ཁྲི་གཡུང་དྲུང་།
ཕྱི་ལོ་༢༠༡༢།ཟླ་༦།ཚེས་༣།ཉིན་གྱི་ཕྱི་དྲོའི་ཕྱག་ཚོད་༢།༣༠་ཐོག་“གཡུང་དྲུང་ བོན་གྱི་སྐོར་བགྲོ་གླེང་ཐེངས་བཅུ་གཉིས་པ་”དེ་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་ཆེན་མོར་དངོས་སུ་དབུ་ཚུགས་གནང་བ་རེད། ཐེངས་འདིའི་སྐུ་མགྲོན་གཙོ་བོ་ནི་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་ སོ་གསུམ་པ་མཆོག་དང་། ༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག དེ་བཞིན་བཤད་སྒྲུབ་འདུས་སྡེའི་མཁན་སློབ་རྣམ་གཉིས། སྐུ་ངོ་བྱ་དུར་བསོད་ནམས་བཟང་པོ་ལགས། གར་ཞྭ་བ་ཚེ་རིང་རྡོ་རྗེ་མཆོག དབུས་གཡུང་དྲུང་བོན་འཛིན་སྐྱོང་ཚོགས་པའི་ཟུང་དྲུང་ལགས། ༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་བཤད་སྡེའི་དགེ་རྒན་དགེ་བཤེས་རྣམ་པ། བཙུན་དགོན་རདྞ་སྨན་གླིང་གི་དགེ་རྒན་མཁས་མཆོག་རྡོ་རྗེ། ཝར་ཎཱ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དང་་བོན་གཞིས་ཉིན་སློབ་ཀྱི་སློབ་དགེ་སོགས་ཕེབས་ཡོད་པ་རེད།
ཚོགས་ཞུགས་པ་ཡང་ཝར་ཎཱ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་མཐོ་རིམ་སློབ་མ་ཁག་དང་། ལྡི་ལི་མཐོ་སློབ། ཅན་ལྡི་སྒར་མཐོ་སློབ། མ་སི་རི་བོད་ཁྱིམ། ས་རཱ་མཐོ་སློབ། བོན་གཞིས་ཉིན་སློབ་འཛིན་རིམ་བཅུ་པ་ནས་བཅུ་གཉིས་བར་གྱི་སློབ་མ། བཙུན་དགོན་རདྞ་སྨན་གླིང་གི་བཤད་གྲྭའི་བཙུན་མ་རྣམ་པ། གཞན་ཡང་མཐོ་སློབ་མི་འདྲ་ཁག་ནས་ཕེབས་པ་བཅས་ཁྱོན་སློབ་མ་ཉིས་བརྒྱ་ལྷག་འདུ་ འཛོམས་བྱུང་ཡོད་པ་རེད། དེ་ཡང་ཐོག་མར་༧སྐྱབས་རྗེ་༧སྨན་རིའི་ཁྲི་འཛིན་སོ་གསུམ་པ་རིན་པོ་ཆེ་མཆོག་བགྲོ་གླེང་གི་ཚོགས་མགོན་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཤིང་སྣང་གསལ་སྒྲོན་ མེའི་ཞལ་དབྱེ་དང་འབྲེལ་གཡུང་དྲུང་བོན་གྱི་བགྲོ་གླེང་སྐབས་བཅུ་གཉིས་པ་དབུ་འབྱེད་གནང་གྲུབ་རྗེས། སྟོན་འཁོར་ལྷན་རྒྱས་ཞབས་སྟེགས་སུ་འཁོད་ནས་བསྟན་པ་རྒྱས་པའི་སྨོན་ལམ་གསུངས། དེ་མཚམས་བགྲོ་གླེང་གོ་སྒྲིག་ཚོགས་གཙོ་ཁྲི་གཡུང་དྲུང་ལགས་ནས་བགྲོ་གླེང་ངོ་སྤྲོད་ཞུས། ས་གནས་གཞིས་དྲུང་དང་། དེ་བཞིན་༧དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་ཟུང་དྲུང་ལགས་ནས་གཏམ་བཤད་གནང་།
དེ་རྗེས་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བ་མཆོག་ནས་ཆོས་རྒྱུད་གཞན་གྱི་མི་སྣ་ཆེ་ཁག་དུ་མས་གཉའ་ཁྲིའི་ཡར་སྔོན་བོད་ཀྱི་ལོ་རྒྱུས་སྐོར་བོན་པོ་རང་གིས་ཁུངས་ སྐྱེལ་དགོས་པ་མ་ཟད། སྲོང་བཙན་སྔོན་ཡང་བོད་ཀྱི་ལོ་རྒྱུས་དང་ཆོས་དང་རིག་གཞུང་མཐའ་དག་དེ་བཞིན་ཡིན་ སྐོར་གསུངས་བཞིན་ཡོད་པས་ང་ཚོས་ཀྱང་དེའི་སྐོར་ལ་དོ་སྣང་དང་བགྲོ་གླེང་བྱ་ རྒྱུ་གལ་ཆེན་ཡིན་ཚུལ་དང་། བགྲོ་གླེང་གསུང་བཤད་སྐབས་ཕལ་སྐད་ལ་སྣང་ཆུང་མི་བྱེད་པར་ཕལ་སྐད་ཀྱི་ནུས་པ་ལ་ བསམ་གཞིགས་དགོས་རྒྱུ་གལ་ཆེན་ཡིན་པ་དང་། འོན་ཀྱང་གཞུང་ཆེན་མོའི་ཚིག་དང་བརྡ་རྙིང་སོགས་ཀྱི་རིགས་རེད་ཅེས་བཀོལ་མེད་དུ་ མི་འཇོག་པར་ཡང་ནས་བསྐྱར་དུ་བེད་སྤྱོད་བྱས་ན་ག་ལེར་གོམས་རྒྱུ་ཡོད་པ་སོགས་ བཀའ་སློབ་གནད་སྨིན་གྱི་བཀའ་དྲིན་བསྩལ། དེ་རྗེས་བགྲོ་གླེང་ཚོགས་གཞོན་ལགས་ཀྱིས་ཐུགས་རྗེ་ལེགས་གསོལ་གྱི་གཏམ་བཤད་དང་ འབྲེལ་སྔོན་འགྲོའི་མཛད་རིམ་རྒྱལ་ཁའི་ངང་མཇུག་བསྡུས་ཡོད་པ་དང་།
དེ་ནས་ཆུ་ཚོད་༠༤།༣༠།ཐོག་ཐེངས་བཅུ་གཉིས་པའི་བགྲོ་གླེང་དངོས་གཞིའི་མཛད་སྒོ་དབུ་འཛུགས་ཞུས་ཏེ་ཉིན་དང་པོའི་གསུང་བཤད་སློབ་དཔོན་༧སྐྱབས་རྗེ་སྨན་རིའི་དཔོན་ སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་དབུས་བཞུགས་ཐོག་བཙུན་དགོན་རདྞ་ སྨན་གླིང་གི་བཙུན་མ་དང་ཝར་ཎ་མཐོ་སློབ་སོགས་ཀྱི་བགྲོ་གླེང་ཚོགས་ཞུགས་པ་ཉིས་བརྒྱ་ལྷག་འཛོམས་ཐོག་ཉིན་དང་པོའི་བགྲོ་གླེང་གཙོ་སྐྱོང་བ་ལགས་ནས་གསུང་བཤད་སློབ་དཔོན་ངོ་སྤྲོད་དང་འབྲེལ་དངོས་གཞིའི་མཛད་རིམ་དབུ་འཛུགས་ཞུས།
