོད་ཀྱི་སྔ་ཡོད་འཚོ་གནས་དང་བདག་དབང་རྒྱ་ལ་ཡོད་པའི་དབུ་མ་རེད། ད་ལྟ་འགྲོ་བཞིན་པའི་དབུ་མ་ནི་གྲོས་མཐུན་དབུ་མའི་ཕྲུ་གུ་ཡིན། ཕྲུ་གུ་དེའང་རྒྱ་ཡི་ཆབ་སྲིད་ཀྱི་གཡོ་བྱུས་ལས་བྱུང་བ་རེད། རྒྱའི་སྐུ་ཚབ་ཚོས་གཡོ་ཐབས་དེ་བོད་ཀྱི་སྐུ་ཚབ་ཚོ་ལ་སྤྲད་དེ་བེད་སྤྱོད་བཏང་བ་རེད། ཕོ་ཉ་བེད་སྤྱོད་བཏང་ནས་དགྲ་བོ་ལ་རང་གི་འདོད་འདུན་སྒྲུབ་ཏུ་འཇུག་་རྒྱུ་ནི་རྒྱ་ནག་གི་དམག་དོན་ཆབ་སྲིད་ཀྱི་ཐབས་ལམ་ཡོད་ན་མེད་ན་ཞིག་རེད། དེའི་བོད་མི་རྣམས་ལས་སློ་པོ་འཇོག་རྒྱུ་མ་རེད།
ཁ་སྣོན་དང་དག་བཅོས།
བཤད་སྒྲོས་གཅིག་ལས་མ་རྟོགས་ན་དེ་འདྲ་རེད། བོད་ཀྱིས་རྒྱ་གཞུང་དང་འབྲེལ་བ་བྱེད་པ་མིན་པ་རྒྱ་གཞུང་གིས་བོད་ལ་འབྲེལ་བ་བྱེད་དགོས་བའི་དམིགས་ཡུལ་གཅོ་བོ་ནི་རང་བཙན་རྩ་རྫོགས་བྱེད་རྒྱུ་ཆེད་དུ་རེད་དེ། ཁེ་ཕན་མེད་ན་རྒྱས་བོད་ལ་འབྲེལ་བ་བྱེད་དམ། དབུ་མའི་ལམ་གྱི་ཡོངས་གྱི་གཞི་འཛིན་ས་གཙོ་བོ་ནི་༨༧ལོར་སི་པྲ་སི་བྷག་གི་གསུངས་བཤད་ཡིན་ལ་དེ་ལ་རྒྱས་འགྲེལ་རྗེས་ཀྱི་ཨ་རི་གྲོས་ཚོགས་ཀྱི་གསུངས་བཤད་རེད། དེ་ལས་ལྷག་གི་དབུ་མ་པ་རྣམས་ལ་ཁོངས་གཏུགས་ས་བསམ་ཚུལ་ཙམ་ལས་ཡིག་ཆ་གཙང་མ་ཞིག་མེད། བསམ་ཚུལ་དང་དྲན་ཚུལ་ནི་ག་དུས་ཡིན་ཡང་བཟོ་ཆོག་ཅིང་། སེམས་ཀྱི་འཆར་སྒོ་ལ་མཐའ་མེད་པས་ཅི་ཡང་འཁོར་སྲིད། འོན་ཀྱང་དེའི་དངོས་ཡོད་ཀྱི་ཚབ་བྱེད་མི་ཐུབ། དབུ་མའི་དགོངས་པ་རྣལ་མ་ནི་༧༠ཙམ་མིན་པ་༥༠ ནང་ནས་བྱུང་ཚར་བ་རེད། གྲོས་མཐུན་དོན་མཚན་བཅུ་བདུན་ལ་མཚན་རྟོགས་བཀོད་ཅིང་སྐུ་མདུན་གྱིས་པེ་ཅིང་གི་རྐུབ་བཏགས་བླངས