༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུ་པར་ཁག་ཅིག
༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུ་པར་ཁག་ཅིག
༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུ་པར་ཁག་ཅིག
༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུ་པར་ཁག་ཅིག
༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུ་པར་ཁག་ཅིག
༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུ་པར་ཁག་ཅིག
༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུ་པར་ཁག་ཅིག
༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུ་པར་ཁག་ཅིག
༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུ་པར་ཁག་ཅིག
༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུ་པར་ཁག་ཅིག
༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུ་པར་ཁག་ཅིག
བླ་མ་འདི་ཕྱག་འཚལ་ལོ།
བློ་བཟང་རྒྱལ་བའི་དབང་བོ་ཙོང་ཁ་བའི། །
རྣམ་དཀར་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྗེ། །
མདོ་སྔགས་བསྟན་པའི་རྒྱལ་མཚན་འཛིན་པའི་དཔལ། །
སྐྱབས་མགོན་དམ་པའི་ཞབས་ལ་གསོལ་བ་འདེབས། །
དད་པ་དྭངས་མ་ཆུ་ཤེལ་དབང་པོ་ལ། །
ཁྱོད་ཀྱི་སྣང་བསྙན་ཉི་མའི་འོད་ཕོག་པས། །
སྙིང་གི་མདངས་ལས་འཕོས་པའི་ཚིགས་གསུམ་སྟེ། །
པཎ་ཆེན་བླ་མ་རྒྱལ་ལོ་ཞེས་བརྗོད་དོ། །
བླ་མ་ཁོང་གི་མཛད་རྗེས་ལ་དུས་ནམ་ཡང་རྫོགས་མཐའ་མེད་ཀྱང་བཙན་བྱོལ་བོད་གཞུང་གི་སྐུ་ངོ་ཚོ་ནང་ནས་ཁོང་གི་མཛད་རྗེས་གཅིག་ཀྱང་མེད་གི་ད་དུང་འགྲེམས་སྟོན་ཁང་ནང་དུ་ཁོང་གི་སྐུ་དཔར་ཧ་ཅང་འཇོག་ཁག་པར་གྱུར་ཡོད ། མི་བུ་ཚོ་ཁོམ་པ་རེ་བྱུང་ན་འགྲེམས་སྟོན་ཁང་ནང་དུ་སོང་ནས་སྐུ་དཔར་རེ་ཨེ་ཡོད་གི་ལྟ་རོགས་གནང་།
འུམ་འུམ། ཅིག་ཅིག་ལ་བསྟོད་པ་ལ་བཙན་བྱོལ་ལ་བཀའ་སྐྱོན་གཏོང་དགོས་པ་འདི། ད་ཐང་འདྲ་ཞིག་ཆད་འོང་གི
ནམ་ཡང་སེམས་ཁོངས་ནས་ཡལ་དུ་མེད་པའི་ཁྱེད། ༸ཀུན་གཟིགས་ལགས། ཁྱེད་ནི་གངས་ལྗོངས་ལ་འོད་སྣང་སྩོལ་བའི་དུང་ཟླ་དང་། རྩྭ་ཐང་ལ་གསོན་ཤུགས་སྦྱིན་པའི་བདག་པའི་གཡུ་འབྲུག་ཡིན། སྐྱབས་སུ་མཆི། ངའི་རྩ་བའི་བླ་མ། ཀུན་གཟིགས་མཆོག
ནམ་ཡང་སེམས་ཁོངས་ནས་ཡལ་དུ་མེད་པའི་ཁྱེད། ༸ཀུན་གཟིགས་ལགས། ཁྱེད་ནི་གངས་ལྗོངས་ལ་འོད་སྣང་སྩོལ་བའི་དུང་ཟླ་དང་། རྩྭ་ཐང་ལ་གསོན་ཤུགས་སྦྱིན་པའི་བདག་གཡུ་འབྲུག་ཡིན། སྐྱབས་སུ་མཆི། ངའི་རྩ་བའི་བླ་མ། ཀུན་གཟིགས་མཆོག
མགོན་པོ་གང་གི་ཡང་སྤྲུལ་མྱུར་དུ་ངེད་ཅག་གི་མགོན་དུ་བྱོན་པར་བྱིན་གྱིས་བརླབས་དུ་གསོལ།
ཀུན་གཟིགས་མཆོག་ལ་ཕྱག་འཚལ་ཞིང་སྐྱབས་སུ་འཆི། ཞོར་དུ་རྩོམ་པ་པོ་ཤར་ཕྱོགས་ཁུག་རྟ་ལགས་སུ་དྲི་བ་ཞིག་ཡོད། ཀུན་གཟིགས་མཆོག་ལ ༨༦ ལོར་བལ་ཡུལ་ནས་བོད་མིས་ངོ་རྒོལ་གནང་འདུག་གམ།
རྒྱ་གུང་ཁྲན་དམག་མི་ཐེངས་པོ་བོད་དུ་ཁྲིད་ཡོང་མཁན་ཀུན་གཟིགས་རིན་པོ་ཆེ་རེད། འོ་མ་རེད། ཁོང་གི་སྐུ་སྲུང་ལ་ཁ་གཡར་བས་ཡོང་བ་རེད། བླ་མའི་ལམ་ལུགས་ལ་མོས་གུས་མེད། བོད་འདི་ཕམ་པའང་བླ་མ་ཚོ་ལ་འབྲེལ་བ་དམ་ཟབ་ཡོད་པས་ལགས།
བླ་མའི་མཛད་རྗེས་རི་ལས་བརྟན། །བླ་མའི་དགོངས་པ་མཚོ་ལས་ཟབ། །
གང་ལྟར་སྔོན་ཧོ་ཅན་ཐོ་ལྷ་སའི་སྤྱི་ཁྱབ་མགོ་གཙོ་ཡིན་དུས་ཁོས་རིན་པོ་ཆེ་མཆོག་ལ་དུག་དྲངས་ནས་གྲོངས་བ་དེ་ཚང་མས་མ་བརྗེད་པ་བྱེད་དགོས། འཇར་མིན་གནས་སྡོད་རྒྱ་མི་དམངས་གཙོ་དོན་ཉར་ཞིག་གིས་གསལ་འདོན་གནང་ཡོད་པ་རེད།
རིག་པའི་བུ་ཞེས་མིང་དུ་འཛིན་པ་ཁྱོད།།
གང་བྱུང་རྒྱུ་མཚན་མེད་པའི་གཏམ་ངན་གྱིས།།
པཎ་ཆེན་མཆོག་ལ་མཚན་སྨད་ཞུ་བ་འདི།།
མཐོང་བའི་མོད་ལ་ཁྱོད་ལ་སྐྱུགས་བྲོ་སོང་།།
ཁྱོད་རང་རིག་པའི་བུ་དང་ཕར་ཟད་དེ།།
གང་བྱུང་བཤད་ལ་སྐྱང་ལངས་ཤོར་བ་ཡི།།
སྐྱག་པའི་བུ་ཞེས་མིང་འདི་འབོད་ན་དགའ།།
རིག་པའི་བུ་ཞེས་པ་མ་རིག་པས་གཞན་དབང་ཁོ་ནར་སོང་བ་ཁྱོད་འོན་ཅིག ཁྱོད་རང་བླ་མའི་ལམ་ལུགས་དང་༧གོང་ས་མཆོག་དང་༧ཀུན་གཟིགས་གོང་མ་མཆོག་གིས་མཛད་འཕྲིན་ལ་མོས་གུས་མེད་ན། ཁྱེད་ཀྱིས་ཁྱེད་རང་ངོ་མ་ཤེས་པའི་རྟགས་རེད་མ་གཏོགས་གཞན་ལ་ལས་ཁག་དཀྲིགས་ཡས་ཡོད་པ་མ་རེད། འཛམ་བུ་གླིང་པའི་བློ་ལྡན་ཡོངས་ཀྱིས་༧གོང་ས་མཆོག་གི་རླབས་ཆེན་མཛད་འཕྲིན་ལ་མོས་གུས་ཚད་མེད་ཞུ་བཞིན་པ་དང་། ༧ཀུན་གཟིགས་གོང་མ་མཆོག་གི་རླབས་ཆེན་མཛད་འཕྲིན་ལ་གཞིས་བཞུགས་བོད་མི་ཡོངས་ཀྱིས་རྗེས་དྲན་དང་མོས་གུས་ཚད་མེད་ཞུ་བཞིན་པ་དེས། ཁྱོད་མ་བཟོད་པར་བོད་མི་ནང་ཁུལ་དཀྲུག་ཤིང་རྒྱག་རྒྱུ་དང་རང་ཤི་རྒྱག་རྒྱུ་ལས་གཞན་བྱ་ཐབས་མིན་འདུག་ན་དེ་དོན་ཡིད་ལ་འཇགས་དགོས་སོ།། །།
རིག་པའི་བུ་ཞེས་པའི་སྐྱག་ཕྲུག་ཁྱོད་འདྲ་བ་སྐྱེས་ནས་ཨ་མའི་སྟུ་ཚ་རོགས་ལས་གཞན་ཕན་ཅི། ཁྱེད་ལྟ་བུ་དཀྲུགས་ཤིག་རྒྱག་མཁན་གཅིག་ལས་མེད་ཀྱང་མང་དྲགས་པ་རེད།།
ཡ་ཡ། ཅུང་ལྷོད་བབ་དང་། རིག་པའི་བུས་༧བླ་མར་སྐྱོན་བརྗོད་པ་དེ་གཞི་མེད་སྒྲོ་བཏགས་རེད་དམ། དངོས་གནས་རེད། དེ་ལུགས་ཀྱི་བསམ་བློ་གཏོང་ཆོག་གི་རེད།
༸པཎ་ཆེན་ཉིན་གཞོན་མྱུར་བྱོན་ཤོག །
ཡུལ་གངས་ཅན་ལྗོངས་སུ་ཉི་མ་ནུབ་དུས། །
མགོན་༧པཎ་ཆེན་བླ་མས་འོད་སྣང་སྦྱིན་ཡོད། །
བོད་ཁ་བའི་ཡུལ་ལ་སྨག་རུམ་འཐིབས་དུས། །
མགོན་༧པཎ་ཆེན་བླ་མས་སྒྲོན་མེ་སྤར་ཡོད། །
ཡུལ་གངས་ཅན་ལྗོངས་ཀྱི་འགྲོ་བ་རྣམས་ལ། །
རྗེ་༧པཎ་ཆེན་བླ་མ་བཀའ་དྲིན་ཆེ་འོ། །
བོད་ཁ་བ་ཅན་གྱི་ཡུལ་མི་རྣམས་ཀྱིས། །
རྗེ་༧པཎ་ཆེན་བླ་མར་གུས་ཕྱག་འབུལ་ལོ། །
རིག་པའི་བུ་ཟེར་བར།
ཁྱོད་བོད་ཀྱི་བླ་མའི་ལམ་ལུགས་ལ་མོས་གུས་མེད་པར་ཧ་ལས་རྒྱུ་གང་ཡང་མེད། ༧ པཎ་ཆེན་བླ་མས་བོད་ལ་མཛད་རྗེས་ཅི་བཞག་པ་ང་ཚོའི་སེམས་ན་ཁྲིག་སེ་ཡོད། ཁྱོད་མི་དགའ་བ་ལ་རྒྱུ་མཚན་ལེ་ཡོད། ༧ ཁོང་གིས་བོད་མི་རིགས་འཆི་ལམ་ནས་སྐྱོབས་པའི་སྐུ་ངལ་བསྐྱོན་པ་དེ་ཁྱོད་དང་རྒྱ་ནག་གུང་ཁྲན་ལ་མཚོན་ན་སྙིང་ན་བ་ཞིག་ཅི་ལ་མིན།
རང་འཚོལ་ལགས། ཁོས་བཤད་པ་ལ་གནས་ལུགས་མེད་པ་ཡིན་ན་བཀའ་སྐྱོན་གཏོང་ནས་ཚར་གཅོད་ཆོག་གི་རེད་པ། ངས་དེའི་སྐོར་གསལ་པོ་ཤེས་གི་མེད། ཤེས་མཁན་ཚོའི་དེ་ལུགས་ཁུང་སྐྱེལ་གནང་རོགས། སྐྱག་ཕྲུག་ཟེར་བ་ཙམ་གྱིས་ཁོས་བརྗོད་པའི་སྐྱོན་ག་ལ་སེལ་ཐུབ།
ངའི་དད་མོས་ཞུས་སའི་བླ་མ་ཁ་ཤས་ནང་ནས་གཅིག་ཁོང་ཡིན། ཞལ་མ་མཇལ་ཡང་སེམས་གཏིང་དད་ལྷང་ལྷང་འདྲ་ཞིག་ཡོད། དེས་ན་ཁྱོད་ཀྱིས་ཅི་ཟེར་ཡང་ཁྱོད་རང་གང་དགའ་བྱོས།
རིག་པའི་བུ་ལགས། ཁྱོད་བླ་མའི་ལམ་ལུགས་ལ་མོས་གུས་མེད་ཀྱང་ཆོག་མོད། ཁྱོད་ཀྱང་བོད་མི་རིགས་ལ་དགའ་ཞེན་དང་། བོད་ཀྱི་བདེན་མཐའ་གསལ་བར་རེ་སྨོན་བྱེད་མཁན་ཞིག་ཡིན་རྒྱུ་རེད་སྙམ། ཁྱོད་ཀྱིས་ཁོང་གི་སྐུ་སྲུང་ལ་རྒྱ་དམག་ཐེངས་དང་པོར་བོད་ནང་སླེབས་པ་རེད་ཟེར་བར་བལྟས་ན་ལོ་རྒྱུས་ལ་རྒྱུས་ཡོད་པའི་མདོག་འདྲ་བོ་རེད། ཀུན་གཟིགས་རིན་པོ་ཆེ་མཆོག་ནས་བོད་དོན་ཐད་ཡིག་འབྲུ་ཁྲི་བདུན་མ་སོགས་ཡིག་ཐོག་དང་། ཚོགས་ཐོག་ཏུ་སྐུ་དངོས་ཀྱིས་སྐུ་ངལ་ཅི་ཙམ་བསྐྱོན་གནང་བ་དང་། དགྲ་བོའི་བཙོན་ཁང་ནང་བོད་མི་རིགས་ཀྱི་ཆེད་དུ་ཅི་ཙམ་བཞུགས་པ་ཤེས་ཀྱི་རེད་སྙམ། དེ་ལྟ་ན་ཁྱོད་ཀྱིས་ཀུན་གཟིགས་རིན་པོ་ཆེ་མཆོག་བོད་མི་རིགས་ཀྱི་བདེ་སྐྱིད་རྩོད་ལེན་པ་ཞིག་གི་ཆ་ནས་ཅི་ཞིག་བསམ་བཞིན་ཡོད། ཁྱོད་རང་ཕལ་ཆེར་འབའ་བ་ཕུན་ཚོགས་དབང་རྒྱལ་ལ་མོས་གུས་ཡོད་ཀྱི་རེད། ཁོང་ནི་བོད་རིགས་དམར་ཤོག་པ་དང་པོ་རེད། སྐུ་ཞབས་འབའ་བ་ལགས་ནས་རྒྱ་ནག་གུང་ཁྲན་གྱི་དམག་གི་སྣེ་ཤན་པ་བྱས་ནས་རྒྱ་དཔོན་ཁྲིན་ཡས་ཀྱིས་རྒྱ་དམག་བརྒྱད་སྟོང་ཐོག་མར་བོད་ལ་དྲངས་པ་དེ་ཡང་བླ་མའི་ལམ་ལུགས་ཀྱིས་བྱས་པ་འེ་རེད། གལ་ཏེ་ཀུན་གཟིགས་པཎ་ཆེན་མཆོག་དང་སྐུ་ཞབས་འབའ་བ་ལགས་མེད་ན་རྒྱ་དམར་བོད་ནང་མི་འཛུལ་བའི་གདེང་ཚོད་འེ་ཡོད། མེད་ན་སྐད་ཆ་དེ་འདྲ་དཀྲུགས་ཤིང་རེད། །
