ཀླུ་སྨྱོན།
གདོན་འདྲེའི་མིག
ནམ་གུང་གདོན་འདྲེས་ཁྲོ་མིག་གདངས་བཞིན་ངའི་སྒོ་བརྡུངས་སོང་།
རྒྱུ་མཚན་ནི་དོ་དགོང་ངས་ཁོའི་སྒོ་རྡུང་རྒྱུ་བརྗེད་པས་རེད།
ཆགས་པའི་མིག
ཉི་འོད་དང་རྒྱ་མཚོས་བུ་མོ་དག་གཅེར་བུར་ཕུད།
དེ་ལ་དཀོན་མཆོག་གིས་ཀྱང་ཆགས་པའི་མིག་གིས་ཅེར།
རྐུན་མའི་མིག
ཨ་རིའི་དཔལ་འབྱོར་ཉམས་རྒུད་འདི་ངོ་མ་བཟོད་དཀའ་བའི་གོ་རིམ་ཞིག་ཡིན་པས།
ཉི་མ་ཁ་དཀར་ངོ་དཀར་ལ་ཕྱུག་པོ་ཚོས་ཀྱང་རྐུ་བྱེད་བཞིན་འདུག
རི་དྭགས་མིག
འདི་ནི་ནགས་ཀླུང་མིན་ཡང་ཡུ་མོ་མང་བ་དང་།
ང་ནི་རྔོན་པ་མིན་ཡང་སྙིང་རྗེ་མོ་འདི་དག་གིས་རི་དྭགས་མིག་གིས་ཟུམ་བུར་ལྟ།
འཇིགས་པའི་མིག
ཡོད་ཚད་འགྱུར་བའི་རང་བཞིན་ཅན་དུ་གྲུབ་ཟིན་པས།
སྲོག་ལྡན་ཡོད་དོ་ཅོག་གིས་འཇིགས་པའི་མིག་ཟུང་བགྲད་ནས་ཐར་ལམ་འཚོལ།
འཆི་བའི་མིག
མི་རྟག་པ་དང་གདོང་གཏུགས་དྲག་པོ་ཞིག་བརྒྱབ་རྗེས།
ད་གཟོད་འཆི་བ་རྟགས་ཅན་གྱི་མིག་འོད་ཅིག་ཉི་འོད་བཞིན་འཕྲོ།
རེ་བའི་མིག
སྐྱིད་ལ་སྡུག་པའི་འཇིག་རྟེན་འདིར་སྡོད་འདོད་ཀྱིས།
རེ་བའི་མིག་གིས་ཅེར་རེར་ཁོ་བོའི་གདོང་ལ་ལྟ།
ཉོབ་པའི་མིག
ཉི་འོད་དང་རླུང་བུ་རེས་མོས་ཀྱིས་ལྡང་བས།
ད་ནི་ཉོབ་ཅིང་དུབ་པའི་མིག་མདའ་ཞིག་གིས་ཁོ་བོ་ས་རུ་བསྒྱེལ།
ད་འདི་ཅི་རེད། ཧ་མ་གོ་ཐལ།
འདི་ལ་གོ་རྒྱུ་མེད་པའི་སྙན་ངག་ཟེར་ནི་རེད།
ཨ་ལེ། དེ་འདྲ་ཡིན་པ་རེད།
མཁས་བས་གསུང་ན་ཅི་ཡང་སྙན་པའི་རྟོགས་པ་སྐྱེས་ཡོད་གི་ཨེ་འདོག་གི
སྣ་རྡོ་ལ་མ་ཐུག་ན། མགོ་རུམ་ལ་མི་ཐུམ་ཡ།
ངས་གོ་བ་ཞིག་ལོན་སོང་རེད།
ཡིན་རྒྱུ་མ་རེད་ཨ།
ཆོ་མེད་རང་རེད། སྨྱོན་པ་རང་རེད། གོ་རྒྱུ་མེད་པའི་སྙན་ངག་འདྲ་བྲིས་ནས་ཉི་མ་གང་འཁྱོལ་གྱིས་ཨ། ཉིན་གཅིག་རྐུབ་ནག་བུག་གེར་འགྲོ་དུས་གཞི་ནས་འགྱོད་ཡོང་ཡ།
འདི་ལ་ཡང་སྙན་ངག་ཟེར་དགོས་རེད་པ། ད་གཅིག་བྱས་ན་ཀླུ་སྨྱོན་གྱི་རྟུག་དྲི་གཏོང་བའི་སྐད་དེ་ཡང་སྙན་ངག་དུ་འགྱུར་རམ་སྙམ།
སྤྱིར་གཏང་འདི་གསར་འགྱུར་རེད་འདུག་ག
