གླིང་ཚ་ཚེ་བརྟན་རྡོ་རྗེ།
དེང་སང་མི་མང་བོ་ཞིག་གིས་ང་རང་བལ་ཡུལ་བཀག་བསྐྱེལ་ཁང་ནས་མི་རིང་བར་ཐག་གཅོད་མ་བྱས་པར་རྒྱུན་རིང་བོ་བཞག་པ་ཡིན་ན། གཅིག་བྱས་ན་རྒྱ་ནག་ལ་རྩིས་སྤྲོད་བྱེད་མི་སྲིད་པ་མིན་ལ། དེ་ལྟར་བྱས་པ་ཡིན་ན་ནི་ང་རང་གི་ཚེ་སྲོག་ལ་གནོད་སྐྱོན་ཏན་ཏན་ཡོང་གི་རེད་ཅེས་སེམས་ཁྲལ་གནང་གི་ཡོད་པ་རེད།
ངས་དེ་ཡི་ཐད་དུ་སྐད་ཆ་འདི་ལྟར་ཞུ་ན་འདོད་བྱུང་། ང་རང་མི་གཅིག་གི་ཚེ་སྲོག་ལ་གནོད་སྐྱོན་ཐེབས་མིན་དེ་ཙམ་ནི་ང་རང་གི་ཞི་བའི་འཐབ་རྩོད་འདིའི་ནུས་ཤུགས་ལ་གཏོར་སྐྱོན་ཐེབས་པ་གང་ཡང་མེད་ཅེས་ཞུ་རྒྱུ་ཡིན། ང་རང་བལ་ཡུལ་ནས་ཁྲིམས་ལ་བཅུགས་དེ་ཁྲིམས་ཁང་དུ་ནད་མནར་སོགས་ཀྱིས་རྐྱེན་པས་གྲོངས་ན་རེད། རྒྱ་ལག་དུ་བཞག་ནས་མནར་གཅོད་དང་བརྡུང་འདེག་གིས་ཁྲོད་ནས་གསད་ན་རེད། མི་ལོ་མང་བོ་བཙོན་ཁང་འགྲིམ་ནས་ཤི་མིན་གསོན་མིན་ཞིག་ལ་བཏང་ན་རེད། དེ་དག་གིས་བོད་མི་རིགས་ཀྱི་འཐབ་རྩོད་མཚམས་འཇོག་པར་ནུས་པ་གང་ཡང་མི་སླེབས་པར་བོད་མི་རིགས་ཀྱི་འཐབ་རྩོད་ཀྱི་ནུས་ཤུགས་ཆེ་རུ་འགྲོ་རྒྱུར་ཡིན་པར་བདག་གིས་ཡིད་ཆེས་བྱེད་རྒྱུ་ཡིན།
སྔོན་ཆད་ནས་ངས་ཐེངས་མང་བོ་ཞིག་ལ་བརྙན་འཕྲིན་གྱི་ལམ་དང་ཡི་གེ་ལམ་ནས་སྤུན་ཟླ་ཆེས་མང་བོ་ཞིག་ལ་ང་རང་གི་ཞི་བའི་གོམ་བགྲོད་འདི་ནི་ཞི་བའི་འཐབ་རྩོད་ནང་ལོག་གི་སྡེ་ཚན་ཞིག་ཡིན་པ་དང་ཞི་བའི་གོམ་བགྲོད་ལ་བར་ཆད་བྱུང་ཡོད་ཀྱང་། ངའི་ཞི་བའི་འཐབ་རྩོད། བོད་མི་རིགས་ཀྱི་རང་དབང་དང་ཞི་བདེ། ༧གོང་ས་མཆོག་བོད་དུ་གདན་འདྲེན་བྱེད་པའི་ཞི་བའི་སྐད་འབོད་འདི་ལ་གང་ཡང་འགྱུར་བ་འགྲོ་མི་སྲིད་ལ། ང་རང་མ་ཤི་བར་དུ་ས་གང་དུ་བསྡད་ཀྱང་བསྟུད་མར་ཞི་བའི་འཐབ་རྩོད་ངས་རང་ཉིད་ཀྱི་ལུས་ངག་ཡིད་གསུམ་བོད་མི་རིགས་ལ་འབུལ་ཡོད་པ་འདིས་སྟེང་ནས་འབད་བརྩོན་བྱེད་ཀྱི་ཡིན་ཞེས་ཡང་དང་བསྐྱར་དུ་ཞུས་ཀྱང་། ད་དུང་ཡང་། བོད་རིགས་སྤུན་ཟླ་ཁ་ཤས་ཤིག་གིས་དེ་ལྟར་མ་གོ་བར་ཞི་བའི་གོམ་བགྲོད་ལས་གཞན་ཞིག་ང་དང་འབྲེལ་མེད་ ལྟ་བུ་མཐོང་མཁན་ནི་རེ་ཟུང་ཞིག་སྤྱི་ཚོགས་ཀྱི་ཟ་ཟུར་ནས་ཡོང་གི་ཡོད་ཚོད་དུ་སྣང་། སྤུན་ཟླ་དེ་དག་ལ་ཆེད་དུ་ཞུ་སྙིང་སྤྲོ་བ་ཞིག་ནི། ང་རང་གླིང་ཚ་ཚེ་བརྟན་རྡོ་རྗེ་ནི། སུམ་དུས་ལྔ་གསུམ་གྱི་ཉིན་མོ་དེ་ནས་ཁྱིམ་ཚང་གཅིག་གི་མི་མིན་ལ། ཆོལ་ཁ་གཅིག་གི་མི་ཡང་མིན། ཚོགས་སྤྱི་གང་རུང་ཞིག་ལ་གཏོགས་པ་དེ་བས་ཀྱང་མིན། ང་རང་གིས་གང་བྱེད་བཞིན་པ་འདི་ནི་བོད་མི་ས་ཡ་དྲུག་གི་འབྲལ་བའི་མིག་དང་ཁོག་པོའི་སྙིང་། ༧སྤྱི་ནོར་༧གོང་ས་མཆོག་གངས་ཅན་བོད་ལ་གདན་འདྲེན་བྱེད་ཆེད་དང་། བོད་མི་རིགས་ཀྱི་རང་དབང་དང་ཞི་བདེ་ཡི་ཆེད། ལྷག་དོན་དུ་བོད་མི་རིགས་ཀྱི་ཆེད་དུ་རང་ལུས་གཞན་ཕན་གྱི་མེ་ལྕེ་རུ་སྒྲོན་བཞིན་པ་དེ་དག་གིས་མེ་ལྕེ་མཆེད་མཚམས་བཞག་ནས་བོད་ཡུལ་ཁ་བ་ཅན་ལ་བདེ་སྐྱིད་ཀྱི་ཉི་མ་ཞིག་ཤར་བའི་ཆེད་ཁོ་ནར་བརྩོན་པ་བསྟེན་བཞིན་ཡོད་པ་དང་། འགྲོ་བ་མིའི་འདྲ་མཉམ་གྱི་ཁེ་དབང་ཞིག་རྩོད་པར་དམ་བཅས་པ་ཡིན་པ་ཐུགས་ལ་ངེས་པ་གཏན་པོར་བཅིངས་རོགས་ཞུ།
འདི་ན་ང་རང་ལ་སྒེར་སེམས་ཟེར་བ་ཞིག་གཏན་བྲལ་ཡིན་ལ། ཁྱིམ་དང་ཆུང་མ་ཟེར་བའི་ཆེད་དུ་འབད་འབུངས་བྱེད་པའི་བསམ་བློ་ཡང་རྩ་ནས་སྤངས་ཡོད་པ་མ་ཟད། ཚེ་ཐོག་འདིར་འཆི་བ་འགོ་ལ་མ་སླེབས་པར་དང་བོད་མི་རིགས་ལ་བདེ་སྐྱིད་མ་ཐོབ་པར་དུ་ང་རང་ནི་བོད་མི་རིགས་ཀྱི་བདེ་སྡུག་གི་སྐད་འཁྱེར་བ་བོད་མི་དཀྱུས་མ་ཞིག་གིས་རང་གི་མི་རིགས་ཀྱི་རང་དབང་དང་ཞི་བདེའི་ཆེད་དུ་མ་སྐུལ་དྭང་བླང་གིས་རང་མི་རིགས་ཀྱི་མགྲིན་ཚབ་པ་ཆུང་ཆུང་ཞིག་བྱེད་ཀྱི་ཡོད་པ་དེ་ཡིན། འདིའི་ཆེད་དུ་ང་རང་སུས་གསད་ཀྱང་རུང་ལ། སུས་གཏུབ་ཀྱང་ཆོག ང་རང་གི་འཆི་ཁའི་དབུགས་ཐ་མ་དེ་ལེན་རེག་བར་དུ་ངས་འདི་ལྟར་ཞི་བའི་འཐབ་རྩོད་བྱེད་ཀྱི་ཡིན་ལ། བྱེད་སྟངས་དེ་ཡང་འགྲོ་བ་འདྲ་མཉམ་དང་འགྲོ་བ་མིའི་ཀུན་སྤྱོད་ལ་བརྩི་བཀུར་ཡོད་པ། མི་རིགས་གཞན་དག་ལ་སྡང་སེམས་མེད་པར་རང་མི་རིགས་ཀྱང་མི་རིགས་གཞན་དག་བཞིན་གནམ་འོག་འདིར་རང་ཉིད་ཀྱི་རིག་གཞུང་གོམ་གཤིས་ཆ་ཚང་བདག་པོ་རྒྱགས་ཐུབ་མཁན་ཞིག་དུ་ཆགས་ཐུབ་པར་ངས་རང་ཉིད་ཀྱི་ཚེ་སྲོག་གཅིག་པོ་འདི་གཞན་ལག་གང་ཞིག་ནས་མེད་པར་སོང་བ་དེར་གཏན་ནས་འགྱོད་མི་སྲིད་ལ། དེ་ལྟར་སོང་བ་དེས་བོད་མི་རིགས་ཀྱི་འཐབ་རྩོད་ཀྱི་རང་བཞིན་ཤི་སོང་བ་ཡང་གཏན་ནས་མིན་པ་རིགས་ཀྱི་སྤུན་ཟླ་གང་ན་སུ་བཞུགས་པ་དང་། ངས་ཡི་གེ་འདི་ཀློག་མཁན་གྱི་སྐྱེ་བོ་སུས་ཀྱང་མཁྱེན་ངེས་ཡིན་ལ། འཛམ་གླིང་འདིར་གནས་པའི་སྐྱེ་བོ་རང་དབང་དང་ཞི་བདེ་ལ་དགའ་བ་རྣམས་ཀྱིས་ངའི་ཞི་བའི་འཐབ་རྩོད་ཀྱི་འབོད་སྒྲ་འདི་ལ་རྒྱབ་རོགས་བྱེད་པར་ཡིད་ཆེས་དང་བཅས་བལ་ཡལ་བཀག་བསྐྱེལ་ཁང་དུ། གླིང་ཚ་ཚེ་བརྟན་རྡོ་རྗེ་ནས། ༡།༦།༡༢
