འབའ་སྲས།
བོད་གངས་ཅན་གྱི་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས། གུས་པོས་ཁྱེད་ཀྱི་ཞི་བའི་འཐད་རྩོད་ལ་རྗེས་སུ་ཡིད་རངས་དང་སྐུ་ཁམས་བཟང་བའི་འཚམས་འདྲི་ཞུ།
སྐུ་ཉིད་ཀྱིས་ཞི་བའི་འཐབ་རྩོད་འགོ་བསླངས་པ་ནས་བཟུང་ང་རང་ཁྱེད་ལ་དགའ་ཞིང་ཁྱེད་ལ་དུངས་པའི་མི་ཞིག་ཏུ་གྱུར་བ་མ་ཟད། སྐབས་རེར་ཁྱོད་ལ་ཁྲོ་ཞིང་སྡང་བའི་མི་ཞིག་ཏུ་ཡང་གྱུར་མྱོང་། རྒྱུ་མཚན་ནི། ཁྱེད་ཀྱིས་བརྩེ་དུང་ཟབ་པའི་བཟའ་ཟླ་དང་། ཚ་ལམ་ལམ་གྱི་ཁྱིམ་ཚང་། ད་དུང་ཉོམ་ལག་མ་རྒྱས་པའི་བྱིས་པ་གཉིས། མདོར་ན། རང་ལ་དབང་བའི་བདེ་སྐྱིད་ཡོད་ཚད་བློས་བཏང་སྟེ་བོད་གངས་ཅན་པའི་བདེ་སྡུག་རྒྱབ་ཏུ་འཁུར་ནས་གོམ་པ་རེ་རེ་དཔའ་སྟོབས་ཀྱིས་མདུན་ནས་མདུན་དུ་སྤོ་བཞིན་པས། ཁྱོད་ཞི་བའི་དཔའ་རྒོད་ཅིག་རེད། ཁྱོད་བོད་གངས་ཅན་པའི་ནོར་བུ་ཞིག་རེད་བསམས་ནས་ཁྱེད་ལ་དགའ་ཞིང་ཁྱེད་ལ་དུངས། ཡང་གཅིག་བཤད་ན། རང་གི་བཟའ་ཟླ་དང་ཤ་ལས་མཆེད་པའི་བྱིས་པ་གཉིས་བརྩེ་མེད་དུ་བཏང་སྟེ་རང་ཉིད་གཅིག་བུ་ལམ་ཁ་གཞན་ཞིག་ཏུ་སོང་བས་ཁྱོད་ལ་རྒྱུ་འབྲས་མི་འདུག ཁྱོད་ཀྱིས་ཕ་རྒན་ཞིག་གི་འགན་འཁུར་མི་འདུག ཁྱོད་མི་ཞིག་མ་རེད། ཁྱོད་ལ་སེམས་པ་མི་འདུག་བསམས་ནས་ཁྱོད་ལ་ཁྲོ་ཞིང་ཁྱོད་ལ་སྡང་བ་དེ་གཉིས་སོ།།
ཁྱེད་ཀྱིས་ཞི་བའི་འཐབ་རྩོད་ཀྱི་གོམ་པ་རེ་རེ་སྤོ་བཞིན་པའི་གསར་འགྱུར་རེ་རེ་ཐོས་དུས། དཔའ་རྒོད་ཁྱོད་ཀྱི་ཞི་བའི་འཐབ་རྩོད་ལ་བར་ཆད་གང་ཡང་མེད་པར་བོད་ཀྱི་རྒྱལ་ས་ལྷ་སར་བསླེབ་པར་ཤོག་ཅེས་སྨོན་ལམ་ཞིག་སྙིང་ཁོངས་ནས་ངང་གིས་ཤོར། ཡང་ཁྱོད་ཀྱིས་རང་གི་གཅེས་ཕྲུག་གཉིས་ལ་བྲིས་པའི་འཕྲིན་ཡིག་སྔ་རྗེས་དག་བཀླགས་རྗེས། རང་དབང་མེད་པར་མིག་ལས་མཆི་མ་ལྷུང་བཞིན་ཁྱེད་ཀྱི་ཞི་བའི་འཐབ་རྩོད་དེ་མཚམས་མི་འཇོག་ག་མེད་བྱུང་ནས་ཕྱིར་རང་གི་ཁྱིམ་དུ་ལོག་སྟེ་རང་ལ་བརྩེ་བ་ཟབ་པའི་ཆུང་མའི་གདོང་ལ་ལྟ་ཞིང་། ཉོམ་ལག་རྒྱས་མེད་པའི་བྱིས་པ་དེ་གཉིས་པང་ཁར་བརླན་པའི་གོ་སྐབས་ཤིག་བྱུང་ན་ཅི་མ་རུང་སྙམ་པའི་སེམས་པ་ཞིག་ཀྱང་ངང་གིས་སྐྱེས།