དེའི་རྗེས་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ ཆེ་མཆོག་ནས་བརྗོད་གཞི་“གནའ་རབས་བོན་དང་ཧི་མ་ལ་ཡ་འབྲེལ་བའི་སྐོར་”ཞེས་པའི་སྐོར་ལ་གསུང་ཁྲིད་ཟབ་ཅིང་རྒྱས་པ་གནང་ཞིང་མཐར་དྲི་བ་དྲིས་ལན་བཅས་གནང་སྟེ་ ཉིན་དང་པོའི་དངོས་གཞིའི་མཛད་རིམ་ཡོངས་སུ་མཇུག་བསྡུས་ཡོད་པ་དང་ཟླ་འདིའི་ཚེས་དགུ་ཉིན་མཇུག་བསྡོམས་མཛད་སྒོ་གནང་རྒྱུ་ཡིན་པ་བཅས་གནས་ཚུལ་ཙམ་དུ།
བོད་ཕ་མྱེས་ཀྱི་རིག་གཞུང་ལ་དོ་སྣང་དང་འཛིན་སྐྱོངས་བྱེད་པར་དགའ་བསུ་དང་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།
ལྷག་པར་དུ་ཧི་མ་ལ་ཡའི་རིག་གཞུང་དང་མི་རིགས་གཞུང། ཆོས་ལུགས་གྲུབ་མཐའི་ལྟ་གྲུབ་ལས་སོགས་ཇི་ཡིན་ཤེས་འདོད་མཆིས།
བོན་གྱི་གཞུང་ལུགས་ལ་ཆ་རྒྱུས་མེད་ན་ཡང་། བོད་རྒྱལ་མེས་པོའི་ཕ་ཆོས་ངོ་མ་དེ་ཡིན་པས་ང་དེ་ལ་དགའ། བོན་གྱི་བླ་མ་ལ་རྒྱུས་མེད་ན་ཡང་། བོད་རྒྱལ་བཙན་པོའི་འདྲེན་སྟོན་ལུང་བསྟན་གྱི་མཆོད་གནས་དེ་ཡིན་པས་ང་དེ་ལ་དགའ། བོན་གྱི་ལོ་རྒྱུས་ལ་ཆ་རྒྱུས་མེད་ན་ཡང་། བོད་ཀྱི་མེས་པོའི་ཤ་ཁྲག་རུས་གསུམ་དེ་ལ་ཐིམ་པས་ང་དེ་ལ་དགའ། བོན་གྱི་སྲོལ་རྒྱུན་ལ་ཆ་རྒྱུས་མེད་ན་ཡང་། བོད་ཀྱི་རིག་གཞུང་གི་ཕ་མེས་ཡང་མེས་ཀྱི་བླ་སྲོག་དེ་ལ་ཟུག་པས་ང་དེ་ལ་དགའ། །གང་ལྟར་བོན་པོའི་དགོན་པ་ནས་བོན་གྱི་སྐོར་བགྲོ་གླེང་བ་ཡག་པོ་རེད་དེ། མ་འོངས་པར་བོན་པོའི་སྐོར་བགྲོ་གླེང་ཞེས་པ་བོན་པོ་དང་བན་དེ་ལྷན་དུ་འཚོགས་ནས་གནང་ཐུབ་ན་ཡག་པོ་རེད་བསམ།
བགྲོ་གླེང་འཁྲུག་པོ་ཡོང་བ་དང་དཔྱད་རྩོམ་རྣམས་པར་སྐྲུན་མགྱོགས་པོ་གནང་རེ་བྱེད་བཞིན་ཡོད། བཀྲིས།།
བོན་བསྟན་འཛིན་པའི་བོད་ཀྱི་བོན་པོ་རྣམས་པས་བོད་ཀྱི་གནའ་བོའི་ཤེས་རིག་དང་འབྲེལ་བའི་བགྲོ་གླེང་འདི་འདྲ་གནང་བར་བསྔཊ་བརྗོད་དང་། བགྲོ་གླེང་དེ་ཉིད་བོད་མི་རིགས་ཀྱི་ཆོས་བརྒྱུད་ནང་ཁུལ་ཆིག་སྒྲིལ་སོགས་ལ་ཕན་བདེའི་གསོས་སུ་སྨིན་པ་ཞིག་ཡོང་བའི་སྨོན་འདུན་ཡོད།།
