ནམ་མཁའ།
སྤྱིར་དེང་སང་དུས་རབས་ཉེར་གཅིག་ལ་དམག་འཁྲུག་གྲང་མོའི་དུས་ཕལ་ཆེར་རྫོགས་ཡོད། སྔོན་ལོ་རབས་དྲུག་བཅུ་བདུན་བཅུའི་ནང་དམག་འཁྲུག་གྲང་མོའི་དུས་ཞིག་ཡིན། དཔེར་ན་ཨ་རི་དང་ར་ཤེ་ཡ་ལྟ་བུའི་རྒྱལ་ཁབ་བར་ཕན་ཚུན་གསང་ཉུལ་གཏོང་རེ་བྱེད་པ་ལ་འཛམ་གླིང་གིས་དེ་ལ་དམག་འཁྲུག་གྲང་མོ་ཞེས་འབོད་ཀྱི་ཡོད།
གཅིག
ཁ་སང་དེ་རིང་རྒྱ་ནག་གི་ཆབ་སྲིད་དབང་འཛིན་པ་ཚོའི་བར་གྱི་འགལ་ཟླ་རྣོ་ངར་ཅན་འདིས།ཁོང་ཚོའི་ཕན་ཚུན་བར་གྱི་གསང་བ་དང་སྐྱོན་ཐེར་འདོན་ཆེད་ཕན་ཚུན་གྱིས་གསང་ཉུལ་དང་ཁ་པར་སོགས་ལྐོག་ཉན་བྱས་ཏེ་མངོན་སུམ་དང་མཚོན་ཆ་མེད་པའི་དམག་འཁྲུག་གྲང་མོ་རྒྱབ་སྟེ། སྲིད་དབང་སྒེར་གཅོད་པ་ཚོའི་ཁ་ལག་ཚང་མ་འདར་སིག་རྒྱག་བཞིན་ཡོད།
འདར་སིག་རྒྱག་བཞིན་པའི་དམག་འཁྲུག་གྲང་མོ་འདི་ཡང་མི་དམངས་ཀྱི་བདེ་སྡུག་བསམ་སྟེ་རྒྱབ་པ་ཞིག་མ་ཡིན་པར་ཁོང་ཚོའི་བར་གྱི་དབང་རྩོད་དང་། ཁོང་ཚོའི་སྐྱོན་ཆ་མི་དམངས་ཀྱི་མདུན་སར་འགེབས་སྲུང་བྱེད་ཆེད་ཡིན་ལ། དེ་བས་ཀྱང་བོད་མི་དམངས་ཀྱི་མིག་མདུན་ན་ལག་དམར་ཏུ་གྱུར་བའི་ཧུའུ་ཆིན་ཐའོ་དང་ཝུན་ཅ་པའོ་གཉིས་ཀྱིས་ཀྱང་མའོ་ཙེ་ཏུང་གི་དར་དམར་མངོན་སུམ་མ་ཡིན་པར་འཕྱར་བ་དེ་འགེབས་སྲུང་ཆེད་རེད།
མའོ་ཙེ་ཏུང་གི་བྱ་སྤྱོད་དང་བསམ་བློ་གཉིས་ཀྱི་ཚ་བོ་ཧུའུ་ཆིན་ཐའོ་ཡིས།
པའོ་ཞི་ལེ་དང་ཀྲུང་ཀུང་གཉིས་ཀྱི་ཆབ་སྲིད་ཀྱི་དབང་ཆ་གཅིག་རྗེས་གཉིས་མཐུད་བྱས་ཏེ་བླངས་ཡོད་ལ།དེ་ཡང་ཁོང་གཉིས་ཀྱི་མགོ་ལ་གཡོགས་པའི་ཞྭ་མོ་དེ་ཡང་རིག་གསར་གཉིས་པ་ཞིག་འགོ་བརྩོམས་པའི་འཆར་གཞི་ཡོད་པ་ལ་ཁ་གཡར་ཡོད།
ལྷག་པར་དུ་ཡང་པའོ་ཞི་ལེ་ཁྲུང་ཆིན་གྲོང་ཁྱེར་གྱི་སྤྱི་ཁྱབ་འགོ་འཛིན་སྐབས་ཁོས་ཁྲུང་ཆིན་ནས་རིག་གསར་གྱི་ལས་འགུལ་སྤེལ་ཆེད་ཀྱི་རྨང་རྡོ་བརྩིགས་ཚུལ་སོགས་ཧུའུ་ཆིན་ཐའོ་ཡིས་ཕྱོགས་ཁག་ཚོས་བཤད་བཞིན་ཡོད་པ་མ་ཟད། ཁོས་ད་རུང་ལྐོག་ཟ་རུལ་བསུང་དངུལ་མང་པོ་ཟོས་ཚུལ་བརྗོད་ཀྱི་ཡོད་པས་མི་དམངས་དང་འཛམ་གླིང་གི་གསར་འགོད་པ་ཚོས་ཀྱང་བདེན་པར་ཡིད་ཆེས་བྱེད་བཞིན་ཡོད།