ད་རིང་མེ་ཏོག་དཀའ་པོས་སྐད་ཆ་རྒྱུ་ཁོག་དང་ལྡན་པ་ཞིག་བཤད་འདུག་པས་དགག་པ་མེད་པར་ཚེ་ཐར་གཏོང་ཆོག་པ་འདུག
༧པཎ་ཆེན་སྐུ་པར་མཇལ་ནས་མིག་ཆུ་ཤོར། ལྷ་མི་འཁོན་གསུམ་བརྒྱུད་པ་ཅི་འདྲ་ཡང་། །བོད་རྒྱའི་ཕྱོགས་འཛིན་མཛད་པ་ཅི་གནང་རུང་། །སྐྱ་སེར་ཆོས་སྲིད་རྣམ་འགྱུར་གང་བསྟན་རུང་། །གསུབ་མེད་རྣམ་ཐར་དད་གུས་འགྱུར་བ་མེད། །
བོད་མི་རིགས་རྒྱ་དམར་གྱིས་བཙན་འོག་ཏུ་ཤོར་ཏེ། འབོད་ས་ཨ་སྔོན་གནམ་དང་བར་བ་སེར་བུ་རླུང་ལས་མེད་དུས། ༧རྒྱལ་དབང་ཐམས་ཅད་མཁྱེན་པ་ལས་ཀྱང་ཀུན་གཟིགས་རིན་པོ་ཆེ་མཆོག་བཀའ་དྲིན་ཆེ་ཞུས་ན་མི་ཆོག་པ་གང་ཡང་མེད་སྙམ།
རིག་པའི་བུ་ཟེར་བ་དེ་ནོར་འཁྲུལ་ཁས་ལེན་བྱ་མཁན་ཞིག་རེད་འདུག ད་བཀའ་སྐྱོན་མ་གནང་རོགས།།
གལ་སྲིད་བླ་མའི་ལམ་ལུགས་འདི་མེད་པ་ཡིན་ན་རྒྱལ་པཎ་བླ་བྲང་གཉིས་མི་མཐུན་པ་བྱུང་དགོས་དོན་མེད་ཅིང་། མ་བྱུང་བ་ཡིན་ན་རྒྱ་མིས་པཎ་ཆེཎ་ལག་ཆ་བྱས་ནས་བོད་གཞུང་ལ་རྒོལ་མི་སྲིད། ལྷག་པར་དུ་་རྭ་སྟག་གཉིས་གོང་ས་མཆོག་གི་རྒྱལ་ཚབ་ཏུ་ཐོན་མི་སྲིད་ཅིང་ཁོ་གཉིས་ཀྱི་བར་དུ་དབང་ཤུགས་འཐབ་རྩོད་བྱས་ཏེ། རིན་ཐང་བྲལ་བའི་དུས་བོད་ཆུ་ཟོས་སུ་ཡིད་སྐྱོའི་གནས་ཚུལ་དེ་བས་ཡོང་ཐབས་མེད་པས་རྒྱ་ནག་བོད་དུ་ཡོང་བ་ལྕགས་རྡོ་ལྟར་འགོག་རྐྱེན་གྱི་ལོ་རྒྱུས་བྲིས་་ཡོད།
བླ་མ་འདས་རྗེས་སུ་ཡང་སྲིད་རྩད་གཅོད་བྱེད་རྒྱུ་ནི་སྙོགས་འཛིང་ཆེ་ལ་ཆབ་སྲིད་པ་དང་དབང་ཤུགས་ཅན་ཚོས་རང་གི་མོས་འདོད་དང་མཐུན་པའི་ཡང་སྲིད་རེ་བྱུང་བས་དཀའ་ཚགས་ཆེ་ཞིང་། གང་ཞིག་སྤྱི་ཚོགས་ཡོངས་ཀྱིས་ངོས་ལེན་བྱས་ཤིང་ནར་སོན་ཚེ་བར་དུ་ལོ་ངོ་ཉི་ཤུ་ལྷག་འགོར་བས་རྒྱལ་ཁབ་གཅིག་ལ་མཚོན་ན་དབུ་མེད་པའི་ཆེས་གྱོང་གུད་ཅིག་ག་ལ་མིན། ཡིན་པ་མ་ཟད་དགུང་ལོ་ཉི་ཤུ་ལོན་ཀྱང་ཆབ་སྲིད་དང་འཇིག་རྟེན་གྱི་སྤྱི་ཚོགས་ལ་དེ་ཙམ་མྱོང་གོམས་མེད་པས་ཆབ་སྲིད་ཚོས་ལག་ཆ་འགྱུར་ཉེན་ཧ་ཅང་ཆེ། དཔེར་ན། པཎ་ཆེན་ཡང་དགུང་ལོ་གཞོན་དུས་རྒྱ་ནག་གི་ལག་ཆ་གྱུར་ཞིང་གུང་ཏང་གིས་བཤད་པ་ལ་ཡིད་ཆེས་བྱས་བས་རྒྱ་དམག་བོད་དུ་དྲངས་བ་རེད། རྗེས་སུ་རྒྱ་ནག་ལ་དབང་ཆ་ཀུན་ཐོབ་ཅིང་པཎ་ཆེན་དགོས་མཁོ་མེད་ཆགས་ཚེ་རྒྱ་ནག་པ་དེ་སྔོན་གྱི་ཁ་དན་ལ་མ་གནས་ཚེ། པཎ་ཆེན་གྱིས་གཞི་ནས་རང་ཉིད་མགོ་སྐོར་འོག་ཏུ་ཐེབས་པ་འཚོར་ཞིང་ཡིག་འབྲི་ཁྲི་བདུན་བྲིས་བ་རེད། དེ་ལྟར་བྲིས་བ་ཡག་པོ་རེད། ཡིན་ཡང་ཁོས་ཡིག་འབྲི་དེས་རང་ཉིད་་རྒྱ་ནག་གི་གཙོན་དུ་རྒྱུན་རིང་བབཅུག་རྒྱུ་ཕུན་དབང་ལྟར་ཐུགས་བསམ་འཁོར་མེད་ཤས་ཆེ། ཕུན་དབང་་ཡང་རྒྱ་གུང་ཁྲན་ལ་ཡིད་ཆེས་མང་དྲགས་པས་རང་ཉིད་གཙོན་དུ་བཅུག་ཀྱང་ད་དུང་རྒྱ་གཞུང་གིས་དེ་ལྟར་བྱེད་པ་རྒྱུན་རིང་ཡིད་ཆེས་སླེབས་མེད། མདོར་ན་པན་ཕུན་གཉིས་རྒྱའི་མགོ་སྐོར་འོག་ཏུ་ཐེབས་པ་ཁོང་གཉིས་རྒྱ་ལ་བེད་སྤྱོད་དེ་ཙམ་མེད་ཚེ་བར་དུ་འཚོར་མེད། བློ་ཕམ་པ་ཞིག་ལ་དེ་དུས་ཕྱིས་དྲགས་པ་རེད།
མདོར་ན་ཁོང་རྣམ་ལ་གཉིས་ཀྱི་ལྷག་བསམ་བོད་ལ་དཀར་བ་ཁས་ལེན་ཡོད། ཡིན་ཡང་གཞན་གྱི་མགོ་སྐོར་འོག་ཏུ་ཚུད་པས་བྱ་ཐབས་ག་ལ་ཡོད། དེ་ནི་ད་ལྟའི་མི་རབས་ལ་རླབས་ཆེན་གྱི་སླབ་བྱ་ཐེངས་ཤིག་ལས་ཅི་ལྟར་འགྲེལ།
རིག་པའི་བུ་ཁྱེད་རང་ཐལ་དྲག་པའི་སྐད་ཆ་མ་ཤོད། རྒྱ་མི་བོད་དུ་ཁྲིད་མཁན་ཀུན་གཟིགས་མཆོག་རེད་ཟེར་ན་ཐབས་སྐྱོ་བོ་རེད། མ་གཞི་ད་ལྟ་བར་དུ་ང་ཚོས་སོ་སོས་ནོར་བ་དེ་མི་གཞན་པའི་སྟེང་ལ་ཁ་གཡར་བ་རྒྱུ་གཏན་ཡིན་པས་ཧང་སང་དགོས་པ་མེད།
རང་རིགས་བསྣུན་ལ་སྤོབས་པའི་མཆ་སྡེར་ཅན། །
དཀའ་སར་བྲོས་ནས་བོས་ཀྱང་ཨང་མི་ཁུག །
དངོས་སུ་པད་ཅིང་ཚོགས་འདུར་སེངྒེའི་སྒྲས། །
ངོ་མས་གངས་ལྗོངས་སྲུང་ལ་གསོལ་བ་འདེབས། །
འཇོན་པོ་ཡོད་ན་དགྲ་བོའི་མདུན་དུ་ཐོན་ནས་དཔའ་སྐད་སྒྲོགས་དང་། དཔའ་བོ་རེད་དཔའ་མོ་རེད། དགྲ་བོ་མེད་སར་ངར་ངར་བྱས་ཀྱང་སྟོང་པ་རེད། རིག་པ་བུའི་མིང་ཁྱེད་རང་ལ་དགོས་པ་དེ་བྱུང་བ་རེད། ཀུན་གཟིགས་མཆོག་སྐུ་བཀྲོངས་པ་རེད། ཡང་སྲིད་དེ་ཡང་དགྲ་བོའི་ལག་ཏུ་ཅི་མ་དོ་ལ་ཕུལ་སོང་། ད་ཁྱེད་རང་དགའ་བའི་བྲོ་དང་། སྐྱིད་པའི་གླུ་ལེན།
རིག་པའི་བུ་ཁྱེད་རང་དགྲ་བོའི་མགོ་སྐོར་འོག་ཏུ་ཚུད་མི་འདུག་པ། ད་ནད་རིགས་གང་མནར་སོང་། ད་དུང་ཡང་མདུན་དུ་དོན་མཁན་མི་འདུག མ་གཞི་བོད་འཚོང་མཁན་པཎ་ཆེན་རིན་པོ་ཆེ་དང་། ང་ཕོད། ཕུན་དབང་རེད་ཟེར་ན་ད་ཁོང་ཚོ་ཕེབས་ཚར་བ་རེད། ད་རིག་པའི་བུ་ད་རང་གི་འཇོན་སྟངས་ངོམ་པའི་དུས་ལ་བབས་སོང་།
དེང་སང་བོད་ནང་བོད་ཡིག་ཤེས་མཁན་ཁ་ཤས་ཡོད་པ་འདི་པན་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་མཆོག་གི་སྐུ་དྲིན་རེད། བདུད་རྒན་མོ་ཙད་ཏོན་ཤི་བའི་རྗེས་སུ། ཁོང་རིན་པོ་ཆེ་ལྟ་བུའི་ཐུགས་རྒྱ་དང་བློ་སྤོབས་ཆེན་པོ་བརྩེ་བའི་བདག་ཉིད་ཅན་ཞིག་བོད་ནང་བཞུགས་མེད་ན། དེང་སྐབས་ང་ཚོས་ལོངས་སུ་སྤྱོད་བཞིན་པའི་བོད་ཡིག་གི་ཁོར་ཡིག་འདི་འདྲ་ཞིག་མེད་ཚོད་ཡིན། ང་ནི་༡༩༥༨སྔོན་གྱི་བོད་པའི་སྐུ་དྲགས་རང་ལུགས་ལ་མི་དགའ་མཁན་ཞིག་ཡིན། བོད་པའི་སྐུ་དྲགས་དེ་ཚོས་བོད་འབངས་རྣམས་གཡོག་ལ་བཀོལ། ཁོང་ཚོ་ཤོ་རྩེ་དང་བཟའ་བཏུང་ལོངས་སྤྱོད་ལ་མགོ་འཁོར་ནས། བོད་རྒྱལ་ཁབ་འདི་རྒྱ་མིར་རྩིས་སྤྲད་པ་རེད།
ཀུན་གཟིགས་པཎ་ཆེན་མཆོག་རྒྱ་གཞུང་གིས་ལོ་ངོ་བཅུ་ཕྲག་བཙོན་ནང་ལ་བཅུག་དགོས་པའི་རྒྱུ་མཚན་གཙོ་བོ་དེ་ག་རེ་རེད་དམ།
རྒྱ་མཚན་ནི་བླ་མས་བོད་བསླུས་པ་མ་རེད། ལས་རྒྱ་འབྲས་ཁས་ལེན་མེད་ལ། རང་ཉིད་ཀྱི་ཁེ་ཕན་དོན་དུ་ཚང་མ་བཙོང་མཁན་གྱི་ཆོས་མེད་བཀྲིས་ལྷུན་པོའི་གཡོག་སྐྱ་བོ་དེ་ཚོས་ང་ཚོའི་རླབས་ཆེན་གྱི་དབུ་ཁྲིད་དེ་བཙོང་པ་རེད། རིག་པའི་བུས་ཤེས་ཀྱི་ཡོད་ཤག། བཀྲིས་ལྷུན་པོའི་གཅེ་འཇིགས་མེད་ཟེར་བ་དང་དེ་བཞིན་གཡོག་ངན་ཚོས། ནང་གི་གསང་དབང་ཚང་མ་རྒྱ་ལ་བཤད་ནས། པན་ཆེན་མཆོག་གི་གསང་བའི་ཡང་སྙིང་། བོད་ཀྱི་རང་དབང་སླར་གསོའི་འདུན་པ་དེ། དང་པོ་པན་ཆེན་མཆོག་གིས་གཡོག་པོ་དེ་ཚོར་གསུངས་། དེ་ཚོས་གསང་གཏམ་དེ་རྒྱ་ལ་བཤད་ནས། མའོ་ཡིས་ཐད་ཀའི་བཀའ་འོག་ལ་ཁོང་འཛིན་བཟུང་བྱས་པ་རེད། མའོ་ཡི་བཀའ་མེད་པར་པན་ཆེན་ལྟ་བུ་སུས་འཛིན་བཟུང་བྱེད་ནུས་སམ། མཐའ་ན་ང་ཕོད་དང་འཕགས་པ་ལྷ་ལྟ་བུར་སྐབས་དེ་དུས་ལག་པ་འཆང་ཕོད་ཀྱི་མེད། ཅིའི་ཕྱིར།
ཡིག་འབྲུ་ཁྲི་བདུན་དེ་རྒྱ་མིར་སྤྲེལ་ལད་དོན་དུ་བྲིས་པ་རེད་དམ། བཙོན་ནས་གློད་རྗེས། སྐྱར་དུ་བོད་ཀྱི་རིག་གནས་ཉམས་གསོ་དང་། དར་སྤེལ། བོད་ཆེན་པོའི་ནང་ལ་བོད་རིགས་ཚང་མ་རྡོག་རྩ་གཅིག་སྒྲིལ་བྱས་ནས་བོད་ཀྱི་རིག་གཞུང་དར་སྤེལ་དང་། བོད་པའི་གོམས་སྲོལ་ལྡན་པའི་འཚོ་བ་ཞིག་བསྐྲུན་ཆེད་འབད་པ་གནང་བ་དེ་རྒྱ་མིར་སྤྲེལ་ལད་རེད་དམ།