འགེགས་བར་ཞི་ཞིང་བདེན་པ་རྟག་ཏུ་རྒྱལ་གྱུར་ཅིག
སྐུ་ཉིད་བདེ་བར་སྨོན་ནོ།།
ཁྱོད་ཀྱི་ཆོད་སེམས་ལ་གུས་འདུད་ཡོད། ནམ་ཡང་རྒྱལ་ལོ།།
བྱ་ཁུ་ཡུག་ཡིན་ཡང་གྲགས་ཐེངས་མང་ལ་རྣ་ལ་སུན་པ་ལྟར། འཐབ་རྩོད་པ་མཆོག་ལ་བརྩི་བཀུར་ཡོད་ཀྱང། འདི་ལྟར་བྱེའུ་སྟུག་བཞིན་གོ་གོ་རིག་རིག་ཚང་མར་གསལ་བཤད་ལྟ་བུ་རེ་བྲིས་བསྡད་ན་དངོས་གནས་ཉོབ་སྣང་ཞིག་ཀྱང་འདུག་པས། ཉུང་ཉུང་ཕྲིས། དོན་ཡོད་པར་བརྩོན་ཞེས་ཇུས་གཏོགས་ཤིག་བྱེད་ན་འདོད་བྱུང།
སྐུ་མཁྱེན། སུས་ཁྱེད་རང་ཤི་བ་ཡིན་ན་བོད་ཀྱི་འཐབ་རྩོད་ཀྱང་ཤི་ངེས་པ་རེད་ཟེར། དེ་འདྲ་མ་གསུངས། ཆེ་དྲག་རེད། སྨྲ་བ་ཉུང་ན་མཛེས། །
སུ་གང་ཉོབ་ན་ཉོབ་ཏུ་བཅུག སུ་ཡང་སུན་ན་སུན་དུ་བཅུག ཉུང་ཉུང་མ་འབྲི་མང་པོ་ཕྲིས། སྐུ་ཉིད་སྐུ་ཚེ་བརྟན་པར་སྨོན།།
ཅི་བཤད་འདི་བཤད་མེད་པ་ཡི། དྲྭ་འབུ་རྣམས་ཀྱི་ཁར་མ་ཉན། དེ་དག་པ་ཡི་ཁར་ཉན་ན། བྱ་བ་ཐམས་ཅད་མཐར་མི་ཆོད།།
ཚེ་རྡོར་ལགས། ཞི་བའི་གོམ་བགྲོད་ཀྱི་དགོས་འདུན་གསལ་བཤད་སོགས་མང་ཙམ་འབྲི་རོགས། ཁྱེད་ཀྱིས་བྲིས་ཚད་ལ་ཚིག་སྦྱོར་ལེགས་ཅིང་དོན་སྙིང་ལྡན་པས་ཀློག་འདོད་ཤིན་ཏུ་ཆེ། ཁྱོད་ཀྱི་ཨ་ཚུགས་རྒྱལ་ལོ། ཁྱོད་ཀྱི་བདེན་པ་རྒྱལ་ལོ།
རིན་ཆེན་གསེར་གྱི་རི་བོའི་འདབས་སུ་གསེར་གྱི་ཁང་པ་ཡིན་ཡང་ཆུང་།།
ཨ་སྔོན་དགུང་ལ་གནམ་གྱི་གྲུ་ཡང་སྲན་མ་ཙམ་ལས་མངོན་མི་འགྱུར།།
སྟོབས་ལྡན་ཙི་ནིའི་རྒྱལ་ཁབ་དེའི་གམ་བོད་འདི་ཅི་ཞིག་སུ་ལ་ཆ།།
འདི་འདྲ་བསམ་བཞིན་ཡིད་ཀྱི་རེ་བ་འཇའ་ཚོན་ཇི་བཞིན་འཁད་ཀྱིས་ཡལ།།
འོན་ཀྱང་རྒྱ་འདི་དོགས་པས་ཕོངས།།
བོད་འདི་རེ་བས་ཕོངས།།
བོད་མི་རིགས་ཀྱི་ཆེད་དུ་དངོས་སུ་གོམ་བགྲོད་དུ་བསྐྱོད་ཅིང་ད་ཆ་བཙོན་ཁང་དུ་དཀའ་སྡུག་མྱོང་བཞིན་ཡོད་པའི་དཔའ་བོ་ཚེ་རྡོར་ལགས་ལ་བསྔགས་བརྗོད་དང་ཡི་རངས་བྱེད་བཞིན་ཡོད། མི་མགོ་མཇུག་མི་ཤེས་མཁན་རེ་ཟུང་གིས་རང་སྣང་གང་དྲན་གྱིས་གང་བྱུང་གཉའ་གཅོག་བྱེད་ལྟ་བུ་དེ་འདྲ་འབྲི་བ་ནི། ཐ་གཅིག་ཏུ་དགག་བྱ་ལས་དགོས་པ་མ་མཐོང་། དེ་རིགས་མཚམས་འཇོག་ན་དགའ་གི་རེད་སྙམ། སོ་སོས་ཁ་རྒྱགས་ཉག་ཅིག་བཤད་པ་ལས་ལག་ལེན་ཟེའུ་འབྲུ་ཙམ་ཡང་མེད་པར། གཞན་གྱིས་དུས་དང་འབྱོར་བ་དཀའ་སྡུག་ཡོད་དོ་བློས་བཏང་བྱེད་པར་ལྡོག་བཤད་མང་པོ་བྱས་ན་རྒྱུ་འབྲས་ལའང་ག་ལ་འགྲོ དེས་ན་སྐད་ཆ་གང་ཞིག་ཡིན་ཡང་དྲན་མ་ཐག་ནས་བཤད་ཀྱང་མ་ཡིན་པར། སྨྲ་ཤེས་ཤིས་དོན་གོ་བའི་མི་དང་ལེགས་ཉེས་འབྱེད་པའི་རྣམ་དཔྱད་ཀྱི་ཤེས་རབ་ཅིག་ཡོད་ན་ནི། དགག་དགོས་རྒྱུ་མཚན་དང་། ཕན་གནད་དཔྱད་དེ་བཤད་ན་དགེ་མཚན་ཆེ།
དཔའ་བོ་ཁོང་གིས་མང་པོ་ཇི་ཙམ་གླེང་ཡང་དེ་ནི་མི་བུ་སྒེར་གཅིག་གི་དོན་མིན་པར། བོད་མི་ས་ཡ་དྲུག་གི་རྩ་དོན་དང་འབྲེལ་བ་ཡིན། ཁྱོད་ཉོབ་བ་དེ་མི་བུ་སྒེར་གཅིག་གི་ཁོང་ནད་ཡིན་པས་སུ་ཧ་ལས། དེ་བས་ཁྱོད་ཉོབ་ན་ཐབས་ཡག་ཤོས་དེ་ཟ་ཉལ་རྒྱག་བསྡད་ན་འགྲིག་གི་རེད། ཡིན་གཅིག་ཀློག་དགོས་རྒྱུ་ཁྲལ་མ་རེད།
རྒྱ་དམར་པོའི་གདུག་རྩུབ་ཆེ་ནའང་།།
དཔའ་ཞུམ་པ་མེད་པའི་གླིང་གི་བུ།།
བོད་ཁ་བ་ཅན་གྱི་བདེ་སྡུག་ཆེད།།
ལུས་ལོངས་སྤྱོད་ཕངས་པ་མེད་པར་གཏོང་།།
སེམས་དཀའ་སྡུག་དྭངས་བླངས་ཐོད་ཀྱིས་བསུ།།
སྐྱིད་རང་ཁྱིམ་ཆུང་མ་ཡོངས་དོར་ཏེ།།
སྡུག་མུན་ནག་བཙོན་དོང་འགྲིམས་པ་འདིས།།
ཕ་གདོང་དམར་བོད་པའི་རང་གཤིས་དེ།།
བུ་ཁྱེད་ཀྱི་གཤིས་ལ་རྫོགས་རྟགས་རེད།།
རྟགས་རྟེན་འབྲེལ་བཟང་པོའི་མཚན་མ་འདིས།།
དུས་མི་འགྱངས་གངས་ཅན་བོད་ཡུལ་དུ།།
སྐྱིད་ཉི་མ་ཤར་བའི་སྔ་ལྟས་དང་།།
བོད་གཞིས་བྱེས་ལྷན་ཅིག་འཛོམས་པའི་ངང་།།
རང་དབང་གི་དཔལ་ལ་རོལ་བཞིན་དུ།།
བོད་སྡེ་བའི་མགོན་པོ་སྤྱན་རིས་གཟིགས།།
གསེར་ཞལ་གྱི་ཉི་མའི་དཀྱིལ་འཁོར་ཆེ།།
མུན་ནག་གི་བོད་ལ་ཤར་བ་ཡིས།།
བོད་སྡུག་པའི་མུན་པ་སངས་རྟགས་ཡིན།།
སྒོག་པ་རང་གིས་ཟས་ན་ཁ་ཚ།།
སྒོག་པ་མི་ཡིས་ཟས་ན་མིག་ཚ།།
བོད་ཀྱི་འཐབ་རྩོད་གསོན་མིན་ཞེས་བཤད་སྟངས་དེ་ཅུང་ཐད་དྲག་མེད་དམ་བསམ། བལ་ཡུལ་ལྟ་བུའི་རྒྱལ་ཁབ་ནང་དངུལ་བཏང་ན་ཧ་ལམ་བྱ་བ་ཅི་ཡང་སྒྲུབ་ཐུབ་ཀྱི་ཡོད་པ་རེད། རྒྱ་ནག་ལ་རྩིས་སྤྲོད་དང་སྲོགས་ཉེན་སོགས་འབྱུང་གི་རེད་མི་འདོད། མི་རིགས་ཀྱི་ཆེད་དུ་ཡོད་ཚད་བློས་གཏོང་ཐུབ་མཁན་ཞིག་ལ་མཚོན་ན་འདི་ནི་དེ་ཙམ་ཧ་ལས་དགོས་བ་ཞིག་མིན། བོད་ནང་དུ་སྤུན་ཟླ་ཚོས་མི་རིགས་ཀྱི་ཆེད་དུ་ཉིན་མཚན་མེད་པར་བཙོན་ཁང་དུ་ཡ་ང་པའི་གཅར་རྡུང་དང་། ལྟོགས་སྐོམས་སོགས་མྱངས་གི་ཡོད་པ་མ་ཟད་ཚེ་སྲོགས་ཤོར་གྱི་ཡོད་པ་རེད།།