ཧ་ཧ། འ་རོགས་ཨ་ཁུ་སྨྱོན། ཁྱོས་གོང་གི་དྲ་འབུ་འདི་ཆ་ཁ་ཁ་ཕྱོགས་ཙམ་ཡིན་ཡང་བཤད་དེ་བློ་སྐྱེས་རེ་བྱིན་ན་མི་བཟང་ངམ། ང་དྲ་འབུ་འདི་ཚོར་སྙིང་རྗེ་གི་ཡ།
ཨ་ཕོ་འབྱོན་ན་ཁྱོད་ཀྱིས་འགྲེལ་བཤད་རྒྱོབས། ཁྱོད་དྲྭ་འབུ་མིན་པའི་ཁུངས་ཅི་ཡོད། ད་དུང་མཁས་མདོག་དང་སྤམས་མདོག་གིས་ཅིག་བཤད་ག་བྱེད། ཀླུ་སྨྱོན་གྱི་ག་ཚོད་ཤེས་མིན་དེ་ཁྱོད་ལས་ལྷག་ངས་ཤེས་ཡ། སྙིང་རྗེ་མི་དགོས་ཨ་བུ་ལོ་ལོ།
ད་མིག་གི་གྲངས་ཀ་ཞིག་རྒྱག
དད་པའི་མིག
དག་སྣང་གི་མིག
འདོད་ཆགས་ཀྱི་མིག
རྒྱོ་ཡི་མིག
ཤ་ཡི་མིག
ལྷ་ཡི་མིག
བརྩོན་འགྲུས་ཀྱི་མིག
མི་ཡི་མིག
འུག་པའི་མིག
གཡག་གི་མིག
རྒྱ་མིའི་མིག
རིག་གནས་ཀྱི་མིག
ཆོས་ཀྱི་མིག
བོན་གྱི་མིག
ཀླུ་སྨྱོན་གྱི་མིག
ཨོ་བ་མའི་མིག
་་་
༄༅། །རྐུང་མི་ཤེས་པའི་མིག ། ཤེས་རབ་ཀྱི་མིག་་་ རྐུན་པོ་བཞིན་ཏུ་ཀུན་ཏུ་འཁྱམས་ཏེ་ས་རང་གཞན་གྱི་གསང་བ་ཡོད་ཚད་བསྡུས།ཁོ་རང་རྐུང་མི་ཤེས་པར་ཁོ་ཤེས་བྱ་མ་ལུས་པརའབྱར་རྩི་བཞིན་ཏུ་བགོས། ལོག་ལྟའི་མིག་་་ གཞན་གྱི་བ་སྤུ་ཚུན་ཆོད་ལ་སྒྲོ་འདོག་གི་སྐྱོན་རེ་གཡོགས་ནས་མགུ་སྣང་བསྐྱེད། ཁོ་རང་རྐུང་མི་ཤེས་པར་ཁོའི་རྒྱུ་མས་རིང་ཚད་གྲི་རྩེས་གཞལ་ཏེ་གཏུབ། ཞེ་སྡང་གི་མིག་་་ རང་ལུས་ལྗི་བ་ཆུང་ཆུང་གི་ཚད་ལ་མི་སེམས་པར་པ་རོལ་པོའི་ཁྲག་དྲོན་འཐུང་ལ་རེ། ཁོ་རང་རྐུང་མི་ཤེས་པར་ཁོའི་སྙིང་ཁྲག་གི་རྒྱུ་བ་སྨན་པར་སྤྲད་ཏེ་གསོད། ཆགས་པའི་མིག་་་ བ་རྒྱ་བཞིན་ཏུ་ཁུང་བུ་ཡོད་ཚད་སྲུང་བའི་འཁོར་ལོས་གཡོགས་ཏེ་་འབུ་ནག་རེ་འཐོགས་ལ་པར་སྨོན། ཁོ་རང་སྲུང་མ་ཤེས་པར་ཁོའི་་སྙིང་རྩ་ནས་ཆགས་ཡུལ་ཀུན་གྱིསའཐེན་ཅིང་བརྙས། རྨོངས་པའི་མིག་་་་ དྲི་མས་སྦགས་པའི་མཛུབ་མོ་བསྒྲེང་ཏེ་གཞན་གྱི་གདོང་རྔུལ་ཕྱིས་ནས་ངོམ་སོ་བྱེད། ཁོ་རང་སྲུང་མ་ཤེས་པར་ཁོ་རུས་པ་ཐུག་བར་གཞན་གྱི་ཕྱག་མ་ཙམ་ཏུ་གྱུར།
གླུ་སྨྱོན་ཧེ་རུ་ཀ་་། ནམ་གུང་གདོན་འདྲེའི་བར་ཆད་འདྲ་ཡོད་ན་། སྣང་སྲིད་ཟིལ་གནོན་གྱི་བསྐྱེད་རིམ་དེ་མ་བརྗེད་། ཉི་འོད་དང་རྒྱ་མཚོ་ཡི་རྦ་རླབས་དེ་ཡིན་ན་་། ད་དུང་མཚོ་ཁ་ན་རྡོད་ཐག་དེ་མ་རིང་།