ཡིན་ཡང་ཕྱོགས་ངོས་གཞན་ཞིག་ནས་བཤད་ན། པའོ་ཞི་ལེ་ཁོ་ཁྲུང་ཆིན་གྲོང་ཁྱེར་གྱི་སྤྱི་ཁྱབ་སྐབས། རིག་གསར་བསྐྱར་ལངས་བྱེད་པའི་འཆར་གཞི་ཡོད་པ་ཤེས་བཞིན་དུ་ཁོ་ཀྲུང་དབྱངས་ཀྱི་ཆབ་སྲིད་ཅུའུ་ཡི་ནང་ལེན་དགོས་བའི་རྒྱུ་མཚན་གང་ཡིན་ནམ།
དེ་དུས་ཧུའུ་ཆིན་ཐའོ་ཡིས་པའོ་ཞི་ལེ་ཡི་སྐྱོན་ཆ་མ་ཤེས་བར་བླངས་བ་ཞིག་མ་ཡིན་པར་ཤེས་བཞིན་དུ་ཡར་བླངས་ཏེ་ཀྲུང་དབྱངས་ཀྱི་ཆབ་སྲིད་དབང་འཛིན་པ་མི་དགུ་ཡི་གྲལ་དུ་དེ་རིང་བར་དུ་བཞག་པ་རེད། ད་ལོ་ཆབ་སྲིད་ཀྱི་འཕོ་འགྱུར་དང་སྲིད་འཛིན་བརྗེ་བའི་དུས་ལ་སླེབས་དུས་གཞུང་གི་
དབང་འཛིན་པ་ཧུའུ་ཡི་ཕྱོགས་གཏོགས་ཚོས་ཁོའི་སྐྱོན་དེ་གློ་བུར་ཤེས་རྟོགས་བྱུང་བ་ལྟ་བུ་ཞིག་གིས་བཀག་གཉེར་བྱས།
མ་ཟད་མི་དམངས་ཀྱི་བློ་ཁ་དེ་ཡང་ཧུའུ་ཆིན་ཐའོ་ཁོའི་ཕྱོགས་གཏོགས་སུ་འཁོར་ཆེད། པའོ་ཞི་ལེ་ཡིས་རིག་གནས་གསར་བརྗེ་གཉིས་པ་རོ་ལངས་རྒྱག་འཆར་ཡོད་སྐོར་དང་།ལྐོག་དངུལ་མང་པོ་ཟས་ཚུལ་སོགས་བཤད་དེ་མི་དམངས་ལ་མགོ་བོ་སྐོར་བཞིན་ཡོད་མོད།
འོན་ཀྱང་ཧུའུ་ཆིན་ཐའོ་ཁོ་རང་ཡང་མའོ་ཙེ་ཏུང་གི་བྱ་སྤྱོད་དང་བསམ་བློ་ལ་དུངས་ཞེན་ཡོད།ཁོ་རང་སྲིད་འཛིན་བསྡད་མ་ཐག་མའོ་ཡིས་གསར་བརྗེ་བྱེད་ས་ཡན་ཨན་དང་ཞི་པོ་ཕྰེས་སོགས་སུ་སོང་སྟེ།
བཅོས་མིན་སེམས་གཏིང་གིས་དམ་བཅའ་དང་གུས་འདུད་བྱས་པ་རྒྱ་ནག་མི་དམངས་ཀྱིས་ཤེས་མེད་ལ།ཤེས་ཡོད་ཀྱང་བརྗེད་ཡོད་པ་འདྲ།དེ་མིན་ཁོའི་དྲག་སྤྱོད་གདུགས་རྩུབ་ལ་སྐྲག་ནས་བརྗོད་ཐུབ་ཀྱི་མེད།གང་ལྟར་ཡང་ཁོ་རང་ཡན་ཨན་སོགས་སུ་གནས་མཇལ་བྱེད་དུས་རྒྱ་ནག་གི་ཆབ་སྲིད་མཁས་པ་སྐོར་ཞིག་ཧ་ལས་ཡོད།
དྲང་མོར་བཤད་ན་པའོ་ཞི་ལེ་ཡིས་རིག་གསར་གཉིས་པ་ཞིག་བསྐྱར་ལངས་བྱེད་འཆར་དང་ཁོའི་སྐྱེས་དམན་གྱིས་དབྱིན་ལིན་གྱི་ཚོང་པ་དེ་བསད་མིན་གསལ་བོ་སུས་ཀྱང་བཤད་དཀའ་བ་ཞིག་རེད།
དེ་ཡང་ཧྥུ་རན་སིའི་སྐད་གྲགས་ཆེ་བའི་གསར་ཤོག༼འཛམ་གླིང༽lemondeཟེར་བའི་གཟའ་ཉི་མ་དང་གཟའ་ཟླ་བའི་གསར་ཤོག་༢༡/༥/༢༠༡༢ཉིན་བཏོན་པའི་ཐོག རྒྱ་ནག་ནས་ལོ་སུམ་བཅུའི་རིང་ཁང་པའི་ཨིན་ཅི་ནར་ཡི་ལས་ཀ་བྱས་བའི་patrik