ཁྱེད་ཀྱི་གསུང་རྩོམ་ཉིན་རེ་བཞིན་ཀློག་ཐུབ་པ་འདི་གུས་པས་གསར་འགྱུར་ཆེ་ཤོས་ཤིག་ལ་བརྩིས་ནས་ཡོད།
ཁྱེད་གསུང་གི་ནང་དོན་ཟབ་མོ་དེ་བོད་མི་ངོ་རེ་ནས་སློབ་སྦྱོང་བྱེད་དགོས་པ་ཞིག་ཏུ་མཐོང་།
བོད་མི་ས་ཡ་དྲུག་པོ་ཚང་མར་སེམས་ཤུགས་དང་སྤྱི་སེམས་ཁྱེད་ལྟ་བུ་ཡོད་ན་བོད་བཙན་འོག་ནས་ཐར་བ་དེ་ཙམ་གྱིས་དཀའ་བ་མིན། ཁྱེད་ཀྱིས་ལྟ་བ་དང་ལས་འགུལ་གྱི་དམིགས་ཡུལ་རྣམས་མང་ཙམ་ཁྱབ་བསྒྲགས་གནང་རོགས།
གོང་གི་ཟླ་བཀྲས་ཕུན་ཁང་ཟེར་བ་དེ་ཉོབ་ཡོད་པ་ལ་ཅི་ཁག་ཨང་། གླིང་ཚའི་ཆོད་སེམས་དང་དཀའ་སྡུག་གི་རྒྱུད་རིམ་རིང་མོ་ལ་སྐྱིད་ཉལ་བ་དག་གིས་ཀློག་ཙམ་བྱས་ན་ཡང་ཉོབ་འགྲོ་བ་ཞིག་ཡོད་པ་མིན་ནམ།
ང་ཚོས་གླིང་ཚས་རྩོམ་ཡིག་མང་ཙམ་འབྲི་བར་བསྐུལ་དགོས་པར་མ་ཟད་ཁོང་གི་རྩོམ་ཡིག་དག་སྐད་ཡིག་མང་པོར་བསྒྱུར་ཏེ་འཛམ་གླིང་མི་མང་ལ་ཤེས་སུ་བཅུག་ན། ད་བཟོད་གླིང་ཚའི་དགོས་འདུན་ལ་རབ་འདེགས་ཐུབ་པར་མ་ཟད། གླིང་ཚའི་སྲོག་ལ་བར་ཆད་མི་འབྱུང་བའི་དགོས་པ་ཡང་ཡོད་པ་ཡིན་པས་དོན་འདི་ནི་སྐད་གཉིས་སྨྲ་བ་དག་གི་འོས་འགན་ཞིག་ཏུ་བདག་གིས་འདོད་ལ། དེ་ལྟར་ཐུབ་ན་ཁོའི་ཤུལ་ན་བོད་མི་རིགས་ཡོད་པའི་ཡོད་གོ་ཡང་ཆོད་ཡོད་པར་འདོད།
ང་ཚོས་རང་གི་མི་རིགས་ལ་འདི་ལྟ་བུའི་ཕོ་རྒོད་ཅིག་ཡོད་པ་ལ་བསྟོད་བསྔགས་ལེ་བྱེད་དེ། དེ་ཙམ་གྱིས་ང་ཚོའི་ལས་ཀ་གྲུབ་སོང་བ་ག་ལ་ཡིན། ཁོང་གི་འཐབ་རྩོད་ལ་གྲུབ་འབྲས་འབྱུང་མིན་ནི་ང་ཚོའི་མཐུན་རྐྱེན་ལ་ཡང་རག་ལས་པས། གྲོགས་སྐད་གཉིས་སྨྲ་བ་གང་ན་སུ་ཡོད་དག་གིས་ཉིན་རེའི་གསར་འགྱུར་ལྟ་བུའི་ཁོང་གི་རྩོམ་ཡིག་ཡིག་བསྒྱུར་ལ་དོ་གལ་ཆེན་པོ་གནང་བའི་རེ་བ་ཡོད་ལ། ཁ་ཞེ་གཉིས་མེད་ཀྱིས་ཁོང་ལ་རྒྱབ་སྐྱོར་ཡོད་ན་ཁོང་གི་དགོས་འདུན་དང་གནས་བབ་རེ་སྙེག་སོགས་གསལ་བཤད་དང་འབྲེལ་བོད་དོན་འཐབ་རྩོད་ཀྱི་རྣམ་པ་འཁྲུག་ཆ་དོད་པོ་ཞིག་འེ་ཡོང་ལ་འབད་དགོས་ཀྱི། བོད་ཕྱི་ནང་གཉིས་སུ་ང་ཚོའི་དཔའ་རྒོད་མང་བོ་ཞིག་གིས་རེ་བ་ང་ཚོར་བཅོལ་ནས་བཞུད་སོང་བས། ང་ཚོ་ནི་ཁོ་ཚོའི་རྗེས་ལ་མིག་ཆུ་གཏོར་མཁན་ཙམ་མིན་པར་ཤི་བོའི་རྗེས་ཀྱི་གསོན་པོ་གོ་ཆོད་དེ་ཡིན་འོས་ལ་ཡིན་དགོས་ཨང་།
རྒྱབ་བསྐྱོར་ཡོད་ནམ་ཡང་ཡོད།
ཡིན་ནའང་རང་སྲོག་ལ་གཅེས་སྤྲས་བྱེད་རྒྱུ་ནི་གལ་ཆེན་ཡིན།