མཐའ་མ་མི་ཚེའི་མཇུག་སྡོམ་ལྟ་བུར། ༏༺བོད་མི་རིགས་ཀྱི་ཞབས་འདྲེན་ཞུས་མེད། ༻གསུངས་པ་དེ་རྒྱ་མི་བོད་ལ་ཁྲིད་མཁན་གྱི་སྐད་ཆ་ཡིན་སྲིད་དམ།
རིག་པའི་བུ་ལགས།
བླ་མའི་ལམ་ལུགས་ལ་མོས་གུས་མེད་པ་མིན་པར་བླ་མའི་སྲིད་དབང་འཛིན་པའི་ལམ་ལུགས་ལ་མོས་གུས་མེད་ཅེས་བརྗོད་ན་ཁྱོད་ཀྱི་ཞེ་འདོད་དང་མཐུན་ཤས་ཆེ། ཁྱོད་ཀྱིས་ ཞེས་བརྗོད་པ་ལ་བལྟས་ན་ཁོང་རྣམ་གཉིས་དགྲ་བོའི་མགོ་སྐོར་འོག་ཏུ་ཚུད་པ་ལ་འགྱོད་སེམས་ལས་འཁང་སེམས་མེད་པར་བསམ། དེ་འེ་རེད། ང་ཚོ་རྗེས་རབས་པ་ཚོས་ལོ་རྒྱུས་ལས་བསླབ་བྱ་ལེན་ཤེས་ན་ཡང་དག་པའི་ལམ་བུ་འཚོལ་བའི་སྒྲོན་མེར་འགྱུར་བ་ལས། དུས་རབས་ཀྱི་འཁོར་བསྐྱོད་མི་མཐུན་པའི་གནས་ཤིག་ནས་མི་རབས་གོང་མ་དང་། ཕུལ་བྱུང་མི་སྣའི་འགལ་འཛོལ་ཁོ་ན་གླེང་བཞིན་དེ་དག་ནི་བོད་མི་རིགས་ཀྱི་བྱུར་འདྲེན་ལ་བསམ་ན་ཡང་དག་པའི་བསམ་བློ་ཞིག་རེད་དམ། དགྲ་བོའི་འཆར་འགོད་བཏང་ཟིན་པའི་གཡོ་ཇུས་ཀྱི་མཐིལ་དུ་ལྷུང་བར་དེ་འདྲའི་སྡིག་དམོད་དང་། ནམ་ཡང་མོས་གུས་མེད་པ་དེ་འདྲ་ཡིན་ན་རྒྱ་དམར་གྱི་གཡོ་ཇུས་ངན་སྐུལ་འོག་བོད་གཞུང་གིས་མཉམ་འབྲེལ་རྒྱལ་ཆོགས་སུ་བོད་མི་རིགས་ལ་རྐུབ་སྟེགས་འཚོལ་བའི་མཁས་དབང་དགེ་ཆོས་ལགས་ལ་རྒྱལ་འཚོང་དང་། ནང་རུལ་བའི་ཉེས་མིང་འོག་མེད་པར་བཟོས་པ་འདིས་བོད་སྡེ་བ་གཞུང་ལའང་མོས་པ་མེད་པ་འེ་རེད། བོད་རྒྱལ་ཁབ་ཁྱིར་མིད་དུ་བཏང་བའི་ཕྱི་ཉིན་ཙམ་ནས་བོད་རྒྱལ་ཁབ་ཆེན་མོའི་གནས་སྐབས་སྲིད་གཞུང་བཙུགས་ཏེ་གོ་ལའི་ཁྱོན་འདིར་བོད་བཙན་པོའི་རྒྱལ་ཁབ་ད་དུང་ཉམས་མེད་དུ་གནས་པའི་འབོད་སྒྲ་གནམ་སའི་ཁྱོན་ལ་སུས་བསྒྲགས། བོད་མི་རིགས་ཆེས་དཀའ་ས་ཁེགས་སར་སླེབས་ཏེ་སུས་ཀྱང་གཉོར་མི་འདོད་པའི་མཚམས་སུ་སླེབས་དུས་དགོང་གྲངས་ཅི་ཙམ་ལ་སོན་པའི་སུ་ཞིག་གིས་བདག་གིར་མཛད་པ་རེད། ད་ལྟའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་ང་ཚོའི་བཙན་བྱོལ་བོད་གཞུང་འདི་ཡང་སྤང་ལས་ཤ་མོ་བརྡོལ་བ་ལྟར་བྱུང་བ་ཞིག་མིན་པ་སོགས་ལ་བསམ་གཞིགས་རེ་མཛོད།
འདི་ཁྱོད་ཀྱིས་་་་་་་་་་་་་་་་་ཞེས་བརྗོད་པ་ལ་བལྟས་ན། ཞེས་པའི་བར་དུ་འཇུག་རོགས།
འདི་ཁྱོད་ཀྱིས་་་་་་་་་་་་་་་་་་་་་ཞེས་བརྗོད་པ་ལ་བལྟས་ན་ ཞེས་པའི་བར་དུ་འཇུག་རོགས།
མདོར་ན་ཁོང་རྣམ་གཉིས་ཀྱི་ལྷག་བསམ་བོད་ལ་དཀར་བ་ཁས་ལེན་ཡོད། ཡིན་ཡང་གཞན་གྱི་མགོ་སྐོར་འོག་ཏུ་ཚུད་པས་བྱ་ཐབས་ག་ལ་ཡོད། དེ་ནི་ད་ལྟའི་མི་རབས་ལ་རླབས་ཆེན་གྱི་སླབ་བྱ་ཐེངས་ཤིག་ལས་ཅི་ལྟར་འགྲེལ།
རིག་པའི་བུ་མ་རེད་ཀླ་ཀློའི་བུ་རེད།།
རིག་པའི་བུ་མ་རེད་བླུན་པོའི་བུ་རེད།།
རིག་པའི་བུ་མ་རེད་སྨྱོན་པའི་བུ་རེད།།
རིག་པའི་བུ་མ་རེད་ལྐུགས་པའི་བུ་རེད།།
རིག་པའི་བུ་མ་རེད་རྒྱ་མིའི་བུ་རེད།།
རིག་པའི་བུ་མ་རེད་ར་བཟིའི་བུ་རེད།།
རིག་པའི་བུ་མ་རེད་བོང་བུའི་བུ་རེད།།
རིག་པའི་བུ་མ་རེད་ཕག་པའི་བུ་རེད།།
རིག་པའི་བུ་མ་རེད་རྐུ་མའི་བུ་རེད།།
རིག་པའི་བུ་མ་རེད་ཇག་པའི་བུ་རེད།།
རིག་པའི་བུ་མ་རེད་འདྲེ་མོའི་བུ་རེད།།
རིག་པའི་བུ་མ་རེད་ཁྱི་སྐྱག་བུ་རེད།།
རིག་པའི་བུ་མ་རེད་འུག་པའི་བུ་རེད།།
རིག་པའི་བུ་མ་རེད་སྲིན་པོའི་བུ་རེད།།
རིག་པའི་བུ་མ་རེད་རྒྱ་དགའི་བུ་རེད།།
རིག་པའི་བུ་མ་རེད་རྒྱལ་ཚོང་བུ་རེད།།
རིག་པའི་བུ་མ་རེད་དམ་སྲིང་བུ་རེད།།
རིག་པའི་བུ་མ་རེད་དོལ་རྒྱལ་བུ་རེད།།
རིག་པའི་བུ་མ་རེད་མ་འོའི་བུ་རེད།།
རིག་པའི་བུ་མ་རེད་བོད་ཚོང་བུ་རེད།།
གཞན་ལ་ལྟ་བའི་མིག་ཡོད་ཀྱང་། རང་ལ་ལྟ་བའི་མེ་ལོང་དགོས་ཞེས་པ་ཅི་མི་བདེན། མ་རིག་པའི་བུ་ ཁྱེད་རང་བླ་མའི་ལམ་ལུགས་ལ་མི་དགའ་བ་ནང་ཆོས་ཁས་མི་ལེན་པའི་རྒྱུ་མཚན་གྱི་ཡིན་ནམ། ཡང་ན་ནང་ཆོས་ཁས་ལེན་ཀྱང་བླ་མ་མི་དགོས་ཞེས་སྨྲ་རྒྱུ་ཡིན། དང་པོ་ལྟར་ན་ཆོས་རྒྱལ་ཁྲི་སྲོང་སྡེ་བཙན་ལས་ཁྱོད་རྣམ་དཔྱོད་ཆེ་བ་ཁྱེད་རང་གིས་འདོད་པ་ལས་གཞན་སུས་ཀྱང་ཁས་ལེན་མེད་པ་ཙམ་དུ་མ་ཟད་བླུན་རྨོངས་ཞིག་ཏུ་ཀུན་གསལ་རེད། གཉིས་པ་ལྟར་ན།་མ་ལས་སྐྱེས་པ་ཁས་བླངས་ནས་མ་ཁས་མི་ལེན་པ་དང་འདྲ་སྟེ།་བླ་མ་མེད་པའི་སྔ་རོལ་ན། སངས་རྒྱས་ཞེས་པའི་མིང་ཡང་མེད་ཞེས་པའི་གོ་དོན་ཅུང་ཟད་ཙམ་ཡང་མ་ཤེས་པ་སྙིང་རྗེའི་ཡུལ་ལས་མ་འདས། གཞན་ཡང་མི་གཞན་མགོ་སྐོར་འོག་ཏུ་ཚུད་ནས་བོད་ལ་གནོད་པ་ཤེས་གཞིན་དུ་རང་ཉིད་དངུལ་དངོས་ལ་དགའ་དྲག་ནས་དཀྲུགས་ཤིང་གིས་བོད་མིའི་གོང་བུ་ལ་གནོད་པ་མ་ཤེས་པ་རྒྱུ་མཚན་གང་ཡིན་ནམ།།
གུས་པར་བསམ་ཚུལ་ཞིག་ལབ་འདོད་བྱུང་ཡ། གོང་དུ་དྲ྄་གྲོགས་བུ་ཉི་མ་ཞེས་པ་ཞིག་གིས་གསུང་པ་ལྟར་ན་འགྲེམ་སྟོན་གྱི་ནང་དུ་རྗེ་རིན་པོ་ཆེ་གཅིག་པུ་སྐུ་པར་ཞིག་བཤམས་འོས་པ་ལས་གཞན་པ་སུ་གཅིག་གི་པར་བཤམས་མི་འོས་པ་འདྲ་བོ་ཞིག་གསུངས་འདུག་པས་དེ་དངོས་གནས་ཀྱི་བྱབ་ཆུང་གི་སྐད་ཆ་རེད། ད་རེས་བཙན་འབྱོལ་གཞུང་གི་ལང་ཕྱོགས་དེ་ཡག་པོ་ཞེ་དྲག་རེད་བསམ་གྱིན་འདུག། འདི་བོད་མི་དམངས་ཀྱི་གཞུང་ཡིན་གྱི་དགེ་ལུགས་ཀྱི་གཞུང་མ་རེད། ད་ལྟ་རང་རེ་ཚང་མ་དམངས་ཚོ་ཁ་ཕྱོགས་དང་ལམ་སྟོན་གསལ་པོ་ཞིག་གོངས་༧ས་མཆོག་གིས་ལམ་སྟོན་གསལ་པོ་གནང་ཚར་པ་རང་གི་མ་མཐོང་རེད་པས། ཡང་ན་ངས་རང་ལ་དྲི་བ་ཞིག་འབུལ་སྙིང་འདོད་ཡ། ཆོས་བརྒྱུད་ཆེན་པོ་བཞིའི་སྲོལ་འབྱེད་ཀྱི་ཤིང་རྟ་ཆེན་མོ་རྣམས་འདྲ་མཉམ་མར་བས། དེའི་རྗེས་འཇུག་རྣམས་འདྲ་མཉམ་མར་བས། ཆོས་བརྒྱུད་ཆེན་མོའི་ལྔའི་བླ་ཆེན་རྣམས་འདྲ་མཉམ་མར་བས། ཡང་ན་རང་ཨ་ལྕོག་མེད་པས། ཡང་ན་རང་རེའི་བོད་པ་རྣམས་ད་ལྟ་སྔར་བཞིན་གཅིག་སྡུད་དབང་འཛིན་རང་འཇག་རེད་པས། གང་དྲན་དྲན་རེད་པས། ངས་རེ་བ་ལ་ད་ལྟ་རང་དང་རང་འདྲ་བོ་ཡོད་པའི་རིགས་དེ་ཚོར་ད་དུང་ལམ་དབུ་མ་དང་དམངས་ཚོ་ཁ་ཕྱོགས་བཅས་ཀྱི་ཐད་ལ་གོ་རྟོགས་་ཤིན་ཏུ་དམན་པས་་རང་དགེ་ཤེས་ཀླད་པ་སྔོ་པོ་ཡོད་མཁན་ཞིག་གི་རྒྱུད་འཛིན་ནམ་བྱེད་པ་དང་། རི་བོང་ར྄་ཡོད་མེད་དང་ཤེས་བྱ་བག་ལེབ་བཅས་དོན་གཅིག་ཡིན་མིན་སྦྱང་པ་ལས། དམངས་ཚོ་གོ་དོན་དང་ངོ་བོ་ངོ་ག་འདྲ་ཡིན་མིན་སྦྱང་ན་མི་དགའ་སྙམ།
༡༽རིག་པའི་བུ་ཟེར་བའི་མིང་དོན་མི་མཚུངས་པའི་མི་བུ་བསམ་མེད་འདི་པའི་ཅོ་གཏམ་ལ་གཅིག་ལྟོས་དང་།འགན་འཁྲི་མེད་པའི་ཁུངས་མེད་ཀྱི་གཏམ་འཆལ་ཞིག་གྱ་ཚོམ་དུ་གཡུགས་ནས་བོད་མི་མང་གི་བསམ་པའི་གཙོ་འཛིན་མཆོག་ལ་བསྐུར་འདེབས་ཀྱི་ལས་ལ་འཇུག་བཞིན་ཡ་རེ་ང་།
ཁོ་པས་བོད་ཀྱི་ལ་ོརྒྱུས་ལ་འགན་འཁྲི་མེད་པ།ཆོས་ལུགས་ལ་འགན་འཁྲི་མེད་པ།མི་རིགས་ལ་འགན་འཁྲི་མེད་པ།སྐད་ཆ་ལ་འགན་འཁྲི་མེད་པ།མཐའ་ན་རང་ཉིད་བོད་པ་ཡིན་པའི་འགན་འཁྲི་ཡང་བསྐྱུར་ནས་རྒྱ་མི་གུང་ཁྲན་གྱི་བོད་མི་ནང་ཁུལ་ཀ་བྲལ་དུ་གཏོང་བའི་དྲིལ་བསྒྲགས་ཀྱི་ངན་བསྐུལ་འོག་རྒྱུགས་འགྲོ་བ་ངོ་མ་བསམ་མེད་རེད་ཨང་།
བསམ་མེད་ཁྱོད་ལོ་རྒྱུས་དངོས་ལ་ལྟོས་ཨང་།ཕྱི་ལོ་༡༩༤༩ལོར་རྒྱ་དམར་གྱིས་བོད་ཀྱི་མདོ་སྟོད་སྨད་གཉིས་ལ་བཙན་འཛུལ་བྱས་པ་དང་།ཕྱི་ལོ་༡༩༥༠ཟླ་༡༠ཚེས་༦ཉིན་བོད་ཀྱི་ཁམས་སྡེ་དགེའི་ཁུལ་ལ་བཙན་བྱོལ་གྱི་སྒྱོགས་མདེལ་ཐོག་མར་འཕེན་པ་རྒྱ་བོད་ལོ་རྒྱུས་ཀུན་ལ་ཡོངས་གྲགས་རེད།དེ་རྗེས་ཕྱི་ལོ་༡༩༥༡ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་མཆོག་སྟོན་འཁོར་དང་བཅས་པ་བོད་ཀྱི་གདན་ས་བཀྲིས་ལྷུན་པོར་ཕེབས་དུས་ཕྱི་ལོ་༡༩༥༢ལ་ཡིན་པས་ལོ་དུས་ཀྱིས་ཆ་ནས་ཀྱང་བོད་ལ་རྒྱ་མི་འཁྲིད་པ་རེད་ཟེར་བ་ནི་སྨྱོན་གཏམ་འབའ་ཞིག་ཏུ་མཐོང་།