Devillersམི་འདིས་བྲིས་བའི་རྩོམ་ཐུང་ཞིག་གི་ནང་།ཁོ་རང་པའོ་ཞི་ལེ་ཡི་ཁྱིམ་དང་འབྲེལ་བ་བྱུང་སྟེ་ཁང་པ་གསར་རྒྱགས་ཀྱི་ལས་ཀ་ཁྲུང་ཆིན་གྲོང་ཁྱེར་ནས་ལས་སྐབས། ཁོས་མཐོང་སྣང་ལ་པའོ་ཞི་ལེ་ཡིས་རིག་གནས་གསར་བརྗེ་གཉིས་པ་ཞིག་བསྐྱར་ལངས་བྱེད་འཆར་མི་འདོད་ལ།པའོ་ཞི་ལེ་ཁོ་རང་གིས་ལས་ཀ་གང་ཡིན་ཞིབ་ཚགས་དང་གང་གཟབ་བྱེད་མཁན་ཞིག་རེད་ཟེར།མ་ཟད་ཁོའི་སྐྱེས་དམན་དེས་ཀྱང་དབྱིན་ཅིའི་ཚོང་པ་བུ་མོ་བསད་པར་བསམ་གྱི་འདུག་མི་འདུག་་ཞེས་བྲིས་འདུག་པས་འདིར་སྙིང་བསྡུས་ཀྱི་ཚིག་འགའ་བྲིས་པ་ཡིན།
གཉིས་པ།
འདི་ཡང་མའོ་ཙེ་ཏུང་གི་སྐབས་ནས་དར་སྲོལ་དུ་གྱུར་བའི་དབང་རྩོད་དང་།ལྟ་བ་མ་མཐུན་པའི་སྐབས་མི་ཞིག་བཙལ་ཏེ་དེའི་ཐོག་སྐྱོན་འཇོག་པ་འདི་གུང་ཁྲན་ཏང་གི་མི་དམངས་ལ་མགོ་བོ་སྐོར་བྱེད་ཀྱི་གཡོ་ཐབས་ཆེ་ཤོས་དེ་ཡིན། ་པའོ་ཞི་ལེ་ཁོ་ལ་ཁོའི་འཆར་གཞི་གང་ཡིན་གྱི་གནས་ཚུལ་དངོས་གནས་དེ་མི་དམངས་ཀྱི་མདུན་གསལ་བཤད་བྱེད་དབང་ཡང་མེད་པར་གྱུར་ཡོད།
དེ་བས་ཀྱང་ཤེས་འདོད་པ་ཞིག་ལ་ཧུའུ་ཆིན་ཐའོ་དང་ཝིན་ཅྰ་པའོ་གཉིས་དང་ཁོའི་ཕྱོགས་གཏོགས་ཚོས་ལྐོག་དངུལ་ཟས་ཡོད་མེད་ལ་འཛམ་གླིང་གསར་འགོད་པ་ཚོར་དོག་པ་དང་དྲི་བ་མེད་ན་ཡང་།
ཁོ་གཉིས་དང་ཁོ་གཉིས་ཀྱི་ཕྱོགས་གཏོགས་པ་ཚོས་ལྐོག་ཟ་རུལ་བསུང་ཡོད་པ་ཐེ་ཚོམ་མེད་པ་ཞིག་རེད།གང་གིས་ཟེར་ན་དེ་མིན་ལྐོག་ཟ་རུལ་བསུང་གི་རིགས་ཚང་མ་མེད་པར་བཟོ་མི་ཐུབ་པའི་རྒྱུ་རྐྱེན་གང་ལ་ཐུག་ཡོད།
དེང་སང་རྒྱ་ནག་གི་མགོ་པེ་ཅིན་ནས་བཟུང་མཇུག་གྲོང་ཚོའི་དཔོན་ཆུང་བར་ལྐོག་ཟ་རུལ་བསུང་གིས་ས་རྡོ་བཞིན་ཁྱབ་ཡོད་པ་ཚང་མ་གཅིག་ཀྱང་མེད་པར་བཟོ་ཐུབ་མེད་པར།་མུ་མཐུད་ནས་མི་དམངས་ཀྱི་འཚོ་བསྟེན་ཅུང་ཟད་ཡོད་པ་ཚང་མ་ཁྲག་བཞིན་འཇུབ་སྟེ།མི་སུ་ཞིག་གིས་ཁྲག་འཇུབ་མཁན་གྱི་དཔོན་རིགས་དེར་གནས་ལུགས་ལྡན་པའི་སྐད་ཆ་བཤད་དབང་སུ་ལ་ཡང་མེད།
ཐ་ན་མི་དམངས་ཀྱི་བདེ་སྡུག་ལ་བསམ་གཞིགས་བྱེད་མཁན་དང་མི་དམངས་ལ་རྒྱབ་སྐྱོར་ཁྲིམས་དང་མཐུན་པའི་སྒོ་ནས་བྱེད་མཁན་དག་ལ་ཡང་ནག་ཉེས་གསར་བརྗེ་ངོ་རྒོལ་པ་དང་ཏང་ལ་ངོ་རྒོལ་བྱེད་མཁན་གྱི་མིང་བཏགས་ཏེ་བཙོན་ཁང་དུ་འཇུག་བཞིན་ཡོད། དཔེར་ན་ཉིན་འདི་གའི་ནང་ཨ་རིར་ནང་མི་ཟླ་སྒྲིལ་གྱི་མིང་གཡར་སྟེ། སྐྱབས་བཅོལ་དུ་ཕྱིན་པའི་ཁྲུན་གུང་ཁྲིན་མིག་ལོང་དེ་ཡང་དཀའ་ངལ་ག་འདྲ་མྱངས་པ་འཛམ་གླིང་གི་མི་དམངས་ཀྱི་སེམས་སུ་མེ་ལོང་ངོར་གཟུགས་བརྙན་འཆར་བ་བཞིན་མཐོང་གསལ་ཡིན།