བོན་པོ་ཡིན་ཡང་ནང་པ་ཡིན་ཡང་ཆོས་ལུགས་ཚང་མར་གུས་བཀུར་ཞུ། ཡིན་ནའང། སྐུ་མགྲོན་དུ་༧གོང་ས་མཆོག་གི་བཀའ་ལ་རྒྱབ་འགལ་བྱེད་མཁན། བོད་ཆོལ་གསུམ་གྱི་ཆིག་སྒྲིལ་རྨང་ནས་གཏོར་མཁན་དེང་སང་དམྱལ་བ་མནར་མེད་དུ་ཡོད་པའི་འདྲེ་འཇུ་ཆེན་གྱི་ཨབ་ཕྲུག་བྱ་དུར་བསོད་ནམས་བཟང་པོ་ཟེར་བ་སྐད་བཏང་འདུག་པར་བློ་ཕམ་ཆེན་པོ་བྱུང། ཁོང་དྲང་པོ་མེད་པ་དང་ཕྱོགས་རིས་ཆེ་བས་བཙན་བྱོལ་ལོ་རྒྱུས་ནང་ནག་ཉེས་མང་པོ་བསགས་འདུག་པས། རྗེས་ནས་གཏེ་བོ་དེ་དག་ལ་འབྲེལ་བ་མ་བྱེད་རོགས། བོད་ཀྱི་མི་རབས་གསར་པ་ཚོ།
གཡུང་བོན་གྱི་བགྲོ་གླེང་ཐེངས་བཅུ་གཉིས་པའི་མཛད་སྒོར་རྟེན་འབྲེལ་ཞུ།ལྷག་པར་དུ་༧སྐྱབས་རྗེ་དཔོན་སློབ་རིན་པོ་ཆེའི་གསུང་བཤད་ལ་ཉན་འདོད་ཡོད་མོད་སྐལ་བ་མ་ལྡན་ཐལ།ཟླ་བཀྲས་ཕུན་ཁང་གིས་ཁ་བཟུང་ན་དགའ།བོད་ཀྱི་ཁྲིམས་ཞིབ་པ་ཆེ་བ་ཟུར་བ་སྐུ་ངོ་བྱ་དུར་བསོད་ནམས་བཟང་པོས་༧གོང་ས་སྐྱབས་མགོན་རིན་པོ་ཆེའི་བཀའ་གང་ལ་རྒྱབ་འགལ་བ་བྱས་སོང་ཐལ་སྐད་ཆ་དཔང་ཡོད་ཅིག་ཤོད་ར།སྐུ་ངོ་ཁོང་གིས་དུས་ཆེན་དང་ཚོགས་འདུ་གང་ལ་སོང་ན་ཡང་བོད་ལྭ་གཙང་མ་དེའི་གོང་ཁ་ན་༧གོང་ས་མཆོག་གིས་སྐུ་པར་རིན་ཐང་ཅན་ཞིག་བཏགས་ནས་ཕེབས་ཀྱིན་འདུག་དེས་ཀྱང་ཁོང་ཉིད་༧གོང་ས་མཆོག་ལ་བརྩི་བཀུར་ཡོད་པ་མཚོན་ཡོད། ད་དུང་ཟླ་བཀྲས་ཕུན་ཁང་གིས་སྐད་ཆའི་ཉམས་ལ་ལྟས་ན་ང་ཚོ་གཡུང་དྲུང་བོན་འདི་ནང་བ་མ་ཡིན་པ་ཞིག་སྟོན་གྱིན་འདུག་ཁྱེད་ལ་བོན་པོ་ནང་བ་མ་ཡིན་པའི་རྟགས་གང་ཡོད།ཁྱེད་ཚོས་ནང་བ་ཡིན་མིན་གྱི་ཚད་ཇི་ལྟར་འཇོག་གིན་ཡོད།ཚད་ཐུབ་ཀྱི་ཡིག་ཞིག་དྲོངས་དང་རིམ་པས་ལུང་དང་རིགས་པ་དཔང་པོར་བཞག་ནས་ཐུགས་འཇམ་པོའི་ངང་ནས་རྩོད་ཡ།
རྗེས་སུ་ཡི་རངས་ཞུ། ཁྱེད་ཚོས་རེ་སྐོང་ཕྱོགས་ཀྱི་བོན་པོ་རྣམས་ལ་གོ་བ་རེ་བསྐོན་ཐུབ་ན་བཟང་གི བོན་རྒྱ་ཨ་ལགས་ཟེར་བ་དེས་བོན་པོ་བོད་མིན་ཟེར་ནས། ༢༠༠༩་ལོ་ལོ་གསར་བྱས་པ་ལྟ་བུ་རེད།
