སྐྱོ་བྲག་དགའ་དབང་།
མི་རིགས་དང་རྒྱལ་ཁབ་གང་ཞིག་ཡིན་ནའང་དཔེ་མཛོད་ནི་མེད་དུ་མི་རུང་བ་ཡིན་ཅིང་། བོད་རང་ལ་ཡང་ངོམ་དུ་རུང་བའི་དཔེ་ཆའི་ཁ་གྲངས་ཆེས་མང་བས་སྔ་ནས་ད་བར་དཔེ་མཛོད་ཡོད་མོད། ད་དུང་ཡར་རྒྱས་དང་ཕུན་ཚོགས་ཡོང་ཆེད། ལག་ལེན་དངོས་ཀྱི་ཉམས་མྱོང་གཞི་ལ་བཞག་ནས་རིགས་པའི་དཔྱད་གླེང་གང་མང་བྱ་ཐུབ་པ་ཡིན་ན། མི་རིགས་གཞན་པའི་ལམ་ལུགས་ང་ཚོར་བཙན་འགེལ་གྱིས་ཞྭ་དཔེ་ལྷམ་འགེབས་བྱས་པ་ལྟ་བུ་མིན་པར་བོད་རང་གི་དཔེ་མཛོད་རིག་པ་རང་རྐང་ཚུགས་པ་ཞིག་ཡོང་ཐུབ་ཀྱི་རེད། དེང་དུས་ཀྱི་བོད་པའི་དཔེ་མཛོད་ཅིག་ཡིན་པ་གཞི་ལ་བཞག་ན། མ་དེབ་ཏུ་བཀོད་པ་དང་། སྐད་ཡིག་འཇོག་སྟངས་འདི་བཞིན་བྱས་ན་ལེགས་པར་སྙམ།
༡ གཙོ་གཉེར་སྐད་ཡིག །
༢ ཉེར་མཁོའི་ཅ་དངོས། (གློག་ཀླད་སོགས་དཔེ་མཛོད་ལ་མཁོ་ཆས།)
༡ གཙོ་གཉེར་སྐད་ཡིག་ལ། སྒྲ་སྐད། (སྒྲ་འཛིན་ཡོ་ཆས་རྣམས་སུ་ཡོད་པ།) ཡིག་ཆ།
གཉི་ག་ལ། རྗོད་བྱེད། བརྗོད་བྱ།
༡ རྗོད་བྱེད་ལ། བོད་ཀྱི་སྐད་ཡིག །རྒྱ་གར་སྐད་ཡིག །རྒྱ་ནག་སྐད་ཡིག །དབྱིན་ཇི་སྐད་ཡིག་སོགས།
༢ བརྗོད་བྱ་ལ། ཆོས། འཇིག་རྟེན། (དོན་དང་མཛད་པོ་གཉི་ག་ནས་ཆོས་སུ་བགྲང་དུ་མེད་པ།)
༡ ཆོས་ལ། གཞན་ནས་བསྒྱུར་བ། བོད་དུ་བརྩམས་པ།
༡ གཞན་ནས་བསྒྱུར་བ་ལ། བཀའ་འགྱུར། བསྟན་འགྱུར། (བཀའ་བསྟན་གྱི་མ་དཔེ་མ་འདྲ་བ།)
༢ བོད་དུ་བརྩམས་པ་ལ། བནྡེ། བོན་པོ།
༡ བནྡེ་ལ། རྙིང་མ། བཀའ་གདམས། ས་སྐྱ། བཀའ་བརྒྱུད། དགེ་ལུགས་སོགས།
ཐམས་ཅད་ལ། སྣ་ཚོགས། རྐྱང་པ།
༡ སྣ་ཚོགས་ལ། བཀའ་འབུམ། ཕྱོགས་བསྒྲིགས། (རིན་ཆེན་གཏེར་མཛོད་ལྟ་བུ།)
༢ རྐྱང་པ་ལ། གཞུང་། རིག་གནས། ལོ་རྒྱུས། ངེས་མེད། (འདི་ཞེས་ཁ་ཚོན་གཅོད་དཀའ་བ།)
བོན་པོ་ལ། སྣ་ཚོགས། རྐྱང་པ་སོགས་སུ་དབྱེའོ། །འདི་ནི་རྩ་བའི་ས་བཅད་དཔེ་མཚོན་ཙམ་ཡིན་ནོ། །
འབམ་རོམ་བཀའ་བརྒྱུད་དཔེ་མཛོད་ག་ཚོད་ཡོད་དམ།
མགོ་ཚོས་མ་སོང་། གནས་ཆུང་གི་བཀའ་ལུང་འདྲ་པོ་ཞིག་འདུག
ཤེས་དགའ་ལ་དག་མཆན་གནང་རོགས་ཐུགས་རྗེ་ཆེ་
དག་མཆན་གནང་བར་ཐུགས་རྗེ་ཆེ་
དཔེ་མཛོད་འགན་འཛིན་ཁྱེད་རང་འདྲ་བོ་ཞིག་ཡོད་པའི་དབང་དུ་བཏང་ན་རྒུད་པའི་ལམ་དུ་འཁྲིད་ངེས།
ཨོ་ཇོ་ནང་ཆད་པ་མིན་འགྲོ་མཐོང་རྒྱུ་མི་འདུག
རྐྱང་པ་དང་སྣ་ཚོགས་གཉིས་ལ་ཁྱད་པར་འདུག་གམ།
མ་གཞི་ནས་སྣ་ཚོགས་ཀྱི་ནང་དུ་ཐམས་ཅད་འདུ་འགྲོ་གི་འདུག་པས་དེས་ན་རྐྱང་པ་ལོགས་སུ་བཀར་དགོས་མ་མཐོང།
གང་ཡིན་ཟེར་ན། སྣ་ཚོགས་ནི་བཀའ་དང་བསྟན་འགྱུར་ལས་སོགས་ཡོངས་རྫོགས་འདུ་གི་འདུག་པས་དེས་ན་གསལ་བཤད་ཡོད་པར་ཞུ།
དཔེ་མཛོད་ཁང་ཞིག་ལ་མཁོ་བའི་འཆར་གཞི་མང་ཆེ་བ་འགྲིག་འདུག ཡིན་ན་ཡང་། ད་ལྟའི་སྤྱི་ཚོགས་ཀྱི་ཁོར་ཡུག་ལ་དཔགས་ན། དཔེ་མཛོད་མང་པོ་སྒོ་རྒྱག་གི་ཡོད། རྒྱུ་མཚན་ནི། གློག་དེབ་དག་གིས་དེབ་ཀྱི་རིན་ཐང་ཆུང་དུ་བཏང་ཞིང་། རང་ཉིད་ཀྱི་གློག་ཀླད་དེ་ཉིད་རང་ལ་འཚམས་པའི་དཔེ་མཛོད་ཁང་ཆེན་པོ་རེར་བསྒྱུར་བས་སོ།
དཔེ་མཛོད་ཁང་གི་དགོངས་འཆར་མ་གཞི་ཡག་པོ་རེད། མདོར་ན་དཔེ་རྒྱུན་དཀོན་རིགས་ལ་གཅེས་སྤྲས་དང་། ཆོས་བརྒྱུད་ཆུང་རིགས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད། ༡༩༧༠ཡས་མས་ཤིག་ལ་བླ་ཆེན་མང་པོས་དཔེ་མཛོད་ཁང་འཛུག་གི་ཡོད་ཅེས་ཁྱབ་བསྒྲགས་ཤུགས་ཆེན་བྱས་ཏེ་སྟོད་ལ་དྭགས་ནས་གློ་ཡུལ་བར་གྱི་དཔེ་རྙིང་རྣམས་བསྡུས་ཏེ་ཕྱི་རྒྱལ་ལ་བཙོང་། ད་ལྟ་རངརེའི་བལྟ་རྒྱུ་པར་ཞོག དཔེ་བཤུས་རེ་དགོས་ཀྱང་གནས་དུས་དང་མི་མཐུན་པའི་གོང་ཆེན་སྤྲོད་དགོས་པ་ལ་དཟིགས་ཤིག དཔེ་མཛོད་ཁང་དང་བླ་མ་གཉིས་ཀ་མི་ཁ་ཤས་ཀྱི་སྒེར་བདག་སྟངས་འཛིན་མ་ཡིན་པར་ཀུན་ལ་ཕན་པ་ཞིག་ཐུགས་རྗེས་གཟིགས་པར་ཞུ། །
དཔེ་མཛོད་མེད་པས་འཆར་གཞི་དེ་རང་སྡུག་རང་གི་ཉོས་པ་རེད།