སྤྱིར་ཅང་ཙེ་མེན་ཁོ་རང་དམར་ཕྱོགས་ཀྱི་ལྟ་བ་མཁྲེགས་པོ་འཛིན་མཁན་ཞིག་ཡིན་པ་གསལ་བོ་རེད།གང་གིས་ཟེར་ན་ཁོ་རང་སྲིད་འཛིན་ལ་བསྡད་དེ་ཟླ་ཤས་རྗེས་ཏིན་ཞོ་ཕེན་གྱི་ལྷོ་ཕྱོགས་གཏམ་བཤད་ཟེར་བའི་ནང་ལ་སུ་ཞིག་གིས་དམར་ཕྱོགས་ཀྱི་ལྟ་བ་མཁྲེགས་འཛིན་བྱས་ཚེ་། དེ་གོ་གནས་དེ་ནས་མར་འབབ་དགོས་ཞེས་བཤད་ཡོད།དེ་ཡང་ཅང་ཙེ་མེན་གྱིས་དམར་ཕྱོགས་ཀྱི་ལྟ་བ་མཁྲེགས་འཛིན་བྱས་བ་ལ་རྟེན་གཏམ་བཤད་བྱས་བ་རྒྱ་ནག་གི་ཧྥ་རླུང་ཀོང་ཚོས་བརྗོད་ཀྱི་ཡོད།
གང་ལྟར་ཁོང་ཚོ་སུ་ཡིན་ཡང་གྲངས་ཉུང་མི་རིགས་ཐོག་ལ་རིག་གནས་གསར་བརྗེ་ཡི་ལས་འགུལ་གཉིས་པ་སྤེལ་ཟིན་པ་ཡིན།༢༠༠༨ལོར་བོད་ཆོལ་གསུམ་ཡོངས་ལ་ལམ་ཕྱོགས་སློབ་གསོའི་ལས་འགུལ་སྤེལ་ཡོད་ལ།དེ་རིང་ཡང་བོད་ཀྱི་བླ་དཔོན་རྣམས་བེད་སྤྱད་ནས་ལམ་ཕྱོགས་སློབ་གསོ་སྤེལ་བཞིན་ཡོད།ཡུ་གུར་བ་ཚོའི་ཐོག་ལ་ཡང་གྲོང་ཚོ་རེ་རེའི་ནང་དྲག་དམག་བཞག་སྟེ་རིག་གསར་དངོས་སུ་སྤེལ་བཞིན་པ་ང་ཚོས་མཐོང་གསལ་ཡིན།
ཧུའུ་ཆིན་ཐའོ་དང་ཝིན་ཅ་པའོ་གཉིས་ཀྱི་སྲིད་དབང་སྒེར་གཅོད་ཀྱི་དུས་ཡུན་རྫོགས་ལ་ཉེ་སྐབས།
རྒྱ་ནག་མི་དམངས་ཀྱི་སེམས་ནང་དུ་ཁོ་གཉིས་དུས་རབས་ཉེར་གཅིག་གི་མི་ནག་ཉེས་ཅན་ཞིག་ཡིན་པ་དེ།ཡལ་བའི་ཕྱིར་དུ་ནག་པོའི་ཤོག་ངོས་སུ་དཀར་ཐིག་གི་ཡིག་འབྲུ་འགའ་འབྲི་ཆེད་ཁོ་ན་ཡིན་པ་ལས།རྒྱ་ནག་མི་དམངས་ཀྱི་རང་དབང་དང་བདེ་སྡུག་བསམ་པ་ཞིག་ནམ་ཡང་མིན།
གལ་སྲིད་བདེ་སྡུག་བསམ་པ་ཡིན་ཚེ་ལོ་བཅུའི་རིང་ལ་མི་དམངས་ཀྱི་རང་དབང་ལ་ཕོག་ཐུག་གཏོང་རྐྱང་བྱས་བ་ལས་རང་དབང་དང་བདེ་སྡུག་གི་སྐོར་གླེང་སློང་ནམ་ཡང་བྱས་མེད།
དེ་རིང་ནས་བཟུང་ཕྲན་གྱིས་རེ་སྒུག་ཞིག་དང་འབྲེལ་བའི་སྨོན་ལམ་ཞིག་ཡོད་པ་ནི།
ཏིན་ཞོ་ཕེན་གྱིས་མའོ་ཙེ་ཏུང་ལ་སྙིང་ནད་རྩད་དེ་ཅང་ཆིན་བཙོན་ཁང་ནས་མི་ཚེ་ལ་རྫོགས་ཚིག་བྲིས་པ་ལྟ་བུ་བཞིན་འབྱུང་མིན་བཤད་དཀའ་ཡང་།གང་ལྟར་པའོ་ཞི་ལེ་ཡི་དང་ཁོའི་རྗེས་འཇུག་པ་ཚོས་ཀྱང་ཧུའུ་ཝིན་གཉིས་ལ་སྙིང་ནད་རྩོད་རྒྱུ་དེ་རེད།