སྐུ་ངོ་བྱ་དུར་བསོད་ནམས་བཟང་པོ་ནི་༸གོང་ས་མཆོག་ལ་དད་གུས་ནམ་ཡང་འདོར་བ་མེད་པའི་བི་བུ་ཞིག་ཡིན་པ་ནི་ང་ལ་ཁོང་གི་སྐོར་ལ་རྒྱུས་ཡོད་ཅན་གྱི་མི་ཞིག་གིས་བཤད་པས་མ་ཟད། ཁོང་ནི་ནག་ཉེས་ཅན་ཞིག་ཡིན་པར་ནམ་ཡང་ཐེ་ཚོམས་མེད། གལ་ཏེ་ཁོང་ནག་ཉེས་ཅན་གྱི་མི་ཞིག་ཡིན་ན། དེ་ནི་བོད་ཀྱི་ལོ་རྒྱུས་ལ་ནག་ཉེས་ཀྱི་ཁྲག་ཐིགས་ཅིག་རྒྱབ་པ་མིན་ནམ། ཁོང་ནི་བཙན་བྱོལ་བོད་གཞུང་གི་ཁྲིམས་དཔོན་བྱས་མྱོངས་ཞིང་མ་ཟད་བཙན་བྱོལ་བོད་གཞུང་གི་སྤྱི་འཐུས་ཀྱང་ལོ་མང་རིང་གནང་མྱོང། མ་གཞི་ནས་སྐུ་ངོ་ཁོང་ནི་རང་ཉིད་ལ་ནོར་འཁྲུལ་ཏིལ་འབྲུ་ཙམ་ཅིག་མེད་ཅིང། གཞན་གྱི་ནོར་འཁྲུལ་དག་ལའང་ཐེར་འདོན་བྱེད་མི་ཞིག་ཡིན་པར་བརྟེན། རྡ་སའི་ནག་ཅན་གྱི་མི་ཚོས་ཁོང་ལ་དགའ་ཞེན་མི་བྱེད་པའི་རྒྱུ་མཚན་དེ་ལ་ཐུག་ཡོད་འདུག མ་ཟད་བོད་ཀྱི་དུས་བབ་རྩོམ་སྒྲིག་ཟུར་པ་གཙོས་པའི་ནག་ཉེས་ཅན་མང་པོས་ཁྲིམས་བཏུག་ཇི་ཙམ་བྱས་ཀྱང་མཐར་ཁོང་ནི་ཕ་རོལ་གཡུལ་ལས་རྣམ་པར་རྒྱལ་བའི་སེང་གེ་ཞིག་ཏུ་གྱུར་པར་གྲགས།
གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་ཐེངས་བཅུ་གཉིས་པ་ལེགས་འགྲུབ་བྱུང་བ་དགའ་སྤྲོ་ཆེ།
མཆན་འགོད་མཁན་རྣམ་པས་བོན་ཆོས་དང་ནང་ཆོས་བར་འགལ་བའི་བཀའ་མོལ་མི་གནང་བར་རྩམ་ཟན་ཚང་མ་རྡོག་རྩ་གཅིག་སྒྲིལ་དང་འབྱུང་འགྱུར་གྱི་དམིགས་ཡུལ་གཙུགས་སུ་འཛིན་གལ།
ཟླ་བཀྲས་ཕུན་ཁང་ལགས་
བོད་ཀྱི་ཁྲིམས་ཞིབ་པ་ཆེ་བ་ཟུར་བ་སྐུ་ངོ་བྱ་དུར་བསོད་ནམས་བཟང་པོས་
གོང་ས་མཆོག་གི་བཀའ་ལ་རྒྱབ་འགལ་བྱེད་མཁན། བོད་ཆོལ་གསུམ་གྱི་ཆིག་སྒྲིལ་རྨང་ནས་གཏོར་མཁན་ཞེས་པའི་
དོན་གང་ཞིག་ཡིན་ནམ་?????????????//
བོད་ཀྱི་ཁྲིམས་ཞིབ་པ་ཆེ་བ་ཟུར་བ་སྐུ་ངོ་བྱ་དུར་བསོད་ནམས་བཟང་པོས་རྒྱལ་བའི་བཀའ་དང་འགལ་བཞིན་དུ་ཁྲིམས་པ་ཆེ་བ་དང་བཙན་བྱོལ་བོད་གཞུང་གི་སྤྱི་འཐུས་འཚོགས་གཞོན་སོགས་ཀྱི་ཕྱག་ལས་གནང་བ་ཡིན་
དེ་དག་ཁྱེད་ཀྱིས་མ་མཐོང་རེད་?????????