༣༽གཞན་ཡང་དེ་སྔ་རིག་གསར་སྐབས་རྒྱ་གཞུང་གིས་དྲིལ་བསྒྲགས་ཀྱི་ཚིག་བརྗོད་ཡོད་ན་མེད་ན་དེ་བླ་གཞུང་གཉིས་ཀྱི་འགལ་བ་ཟེར་བ།ར་སྟག་གི་འགལ་བ་ཟེར་བ་སོགས་རེད།གནད་དོན་དེ་དག་ལ་བརྟེན་ནས་དེ་རིང་ང་ཚོའི་ལས་དབང་ལ་བསྡོམས་ཚིག་བརྒྱབ་པ་ནི་འཛམ་གླིང་གནས་སྟངས་སྤྱི་དང་བོད་ཀྱི་ལོ་རྒྱུས་ཀྱི་གནས་སྟངས་མ་ཤེས་པར་རང་གི་དེ་ཉིད་སྟོན་པ་ཁོ་ནར་ཟད་དོ།
བོད་ཀྱི་ཤོར་རྐྱེན་ལ་དཔྱད་པ་བྱས་ཚེ་ལོ་ངོ་བརྒྱ་ཕྲག་མང་པོ་སྔོན་ནས་བོད་ཀྱི་ལོ་རྒྱུས་དང་།ཆབ་སྲིད།སྤྱི་ཚོགས་གནས་སྟངས།ཆོས་ལུགས།ས་ཁམས།གོམ་གཤིས་བཅས་དང་འབྲེལ་བ་དམ་གཟབ་ཡོད་པ་ཞིག་རེད།དེའི་སྐོར་རྩོད་འདོད་ཡོད་ན་མུ་མཐུད་ནས་ཤོག་དང་ལོ་རྒྱུས་དཔང་པོར་བཞག་ནས་བརྩད་ཆོག
གོང་དུ་༧ཀུན་གཟིགས་༧པཎ་ཆེན་པོ་རིན་པོ་ཆེ་ཐོག་མར་བོད་ལ་ཕེབས་དུས་ཀྱི་ལོ་ཚིགས་གཉིས་ཤོར་འདུག་ཅིང་།༧ཀུན་གཟིགས་མཆོག་སྟོན་འཁོར་མདོ་སྨད་ནས་ཕྱི་ལོ་༡༩༥༡ལོར་ཕེབས་ཐོན་གནང་ནས་བོད་ཀྱི་གདན་ས་བཀྲིས་ལྷུན་པོར་ཕྱི་ལོ་༡༩༥༢ལོར་ཕེབས་འབྱོར་བྱུང་འདུག་པ་དེ་དོན་བཟོ་བཅོས་ཡོད་པ་མཁྱེན།།
དེ་བཞིན་པན་ཆེན་ནང་མ་སྒང་དང་རྒྱལ་མཆོག་འདི་བའི་བར་ཅུང་ཟད་འགལ་ཟླ་བྱུང་བ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་དམངས་ནང་དུ་གསལ་ཡོད་ཀྱང་དེ་ནི་སྐུ་ན་ཕྲ་བའི་སྐབས་ཀྱི་བྱུང་བ་ཡིན་པས་གཙོ་བོ་ང་ཚོས་ཁོང་གི་མཁྱེན་ཡོན་གྱི་རྩལ་རྫོགས་པའི་སྐུ་ཚེ་སྨད་ཀྱི་མཛད་རྗེས་ལ་གཞིགས་ནས་ཁོང་གི་མི་གཞི་གླེང་ན་དགེ་མཚན་ཆེ།
ངས་པཎ་ཆེན་གྱིས་བོད་ལ་དོན་བཟང་སྒྲུབ་མྱོང་མི་འདུག་ཅེས་ལབ་མྱོང་མེད། ཁོང་གི་མི་གཤིས་ཀྱི་ཆ་ནས་དཔའ་ཞིང་དྲང་ཚིགས་ཆེ་བ། བསམ་བཞིན་སྒྲུབ་ཕོད་མཁན་གྱི་དམ་པ་ཞིག་རེད། དེ་ལ་མོས་གུས་ཡོད། འོན་ཀྱང་། ངས་བཤད་པ་ནི་ཁོང་གིས་གོ་རྟོགས་མ་སེལ་བའི་ཡ་སྔོན་གྱི་ནོར་འཁྲུལ་གྱི་སྐོར་ཡིན། དེ་ནི་ཁོང་ལ་ཁག་ཅི་ཡོད། ནར་མ་སོན་པའི་བྱིས་བ་ཞིག་ལ་སྐུ་དབང་ཡོད་ཚད་སྤྲད་ཅིང་ཆབ་སྲིད་པ་ཚོས་ལག་ཆ་བྱེད་པས་རེད། དེ་བརྟེན་ངས་བླ་མའི་ལམ་ལུགས་འདི་ཡག་པོ་མི་འདུག་ཅེས་ལབ་བཞིན་ཡོད། ཡིན་ཏེ། ན་མ་སོན་པའི་བྱིས་བ་ཞིག་ལ་གློ་བུར་ཐོལ་རྒྱག་གིས་ཉམས་མྱོང་ཅན་གྱི་རྒན་རབས་པ་ཚོས་གོང་དུ་ཐོན་པས་ཡིན། དེ་ནི་ནར་མ་སོན་པས་གཞན་གྱི་ལག་ཆ་འམ་མགོ་སྐོར་འོག་ཏུ་ཚུད་ཆོག་ཆོག་ཡིན། དེ་འདྲ་མི་ཚུད་མཁན་ནི་ཡང་སྲིད་ཁྲོད་ནས་ཉིན་མོའི་སྐར་མ་བཞིན་ཉུང་བས་ཡིན། ལམ་ལུགས་ཁོ་རང་དང་པོ་ནས་ཆོས་སཔོན་་ཚོས་རང་གི་དམིགས་ཡུལ་འགྲུབ་ཆེད་དུ་བཟོས་བ་ཞིག་རེད།
གང་ལྟར་པཎ་གྱིས་རྒྱ་དམག་བོད་དུ་དྲངས་བ་ལོ་རྒྱུས་ཡིན་པས་དེ་ལ་དགའ་ཞེན་གྱིས་འགྱུར་བ་བཏང་མི་ཐུབ་སྟེ། ལོ་རྒྱུས་ནི་ལོ་རྒྱུས་རེད། བོད་ལ་རེ་ས་གནམ་ལས་མེད་དུས་པཎ་ཆེན་ཡོད་ཅེས་བ་ནི་དངོས་ཡོད་ཐོག་གསུངས་དཀའ་ཞིང་རིག་གསར་སྐབས་པཎ་ཡང་གཙོན་དུ་ཚུད་པས་གཙོན་མ་ཞིག་གིས་བོད་འདི་ཅི་ལྟར་སྐྱོབས། འཇིག་རྟེན་འདིར་རང་ཉིད་ལས་ལྷག་གིས་རང་ཉིད་་སྐྱོབ་མཁན་མེད་ཅིང་མེད་པ་ཤེས་ན་མཁས་བ་རེད། འོན་ཀྱང་་གྲོལ་རྗེས་་ཁོང་གིས་བོད་ཀྱི་ཆེད་བློས་བཏང་གནང་བ་བདེན་པ་རེད་ལ་གུས་བཀུར་ཡོད།
ཕྲན་འཇིག་རྟེན་དུ་འོང་བ་དོན་གོ་མེད་ཚུལ་གསུངས་མཁན་ཡོད་ཀྱང་། འོན་ན། རྣམ་པ་ཚོ་འཇིག་རྟེན་དུ་ཕེབས་པ་བླ་མ་བྲན་གཡོག་བྱེད་དུ་ཡིན་ནམ་སྙན་པའི་དྲི་བ་ཞིག་འཁོར། ཡིན་རྒྱུ་མ་རེད། འཇིག་རྟེན་འདིར་བྲན་གཡོག་འདོད་མཁན་ཞིག་མཆིས་རྒྱུ་མ་རེད།
༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་རྗེས་སུ་དྲན་པ།
སྒོ་ཤེས་རབ་རྒྱ་མཚོ།
གང་གི་ཞལ་ཁྱིམ་ཟླ་བ་འཛུམ་པའི་མདངས། །
ཁ་བའི་འཇིག་རྟེན་མཛེས་པའི་རྒྱན་གྱུར་པ། །
གློ་བུར་ནུབ་པའི་མྱ་ངན་མཆི་མ་ནི། །
དབག་གི་ཡིད་ལ་ད་དུང་རབ་ཏུ་ལྕི། །
བདེན་སྤྱོད་བདེན་སྨྲའི་སྙིང་སྟོབས་རྫོགས་པ་ཡི། །
དམ་པ་གང་ཞིག་ངེས་དོན་རྒྱལ་སྲས་ཏེ། །
ཉམ་ཐག་སྐྱེ་བོ་ཕྲག་བརྒྱའི་སེམས་ཁོང་ན། །
ཁྱེད་ནི་སྨག་རུམ་ཁྲོད་ཀྱི་སྒྲོན་མེ་ཉིད། །
ཕལ་བ་རང་ལ་གཅེས་པས་གཏན་ཏུ་ཕུང་། །
དམ་པ་གཞན་ལ་བརྩེ་བས་གནས་སྐབས་ངལ། །
ལོ་བཅུའི་ཉིན་ཞགས་བརྩེགས་པའི་དཀའ་སྡུག་ནི། །
ཁྱེད་ཀྱི་རླབས་ཆེན་བྱུང་བ་ཀུན་གྱི་ཕུལ། །
ས་ཀུན་ཤིས་པ་རིན་ཆེན་རིག་པའི་མཛོད། །
དྲག་པོའི་མཚོན་རྩེས་ལྷག་མར་བཅོམ་ན་ཡང་། །
བརྩེ་ཆེན་ཁྱེད་ཀྱི་འབད་པ་བྱེ་བའི་མཐུས། །
ཡང་དར་ཆོས་ཀྱི་སྐྱ་རེངས་དང་པོ་ཤར། །
གངས་རིའི་འཇིག་རྟེན་མུན་པའི་གཞན་དབང་ཅན། །
བག་འཁུམས་སྐྱེ་བོ་སྐྲག་ཅིང་འདར་བའི་ཡུལ། །
འཇིགས་མེད་རྒྱལ་སྲས་དཔའ་བོའི་སྙིང་སྟོབས་ཀྱིས། །
ངོ་མཚར་གཏམ་རྒྱུད་གསར་བས་བརྒྱན་པར་བྱས། །
ཁྱེད་ནི་བདག་གིས་བརྗེད་དུ་དཀའ་བ་སྟེ། །
བསིལ་ལྡན་ལུས་ཅན་ཡིད་ཀྱི་ཟླ་བ་ཉིད། །
མཚན་དཔེའི་མེ་ཏོག་རླུང་གིས་ཁྱེར་ན་ཡང་། །
རླབས་ཆེན་འཕྲིན་ལས་རི་བོ་སུ་ཡིས་སྒུལ། །
འདི་ནི་༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེའི་རྗེས་དྲན་དཔེ་དེབ། སེང་དཀར་ཞབས་རྗེས་ཞེས་པ་ལས་དྲངས། རྩོམ་པ་པོ་ལ་ཆོག་མཆན་ཞུ་མ་ཐུབ་པས་དགོངས་དག་ཞུ།
གཙོན་གྲོལ་གྲོས་རྗེས་བོད་དོན་སྒྲུབ་པ་ནི་དོན་གྱིས་རང་གི་ནོར་འཁྲུལ་གཡོ་སྲང་དང་རྒྱ་ནག་གི་མགོ་སྐོར་ལ་སྙིང་ནད་རྩོད་པ་ལྟ་བུ་འགྱུར་བས་ཕོ་རྒོད་རེད། ཁོང་ཨ་མ་བུ་རེད།
ཤར་ཕྱོགས་ཁུག་རྟར་དྲི་བ་ཞིག་ལ། པན་ཆེན་རིན་པོ་བལ་ཡུལ་དུ་ཕེབས་སྐབས་ངོ་རྒོལ་བའི་སྣེ་ཁྲིད་གཙོ་བོ་སུ་དང་སུ་རེད། དེ་ཚོ་ད་ལྟ་རྒྱ་གང་དུ་ཡོད་རེད། དེ་ཙམ་ཡིན།
ཡུལ་གྱར་བ་ལགས། ང་ད་ལྟ་དྲ་ཐོག་ན་ཡོད་སྐབས་ཁྱེད་ནས་དྲི་བ་བཏང་བ་དགའ་བོ་བྱུང། ངས་གླེང་ཉོག་དེའི་སྐོར་ལ་སྐབས་དེའི་ཡིག་རིགས་འདྲ་ཨེ་རག་བལྟས་པ་ཡིན། ད་དུང་དེ་བཞིན་ཡིན། ཡིན་ནའང། ངས་རག་པའི་ཡིག་ཆ་དེ་ཚོའི་ནང་དུ་ངོ་རྒོལ་བྱས་པ་ཙམ་ལས་བཀོད་སྒྲིག་བྱེད་མཁན་རིགས་གསལ་མི་འདུག དེ་ཙམ་ཞུ།
༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེའི་བཀའ་སློབ།
༡ ལོ་ངོ་ཆིག་སྟོང་ལྷག་གི་རིང་སྔོན་བྱོན་མཁས་པ་ཁྲི་ཕྲག་གིས་འབད་འབུངས་ཀྱིས་གསར་གཏོད་མཛད་དེ་ཤུལ་དུ་བཞག་པའི་བརྡ་སྤྲོད་ཀྱི་ནུས་པ་དང་། གཅིག་གྱུར་གྱི་རང་བཞིན། གོ་བདེ་དོན་ཟབ་ཀྱི་ལེགས་ཆ་བཅས་གང་ཐད་ནས་མི་དམན་པའི་བོད་ཡིག་དེ། རྒྱུ་མཚན་མེད་པར་ཝ་སྐྱེས་སེང་གེར་རློམ་མཁན་གྱིས་རང་འདོད་རྩེད་མོ་རྩེ་བ་ནི་མ་འོས་པ་ཞིག་རེད།
༢ བོད་མི་རིགས་ནི་བོད་ཀྱི་བདག་པོ་རེད། བོད་མི་མང་གིས་ཡག་པོ་རེད་ཟེར་ན་ཡག་པོ་ཡིན་དགོས་པ་རེད། དེ་འདྲ་མ་བྱས་ན་མ་འགྲིགས་པ་ལེ་ཡིན།
༧ ཁོང་གི་བཀའ་སློབ་ཚན་བཤུས་བྱས་པ།
ཤར་ཁུག་ལགས། ཁྱེད་ཀྱིས་ཐད་ཀར་ལེན་གནང་བར་དགའ་བསུ་ཞ྄ུ། ཁྱེད་ཀྱིས་ཡིག་ཆ་མང་པོ་འཚོལ་སྒྲུབ་མི་དགོས་པར་ཨ་ལགས་འཇིག་མེད་དང་ཀླུ་མཁར་བྱམས་སོགས་ལ་ཐད་ཀར་དྲིས་ན་སྐབས་དེའི་ངོ་རྒོལ་བའི་བྱེད་གཏེ་སུ་ཡིན་ཤེས་ཀྱི་རེད།
པཎ་ཆེན་རིན་པོ་ཆེ་ནི་མི་རིགས་གི་དཔའ་བོ་དམ་པ་ཡིན་པས་བཀའ་དྲིན་རྗེས་དྲན་ཞུ་འོས་། ཡིན་ན་ཡང་གོང་ས་མཆོག་ནས་གསུངས་པ་བཞིན་དུས་རབས་ཉེར་གཅིག་པར་བླ་ཆེན་དང་མི་ཆེན་རིང་ལུགས་འཇུག་རྫོགས་ཚར་བ་རེད། དེའི་ཕྱིར་རྒེར་དཔྱོད་རིང་ལུགས་ཀྱི་སྤྲུལ་སྐུའི་ལམ་ལུགས་མཚམས་འཇོག་གནང་ནས་དུས་རབས་ཀྱི་འགྲོས་དང་འགྲོགས་ན་མི་བཟང་ངམ