ཟླ་བཀྲས་ཕུན་ཁང་དམ་ཉམས་གདོན་འདྲེ་ཁྱོད། །ཁོག་ལ་སྙིང་མེད་སྙིང་ལ་རུས་མེད་ཁྱོད། །བརླ་བཙོང་རུས་དྲུད་ཀླད་མེད་རྐང་འདྲེན་ཁྱོད། །བསྟན་སྲུང་རྒྱ་མཚོས་སྙིང་དང་སྲོག་བཞེས་ཤིག །
ཁྱེད་ཀྱི་ཡོད་ཚད་བོད་མི་རིགས་དོན་དུ་བློས་་བཏང་ཚར་བ་ཡིན་གསུང་དུ་ངས་ཁྱེད་ལ་ཐུགས་རྗེ་ཆེ་ཞུ།
ཟླ་བཀྲས་ཕུན་ཁང་དོལ་རྒྱལ་གཅེས་ཕྲུག་འདྲ།། ཟླ་བཀྲས་ཕུན་ཁང་དགེ་ལུགས་དམ་སྲི་འདྲ།། ཟླ་བཀྲས་ཕུན་ཁང་གཏོར་གཤིག་ལྟེ་བོ་འདྲ།། ཟླ་བཀྲས་ཕུན་ཁང་ཤི་ན་ཁྱི་རོ་འདྲ།། ཟླ་བཀྲས་ཕུན་ཁང་གསོན་ན་གསོ་ཁག་འདྲ།། ཟླ་བཀྲས་ཕུན་ཁང་ཤི་གསོན་གང་བྱུང་ཡང་།། ཁྱི་རོ་ཙམ་ལས་དོན་སྙིང་སྣ་གཅིག་མེད།།
གླུ་བ་ཁོ་བསྟན་གྱི་གླུ་ཚིག ཁྱོད་ཀྱི་བདེ་སྐྱིད་དང་ང་ཡི་སྡུག་བསྔལ།
༼གནམ་ནས་བབས་པའི་ཁ་བ་དཀར་པོ་མ་རེད།།
ས་ནས་སྐྱེས་པའི་མེ་ཏོག་དམར་པོ་མ་རེད།།
ས་གནམ་འདྲེས་པའི་གཏམ་རྒྱུད་ངོ་མ་མ་རེད།།
གམན་འོག་འདི་ཡི་དུང་ཞེན་བདེན་པ་མ་རེད།།
ཨོཡེ་་ང་ཡི་རྣམ་ཤེས་ཁྱོད་ལ་མི་མཁོ་ཡང་།།
ང་ལ་མཚོན་ན་རང་གི་འདུན་པ་ཡོད།།༽་་་་་་་་
ང་ཚོ་བོད་པའི་ལས་དབང་དཀར་པོ་མ་རེད།།
བོད་མི་ཡོངས་ཀྱི་སེམས་པ་གཅིག་པ་མ་རེད།།
ང་ཡི་དམིགས་ཡུལ་ཁྱེད་ཀྱི་མི་ཤེས་ཡང་།།
ང་ལ་མཚོན་ན་རང་གི་འདུན་པ་ཡོད།།
གངས་ཅན་བོད་མིའི་རྡོག་རྩ་གཅིག་སྒྲིལ་མ་རེད།།
སྐྱིད་སྡུག་མཉམ་མྱོང་ཟེར་བ་བདེན་པ་མེད།།
གྲོགས་པོ་ཡོངས་ཀྱི་སྙིང་གཏམ་ངོ་མ་རེད།།
ང་ཡི་སྙིང་གི་དམ་བཅའ་འགྱུར་གྱི་མ་རེད།།
གླིང་ཚ་ཚེ་བསྟན་རྡོ་རྗེའི་ཚབ་ཏུ་བྲིས།
རང་དོན་ཁོག་ལ་བཅུག་ནས་རང་བཙན་རྩོད།།
རང་གཞན་གཉིས་ཀ་བསམ་ནས་དབུ་ལམ་རྩོད།།
དེ་བས་སྒེར་དོན་རྒྱང་བསྐྱུར་གོམ་བགྲོད་པ།།
གླིང་གི་དཔའ་ཚ་ཚེ་བརྟན་རྡོ་རྗེ་ཡིན།།
སྙིང་གི་དུམ་བུ་བརྩེ་བའི་ཡིད་འོང་མ།།
ཤ་ལས་ཆད་པའི་བུ་ཕྲུག་རྒྱང་དུ་དོར།།
རྔུལ་ནག་དཀའ་སྡུག་འཕྲང་རིང་ཁུར་བླངས་ནས།།
ཞི་བའི་འབོད་ཚིག་སྒྲོག་པ་གླིང་ཚ་ཡིན།།
དོན་མེད་བཙོན་དུ་སོང་བ་མ་ཡིན་མོད།།
སེམས་ཀྱི་རེ་འདུན་ཀུན་གྱི་ཤེས་སླད་ཡིན།།
འོན་ཀྱང་འདོད་རྔམས་ཅན་གྱི་ཁ་སྒོ་ནས།།
དཔའ་རྒོད་ཁྱོད་ལ་སྨོད་པ་ཡིད་རེ་མུག།
འཇིག་རྟེན་འདི་ན་རང་དོན་མ་འགྲུབ་པར།།
རང་སྲོག་རང་གིས་གཅོད་པའི་བླུན་པོ་མང་།།
ཁྱོད་ཀྱིས་གངས་ཀྱི་གཡག་རྔ་སྲུང་བ་ལྟར།།
བརྒྱ་བཤད་སྟོང་གི་རྩ་བ་དེ་ན་འདུག།