གཞན་ཡང་ཁོང་རྒྱལ་བའི་བཀའ་དང་འགལ་ནས་ཁྲིམས་ལས་རྒྱལ་བ་ཡིན་??????????
བོན་པོ་ཡིན་ཡང་ནང་པ་ཡིན་ཡང་ཞེས་དོན་གང་ཡིན་?????????????
བསམ་བློ?????????????/
བོན་པོ་ནང་པ་ཡིན་མིན་ལ་རྩོད་པ་མ་བྱེད་རོགས། རྙོག་གླེང་འདི་རིགས་ཇི་ཙམ་བྱས་ཀྱང་བོད་ཀྱི་རྩ་དོན་ལ་གནད་པ་ལས་ཕན་མི་ཐོགས།
བཟོད་པ་ལྟ་བུའི་དཀའ་ཐུབ་མེད།།
ཞེ་སྡང་ལྟ་བུའི་སྡིག་པ་མེད།། ཅེས་གསུངས་པ་ལྟར་འདི་རིགས་རྙོག་གླེང་མ་བཟོས་པར། ཁོང་ཁྲོའི་མེ་ལྕེ་རང་སར་ཞི་བར་གྱོས། ཁོང་ཁྲོའི་མེ་ལྕེ་དེ་བཟོད་པའི་ཆུ་ཡིས་གསོད་ནུས་པ་ལས། མེ་ལྩེ་དེ་མེ་ལྕེ་གཞན་ཞིག་གིས་འབར་ཤུགས་ཆེར་གཏོང་བ་ལས་ག་ལ་གསོད་ནུས།།
ཟླ་བཀྲས་ཕུན་ཁང་ད་ཤོད་ད་གནས་ལུགས་དང་བདེན་པའི་གོ་ཆ་གྱོན་ནས་བདེན་པ་ལ་བདེན་པ་དང་ནོར་བ་ལ་ནོར་བ་ངོ་ཤེས་ཀི་འཇུག་ཡ།སྤྱིར་ཁྱེད་ཀྱིས་སྐད་ཆ་བཤད་ན་ཐལ་དྲག་འགྲོ་ཀི
ཁྱེད་ཚོ་ནོངས་ལ་ཕོག་ན་ལངས་ཡོང་བ་འདི་སྡུག་གྱོང་རང་རེད། ཆོལ་གསུམ་ཕུང་དཀྲུག་གི་གཏེ་བོ་འཇུ་ཆེན་རེད། དེ་ཡིན་ཙང འཇུ་ཆེན་གྱི་ཨབ་ཕྲུག་བྱས་ནས་བྱ་དུར་གྱིས་ག་རེ་བྱས་མིན་ཚང་མར་གསལ་བོ་རེད། ལྷག་པར་༧གོང་ས་མཆོག་དང་དགའ་ལྡན་ཕོ་བྲང་ལ་མ་འདོད་པས་ག་རེ་ག་རེ་བྱས་མིན་གསལ་བོ་རེད། ཨྱོན་སྟོབས་རྒྱས་དང་འདི་ཚོའི་ཕྱོགས་ཁག་གིས་ད་བར་བོད་ཀྱི་ལྷ་མི་ཚང་མར་ངོ་ནོངས་དགོས་པ་རྐྱང་རྐྱང་བྱས་པ་ཉི་ཤར་སྤར་མོས་འགེབ་ཐུབ་ཀི་མ་རེད། འདི་ཚོ་བོད་ཀྱི་ལོ་རྒྱུས་ནང་གི་ནག་ཉེས་ཅན་རྐྱང་རྐྱང་རེད། ད་དུང་བྱ་དུར་ཁྲིམས་དཔོན་ལ་ཅི་ལྟར་སླེབས་པ་རེད་དམ། ཤེས་ཀྱི་ཡོད་དམ། སླེབས་ནས་དྲང་པོ་མ་བྱས་པ་ག་ཚོད་འདུག་གམ། ཤེས་