སྙིང་ནད་རྩོད་རྒྱུ་དེ་ཡང་དུས་ཡུན་ཐུང་ངུའི་ནང་རྩོད་ཐུབ་པའི་རེ་བ་ཡོད།
དེ་དུས་བོད་ཀྱི་དུས་རབས་གཉིས་ཀྱི་ལག་དམར་ཧུའུ་ཝིན་གཉིས་ཀྱི་གཡོ་ཁྲམ་ཆ་ཚང་རྒྱ་ནག་མི་དམངས་ཀྱི་མདུན་བཤམས་སྲིད། ནམ་མཁས་ཡོ་རུབ་ནས༢༣/༥/༢༠༡༢ལ་བྲིས།
ཀྲུང་གོས་ཨོ་སི་ཁྲུ་རི་ཡའི་སྲིད་བློན་སོགས་ཀྱིས་ཏཱ་ལའི་བླ་མར་ཐུག་འཕྲད་བྱས་པའི་སྐོར་གྱི་གསར་འགོད་པའི་དྲི་བར་ལན་བསྐྱོན་པ།
སྤེལ་དུས། 2012-05-27 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་སྒྲིག་པ། བསྟན་འཛིན་པད་མས་བསྒྱུར།
ཟླ་༥བའི་ཚེས་༢༦ཉིན། ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་ཧུང་ལེ་ཡིས་ཨོ་སི་ཁྲུ་རི་ཡའི་སྲིད་བློན་དང་ཕྱི་འབྲེལ་བློན་ཆེན་གྱིས་ཏཱ་ལའི་བླ་མར་ཐུག་འཕྲད་བྱས་པའི་སྐོར་གྱི་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད།
གསར་འགོད་པ་ཞིག་གིས་འདི་སྐད། ཉེ་ལམ། ཨོ་སི་ཁྲུ་རི་ཡའི་སྲིད་བློན་ཧྥ་དབྱི་མན་དང་སྲིད་བློན་གཞོན་པ་དང་ཕྱི་འབྲེལ་བློན་ཆེན་གཉིས་ཀྱི་འགན་གཅིག་ལྕོགས་སུ་བཞེས་པའི་ཧྲི་ཕན་ཏེ་ལི་ཀི་གཉིས་ཀྱིས་རྒྱལ་ས་ཝི་ཨེན་ན་ནས་ཏཱ་ལའི་བླ་མར་ཐུག་འཕྲད་བྱས་ཡོད་ཅིང་། དེའི་སྐོར་ཀྲུང་གོ་ལ་ལྟ་ཚུལ་ཅི་ཞིག་ཡོད་ཅེས་དྲིས་པར།
ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧུང་ལེ་ཡིས་དེའི་ལན་དུ་འདི་ལྟར། ཉེ་སྔོན། ཨོ་ཕྱོགས་ཀྱིས་ཀྲུང་གོའི་ཐེངས་མང་རིང་སྐད་ཆ་བཙན་པོ་བཤད་པར་མ་ཉན་པར། ཨུ་ཚུགས་ངང་སྲིད་བློན་ཧྥ་དབྱི་མན་དང་། སྲིད་བློན་གཞོན་པ་ཧྲི་ཕན་ཏེ་ལི་ཀི་གཉིས་ཏཱ་ལའི་བླ་མར་ཐུག་འཕྲད་བྱེད་དུ་བཅུག་པ་དེ་ནི། ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་ཚབས་ཆེན་བྱས་པ་ཡིན་ཞིང་། ཀྲུང་གོའི་མི་དམངས་ཀྱི་སེམས་ལ་གནོད་པ་བྱས་པ་མ་ཟད། བོད་རང་བཙན་པར་ནོར་འཁྲུལ་གྱི་བརྡ་རྟགས་བསྟན་པ་ཡིན་པས། བྱ་སྤྱོད་དེ་ནི་ཀྲུང་གོའི་བློ་ལ་གཏན་ནས་མི་འབབ་ཅིང་རྒོལ་བ་ཆེན་པོ་བྱེད་རྒྱུ་ཡིན་ཞེས་དང་། ཀྲུང་གོའི་ཕྱི་འབྲེལ་པུའུ་དང་ཀྲུང་གོའི་ཨོ་སི་ཁྲུ་རི་ཡར་སྡོད་པའི་གཞུང་ཚབ་ཁང་གཉིས་ཀྱིས་པེ་ཅིང་དང་ཝི་ཨེན་ན་ས་གཉིས་ནས་ཨོ་ཕྱོགས་ལ་སྐད་ཆ་བཙན་པོ་བཤད་རྩིས་ཡོད་ཅེས་བཤད།