རིག་པའི་བུས་གསུང་པ་ལ་རྒྱུ་མཚན་འདུག མུ་འཐུད་ནས་ཡིན་ད། ཡག་པོ་འདུག
རིག་པའི་བུ་ཞེས་པའི་མིང་དེ་ཕལ་ཆེར་སྔོན་མ་དག་ཆ་འབྲི་སྟངས་ནོར་ནས་ད་བར་སྐྱར་བཅོས་བྱ་རྒྱུ་མ་བྱུང་བར་ལྷག་པ་ཡིན་པ་འདྲ། ཁོང་གི་སྨྱུག་མིང་ངོ་མ་དེ་༼རུལ་པའི་བུ་༽ཞེས་པ་དེ་ཡིན་མདོག་འདུག གང་ཡིན་ཞེས་ན་ཁོང་ལ་སྐད་ཆ་རུལ་པ་ཀྱང་ཀྱང་ལས་བཤད་རྒྱུ་མེད་པས་རུལ་པའི་བུ་ཡང་ན་རུལ་རྒྱོའི་བུ་ཞེས་པ་དེ་གཉིས་གང་རུང་དང་ཡིག་ནོར་ཤོར་ནས་ལྷག་པ་རེད་ཡིན་རྒྱུ་རེད། དེས་ན་སང་ཉིན་ནས་སྨུག་མིང་ངོ་མ་དེ་བྲི་ན་མིང་དོན་ཡང་མཚུངས་པ་འདུག
གོང་དུ་མཆན་ ༤༥ བ་བཀླགས་རྗེས་ཀྱི་ཚོར་སྣང་། ༡་ རིག་པའི་བུ་ནས། ་་དེརབརྟེན་བླ་མའི་ལམ་ལུགས་འདི་ཡག་པོ་མི་འདུག་ཅེས་ལབ་བཞིན་ཡོད་་ ། ཟེར་བ་བླ་མའི་ལམ་ལུགས་ཟེར་ན་མི་འགྲིགས། སྤྲུལ་སྐུའི་ལམ་ལུགས་ཟེར་དགོས་པ་འདྲ། བླ་མ་ནི་ནང་ཀུན་སློང་དང་ཕྱིའི་སྤྱོད་པ་མདོར་ན་མཁས་བཙུན་བཟང་གསུམ་དང་ཤེས་བྱ་ཡོན་ཏན་ལྡན་པ་རྣམ་ལ་གོ་དགོས།
༢་ ཡང་ཁོས་ ་་གང་ལྟར་པན་ཆེན་གྱིས་རྒྱ་དམག་བོད་དུ་དྲངས་པ་ལོ་རྒྱུས་ཡིན་པས་དེ་ལ་དགའ་ཞེན་གྱིས་འགྱུར་བ་བཏང་མི་ཐུབ་སྟེ། ལོ་རྒྱུས་ནི་ལོརྒྱུས་རེད་་་ ། ཟེར་བས་ཁོ་ནི་བོད་པའི་ལོ་རྒྱུས་མི་ཤེས་པའི་གླེན་པ་ལུག་འདྲ་བ་ཞིག་ཡིན་པ་གོ་ཐུབ། རྒྱུ་མཚན་ནི་པན་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་ཁྲི་བཞུགས་མ་གནང་གོང་ནས་རྒྱ་དམག་བོད་ལ་སླེབས་ཚར་ཡོད། དེ་ནི་དེའི་སྐབས་ཀྱི་ལྷ་ས་ན་ཤོ་རྩེ་དང་ཇ་ཆང་བཟའ་བཏུང་སོགས་ལ་མགོ་འཁོར་ནས་བོད་ས་རྒྱ་མིས་བཟུང་ནས་ཡོང་གི་ཡོད་པའང་མ་ཤེས་པར་བཞུགས་པའི་བོད་ཀྱི་སྐུ་དྲགས་ཡག་པོ་དེ་ཚོའི་ནག་ཉེས་འབའ་ཞིག་རེད།
ཀུན་གཟིགས་མཆོག་བལ་ཡུལ་ལ་ཕེབས་་སྐབས་ངོ་རྒོལ་བྱས་པ་དངོས་གནས་རེད། ཕན་པོ་རྒྱལ་མཚན་དང་། རྟ་ཆེན་དང་། སྐབས་དེའི་སྐུ་ངོ་དོན་གཅོད་སོགས་ས་འོག་དར་ཐག་འཐེན་མཁན་ནང་ཡོད་པས་བལ་གཞུང་གིས་འཛིན་བཟུང་བྱས་པ་དང་། མ་ཟད་སྐབས་དེར་མི་མང་ལ་ཀུན་གཟིགས་མཆོག་གི་མཇལ་ཁར་བཅར་མི་ཆོག་པའི་འཇིགས་བསྐུལ་བྱས་ཡོད། གནས་ཚུལ་མང་པོ་ཞིག་ངས་ད་ལྟ་བཤད་ན་སྐུ་གསུང་ཐུགས་ལ་འཕོགས་པས་འཛེམས་དགོས་པ་ཆགས་སོང་།
རང་འཚོལ་ལགས། ང་གཏི་མུག་གི་མིག་ཏུ་གྱུར་ཀྱང་རུང་བོད་མི་རིགས་འདི་རྨོངས་དད་ཀྱི་མིག་ཏུ་འགྱུར་མི་རུང་ངེས་པར་ཏུ་ཤེས་རབ་ཀྱི་མིག་ཏུ་འགྱུར་དགོས། ༧གོང་ས་སྐྱབས་མགོན་ཆེན་པའི་བཀའ་སློབ་རབ་དང་རིམ་པ་མང་པོ་ནས་གསུངས་ཡོད་ ལྷག་པར་ད་ལོ་ན་ནིང་གི་དཔྱིད་ཆོས་སྐབས་དང་བཀའ་ཁྲི་མངའ་གསོལ་སྐབས་སོགས་ནས་ཡང་ཡང་གསུངས་ཡོད། ཁྱེད་ནས་ད་དུང་ཀླད་རྙིང་འཁྲིགས་འཛིན་མཁན་དང་། རྒེར་དཔྱོད་པ། གྲལ་རིམ་མཁན། རང་དོན་ཐོབ་དང་དཔལ་འབྱོར་མིང་སོགས་ལ་རྔམས་པའི་སྤྲུལ་སྐུའི་ལམ་ལུགས་དབུ་འཁོར་ཡོད་པ་འདྲ།
ཡིག་འབྲི་ཁྲི་བདུན་གྱི་སྙན་ཞུ་དེ་ཐེངས་ཁ་ཤས་ཀློག་རོགས། དེ་ནས་པཎ་ཆེན་རིན་པོའི་བཀའ་སློབ་ཕྱོགས་བསྡུས་དེ་ཚོ་ཚར་རེ་ཀློགས་རོགས་དང་ང་ཚོས་རྩོད་པ་རྒྱག་དགོས་དོན་མི་འདུག་གོ།།
སྔ་མའི་ནད་རྙིང་བསྐྱང་སློང་བྱས་ན་ཕན་ལས་གནོད་ཆེ།ལོ་རྒྱུས་ལ་བཟང་ཕྱོགས་ཀྱི་སློབ་གསོ་ལེན་རྒྱུ་གལ་ཆེ།
དྲ་གྲོགས་ཡུལ་གྱར་བ་པཎ་ཆེན་ནང་མ་སྒང་དང་རྒྱལ་དབང་འདི་པ་ཅུང་ཟད་འགལ་ཟླ་བྱུང་ཚུལ་ངོས་ཀྱི་ཡུལ་དང་ངོས་མི་མང་གི་ནང་ལ་ཡོད་ཚུལ་བྲིས་པ་ནི་ཅུང་ཐལ་དྲགས་མེད་དམ།དེར་གསལ་བཤད་ཅིག་མ་ཞུས་ན་མ་འོངས་པའི་ལོ་རྒྱུས་ནང་ནད་རོ་གསར་པ་ཞིག་འཇོག་རྒྱུའི་ཉེན་ཁ་ཆེ།
༧གོང་ས་མཆོག་དང་༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་དང་གང་གི་ཞབས་འབྲིང་བར་འགལ་ཟླ་རྩ་བ་ཉིད་ནས་བྱུང་མྱོང་མེད།མཛད་རྣམ་ནང་གསལ་བ་དེ་རིགས་ནི་ཕྱི་ལོ་༡༩༥༢ལོར་༧གོང་ས་མཆོག་དང་།༧ཀུན་གཟིགས་རིན་པོ་ཆེ་གཉིས་ཐོག་མར་པོ་ཏ་ལའི་ནང་མཇལ་འཕྲད་ཐེངས་གཉིས་པ་དེ་གནང་དུས་དོན་གོ་མ་ཆོད་པའི་གཞུང་བླའི་ཞབས་འབྲིང་པ་ཆེས་ཉུང་ཤས་ཤིག་གི་སྔར་གྱི་ནད་རོ་བསླངས་ནས་བཞུགས་ཁྲི་མཐོ་དམན་སྐོར་ཅུང་ཟད་གླེང་གཞི་བྱུང་བ་ཙམ་ལས་དོན་གྱི་བདག་པོ་རྣམ་པ་གཉིས་ལ་ཐུགས་སྣང་མི་མཐུན་པའི་ཆ་ཕྲ་མོ་ཙམ་ཡང་བྱུང་མྱོང་མེད།།
༧པཎ་ཆེན་རིན་པོ་ཆེ་མཆོག་ལ་པཎ་ཆེན་ཞེས་མ་གུས་བ་བྱས་ན་ཆོལ་གསུམ་ཆིག་སྒྲིལ་ཟེར་བ་ཞིག་གང་ནས་ཡོང། དེ་བས་གཟབ་གཟབ་བྱོས།
ལ་རྒྱའི་བདག་པོས་ལབ་པ་དེ་བདེན་པ་འདུག མི་ངན་རེ་ཟུང་ཞིག་སྐད་ཆ་བཤད་སྙིང་འདོད་ཀྱང་། ཆ་མ་ཚང་བ་དང་། ཁུངས་མེད་ལུང་མེད་མང་པོ་བཤད་དེ་བོད་མི་སྤྱི་ཚོགས་ཀྱི་གཏན་ལྷིང་མེད་པ་ཞིག་ཏུ་བསྒྱུར་ཡག་གི་ཐབས་ཤེས་བྱེད་ཀྱི་འདུག་བ། དེ་ཚོ་གུང་ཁྲན་ཏང་ལས་སྡུག་པ་རེད། དེ་ཚོ་མགོ་གཉིས་མ་ཡིན་ཉེན་ཆེ།།
ད་བར་ཁ་བརྡའི་རྩོམ་རིག་གི་གླིང་འདིར་ཤེས་ཡོན་གྱི་ཚད་གཞི་འདྲ་མིན་སྣ་ཅི་རིགས་དང་།སྐྱེ་བུ་རབ་འབྲིང་མཐའ་གསུམ་གང་ཟག་ཆེ་མ་ཆུང་གསུམ་མང་པོ་ཞིག་བསྡུས་པ་ཡོད་པ་རྣམས་ཀྱི་ཁྲོད་དུ་བོད་རང་བཙན་བྱོལ་ཤོར་བའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་བསྡོམས་རྩིས་རྒྱབ་སྐབས་ཕྱོགས་རེ་བ་ཙམ་ལས་ལོ་རྒྱུས་སྤྱི་ཡོངས་དང་།གནད་དོན་སྤྱི་ཡོངས།སྔ་ཕྱིའི་འབྱུང་རྐྱེན་ཡོངས་ལ་བསམ་ཞིབ་ཀྱི་རྒྱུས་རིག་པའི་ལྟ་གྲུབ་དང་ཚན་རིག་རང་བཞིན་གྱི་བསྡོམས་རྩིས་བརྒྱབ་མཁན་ཞིག་རྩ་བ་ཉིད་ནས་བྱུང་མ་འོངས།དེར་བརྟེན་ང་ཚོས་གནད་དོན་བྱེ་བྲག་རེ་གཉིས་འཁྱེར་ནས་བོད་ཤོར་བའི་ལོ་རྒྱུས་ལ་ཕྱོགས་བསྡོམས་བྱས་པ་དེས་ང་ཚོའི་སྤྱི་ཚོགས་ལ་ཕན་ཐོགས་པའི་ཚབ་ཁ་ཕོག་སྣ་ཕོག་དང་།གཡས་ཕོག་གཡོན་གནོད་དུ་གྱུར་ནས་སྤྱི་ཚོགས་གཏན་ལྷིང་དང་ཆིག་སྒྲིལ་ལ་དོ་ཕོག་གཏོང་གི་ཡོད་རེད།དེ་ན་ང་ཚོས་ལོ་རྒྱུས་དངོས་ཡོད་ལ་རྟེན་ནས་ཞིབ་ཚགས་པོའི་ཆོད་བསྡོམས་ཤིག་རྒྱོབ་དང་ད་གཟོད་ཨ་མའི་ཨོ་ལོ་ཞེས་འབོད་ཆོག།
བརྒྱད་ཅུ་ནང་བོད་ཙམ་མ་ཟད་རྒྱ་ནག་ཡོངས་ལ་གུད་ཡང་གི་སྲིད་བྱུས་འཛིན་བཟུང་ཞིང་རིག་གསར་གྱི་གནར་གཅོད་ཕོགས་པའི་ཉེས་བ་ཁ་གསབ་བྱས་པ་རེད།དེ་བརྟེན། བོད་ལའང་གུད་ཡངས་ཀྱི་ཉི་མ་ཤར་བ་ལས་པཎ་ཆེན་གྱི་བཀའ་དྲིན་གཅིག་བུ་ག་ལ་ཡིན།
པཎ་ཆེན་དང་འདྲ་བ་བོད་ཀྱི་རིག་གནས་སྐྱར་གསོ་ལ་ནུས་བ་ཕུལ་མཁན་མདོ་དབུས་ཁམས་གསུམ་དུ་ཕུལ་བྱུང་གི་མི་སྣ་གང་མང་ཡོད། དེ་དག་ལས་པཎ་ཆེན་གཅིག་བུ་ཡིས་འཁྱེར་ན་མ་དྲང་བ་འདོད།
Wochen Faཁོང་ནི་ཧྥོ་ཡོ་ཕང་གིས་བོད་རང་སྐྱོང་ལྗོངས་དམར་ཕྱོགས་ཚོགས་པའི་དྲུང་ཆེ་ལ་བཀོད་བཞག་བྱས་ཤིང་བོད་དུ་ལྷག་བསམ་རྣམ་དག་གིས་མི་རིགས་རང་སྐྱོང་ལག་བསྟར་གནང་བ་བརྟེན་༨༧་ལོར་ལྷ་སའི་ཞི་རྒོལ་ལ་ཁོང་གིས་དྲག་གནོད་བྱེད་མ་ནུས་བས་རྒྱ་ནག་གི་དྲག་པོའི་དཔོན་རིགས་ཚོ་ཁག་གིས་ཁོང་གི་གོ་གསན་བླངས་ཏེ་ཧུའུ་ཅིན་ཐོ་བོད་དུ་བཏང་ཏེ་་བོད་མི་རྣམས་དྲག་གནོན་བྱས་བ་རེད། དེ་ནི་རྒྱ་ནག་ལ་མཚོན་ན་ཉེན་ཁའི་སྐབས་སུ་ལས་འགན་འཁུར་བ་རེད། དེ་བརྟེན་ཧུའུ་ཅིན་ཐོ་ཡི་གོ་གནས་གོང་ནས་གོང་དུ་འཕར་བ་རེད།