ཉིན་ནས་དབུ་མ་དབུ་མཉེས་བ་རེད། གྲོས་མཐུན་བཅུ་བདུན་གྱི་དབུ་མའང་དང་ཐོག་རྒྱ་གཞུང་གིས་བཏོད་པའི་དབུ་མ་རེད། བོད་ཀྱི་སྔ་ཡོད་འཚོ་གནས་དང་བདག་དབང་རྒྱ་ལ་ཡོད་པའི་དབུ་མ་རེད། ད་ལྟ་འགྲོ་བཞིན་པའི་དབུ་མ་ནི་གྲོས་མཐུན་དབུ་མའི་ཕྲུ་གུ་ཡིན། ཕྲུ་གུ་དེའང་རྒྱ་ཡི་ཆབ་སྲིད་ཀྱི་གཡོ་བྱུས་ལས་བྱུང་བ་རེད། རྒྱའི་སྐུ་ཚབ་ཚོས་གཡོ་ཐབས་དེ་བོད་ཀྱི་སྐུ་ཚབ་ཚོ་ལ་སྤྲད་དེ་བེད་སྤྱོད་བཏང་བ་རེད། ཕོ་ཉ་བེད་སྤྱོད་བཏང་ནས་དགྲ་བོ་ལ་རང་གི་འདོད་འདུན་སྒྲུབ་ཏུ་འཇུག་་རྒྱུ་ནི་རྒྱ་ནག་གི་དམག་དོན་ཆབ་སྲིད་ཀྱི་ཐབས་ལམ་ཡོད་ན་མེད་ན་ཞིག་རེད། དེའི་བོད་མི་རྣམས་ལས་སློ་པོ་འཇོག་རྒྱུ་མ་རེད།
འདི་ངོ་མ་དུས་ལ་བབ་པ་ཞིག་རེད། ཁྱོད་ལ་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན། ངས་ཀྱང་དེ་སྔོན་ངའི་དབུ་མའི་ལམ་ལ་ངེས་ཤེས་བསྐྱེད་སྟངས་ཤིག་ཟེར་བའི་རྩོམ་ཞིག་འབྲི་ཁུལ་བྱས་ཡོད། དེའི་ནང་དུ་ད་ལྟའི་ཤེས་ཡོན་པར་ཁས་འཆའ་མཁན་རྣམས་ཀྱིས་དཔེ་དེབ་མི་ཀློག་པའི་སྐོར་བཀོད་ཡོད། འོན་ཀྱང་དེ་རིང་ཁྱོད་ཀྱིས་གསལ་བཤད་གསལ་བོ་ཞིག་བྱས་འདུག་པ་འདིས། ངའི་རྩོམ་འཆལ་འདི་ལ་དགོས་པ་ཁྱད་པར་བ་མི་འདུག
དེ་རིང་བོད་མི་གསར་བརྗེ་བ་ཞིག་ཅེས་པའི་དེབ་དེ་ཡང་བསྐྱར་ཐེངས་ཤིག་མཐོང་སོང་། ཡང་སྐོར་བསྐྱར་སྐོར་གྱིས་ཐེངས་འགའ་བཀླགས་པ་ཡིན། དེའི་ནང་དུ་ཁྱེད་རང་ཚོའི་སྐད་ཆའི་ཟུར་ཞིག་བྲིས་འདུག་པ་འདི་ལྟར། ཤོག་གྲངས་༤༡༨པར་ཏེང་གི་སྲིད་བྱུས་གསར་པའི་ངོས་གཅིག་ནི་ཐའེ་ཝན་དང་། ཧོང་ཀོང་། ཏཱ་ལའི་བླ་མ་དང་བཙན་བྱོལ་བོད་མི་ལྟ་བུའི་འབུར་དུ་ཐོན་པའི་རྒྱལ་སྤྱིའི་གནད་དོན་ཁག་ཐག་གཅོད་ཐུབ་ཐབས་བྱ་རྒྱུ་དེ་རེད་ཅེས་པའོ། །
ངའི་སྐྱེས་སྐར་ལ་སུས་བཀྲིས་བདེ་ལེགས་ཀི་རེད།