ཧུང་ལེ་ཡིས་སླར་ཡང་འདི་སྐད། བོད་དོན་ནི་ཀྲུང་གོའི་ནང་སྲིད་ཁོ་ནར་གཏོགས་ཤིང་། ཏཱ་ལའི་ནི་དུས་རྒྱུན་ཆོས་ཀྱི་དར་ཆ་ཕྱར་ནས་ཀྲུང་གོ་ཁ་བྲལ་གཏོང་བའི་ཆབ་སྲིད་བྱ་འགུལ་སྤེལ་མཁན་གྱི་ཡུལ་གྱར་བ་ཞིག་ཡིན་པས། རྒྱལ་ཁབ་གང་རུང་གི་མགོ་ཁྲིད་པས་རྣམ་པ་ཅི་ཞིག་ལ་བརྟེན་ནས་ཏཱ་ལའི་ལ་ཐུག་འཕྲད་བྱས་ཀྱང་དེར་ཀྲུང་གོས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་ཡིན་ཞེས་དང་། ཡང་ཀྲུང་ཕྱོགས་ཀྱིས་རྒྱལ་ཁབ་གང་རུང་དང་མི་སྒེར་གང་རུང་གིས་བོད་དོན་བེད་སྤྱད་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་ཡིན། ཨོ་སི་ཁྲུ་རི་ཡ་ཡིས་ཀྲུང་གོའི་ལངས་ཕྱོགས་ལ་བསམ་བློ་ཞིབ་མོ་བཏང་ནས། བོད་རང་བཙན་གྱི་ཀྲུང་གོར་རྒོལ་བའི་སྟོབས་ཤུགས་ལ་ངན་སྐུལ་དང་རྒྱབ་སྐྱོར་བྱེད་མཚམས་བཞག་ནས། མགྱོགས་མྱུར་ངང་བྱེད་ཐབས་ནུས་ལྡན་སྤྱད་དེ་ཤུགས་རྐྱེན་ངན་པ་སེལ་དགོས་པ་དང་། དོན་དངོས་ལ་བརྟེན་ནས་ཀྲུང་དབྱིན་འབྲེལ་བ་གོང་དུ་འཕེལ་བར་སྲུང་སྐྱོབ་བྱེད་དགོས་པའི་བླང་བྱ་བཏོན།
ནམ་མཁའ་ལགས།ཁྱེད་ཀྱིས་བྲིས་པ་ལ་ཐུགས་རྗེ་ཆེ་ཞུ་འདོད་ཡོད།ཡིན་ཡང་དེང་སང་རྒྱ་ནག་གི་སྐྱོན་གྱི་རིགས་བྲིས་ན་ཀློག་མཁན་ཉུང་ཉུང་རེད།དེ་བས་བཙན་བྱོལ་ནང་གི་རྙོག་དྲ་ཕྲན་བུ་བྲིས་ན་ཀློག་མཁན་མང་པོ་ཡོད་ལ།
དྲ་འབུ་ཚོར་དགའ་ས་དེ་རེད།ཁྱེད་ཀྱིས་མིག་གི་མཐོང་གསལ་ཡིན།
ངའི་ཡང་དེ་ལྟར་འདོད།དྲ་འབུ་ཚོ་ཆེས་དགའ་ས་ནི་
རྙོག་དྲ་དང་ཆགས་པའི་སྐོར་ཡིན་པ་འདྲ་བོ་འདུགཚོད་ལྟ་བྱས་དང་
ཡང་ན་བྲིས་དང་ཀློག་མཆན་དང་མཆན་བུ་མང་པོ་མང་པོ་ཡོད་པ་རེད་ད།
ཁ་བ་འཚོ་ལགས། སྐུ་ཉིད་ཀྱི་བསམ་ཕྱོགས་འདི་ལ་བདེན་པའི་ཆ་ཞིག་འདུག་སྟེ། དཔྱད་བརྗོད་པ་ཡོངས་ཁྱོད་དང་ལྷན་གཅིག་སྦྱར་ནས་བསམ་ཚུལ་བཞད་ན་མི་འགྲིག་གི་འདོད། རྒྱུ་མཚན་ཀློག་མཁན་གྱི་ཁ་གྲངས་ལ་དམིགས་ནས་བརྗོད་གཞི་འདེམས་སྟངས་ཀྱི་ཆ་ནས་རེད།