པཎ་ཆེན་ཡང་ཧུའུ་བོད་དུ་སླེབས་ནས་ལོ་གཅིག་དང་ཕྱེད་ཙམ་གྱི་རྗེས་སུ་སྐུ་གཤེགས་པ་རེད།ཁྲེན་ཆོན་གོ་ཡི་ཕ་རྒན་པཎ་ཆེན་གྱི་སྐུ་སྲུང་བྱས་ཏེ་རྒྱ་དམག་བོད་དུ་སླེབས་པ་རེད། ལོ་རྒྱུས་མི་ཤེས་ན་ཤེས་མཁན་ལ་སྐད་ཆ་དྲིས། དེབ་མང་ཙམ་ཀློག་དང་དལ་མོ་ཤེས་ངེས་རེད། དེ་མིན་རྫུན་གཏམ་བསྒྲིགས་ན་ཕན་ཐོགས་ག་ལ་ཡོད། རྫུན་བཤད་ན་པཎ་ཆེན་ལ་མོས་གུས་ཡོད་པ་མཚོན་པས་རེད་དམ།
བླ་མ་ལ་འགྲེལ་ཚུལ་མང་དུ་ཡོད་ཀྱང་འཇིག་རྟེན་ཡོངས་གྲགས་སུ་སྤྲུལ་སྐུ་རྣམས་ལ་བླ་མ་ཞེས་འབོད་པས་ཡིན། དེ་ལྟར་མིན་ན་དོན་དངོས་ཀྱི་འགྲེལ་དགོས་ན་ཡང་སྲིད་རྣམས་ལ་སྤྲུལ་སྐུ་ཞེས་འབོད་མི་རུང་ཞིང་སྐུ་སྐྱེས་ཟེར་དགོས་བ་འགྱུར་བས་ཡིན། འོན་ཀྱང་བླ་མའི་ཁྲོད་ནས་རང་ཉིད་ལ་སྐུ་སྐྱེས་ཞེས་འབོད་མཁན་ཆེས་ཉུང་བས་བླ་མ་ཞེས་འབོད་པའི་འཇིག་རྟེན་ཡོངས་གྲགས་སུ་འབོད་པ་ཁས་བླངས་ན་རྒྱ་མཚན་དང་ལྡན་པ་གནང་། དེ་ནི་ཉིད་ཀྱི་ཞེན་འདོད་ལྟར་སྤྲུལ་སྐུ་ཞེས་ཀྱང་ཆོག གང་ལྟར་འབབ་ས་ཡང་སྲིད་ངོས་འཛིན་ལམ་ལུགས་ཡག་པོ་མི་འདུག དེས་བོད་ལ་གནོད་སྐྱེལ་བས་སོ། སྤྱིར་བླ་མ་ནི་ལྕི་བའི་དོན་ཡིན་ཞིང་ཡོན་ཏན་གྱི་ཆ་ཤས་ལྕི་བས་ཡིན།
འོན་ཀྱང་དོན་དངོས་ཀྱི་བླ་མ་རྣམས་ནི་རྒྱབ་རྩ་དང་འཇོན་ཐང་གི་ཆ་ནས་ལྕི་བའི་དོན་ལ་གོ་ན་ལེགས་པ་སེམས།
ངོ་མ་སྙིང་བོ་ཅི་ཡང་མི་འདུག ཁུ་ལྷག་ཙམ་ལ་རེ་བའི་ཁྱི་རྒན་ཞིག་གི་ཁ་རྩེ་པ་རེད། ད་དུང་རིགས་པའི་བུ་ཟེར་ ངོ་མ་ངོ་ཚ་གི
ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་བོད་སྤྱི་དང་། ནང་པ་སྤྱི་ཡི་མཛད་རྗེས་གསུབ་ཏུ་མེད་པ་ཞིག་རེད། དེབ་མང་པོ་ཀློག་པའི་ཐུགས་འདོད་ཡོད་ན་རྒྱ་ནག་གི་་་་གྲངས་ཉུང་མི་རིགས་ཀྱི་དད་པའི་ལྟེ་གནས་་་་་ཞེས་པར་གཟིགས་དང་། རྒྱ་བོད་སོག་པོ་སོགས་ཀྱི་དགོན་སྡེ་བརྒྱ་ཆའི་༨༠་པཎ་ཆེན་རིན་པོ་ཆེས་་གཞུང་ལ་རེ་བ་བཏོན་ཏེ་སྒོ་འབྱེད་བྱས་པ་དང་། རོགས་དངུལ་དང་སློབ་གསོ་ལམ་སྟོན་གྱི་འོག་ནས་ཡར་རྒྱས་ཕྱིན་པ་ཞིག་རེད། བོད་ཏུ་བླ་རུང་ལྔ་རིག་ནང་བསྟན་སློབ་གྲྭ་སོགས་ནང་བསྟན་སློབ་གྲྭ་ལྔ་། སློབ་གྲྭ་ཆེན་མོ་གསུམ། སྨན་རྩིས་ཁང་། སློབ་གྲྭ་ཆུང་འབྲིང་སོགས་སློབ་གསོའི་སྐོར་དང་། དཔལ་ཆེན་ཆུ་བོ་རི། ཡར་འབྲོག་གཡུ་མཚོ། ཨ་མྱེ་རྨ་ཆེན་སོགས་བོད་ཀྱི་གནས་རི་སྔོག་འདོན་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཏེ་སྐུ་མ་གཤེགས་བར་ཏུ་སྲུང་ཐུབ་པ་དང་། ཇོ་ཤཀ་རྣམ་གསུམ་སོགས་གསེར་སྐུ་ཁྲི་ཕྲག་ལྷག་བོད་ཏུ་གདན་དྲངས་ཏེ་བདག་པོ་དངོས་ལ་རྩིས་སྤྲད་པ་དང་། རྒྱ་ནག་ནས་འབྲས་སྤུང་གསེར་བྲིས་བཀའ་འགྱུར་གཙོར་བྱས་བོད་ཀྱི་དཔེ་རྙིང་བོད་ཁྲི་གསུམ་ལ་བརྒལ་བ་དབུས་སུ་གདན་དྲངས་པ་དང་། ཇོ་བོ་རིན་པོ་ཆེ་ཕྱི་གླིང་དུ་འགྲེམ་སྟོན་ཏུ་འདྲེན་འཆར་མཚམས་འཇོག་དང་། སྡེ་དགེའི་པར་ཁང་ཆེན་མོ་རྒྱ་ནག་ཏུ་སྤོ་རྒྱུའི་འཆར་གཞིར་མཐའ་གཅིག་ཏུ་ངོ་རྒོལ་གནང་སྟེ་ཉམས་གསོ་གནང་བ་སོགས་མཛད་རྗེས་རེ་རེ་ནས་བརྗོད་ག་ལ་ལང་། དམ་པ་འདི་ཉིད་ཀྱི་ཉི་་མ་ལྟར་གསལ་བའི་བྱས་རྗེས་ལ་ཅོ་འདྲི་བ་སྲིད་ཚེ། དྲིན་ལན་ལོག་མཇལ་དང་། ཕྲག་དོག་གིས་མྱོས་པ་ཡིན་ངེས་པ་ལན་འདེབས་དགོས་པ་མ་མཐོང་མོད། གང་གི་བཀའ་དྲིན་ཆ་ཤས་དྲན་པ་འདི་བཅོས་མེད་དུ་འབྲི་ཤོར་སོང་།
མཆན། ༦༥། དངོས་དོན་དང་མི་མཐུན་པ། ལོ་རྒྱུས། དུས་ཚོད་ལ་ཡིག་ཆའི་དཔང་པོ་མེད་པ་ཤིན་ཏུ་མང་པོ་འདུག གང་ལྟར་ཚོར་བའི་རྗེས་སུ་འབྲངས་པ་ལས་དཔྱད་རྩོམ་གྱི་ཚད་གཞི་ལོང་པ་དང་། སྙན་རྩོམ་གྱི་་ཚིག་སྦྱོར་ཡག་པ་གང་ཡང་མི་གདའ། རྫུན་རྐུབ་ཕུད་ཀྱང་རིན་ཐང་མེད་པས་རང་སར་འཇོག་གི་ཡིན།
དེ་ནི་རྒྱ་ནག་གི་སྲིད་བྱུས་གུད་ཡངས་ལས་བྱུང་བ་ལས་པཎ་ཆེན་གྱི་ནུས་བ་གཅིག་བུ་ག་ལ་ཡིན། ཕྱི་ཕྱོགས་སྒོ་འབྱེད་སྐབས་པཎ་ཙམ་མ་ཡིན་པ་བོད་རྒན་རབས་པ་མང་པོ་ཞིག་ཡོད་པ་རེད། པཎ་ཆེན་གྱིས་དེ་དོན་ལ་ནུས་བ་གཙོ་འདོན་བྱས་མྱོང་བ་ཕྲན་གྱིས་སྔ་ནས་བཤད་ཟིན་པས་ཡང་ཡང་སྨོས་བའི་དགོས་བ་མ་མཆིས། ངས་བཤད་བི་པཎ་ཆེན་གྱིས་རྒྱ་དམག་བོད་དུ་ཁྲིད་འོང་བ་དེ་རེད། ནམ་རྒྱུན་བོད་ལ་དེ་ཙམ་ཕེབས་རྒྱུ་མེད་པ་༥༡-༥༢ལོར་བོད་ཕེབས་པ་ཅི་ཡིན་ནམ། བོད་ཀྱི་སྐུ་སྲུང་བ་བོད་པ་ཡོད་པས་མ་འགྲིག་པ་རྒྱའི་སྐུ་སྲུང་བ་འཁྱེར་བ་ཅི་ཡིན་ནམ། དེ་ནི་རྒྱ་ནག་གིས་དངོས་པོ་གཡར་ནས་ནང་ལ་འཛུལ་ཞེས་བའི་དམག་དོན་གྱི་ཐབས་ལག་ལྟར་བྱེད་པ་རེད། བློ་ཕམ་པ་ཞིག་རྒྱ་ནག་གིས་པཎ་བེད་སྤྱོད་བཏང་ཞིང་དགོས་མཁོ་མེད་མཚམས་ཁོང་གཉིས་ཀྱི་བར་ལ་དེ་སྔོན་བཞག་པའི་མཆན་དོན་མང་པོ་ཞིག་ལག་བསྟར་མ་གནང་བས་ཧང་སང་ནས་ཡིག་འབྲི་ཁྲི་བདུན་བྲིས་བ་རེད། འོན་ཀྱང་། རྒྱ་གཞུང་ལ་མཚོན་ན་པཎ་ཆེན་གྱི་སྙིང་ཞུ་ལ་དེ་སྔོན་བཞིན་རིན་ཐང་ག་ལ་ཡོད། མེད་དེ། རྒྱ་གཞུང་གིས་པཎ་ཆེན་བེད་སྤྱོད་བཏང་ཟིན་པས་ད་ལྟ་བོད་འདི་རྒྱ་ནག་ལ་ཐོབ་ཟིན་ཅིང་རྒྱལ་བའང་རྒྱ་གར་དུ་ཕེབས་ཟིན་པས་དགོས་མཁོ་མེད་ན་པཎ་ཆེན་ཡང་བཙོན་དུ་བཏང་ཆོག་ཆོག་རེད། ཆོག་ཆོག་ཡིན་པས་སྙིང་ཞུ་ལ་དོ་བདག་ལྟ་ཅི་བཙོན་དུ་བཏང་བ་རེད། མིའི་མགོ་སྐོར་འོག་ཏུ་ཚུད་ན་དེ་འདྲ་རེད། ལྷག་པ་རྒྱའི་མགོ་སྐོར་འོག་ཏུ་ཚུད་ན་དེ་འདྲ་རེད། དེ་ནི་རྒྱ་སེམས་བཟང་ཀྱང་། བོད་ལ་ཐུག་པ་མི་བླུགས་ཟེར་བའི་སླབ་བྱ་ལས་ཅི་ཡང་མེད།
རིག་པའི་བུ་ཟེར་བ་འདི་ལ་གུང་བྲན་གཞུང་གིས་དམིགས་གསལ་ལས་ཀ་ཞིག་སྤྲད་ཡོད་པ་འདྲ། ཀླ་ཀློ་ཆོས་མེད་སྡིག་པ་མིག་བཙུམ་ཁྱོད་ལ་བླ་མའི་ཡང་སྲིད་མི་དགོས་པ་ཙམ་དུ་མ་ཟད། བོད་ཀྱི་ཆོས་རྒྱལ་ལོ་པཎ་རྣམས་ཀྱིས་འབད་པ་དུ་མས་སྐུ་ངལ་ཚད་མེད་སྐྱོན་པའི་འབྲས་བུ་བོད་ཀྱི་ནང་ཆོས་དང་།དེ་འཛིན་གྱི་སྐྱེ་བུ་དམ་པ་རྒྱལ་དབང་ཡབ་སྲས་གཉིས་ཀྱི་དབུས་ཆོས་བྱེད་མི་སྣ་རྣམས་རྩ་མེད་བཟོ་རྒྱུའི་དམིགས་ཡུལ་གུང་བྲན་གཞུང་དང་རིག་པའི་བུ་ཟེར་བ་ཁྱོད་གཅིག་མཚུངས་ཡིན་པ་ང་ཚོས་གསལ་ཤེས་ཐུབ་སོང་། འོན་ཀྱང་བོད་རིགས་རྣམས་ནང་ཆོས་ལ་དད་པ་གཡོ་བ་མེད་ཅིང་ལྷག་པར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུས་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམས་དགོས་མཁོ་ཆེན་པོ་ཞིག་ཏུ་ནམ་ཡང་རྩིས་རྒྱུར་ངེས་ན། གུང་བྲན་གཞུང་མགོ་འཇུག་མ་ལོག་སྔོན་ཁྱོད་་་་་རང་ཤི་མ་རྒྱབ་ན་ཁྱོད་ཀྱིས་ལོག་སྨོན་མ་འགྲུབ་སྔོན་གུང་བྲན་མེད་པར་སོང་ན་ཁྱོད་སྡུག་སྙིང་གད་ནས་འཆི་ངེས་ཡིན་དེ་རྩིས་སྔོན་ལ་བསམ་བློ་གཏོང་གལ་ཆེའོ།།
གོང་ས་མཆོག་གིས་སྤྲུལ་སྐུ་ལམ་ལུགས་འདི་ཡག་པོ་དེ་ཙམ་མེད་པས་དག་ཐེར་བྱེད་དགོས་ཚུལ་གྱི་བཀའ་ཐེངས་མང་ཕེབས་ཀྱང་། ཁྱེད་ལྟར་བླ་མའི་ལམ་ལུགས་ཀྱི་མཁྲེགས་འཛིན་པ་ཚོར་ཆུ་རྡོ་ཐོག་ཏུ་བླུགས་པ་དང་ཀུན་ནས་མཚུངས།
༧གོང་ས་མཆོག་དགུང་གྲངས་༡༡༣བཞུགས་རྒྱུ་ངེས་ཀྱང་མ་བཞུགས་པའི་དུས་ངན་ཤར་སྐབས་ཁྱོད་ལས་གཞན་བོད་མི་རྣམས་ཀྱི་འགྱུར་བ་མེད་པའི་དད་པ་དང། མགོན་པོ་མཆོག་གིས་ཐུགས་སྨོན་གཉིས་མཚམས་འབྱར་ཏེ་སྐུ་ཕྲེང་བཅོ་ལྔ་པ་འཁྲུལ་མེད་ཞིག་བྱོན་ངེས་ཡིན་ན། དེས་ཀྱང་ཁྱོད་དང་གུང་བྲན་དབང་འཛིན་པ་རྣམས་སྡུག་སྙིང་གད་པས་རྒྱུར་འགྱུར་རོ།།
རིག་པའི་བུ་ཟེར་བ་མི་ངན་དཀྲུགས་ཤིང་གི་གོང་བུ་ཁྱོད་ཉོན་ཅིག བོད་མི་རིགས་རིག་གཞུང་དང་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་མཁན་རྒྱ་གུང་བྲན་ལ་གནོད་པའི་ཡིག་གེ་ན་གཅིག་ཁྱོད་ཀྱིས་བྲིས་པ་ཡོད་དམ།