སྙིང་རྗེ་སྤུ་ཙམ་མེད་པའི་མི་བུ་དག།
གཞན་གྱི་སྲོག་ལ་སྤུ་ཙམ་འདུ་ཤེས་མེད།།
དེ་ལྟའི་སྤྱི་ཚོགས་ཤིག་གི་སྣེ་མོ་ནས།།
བདེན་པ་ཟེར་བ་ལབ་ས་ཡེ་ནས་མེད།།
རང་གི་སྙིང་སྡུག་གྲོགས་ལ་མི་བསམ་ཀྱང་།།
དེ་བས་ཁྱེད་རང་གསོན་པ་གལ་ཆེ་བས།།
རྨོངས་པའི་མུན་པར་མགོ་བོ་མ་ཚུད་པར།།
བདེན་པའི་འོད་སྣང་མི་ནུབ་བསྒྲེངས་བར་མཛོད།།
ཆོད་སེམས་ཡང་ཡང་བསྒྲགས་པས་ཁྱོ་རང་ཁ་མ་ཁོམ།།
ཆོད་སེམས་ཡང་ཡང་བྲེས་པས་ཁྱོ་རང་ལག་མ་ཁོམ།།
ཆོད་སེམས་ཡང་ཡང་དྲན་པས་ཁྱོ་རང་ལུས་མ་ཁོམ།།
ཆོད་སེམས་ཡང་ཡང་བཀླགས་པས་ང་རང་ཡིད་ཚིསམ་སོང་།།
བློ་རྒྱ་ཡངས་པའི་གངས་རིའི་དཔའ་བོ་ཚེ་བསྟན་རྡོ་རྗེ་ལ་གུས་འདུད་དང་ཡི་རང་ཞུ།
གླིང་ཚའི་དེ་འདྲ་བཤད་ཡང་བཤད་ཆོག་ཆོག་འདྲ་ཞིག་ཡོད་ནི་རེད། སྐད་ཆ་དྲངས་མོ་བཤད་ན་ང་དང་ཚུད་པའི་ང་ཚོས་མཆན་འདེབས་པ་སུ་ཞིག་གླིང་ཚ་བཞིན་ལེ་བར་སྟོང་ལ་བརྒལ་དེ་བོད་སྤྱི་བའི་དོན་ལ་ལས་ཀ་འདྲ་བྱས་ཡིན། ག་དུས་ཡིན་ཡང་མིའི་རྐུབ་ན་ཁ་བརྡར་བ་མ་གཏོགས་ག་རེ་འཇོན་གི་ཡོད།
ང་ཚོས་མ་འཇོན་པ་དེ་ཁོས་འཇོན་འདུག་པས་ང་ཚོ་ལས་ཁོང་གིས་སྐད་ཆ་སྦོམ་པོ་འམ་ཚོན་པོ་ག་ཚོད་ཞིག་བཤད་པ་མ་ཟད་ཁོང་གི་སྐྱག་པ་གཏོང་བའི་རྒྱུད་རིམ་བཤད་ཀྱང་ཁོ་ལ་དེའི་ཐོབ་ཐང་དང་བཤད་ཆོག་ཆོག་ཡོད་རེད། དེའི་རྐྱེན་ཀྱིས་གླིང་ཚའི་ཁོང་གི་བཙོན་ཁང་ནང་གི་གནས་སྟངས་བྲིས་བ་ལ་ང་ཚོས་བསྟོད་པ་མི་བཤད་ཀྱང་དགག་པ་མི་བྱེད་པ་ཞུ
ཚེ་རྡོ་ལ་དཀའ་ངལ་འཕྲད་དུས་བོད་སྤྱི་ལ་དཀའ་ངལ་འཕྲད་པ་རེད། གང་ལྟར་ང་རང་ཚོའི་དུས་དང་རྣམ་པར་ཀུན་ཏུ་རྒྱ་གཞུང་ལ་ངོ་རྒོལ་ཅན་གྱི་ལས་འགུལ་མ་སྤེལ་ན་བཟང། འདིའི་སྒེར་སོ་སོར་དཀའ་ངལ་ཞིག་ལས་ཁེ་བཟང་གང་ཡང་མེད། དེ་ལས་འདས་པོ་ཚོའི་ཆེད་དུ་མ་ཎི་འདྲ་གཏོན་ནས་བསྡད་ན་ལེགས་པ་མཐོང། བཙན་བྱོལ་གཞུང་གིས་གཞིས་བསྡོད་བོད་པར་ཕན་ཐོག་གི་མ་རེད། སྒྲིག་འཛུག་གཞུང་འདིའི་མ་འཇོན་འཇོན་འདོག་བྱས་ནས་བསྡད་ན། གཞིས་བསྡོད་བོད་པ་རྩ་མེད་འགྲོ་བའི་རྒྱུ་ལས་མ་འདས། དེ་ལས་ཕར་རྒྱ་གཞུང་ལ་འགོ་བསྒུར་ན་གྲུབ་འབྲས་ལེགས་པ་མཐོང། དེ་ངས་ལབ་པ་མིན་ད་ལྟའི་དབུ་ལམ་པའི་ཟུག་སྐད་རེད།
གླིང་ཚ་ཚེ་རྡོ་ལགས། ཁྱེད་ཤི་ན་བོད་པའི་འཐབ་རྩོད་རྫོགས་པ་མ་རེད། ཁྱེད་ཀྱི་འཐབ་རྩོད་དེ་རྫོགས་པ་རེད། ཡིན་ན་ཡང་བློས་གཏོང་གྱི་བྱ་འགུལ་ལ་གདུང་སེམས་མཉམ་བསྐྱེད་ཡོད་ཡོད་པ་ཡིན།