དེ་ཡང་དཔྱད་བརྗོད་པ་སྐོར་ཞིག དྲ་འབུ་ཟེར་རམ་བསམ་གཞིགས་ཀུན་མཐུན་མི་བྱེད་མཁན་རིགས་ལ་འབྲེལ་བ་དེ་ཙམ་མི་འདུག རང་ཉིད་ཀྱི་ནུས་ཚོད་ལྟར་པེ་ཅིན་གཞུང་གི་མཁར་རྩ་སྔོག་དགོས་སྙམ་པར་མོས་བའི་དབང་གིས་བློ་སྣ་གཅིག་ལས་གཉིས་མི་འདུག
དཔྱད་བརྗོད་པ་ལ་ལ་ན་རེ། ཐོག་མ་ནས་དྲ་འབུ་ཟེར་རམ་རུལ་དྲི་ཁ་ས་ལ་ལྡིང་སྐོར་བྱེད་དགའ་བའི་རྗེས་འདེད་པ་ཚོ་དམིགས་རྗེས། རྩོམ་བྱང་ཁོ་རང་འོད་ཡུག་ཡུག་གི་སྣུམ་ཚོན་བྱུགས་ནས་ཡོད། དེ་ལ་དེར་བརྟན་གྱིས་དྲ་འབུ་ཟེར་རམ་རང་ཉིད་ཀྱི་འདོད་བློ་དང་མཐུན་པའི་རྗེས་འདེད་པ་འཚུབ་ནས་འཐིབ་ཡོང་དུས་དགའ་འགྲོ་ལ། རང་ཉིད་ཀྱི་བསམ་ཕྱོགས་དང་མི་མཐུན་པའི་རིགས་ལྡིང་སྐོར་བྱེད་དུས་ཞེ་འགྲོ་བའི་སྣང་བ་འདི། ཁྱོད་དང་ང་འདྲ་མཚུངས་རེད། གང་ལྟར་བསམ་ཚུལ་འདི་བཏོན་པ་ཡག་འདུག
རྒྱ་ནག་པོ་ནག་རྐྱང་ཚང་གི་ནང་འཛིང་ལ་མགོ་བོ་འཁོར་དགོས་དོན་ཨེ་ཡོད་ན། ང་ཚོ་ལ་བོད་དོན་ཞེས་གླེང་རྒྱུ་དང་རྩོད་རྒྱུ་མང་པོ་ཡོད་པ་རེད། བོད་རྒྱ་ལག་ནས་ཐར་ཐབས་སུ་རྙོག་ཛིང་འདྲ་ཡོད་ན་མགོ་བོ་འཁོར་དང་འཁོར། དེ་མིན་དེ་ལ་དྲ་འབུ་ཚོ་མ་འཁོར་ན་ཁེངས་ར་དགོས་དོན་མི་འདུག་བསམ།
གནམ་ལགས།ང་ཚོས་སྐྱོན་ཐེར་འདོན་བྱེད་ས་བོད་ཐོག་མ་རེད།དེ་རྒྱ་ནག་པོ་ནག་རྐྱང་བཟོ་རྒྱུ་དེ་རེད།བོད་དོན་བཤད་དགོས་ན་རྒྱ་ནག་པོ་བཟོ་དགོས་བོད་ནག་པོ་བཟོ་དགོས་བ་མ་རེད་།ད་རུང་གང་ནག་པོ་བཟོ་དགོས་ཤེས་མི་འདུག དེའི་ཕྱིར་ནམ་མཁས་ག་དུས་རྩོམ་ཐུང་འབྲི་དུས་ཡང་རྒྱ་ཡི་སྐྱོན་ཐེར་འདོན་བྱེད་པ་ཡང་དམིགས་ཡུལ་ངེས་ཅན་ཞིག་ཡོད་པ་རེད་སྙམ།ཁྱོད་འདྲ་བོས་གང་ནག་པོ་བཟོ་དགོས་མིན་མི་ཤེས་བའི་དྲ་འབུ་འཁོར་ཡང་དགོས་ཕན་མི་འདུག་སྙམ། ཁྱོད་ཀྱི་མུ་མཐུད་ནས་བོད་དོན་ནག་པོ་བཟོ་འདོད་ཡོད་ན་བཟོ་རོགས་ལབ་རྒྱུ་ཡིན།ཁྱོད་ལྟ་བུས་བཟོས་ཀྱང་ནག་པོ་འགྱུར་དཀའ།ཁྱོད་འདྲའི་དྲ་འབུ་སྐོར་ཞིག་བོད་ནང་ཁུལ་གྱི་རྙོག་དྲ་ཕྲན་བུའི་སྒང་ལ་ཤ་རུལ་ཐོག་སྦྲང་ནག་འབབ་པ་བཞིན་བབ་ན་འགྲིག་བཀག་འགོག་སུས་ཀྱང་བྱེད་ཀྱི་མ་མེད།
འདིར་མང་མང་གི་དྲ་འབུ་དང་དྲ་འབུ་གསུངས་སོང་། གསུངས་མཁན་རྣམ་པ་རང་ཉིད་དྲ་འབུ་མིན་པར་ཤོག