༧ཀུན་གཟིགས་པཎ་རིན་པོ་ཆེ་མཆོག་དང་ཁོང་གི་རྗེས་འཇུག་རྣམས་ལ་ཕོག་ཐུགས་འདི་ལྟ་བུ་གཏོང་བ་ཁྱོད་ཟས་གོས་ཀྱི་ཕོངས་པ་མ་ཡིན་ནམ། བོད་ནང་རང་ལུས་མེར་བསྲེགས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་བོད་ལ་གདན་འདྲེན་ཞུ་དགོས་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་བཙོན་ནས་གློད་བཀྲོལ་གཏོང་དགོས་སོགས་ཀྱི་འབོད་སྒྲ་རྣམས་ཁྱོད་འོན་པ་མིན་ན་མ་གོ་གང་གིས་ལན།།
རིག་པའི་བུའི་མིང་ཁྱེར་རིག་མེད་གླེན་པ་ཁྱེང་གང་ཤོད་ཀྱི་ཡོད། ལོ་རྒྱུས་ལ་ཁྱོག་བཤད་ཀྱི་སྨྱོ་ཧམ་ཤོད་ཚུལ་ལ་བལྟས་ན་གཟུ་བོའི་བློ་ལྡན་ཞིག་མིན་པ་ཐག་ཆོད། ཐོག་མར་རྒྱ་མིས་ཕྱི་ལོ་་༡༩༤༩ ལོའི་སྤྱི་ཟླ་བཅུ་པའི་ཚེས་དྲུག་ལ་དམག་མི་ཁྲི་བཞི་བཅུ་བོད་དུ་བཙན་འཛུལ་བྱེད་དུ་བཏང་བ་རེད་ལ་མི་རིང་བར་མདོ་སྟོད་སྨད་ཀྱི་ས་ཆ་ཡོངས་རྫོགས་བཙན་འོག་ཏུ་བསྡུས་པ་དང་། རྒྱལ་ས་ལྷ་ས་ཡང་ཤོར་བ་དང་།། ཕྱི་ལོ་༡༩༥༡ ལོར་གྲོས་མཐུན་དོན་ཚན་བཅུ་བདུན་ལ་མིང་རྟགས་བཀོད་པ་རེད། ཕྱི་ལོ་༡༩༥༢་ལོར་ཀུན་གཟིགས་མཆོག་བོད་མདོ་སྨད་ཕྱོགས་ནས་རང་གི་གདན་སར་ཐེང་དང་པོར་ཕེབས་པ་རེད་དེ་དུས་བོད་ཤོར་རྒྱ་དམག་བོད་དུ་སླེབས་བོད་གཞུང་གི་སྐུ་ངོ་མང་པོ་ཞིག་ཀྱང་རྒྱ་དམག་གི་མོ་ཌའི་ཕེབས་ཀྱི་ཡོད་རེད། ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ཕུལ་ནས་བོད་སྐྱོབས་ཐབས་གནང་ཡོད། དེ་དུས་སྐུ་ངོ་མང་པོ་ཞིག་བཙན་བྱོལ་དུ་ཕེབས་ཟིན་པ་དང་། མང་པོ་ཞིག་རྒྱའི་བཙོན་འོག་ཏུ་བཞུགས་ཡོད། ༡༩༨༠ ནང་བོད་ལ་གུ་ཡངས་བྱུང་བ་རྒྱ་མིའི་སྲིད་འཇུས་ཀྱི་འགྱུས་འགྲོས་རེད་ཅེས་རྒྱ་དམར་ལ་ངོ་དགའ་ཚུལ་དུ་ཤོད་བཞིན་ཡང་དེའི་ནང་ཀུན་གཟིགས་མཆོག་གིས་དབུས་བོད་བཞུགས་རྒན་གྲས་མང་པོའི་རྔུལ་ཆུའི་ཐིག་ཕྲེང་ཡང་ཚུད་ཡོད། ༡༩༨༠ ནང་བོད་དུ་བོད་ཀྱི་སློབ་གྲ་ཁག་ཏུ་བོད་ཡིག་རང་དབང་གི་ངང་སློབ་ཆོག་པ་དང་། རྒྱལ་ས་ལྷ་སར་ཁྲོམ་སྐོར་བྱས་ནས་བཙོན་དུ་ཚུད་ན་སྐྱོབ་མཁན་ཀུན་གཟིགས་མཆོག་ཡོད་པར་མ་ཟད། བོད་གངས་ཅན་ལྗོངས་ཀྱི་སྐྱེ་བོ་ཀུན་གྱི་བདེ་སྡུག་ཞུ་ཡུལ་དང་། བདེ་སྡུག་ཞུས་ནས་ཀྱང་མི་མང་གི་སྡུ་མངལ་་ཁ་ཡོད་ལག་ཡོད་ཀྱི་སེལ་བ། རིས་མེད་དགོན་སྡེ་ཁག་སླར་གསོ་སོགས་མཛད་འཕྲིན་རབ་དང་རིམ་པར་བསྐྱངས་པ་རྣམས་རིག་པའི་བུ་ཁྱེད་རང་གིས་ཤེས་མ་ཤེས་ཁྱད་པར་མེད་ཀྱང་བོད་མིའི་སེམས་ནང་གསལ་ལྷང་ངེར་ཡོད། ཁྱེད་ཀྱི་ལབ་པ་བཞིན་དུ་ཡིན་ན། འོ་ན་དེ་སྐབས་རྒྱ་དམར་དེ་རྒྱལ་སྤྱིའི་ཁྲོམ་ར་ཅན་དུ་འགྱུར་ནས་ཆབ་སྲིད་གུ་ཡངས་ཕྱོགས་སུ་བསྐྱོད་མུས་ཀྱང་བོད་ནང་དུ་དེ་བས་དམ་དྲག་དང་། མི་རིགས་ཀྱི་རིག་གཞུ་རྩ་མེད་གཏོང་བཞིན་བ་དེ་དག་ལ་འགྲེལ་བཤད་ཅི་ཞིག་རྒྱག་གམ།
རིག་པའི་བུ་ལགས་གུང་བྲན་གཞུང་གིས་ལས་བཅོས་མིན་ན་བོད་མི་ནང་ཁུལ་དཀྲུགས་ཤིང་མ་རྒྱབ་པར། ཆོལ་གསུམ་གོང་བུ་གཅིག་བསྒྲིལ་ལ་འབད་ན་མི་ལེགས་སམ། འོན་ཀྱང་ཁྱེད་རང་ནང་པ་མིན་པ་དང་བོད་ཞེན་མེད་པ་གུང་བྲན་གྱིས་མངག་བཅོལ་བྱས་པའི་རྒྱ་ཁྱི་བཅས་ཡིན་ན་ནི་ཁྱེད་རང་གིས་ལོག་སྨོན་ནམ་ཡང་མི་འགྲུབ་པར་ངེས་ན་སྙིང་རྗེའི་ཡུལ་ལས་མ་འདས་ཤེས་སོང་ངམ་གཏི་མུག་གི་བུ་ལགས།།
རྒྱ་ཡི་དངུལ་ལ་ཆེ་ཆེར་དགའ་དྲགས་ནས།།
རང་རིགས་དཔའ་བོར་རྒོལ་བ་ཐེ་ཚོམ་མེད།།
གཞན་ལ་རྒྱ་ཡིས་གཡོ་འོག་ཚུད་ཞེས་ཟེར།།
རང་ཉིད་རྒྱ་འོག་ཚུད་ནས་ནང་ཁུལ་དཀྲུགས།།
ཡོན་ཏན་ཅན་ལ་མ་གུས་ངོ་ཚ་མེད།།
གཞན་ལ་གཞི་མེད་སྐྱོན་འཛུགས་ཁྲེལ་མེད་བུ།།
རིག་བུའི་མིང་ཁྱེར་དོན་ལ་གཏི་མུག་བུ།།
ཁྱོད་ནི་གཞིས་བྱེས་བོད་མིའི་སྙིང་རྗེའི་ཡུལ།།
མཐའ་དོན་རུལ་པའི་བུ་ལ་བརྗོད་རྒྱུར།
བོད་མི་རིགས་ཀྱི་རླབས་ཆེན་མི་སྣ་༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་མཆོག་ཕྱི་ལོ་༡༩༥༢ལོར་བོད་དབུས་གཙང་ཁུལ་དང་རང་གི་གདན་ས་བཀྲིས་ལྷུན་པོར་བྱོན་པ་ཙམ་ལས་དེ་སྔ་གང་ཉིད་ཕྱི་ལོ་༡༩༣༨ལོར་སྐུ་འཁྲུངས་པ་ནས་བཟུང་བོད་ཀྱི་མདོ་སྨད་སྐུ་འབུམ་དུ་བཞུགས་བཞུགས་པ་ཡིན་པ་ལས་དེ་མིན་རྒྱ་སོག་གི་ས་ཆ་གང་རུང་དུ་བཞུགས་མེད།
ཁྱོད་ཀྱི་མཆན་བུ་༦༩ནང་༼ནམ་རྒྱུན་བོད་ལ་དེ་ཙམ་ཕེབས་རྒྱུ་མེད་པ་༥༡-༥༢ལོར་བོད་ཕེབས་པ་ཅི་ཡིན་ནམ།༽ཞེས་པ་དེ་རྒྱའི་ལོ་རྒྱུས་ཡིག་ཚགས་ཀྱི་ཞབས་འདེབས་སུ་སོང་བའི་བརྗོད་ཚིག་ནག་པོ་དེ་འདྲ་གང་ནས་རྙེད་བྱུང་ངམ།རྒྱ་ནག་འཐབ་ཕྱོགས་གཅིག་འགྱུར་ལས་ཁུངས་ཀྱི་ཡིག་ཚགས་ནང་ནས་རེག་སོང་ངམ།ཡང་ན་ཁྱོད་རྒྱའི་རྒྱུགས་ཁྱི་སོང་ཙང་བོད་ཀྱི་མདོ་སྨད་ཀྱི་ས་ཆ་རྣམས་རྒྱའི་ས་ཁོངས་ཡིན་ཤག་བྱེད་པ་ཡིན་ནམ།དེ་ཡིན་ན་གནད་དོན་གཞན་ཞིག་རེད།ཤེས་སོང་ངམ།
ལ་རྒྱའི་བདག་པོ་ལགས། ངས་བསྐྱར་དུ་མཛད་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་དམངས་ཀློག་བཞིན་ཡོད་པས་རྗེས་སུ་ལན་ཁ་གསལ་ཞིག་འབུལ་ཡོང་།
ཁོ་བོས་རྒྱ་དམག་བོད་ཁྲིད་འོང་ཟེར་བའང་བོད་དབུས་གཙང་དུ་ཁྲིད་འོང་ཟེར་བའི་དོན་ལས་ཁམས་དང་ཨ་མདོའི་ས་ཆ་རེ་ཟུང་ནས་པཎ་ཆེན་མ་འཁྲུངས་བའི་ཡ་སྔོན་ནས་རྒྱ་དམག་ཡོད་ཡོད་པ་རེད། གོང་དུ་གསལ་ཁ་བཏོད་ནས་མ་བྲིས་བ་ཕྲན་གྱི་སྐྱོོན་ཡིན་པས་དགོངས་འགལ་མེད་པ་ཞུ། ཁྱེད་ཚོས་ཚིག་སྣེ་ཙམ་དང་ཁ་སྣེ་ཙམ་གཏོགས་པ་ལས་བོད་ས་སྟེ་དགའ་ལྡན་ཕོ་བྲང་པའི་མངའ་ཁོངས་རྒྱ་ལག་ཏུ་མ་ཤོར་གོང་པཎ་ཆེན་རྒྱ་མིས་ལག་ཆ་མ་བྱས་བའི་གནས་ཚུལ་ཅི་ཡང་གསུང་རྒྱུ་མེད་པ་ནི་རང་ཚང་སྟོན་པའི་རྒྱུ་ལས་མ་འདས།
ཁམས་དང་ཨ་མདོའི་ས་ཆའི་ཚབ་ཏུ་མཐའ་མཚམས་ཀྱི་ས་ཆ་ཁ་ཤས་ན་རྒྱ་དམག་ཡོད་ཡོད་པ་རེད་ཟེར་བ་བཅོས་ན་ལགས།
རུལ་པའི་བུར་བརྗོད་རྒྱུར།
དགའ་ལྡན་ཕོ་བྲང་གི་མངའ་ཁོངས་སུ་རྒྱ་གཞུང་གིས་བཙན་འཛུལ་མ་བྱས་གོང་ལ་༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་རྒྱ་མིའི་ལག་ཆ་བྱས་ནས་བོད་ཀྱི་དོན་དག་ཕྱུགས་པ་ཁྱོད་དྲངས་རྒྱུ་ཨེ་ཡོད།
ངས་བལྟས་ན་འབའ་པ་ཕུན་དབང་དང་།ཡངས་གླིང་རྡོ་རྗེ།དགེ་བཤེས་ཤེས་རྒྱམ་སོགས་ཀྱིས་རྒྱ་གཞུང་ལ་བོད་ལ་བཅིངས་འགྲོལ་ཐོངས་རོགས་ཞེས་ཞུ་བསྐུལ་བྱས་ཏེ་བོད་ལ་རྒྱ་དམག་གིས་བཙན་འཛུལ་ཇི་ལྟར་བྱ་རྒྱུའི་འཆར་གཞི་བཏིང་རོགས་དང་།ལམ་སྟོན་དང་སྐད་བསྒྱུར་བཅས་བྱེད་རོགས་བྱས་པའི་གནས་ཚུལ་དེ་དག་༧ཀུན་གཟིགས་རིན་པོ་ཆེའི་དབུ་གཡོགས་པ་མ་རེད།ཁྱོད་རིག་འཚོ་ཟིན་ཡོད་ན་རིག་པ་དྭང་གསལ་གྱི་བསམ་བློ་ཞིབ་ཏུ་ཐོངས་དང་།།
སྔོན་ཐོན་མི་རིགས་ཞེས་པའི་གཏམ་རྫིག་པོ།།
སྔོན་ཐོན་ཡིན་མདོག་ཁ་ནས་བརྗོད་ན་ཡང་།།
དོན་དམ་རྗེས་ལུས་ལས་ཀྱང་རྗེས་ལུས་པའི།།
རིག་པའི་བུ་མིན་ལྐུགས་པའི་བུ་ཁྱེད་རང་།།
སྐད་ཆ་ཁ་ནས་ཤོད་དུས་ཁ་རྒྱགས་ཀྱང་།།
བྱ་བ་ལག་གིས་བྱེད་དུས་ལག་པ་ལ།།
ལྩགས་གཟེར་རྒྱབ་ལྟར་ཅི་ཡང་མི་འཇོན་པར།།
ད་དུང་གདོང་དམར་བོད་ལ་བྱས་རྗེས་ཅན།།
རླབས་ཆེན་མི་སྣ་རྣམས་ལ་སྨད་བྱེད་པ།།
མགོ་གཞུག་མེད་པའི་བསྟན་བཤིག་ཡིན་རྟཊ་དང་།།
ཕྱི་ནང་མེད་པའི་མི་ངན་ཡིན་རྟགས་ལས།།
གཞན་ནི་རྒྱུ་མཚན་གནས་ལུཊ་མ་མཆིས་པས།།
དེ་འདྲ་ལྟས་ངན་གཏམ་ངན་བརྗོད་པ་དེར།།
ཁྲེལ་མེད་ཁྱོད་རང་ངོ་ཚ་ཁ་སྐྱེངས་དང་།།
ཆོལ་གསུམ་ཆིག་སྒྲིལ་གཏོར་བར་མ་འཛེམ་ཡང་།།
ང་ཚོ་ཁྱོད་ཀྱི་ལྟས་ངན་གཏམ་འདི་དག།
མཐོང་ཐོས་མོད་ལ་ཤིན་ཏུ་ངོ་ཚ་བས།།
ད་ནས་ཕུ་དཀྲུག་མདའ་དཀྲུག་བྱེད་པ་ཡི།།