བུ་མོ་ཐར་མ་མཚོ་ཡིས་སྒོ་འགྲམ་ནས་ཕ་ལོ་ཁྱོད་ནམ་ཡོང་ལ་སྒུག་པའི་གཟུགས་རིས་དང་། བུ་ཆུང་ཁ་བའི་ལྷ་སྲས་ཀྱིས་ཨ་ཕ་གང་དུ་སོང་ཞེས་གསལ་ལ་མི་གསལ་གྱི་སྐད་ཆ་དེ་དག་གིས་ཨ་མའི་མིག་གི་མཆི་མ་ཅི་ཙམ་ས་ལ་གཏོར་མེད་དམ། ཁྱོད་མེད་པའི་ཉིན་མ་དེ་ནས་བཟུང་བྱིས་པ་གཉིས་ཀྱི་མིག་གཅིག་ཞ་ར་བཞིན་ཨ་མའི་གདོང་གཅིག་བུ་ལས་ཅི་ཡང་མཐོང་གི་མེད་པ་བསམས་ན་ང་ངོ་མ་ཁྱོད་ལ་ཁོང་ཁྲོ་ལངས་ཀི ཁྱོད་དང་བྲལ་བའི་མཚན་མོ་དེ་ནས་བཟུང་ཁྱེད་ཀྱི་ཡིད་འོང་གི་ཆུང་མ་དེའི་མཆིན་པ་འཁྱག་སིལ་སིལ་ཏུ་གནས་པར་འདོད་ན། ངས་ངོ་མས་ཁྱེད་ལ་ཁྱི་རྒན་ཞེས་སྡིགས་ན་འདོད་ཀི།
མཐའ་དོན། ཁྱེད་ཀྱི་རྗེས་སུ་སྨོན་ལམ་ཚིག་གཅིག་ཡོད་པ་ནི་འདི་ཡིན།
ཞི་བའི་འཐབ་རྩོད་ཞི་བའི་ངང་གིས་འགྲུབ།།
གཅེས་པའི་སྲོག་ལ་ཉེས་ཆད་མེད་པར་ཤོག །
བརྩེ་བའི་ཆུང་མ་ཤ་མཆེད་བུ་ལ་འཕྲད།།
རང་གཞན་གཉིས་ཀྱི་འདོད་པ་འགྲུབ་གྱུར་ཅིག །
ཞི་བདེའི་དེད་དཔོན་བོད་ལ་གདན་འདྲེན་པས་།
ཞི་བའི་གོམ་བསྒྲོད་བྱེད་པའི་དཔའ་བོ་ཁྱེད་།
ཞི་བདེའི་རྒྱལ་སྲས་ཞིག་གི་ལྷགས་བསམ་ཅན་།
ཞི་འཇམ་ངང་དུ་ལས་དོན་འགྲུབ་པར་ཤོག་
འབའ་སྲས་ཀྱིས་ཡག་པོ་བྲིས་འདུག།
ཚེ་སྲོག་སྤར་མོ་གང་བོ།།
བདེན་པའི་གཏམ་མར་བཞག་ནས།།
ཁ་བའི་བདེན་དོན་ཆེད་དུ།།
ཕུལ་བར་གུས་འདུད་ལུས་ཞུ།།
ད་ག་རང་རེད་་་་བུ་རྒོད་པོ།
ཁྱོད་ཀྱིས་ངའི་ཚབ་གནང་ནས་བྲིས་པ་དང་ཨ་ན་མ་ན་རེད་་་་་དེ་ལས་ལྷག་ཅིག་ང་ལ་ཤོད་རྒྱུ་མེད་་་ཁྱོད་ཧྲ་ཐལ།
འབབ་སྲས་ཀྱི་གསུང་བ་འདི་ཅི་མ་བདེན།
སྤྱི་དོན་ཆེད་དུ་དགེར་དོན་བློས་བཏང་བ་ནི་རླབས་ཆེན་སྐྱེས་བུ་དག་གི་རང་གཤིས་རེད། བློ་ཆུང་དག་གིས་འདི་འདྲ་དྲན་ཡང་ཕོད་རྒྱུ་ཁག་པོ་རེད།
དཔའ་རྒོད་རེད་ཟེར་ལེ་ཡ་ ཁྱི་རྒན་རེད་ཟེར་ལེ་།
ཡག་པོ་རེད་རེད་ཟེར་ལེ་ཡ་ སྡུག་པོ་རེད་ཟེར་ལེ་།
ད་ དོན་ངོ་མ་དེ་ འགྲིགས་ཞག་ཟེར་ལེ་ཡོད་ཡ་ འགྲིགས་མིན་འདུག་ཟེར་ལེ་ཡོད་།
གང་ཡང་མ་རེད། མི་ལ་གྱོ་ལི་སྐྱོན་ཀི་ཡོད་པ་རེད། ཁོ་རང་ཡང་དེ་ལ་དགའ་བསྡད་ཡོད་པ་རེད།