ནམ་མཁའ་ཟེར་བ་ལགས། ཁྱེད་ཀྱིས། དེ་དུས་ཧུའུ་ཆིན་ཐའོ་ཡིས་པའོ་ཞི་ལེ་ཡི་སྐྱོན་ཆ་མ་ཤེས་བར་བླངས་བ་ཞིག་མ་ཡིན་པར་ཤེས་བཞིན་དུ་ཡར་བླངས་ཏེ་ཀྲུང་དབྱངས་ཀྱི་ཆབ་སྲིད་དབང་འཛིན་པ་མི་དགུ་ཡི་གྲལ་དུ་དེ་རིང་བར་དུ་བཞག་པ་རེད། ཅེས་བྲིས་འདུག
ང་ཚོའི་ཤེས་ཚོད་ལྟར་ན། སྦོ་ཞི་ལའེ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མི་སྣ་ཉེར་ལྔའི་གྲས་སུ་ཡོད་མྱོང་བ་ལས། ཆབ་སྲིད་ཅུས་ཀྱི་རྒྱུན་ལས་མི་དགུའི་ནང་ཡོད་མྱོང་བ་གོ་མ་མྱོང་། འགྲེལ་བཤད་ཅིག་གནང་རོགས།
ད་ཁག་ཡོད་ནི་མ་རེད། ང་བཅུ་ང་དགུ་ལོའི་ནས་བརྩིགས་ཡོད་པའི་བར་གྱང་དེ་ད་དུས་རབས་ཉི་ཤུ་བའི་ནང་ལ་རྙིང་པ་ཆགས་སོང་བ་རེད། ད་ཡིན་ན་བར་གྱང་གཞན་གྱིས་གཏོར་དགོས་ཀྱིན་ཡོད་པ་མ་རེད། བར་ཀྱང་དེ་རང་བཞིན་ཀྱིས་ལོག་ནས་འགྲོ་གིན་ཡོད་རེད།
ད་ཡིན་ན་ཡག་པོ་རེད་ཉིག་ལ་སྟོན་ནས་ཡོངས་གིན་ཡོད་རེད
ཨ་ཆེ་ལོ་ལོ།
རྒྱ་ནག་པོ་ནག་རྐྱང་ཡིན་པ་ཚེ་སྔོན་མ་ནས་ཤེས་ཡོད། ཁོང་ཚོས་ང་ཚོའི་ཕ་མེས་ཡང་མེས་ཡོད་ཚད་སྐེ་གཅོད་མུག་སྡུག་དུ་བཏང་ནས་བསད་པ་རེད། ཁོང་ཚོས་ང་ཚོའི་མ་མེས་ཡང་མེས་ཚོ་ཡང་བཙན་གཡབ་དང་མུག་སྡུག་དུ་བཏང་ནས་བསད་པ་རེད། ཁོ་ཚོ་ང་ཚོའི་དགྲ་དགྲ་ནག་དེ། ལག་པའི་ནང་ན་ད་དུང་ཤ་རུས་གདོང་རྒྱུད་གཅིག་པ་དག་གི་གསོན་ཁྲག་ལེན་དང་ལེན་བཞིན་པ་རེད། ནག་པོ་ཆགས་ཡོད་པ་ཞིག་ལ་ནག་པོ་བཟོ་དགོས་དོན་ཡོད་པ་མ་རེད། ཨ་ཆེ་ཁ་བ་འཚོས་མོ་ཁ་སྒུལ་གི་མ་འདུག དགའ་ལྡན་གསེར་ཁྲི་ལ་བདག་པོ་རྒྱག་ཐུབ་ནིའི་བུ་ཞིག་གི་སྨོན་ལམ་ཐོབས་དང་དེ་ཡིས་ང་ཚོ་ལ་ཕན་ནི་རེད།
ཨ་ཆེ་ཁ་བ་འཚོ་ཁྱོ་ཐེ་བའི་བོད་མི་ཡོད་ཚད་དང་ཡིན་ཚད་ངའི་ཤ་རུས་སུ་འཐིམ་ཡོད་པས་དོན་རྐྱེན་འདྲ་བྱུང་ན་མི་གླེང་ཀ་མེད་རེད་ཡ། ཤ་ཚ་བའི་ཚིག་ལ་སྙན་པོ་མེད། ནད་དྲག་པའི་སྨན་ལ་ཞིམ་པོ་མེད། སྐབས་རེར་ཞིམ་པོ་དང་སྙན་པོ་མེད་རུང་དེའི་ཕན་པ་ཁྱོས་ལོས་ཤེས། ཨོ་ཨ་ཆེ་ཁྱོ་ཨ་ཆེ་ཞིག་ཡིན་ནས་ན། ཨ་མ་ཞིག་ཡིན་ནས་ན། ཡང་ན་སྲིང་ཆུང་མ་ཞིག་ཡིན་ན་རེད་ངས་ཤེས། དྲ་འབུ་ཞིག་ཡིན་ནི་བོ་མངོན་གསལ་རེད།
ཡག་པོ་བྲིས་འདུག རྒྱབ་སྐྱོར་ཡོད།
( ཡང་ན་སྲིང་ཆུང་མ་ཞིག་ཡིན་ན་རེད་ངས་མི་ཤེས)
མི་གཅིག་ཆད་ནས་མགོ་ལོག་རྩེས་འདུག