གཏམ་འཁྱམ་དེ་དག་མ་ཤོད་འདུག་ན་མཛེས།།
ཁྱེད་རང་སྒེར་སྤྱོད་དམར་པོའི་བསམ་བློ་དང་ང་ཚོ་བོད་་མི་རིགས་རིག་གཞུང་དང་བཅས་པ་ལ་ཞེན་ཆེ་བའི་བསམ་བློ་གཉིས་ནམ་ཡང་མཐུན་ཐབས་མེད་པ་རེད། ཁྱེད་ཀྱིས་ཀུན་སློང་གིས་བོད་མི་རྣམས་ཀླ་ཀློ་ཆོས་མེད་གུང་བྲན་གཞུང་དང་ཁྱོད་ལྟ་བུ་རང་ངོ་རང་གིས་མི་ཤེས་པ་བཟོ་ཐབས་བྱས་ཀྱང་ཁྱོད་ཀྱི་བསམ་ངན་དེ་ནམ་ཡང་འགྲུབ་མི་སྲིད། རྒྱུ་མཚན་ནི་བོད་མི་རྣམས་ནང་ཆོས་ལ་དད་དམ་གཡོ་བ་མེད་པས་སོ།།
ཕུན་དབང་དང་རྒྱ་དམག་ཁམས་ཁུལ་ནས་དབུས་གཙང་ལ་ཡོང་བ་དང། ༸པཎ་ཆེན་རིན་པོ་ཆེ་དང་རྒྱ་དམག་ཨ་མདོ་ཁུལ་ནས་ཡོང་བ་བདེན། རྣམ་པ་གཉིས་མེད་ན་རྒྱ་དམག་བོད་ལ་རྩ་བ་ནས་འབྱོར་ཐུབ་ཀྱི་མེད་པ་ལྟ་བུའི་ཚིག་ཐག་ཆོད་མདོག་ཁ་པོས་ཧར་བཤད་བྱས་པར་བློ་ལྡན་རྣམས་མགོ་བོ་ག་ལ་འཁོར།
ཁྱེད་ཚོས་སྐད་ཆ་ག་འདྲ་བཤད་ཀྱང་དོན་དངོས་ལ་འགྱུར་བ་བཏང་ཐུབ་ཅིང་དོན་དངོས་ནམ་ཡང་དོན་དངོས་རེད། དེ་ནི་མོའོ་དང་ཧི་ཐི་ལར་གྱིས་གསུངས་བ་ལྟར་བདེན་རྫུན་ལ་དབྱེ་བ་མེད་ཅིང་རྫུན་པ་བརྒྱ་བཤད་ན་བདེན་བ་འགྱུར་འདོད་ཀྱང་ཡོང་ཐབས་མེད་པ་རེད། བླ་བའི་རྣམ་འབྱོར་སྒོམ་ཡང་དེ་ལྟར་ཡིན། དོན་དངོས་ནི་དངོས་རེད།
རྒྱ་ནག་གུང་ཁྲན་གྱིས་པཎ་ཆེན་གྱི་ནུས་བ་བརྟེན་ནས་རྒྱལ་བ་རིན་པོ་ཆེ་ལ་ངོ་རྒོལ་བྱེད་པ་རེད། རྒྱུ་མཚན་ནི་པཎ་ཆེན་ནི་དེ་སྔོན་གོ་མིན་ཏང་དང་ཉེ་བ་ཡོད་ཅིང་རྒྱལ་པ་རིན་པོ་ཆེ་དབྱིན་ཇིས་དང་ཉེ་བ་ཡོད་པ་གུང་གཞུང་གིས་འཚོར་བ་མ་ཟད། རྒྱ་པཎ་བར་དུ་ཅུང་མི་མཐུན་པ་ཡོད་པ་རྟོགས་ཤིང་། པཎ་གྱིས་གཙོ་བོས་གཙང་དང་རྒྱལ་བས་གཙོ་བོས་དབུས་བཏང་འཛིན་བྱེད་པའི་ཁར་པཎ་ལ་ཁམས་ཕྱོགས་སུའང་རྗེས་འཇུག་པ་མང་པོ་ཡོད་པ་ཤེས་ནས་༥༡ལོར་ཟླ༤ནང་པཎ་ཆེན་པེ་ཅིང་དུ་གདན་ཞུ་གནང་བ་རེད། མོའོ་ཡིས་དམག་རྒྱག་མི་དགོས་བ་མགོ་སྒུར་བའི་ཐབས་ཤེས་བེད་སྤྱོད་བཏང་ནས་པཎ་ཆེན་མཆོག་མདའུ་བཞིན་བེད་སྤྱོད་བཏང་ཞིང་རྒྱལ་བའི་མངའ་ཐང་ལ་རྒོལ་སླད་པཎ་ཆེན་བོད་དབུས་གཙང་དུ་ཕེབས་པ་མཐུན་འགྱུར་བྱས་བ་རེད། སྐུ་སྲུང་དུ་དམག་སྤྱི་ཤིའི་གྲུང་ཤི་དང་ལྷན་ནུབ་བྱང་བོད་སྤྱོད་དཔུང་སྡེ་བཏང་ཞིང་མིང་དུ་པཎ་ཆེན་རིན་པོ་ཆེ་བོད་དུ་སྲུང་སྐྱོར་ཕེབས་སྐྱེལ་བཀོད་ཅིང་དམག་མི་རེ་རེ་རྟ་བཞི་དང་གཡག་བཞི་སོགས་ཀྱི་མཐུན་རྐྱེན་དང་ལྷན་༥༡ལོར་ཟླ༡༢་ཟི་ལིང་ནས་ཐོན་ཏེ་དམག་འཁྲུག་མེད་པ་རིམ་བཞིན་ལྷ་སར་འཛུལ་བ་རེད། དེ་ནི་པཎ་ཆེན་གྱིས་བོད་དུ་ཁྲིད་པའི་སྐུ་སྲུང་བ་རེད། སྐུ་སྲུང་བ་ནུབ་བྱང་དཔུང་སྡེ་རེད། ད་ལྟ་བོད་དུ་གནས་སྡོད་བྱེད་པའི་བཅིངས་གྲོལ་དམག་མིའི་ས་བོན་རེད།
དགའ་ལྡན་ཕོ་བྲང་ལ་རྒྱ་གཞུང་ལྟ་བུ་དགྲ་ཞིག་ཡོད་པའི་སྒང་་པཎ་ཆེན་རྒྱ་ཡི་ལག་ཆ་གྱུར་ཞིང་དགའ་ལྡན་ཕོ་བྲང་བའི་སྲིད་དབང་ཡང་རླུང་ནང་གི་མར་མེ་གྱུར་བ་མ་ཟད། སྐུ་མདུན་ཡང་དགུང་ལོ་གཞོན་པའི་ཞིང་བོད་མིའི་ནང་ཁུལ་དུ་མཐོ་བླ་མ་དང་དགེ་བཤེས། དམའ་མི་སེར་དང་བར་ཕུན་དབང་སོགས་ཀྱིས་རྒྱ་གཞུང་ལ་མཐུན་འགྱུར་གནང་བས་དགའ་ལྡན་ཕོ་བྲང་བའི་ལས་དབང་ལྟག་ཆུ་ཆད་པའི་རྫིང་བུ་གྱུར་བཞིན་ནུས་ཤུགས་ཞན་ལ། ཟླ་བ་བཞིན་མར་འགྲིབ་ལས་ཕྱི་འཕེལ་མེད་པའི་གནས་སུ་བརྫངས་བ་རེད།
ནོར་བཅོས།
ཁྱེད་ཚོས་སྐད་ཆ་ག་འདྲ་བཤད་ཀྱང་དོན་དངོས་ལ་འགྱུར་བ་བཏང་ཐུབ་ཅིང་དོན་དངོས་ནམ་ཡང་དོན་དངོས་རེད། དེ་ནི་མོའོ་དང་ཧི་ཐི་ལར་གྱིས་གསུངས་བ་ལྟར་བདེན་རྫུན་ལ་དབྱེ་བ་མེད་ཅིང་རྫུན་པ་བརྒྱ་བཤད་ན་བདེན་བ་འགྱུར་འདོད་ཀྱང་ཡོང་ཐབས་མེད་པ་རེད། བླ་མའི་རྣམ་འབྱོར་སྒོམ་ཡང་དེ་ལྟར་ཡིན། དོན་དངོས་ནི་དངོས་རེད།
རྒྱ་ནག་གུང་ཁྲན་གྱིས་པཎ་ཆེན་གྱི་ནུས་བ་བརྟེན་ནས་རྒྱལ་བ་རིན་པོ་ཆེའི་ནུས་ཤུགས་ཆུང་དུ་བཏང་ཐབས་བྱས་བ་རེད། རྒྱུ་མཚན་ནི་པཎ་ཆེན་ནི་དེ་སྔོན་གོ་མིན་ཏང་དང་ཉེ་བ་ཡོད་ཅིང་རྒྱལ་པ་རིན་པོ་ཆེ་དབྱིན་ཇིས་དང་ཉེ་བ་ཡོད་པ་གུང་གཞུང་གིས་འཚོར་བ་མ་ཟད། རྒྱ་པཎ་བར་དུ་ཅུང་མི་མཐུན་པ་ཡོད་པ་རྟོགས་ཤིང་། པཎ་གྱིས་གཙོ་བོས་གཙང་དང་རྒྱལ་བས་གཙོ་བོས་དབུས་བཏང་འཛིན་བྱེད་པའི་ཁར་པཎ་ལ་ཁམས་ཕྱོགས་སུའང་རྗེས་འཇུག་པ་མང་པོ་ཡོད་པ་ཤེས་ནས་༥༡ལོར་ཟླ༤ནང་པཎ་ཆེན་པེ་ཅིང་དུ་གདན་ཞུ་གནང་བ་རེད། མོའོ་ཡིས་དམག་རྒྱག་མི་དགོས་བ་མགོ་སྒུར་བའི་ཐབས་ཤེས་བེད་སྤྱོད་བཏང་ནས་པཎ་ཆེན་མཆོག་མདེའུ་བཞིན་བེད་སྤྱོད་བཏང་ཞིང་རྒྱལ་བའི་མངའ་ཐང་ལ་རྒོལ་སླད་པཎ་ཆེན་བོད་དབུས་གཙང་དུ་ཕེབས་པ་མཐུན་འགྱུར་བྱས་བ་རེད། སྐུ་སྲུང་དུ་དམག་སྤྱི་ཤིའི་གྲུང་ཤི་དང་ལྷན་ནུབ་བྱང་བོད་སྤྱོད་དཔུང་སྡེ་བཏང་ཞིང་མིང་དུ་པཎ་ཆེན་རིན་པོ་ཆེ་བོད་དུ་སྲུང་སྐྱོར་ཕེབས་སྐྱེལ་བཀོད་ཅིང་དམག་མི་རེ་རེ་རྟ་བཞི་དང་གཡག་བཞི་སོགས་ཀྱི་མཐུན་རྐྱེན་དང་ལྷན་༥༡ལོར་ཟླ༡༢་ཟི་ལིང་ནས་ཐོན་ཏེ་དམག་འཁྲུག་མེད་པ་རིམ་བཞིན་ལྷ་སར་འཛུལ་བ་རེད། དེ་ནི་པཎ་ཆེན་གྱིས་བོད་དུ་ཁྲིད་པའི་སྐུ་སྲུང་བ་རེད། སྐུ་སྲུང་བ་ནུབ་བྱང་དཔུང་སྡེ་རེད། ད་ལྟ་བོད་དུ་གནས་སྡོད་བྱེད་པའི་བཅིངས་གྲོལ་དམག་མིའི་ས་བོན་རེད།
དགའ་ལྡན་ཕོ་བྲང་ལ་རྒྱ་གཞུང་ལྟ་བུ་དགྲ་ཞིག་ཡོད་པའི་སྒང་་པཎ་ཆེན་རྒྱ་ཡི་ལག་ཆ་གྱུར་ཞིང་དགའ་ལྡན་ཕོ་བྲང་བའི་སྲིད་དབང་ཡང་རླུང་ནང་གི་མར་མེ་གྱུར་བ་མ་ཟད། སྐུ་མདུན་ཡང་དགུང་ལོ་གཞོན་པའི་ཞིང་བོད་མིའི་ནང་ཁུལ་དུ་མཐོ་བླ་མ་དང་དགེ་བཤེས། དམའ་མི་སེར་དང་བར་ཕུན་དབང་སོགས་མི་ཉུང་བ་ཞིག་གིས་རྒྱ་གཞུང་ལ་མཐུན་འགྱུར་གནང་བས་དགའ་ལྡན་ཕོ་བྲང་བའི་ལས་དབང་ལྟག་ཆུ་ཆད་པའི་རྫིང་བུ་གྱུར་བཞིན་ནུས་ཤུགས་ཞན་ལ། ཟླ་བ་བཞིན་མར་འགྲིབ་ལས་ཕྱི་འཕེལ་མེད་པའི་གནས་སུ་བརྫངས་བ་རེད།
རིག་པའི་བུས་དོན་དག་ཡང་སྙིང་པཎ་ཆེན་རིན་པོ་ཆེས་བོད་ཕུང་དུ་བཅུག་པ་རེད་ཟེར་གི་ཡོད་རེད་དམ། དེ་འདྲ་ཨེ་རེད།
བདེན་དང་མི་བདེན་རང་གིས་བསམ་བློ་ཐོངས།།
ལོ་རྒྱུས་ཡིག་ཆ་མ་ཚང་མེད་པ་ཀློག།
གནས་ཚུལ་ཀུན་བྱུང་ཕྱོགས་ལྷུང་མེད་པ་ཉོན།།
དེ་ནི་བདེན་དོན་རྟོགས་པ་སྨན་ཡིན་པས།།
བླ་མའི་རྣལ་འབྱོར་སྒོམ་ན་དགོས་བ་ཆུང་།།
སྡང་བའི་དགྲ་ལ་ཁ་ལན་སློག་ཀྱང་རུང་།།
མི་མཐུན་ཕྱོགས་གཏོགས་རྩ་མེད་བཟོ་ཡང་རུང་།།
ཚིག་རྩུབ་མཚོན་གྱིས་དཔའ་ཉམས་དཀྲུས་བ་ལས།།
དངོས་དོན་ལོ་རྒྱུས་བདེན་པའི་མཚོན་ཉོས་དང་།།
དེ་ནི་བླ་མའི་རྣལ་འབྱོར་སྒོམ་ལས་ལྷག།
བླ་མའི་རྣལ་འབྱོར་སྒོམ་ན་རང་དབང་རེད།།
བླ་མ་སངས་རྒྱས་འགྲེལ་ཡང་རང་འདོད་རེད།།
བླ་མ་མོས་གུས་ཡོད་ན་རང་བསམ་རེད།།
རང་སེམས་རང་ལ་བདག་པ་ལུགས་མཐུན་ཡང་།།
རང་མོས་གང་དྲན་ལོ་རྒྱུས་བཟོ་ཐབས་མེད།།
རྩོམ་ཡིག་འདིའི་མཆན་བུའི་ཁྲོད་ནས་གུས་པ་ཕྱིར་དོན་གྱི་ཡིན།གང་ཡིན་ཟེར་ན།
རུལ་པའི་བུ་ཡི་ཀུན་སློང་དང་བྱ་སྤྱོད།ལྟ་བ།ལངས་ཕྱོགས།ཡིག་རྫོབ་དང་།ཚིག་རྫོབ།དག་རྫོབ།རྒྱུ་མཚན་འགྲོ་ས་མེད་པ་བཅས་ལ་བརྟེན་ནས་ཁོ་པ་ངས་བགྲོ་གླེང་བྱ་ཡུལ་གྱི་ཐ་གཏད་ཅིག་རྩ་བ་ནས་རེད་མི་འདུག་པས་ངའི་དུས་ཚོད་འཕྲ་ོབརླག་གཏོད་འདོད་མི་འདུག་པས་ཁྱོད་གང་འདོད་བྱོས་ཤིག་ཁྱོད་ཀྱི་ཁྱིའི་ཟུག་སྐད་ཇི་ལྟར་བརྒྱབ་ཀྱང་ཁྱོད་ཀྱི་སྡུག་སྐད་དེ་དག་ཆུ་ནང་གི་སྟུག་དྲིའི་རིན་ཐང་དང་སྒོ་ཀུན་ནས་མཚུངས་པ་གོང་གི་མཆན་པ་པོ་གཞན་པ་ཚང་མས་ཁྱེད་ལ་བཀའ་བཀྱོན་དང་གཤེ་གཤེ་སྐྱོན་བརྗོད་བྱས་པ་དེ་དག་གིས་མཚོན་ནོ།།