བྲན་གྱི་ས་རྀས་ཀྱི་ནང་དུ། མྱང་ནམ་ཏོ་རེ་ཁྲུ་གྲུ་དང་། སྨོན་ཏོ་རེ་ཙེང་སྐུ་སྤད་ཀྱང་། འཛི་ཟུང་གི་བྲན་དུ་བཆད་དོ།། འུང་ནས་། འཛྀ་ཟུང་གི་ཆུང་མ་པ་ཚབ་ཟས། མྱང་བྲན་བྱེད་པ་ལ། དྲེགས་བཀུར་ཏེ། སྡྀག་བསྣོལ། སྟུ་བསྟན་ནས། མྱང་ཙེང་སྐུ་མ་རངས་ཏེ། ཟྀང་པོ་རྗེ་ཁྲི་པང་སུམ་ལ་། མཉན་གྱྀ་བྲན་བྱེད་མི་ཕོད་ཆེས་འཁངས་སྟེ་གསོལ་ཏོ།། ཟྀང་པོ་རྗེ་ན་རེ། མཉན་འཛྀ་ཟུང་ལས་ང་ལ་སྙིང་ཉེ་བ་མེད་པ་འྀ་བྲན་དུ། །ཁྱོན་འདའ་མ་རན་པ་མྱེད་དོ།། རྗོ་མོས་སྡིག་བསྣོལ་སྟུ་བསྟན་པ་བས། ཁར་གླན་ཡང་རྗོ་མོ་དབང་གིས།། ཉེས་པ་མྱེད་དོ་ཞེས་བསྒོསསྟེ། གསོལ་བ་མ་གནང་ངོ།།
གོང་གསལ་འདི་ནི་མྱང་ཙེང་སྐུ་ཞེས་པའི་བློན་པོ་ལ་གཉན་འཛི་ཟུང་གི་ཆུང་མ་པ་ཚབ་བཟས་བརྙས་སྨོད་བྱས་པར་མ་རངས་ནས། ཟིང་པོ་རྗེ་ལ་གྱོད་གསོལ་བ་དང་། ཟིང་པོ་རྗེས་འཛི་ཟུང་གི་ཆུང་མ་ལ་དབང་ཡོད་པས་བྱེད་ཐབས་མེད་ཅེས་གྱོད་དོན་ཐག་གཅོད་གནང་བའི་ཚུལ་བྲིས་པ་ཞིག་རེད། འདི་ལས་གནའ་སྔ་མོའི་བོད་ཀྱི་མིས་གྱོད་བཤད་པའི་རྣམ་པ་མངོན་ཡོད།
། རྗོ་མོས་སྡིག་བསྣོལ་སྟུ་བསྟན་པ་བས་ཞེས་པའི་དོན་མོ་མཚན་བསྟན་པ་ཨེ་རེད། ཇོ་མོ་ལོ་ཆུང་འདྲ་ཡིན་ཨའུ་ཙི་རེད།
གདུགས་དཀར་གྱི་སྔགས་བཏོན་པ་ལྟ་བུ་རེད། བོད་སྐད་ཡིན་ཟེར་ན་སྣ་བར་ཡང་མི་འགྲོ དེ་ལས་སྐད་བསྒྱུར་ཞིག་གིས་སྐད་བསྒྱུར་རོགས།
མེ་ཏོག་དཀར་པོ་འདི་ཡང་གནའ་ཡིག་ཀློག་རྒྱུར་དགའ་བོ་ཡོད་ཟེར་མོད། དེ་རིང་སྟུ་བསྟན་པ་མ་གཏོགས་གང་ཡང་སོ་ཡིས་ཆོད་མི་འདུག ཧཧཧ
ད་ཁྱོད་ཚོས་གང་མགྱོགས་གནའ་རྩོམ་སྐྱིད་པོ་འདི་ལ་འགྲེལ་བ་མ་བརྒྱབ་ན། ངས་ལོག་འགྲེལ་རྒྱགས་རྒྱུ་རེད།།
སྟུ་ཞེས་བྱ་བའི་ཐ་སྙད་འཇིགས་པོ་འདི།།
ཨ་མདོའི་བུ་ལ་ཨ་མའི་སྟུ་བཞིན་དུ།།
ལྐོག་གྱུར་ཡིན་མོད་ཐ་སྙད་སྐྱིད་པོ་འདི།།
ཏུང་ཧོང་གཏེར་ཡིག་ལུང་གིས་ཟིན་འདིས་སྤྲོ།།
ཟླ་མེད་འདིས་ཀྱང་སྟུ་བསྟན་ས་ནས་མར་མཐར་ཆགས་སུ་བཀླགས་མེད་ཚོད། འོག་ནས་རྩ་བ་ལ་དཔག་པའི་དོན་འགྲེལ་རའི་རིལ་མ་འདྲ་ཞིག་འདུག་ག