དྭངས་བླངས་པ་ཞེས་པའི་བོད་ཕྲུག་ཐ་ཤལ་དེས་བོད་ཡིག་ཀྱང་ཡག་པོ་ཀློག་ཤེས་ཀྱི་མེད་པ་འདྲ། ཡང་ན་མཁྲིས་ནད་ཅན་ལ་གངས་རི་དཀར་པོ་ཡང་སེར་པོར་སྣང་ཞེས་པ་ལྟར་ཁོས་སྐྱོན་དང་ཡོན་ཏན་ཡོད་ཚད་སྐྱོན་མ་གཏོགས། ཡོན་ཏན་དུ་མི་མཐོང་བའི་གཏི་མུག་གི་མིག་ཤེལ་ཞིག་གྱོན་ཡོད་པ་འདྲ། དེ་མིན་འཐབ་རྩོད་པ་ཁོང་གིས་༼ང་ཤི་ཡང་བོད་ཀྱི་འཐབ་རྩོད་གསོན་ཡོད་པ་རེད་༽ཅེས་བྲིས་ཡོད་པ་ལས། ཁོང་ཤི་ན་བོད་ཀྱི་འཐབ་རྩོད་རྫོགས་འགྲོ་ཚུལ་ལྟ་བུ་ག་དུས་བྲིས་འདུག ག་བར་བྲིས་འདུག ཕལ་ཆེར་ཁྱོད་ཀྱི་མིག་གམ་ཀླད་པ་གཉིས་གང་རུང་གཅིག་ལ་སྐྱོན་ཆག་ཤོར་ཡོད་པ་འདྲ། ཡང་མིན་ན།
མིག་གིས་མཐོང་བཞིན་གཡང་ལ་མཆོང་།།
མི་རུང་ཤེས་བཞིན་སྡིག་དམོད་བྱེད།།
དེ་འདྲ་དེ་ནི་ལྐུགས་པ་ཡིན།།
དེ་འདྲ་དེ་ནི་བླུན་པོ་ཡིན།།
བླུན་པོའི་ནང་གི་བླུན་ཤོས་ཡིན།། ཞེས་པ་ལྟར་ཤེས་བཞིན་དུ་རང་མཚང་དམར་ཧྲེང་དུ་སྟོན་ཕྱིར་བྲིས་པ་ཡིན་པར་ངེས།།
ང་ཡི་གེ་དག་ཆ་མེད་མཁན་དང་འབྲི་ཀློག་མི་ཤེས་མཁན་ཞིག་ཡིན་པའི་དབང་དུ་གཏོང་ཀྱང། ཁྱེད་ཡང་ཤེས་ཡོན་ཅན་ཞིག་མིན་པ་ཁག་ཁུར་ཆོག། མི་ལ་སྨད་ར་དང་ཚིག་ངན་གིས་འགྲོས་ལ་བལྟས་ན་རྣམ་དཔྱོད་ལ་སྨག་རུམ་གྱི་མུན་པས་གཏུམ་པའི་མཁས་རློམ་པ་ཞིག་རེད་འདུག། བསམ་པ་ནང་ན་ཅི་ཡོད་པ། སྦྱོར་བ་ཕྱི་རོལ་དག་ན་གསལ། ཅེས་པ་དེ་ཇི་འདྲའི་བདེན་པ་ལ་ཨང། དངོས་ཡོད་མ་རེད་བས། ཚེ་རྡོ་གྲོངས་ན་བོད་གྱི་འཐབ་བརྩོད་རྫོགས་པ་མ་རེད། ཡིན་ན་ཡང་ངས་བསམ་པ་ཚེ་རྡོའི་དེ་ལྟར་བྲིས་འདུག་ཟེར་བའི་ཚིག་ཞིག་ངས་བྲིས་མེད་དུས། ཁྱོད་ཀྱི་བཀའ་གནང་བ་དེ་དྭངས་ལེན་བྱེད་ཐུབ་ས་མ་རེད། སྤྱི་གཏང་བྱས་ན་ང་ཚིག་ངན་བཤད་རྒྱུར་དགའ་མཁན་ཞིག་མིན། ཡིན་ན་ཡང་འགོ་ཁྱེད་ནས་གཙུག་དུས་འཇུག་ངས་མ་སྐྱེལ་ན་མི་འགྲིགས། ཁྱེད་རང་ནི་ཁྱི་ཕྲུག་ཞིག་དང་གཅིག་པ་རེད་འདུག། བདག་པོ་ལ་དགའ་ཡང་ཟུག། ཕྱི་མི་ལ་མ་དགའ་ཡང་ཟུག་མཁན་གྲས་ཞིག་རེད་འདུག་བ། སྐྱོན་བརྗོད་ན་བརྩོད་གཞི་ཆོས་ཅན་གང་ཡིན་དེ་ངོས་འཛིན་ཨི་ཤེས་བལྟ་རོགས། མ་བྱས་པ་དེ་བྱས་ཐལ་ཟེར། ད་དུང་རང་ཉིད་མཁས་རློམ་བྱེད། མ་བྲིས་པ་ཞིག་བྲིས་འདུག་ཟེར། ད་དུང་རང་ཉིད་སྤྱང་འདོག་བྱེད། རྒྱ་ཁྱི་ཧ་པའི་ཟུག་སྐད་ལ། ལན་འདེབས་མེད་ཀྱང་གོ་བསྐོན་ཙམ།