ཀྱི་ཡོད་དམ། ཁྲིམས་ཟུར་དུ་བཞག་ནས་སྤྱི་བའི་དམ་ཚིག་ལ་གནོད་གཞིའི་ལས་ག་ཚོད་བྱས་མི་འདུག་གམ། རེ་རེ་བགྲང་དགོས་ཀྱི་ཡོད་དམ། དངོས་གནས་སྨིན་རིའི་ཁྲི་འཛིན་རིན་པོ་ཆེ་བོད་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་སྤྱིའི་མཐུན་སྒྲིལ་ལ་ཐུགས་བསམ་བཞེས་མཁན། ཐུགས་བསམ་བཞེས་ཏེ་གྱོང་རང་གིས་ལེན་མཁན་ཞིག་ལ་འདི་འདྲའི་ཁྲམ་པ་ཕྱི་ནང་མི་མཚུངས་བ་ཞིག་ཡོད་པ་ནི་བློ་ཕམ་རང་རེད།
བོན་པོ་ནང་པ་ཡིན་མིན་ངས་མི་ཤེས་ཀྱང་། ན་རོ་བོན་ཆུང་ནི་ནང་པ་མ་ཡིན་ཏེ། ཆོས་ལོག་བྱེད་པའི་ཕྱིར། ས་དགེ་བཀའ་རྙིང་བུ་ཇོ་སོགས་བོད་ནང་གི་ནང་པ་ཡོངས་ཀྱིས་གཙུག་ཏུ་བཀུར་བའི་རྣལ་འབྱོར་གྱི་དབང་རྗེ་མི་ལས་འདི་འདྲ་ཞིག་གསུངས་ཡོད། ང་ལམ་ལོག་པ་ལ་ཞུགས་ནས་སྐོར་ལོག་ལ་མི་འགྲོ། ཆོས་ལོག་མི་བྱེད། ཞེས་གསུངས།
༡༤༽ ཟླ་བཀྲས་ཕུན་ཁང་ལགས། སྐུ་ངོ་འཇུ་ཆེན་ལགས་ཕེབས་རྗེས་སུ་བཟང་ངན་གང་ཡོད་ད་མ་གསུང་རོགས། བྱ་དར་ལ་བཤད་རྒྱུ་ཡོད་ན་ཁྱེད་རང་ཁོའི་གདོང་ཐུག་ནས་ཞུས་ན་ཡག་པོ་རེད་ལ་ཕོ་རབ་ཡང་རེད།
བོན་པོ་ཚོའི་འདུ་ཚོགས་ཞིག་བསྡུ་ཐུབ་པ་དེ་ཡག་པོ་རེད། ཚོགས་འདིའི་ཐོག་མཁར་རྨེའུ་བསམ་གཏན་ལགས་ཕེབས་ཡོད་དམ།
ཨ་ལ་དགའ་ལྡན་ཕོ་བྲང་ལའང་མ་འདོད་པ་བཤད་ན་བོད་ཀྱི་འདྲེ་ཡིན་ནི་ཨེ་རེད དེས་ན་ད་༧གོང་ས་མཆོག་གིས་བོད་གཞུང་དགའ་ལྡན་ཕོ་བྲང་མེད་པར་བྱས་པ་དེའང་ཁྱེད་ཀྱི་ཐུགས་ལ་བདེ་མེད་ཁོ་ཐག་རེད། ད་ལྟ་བོད་པ་ཚང་མང་གཙོའི་ལམ་ཁ་ལ་སོང་བ་ཡིན་དུས་ད་རུང་སྔར་བཞིན་ཁྲིམས་དབང་ཡོད་ཚོད་དགའ་ལྡན་ཕོ་བྲང་གི་ལག་ལ་བཞག་ན་འགྲིག་ནི་མ་རེད།དེའི་རྐྱེན་པས་༧གོང་ས་མཆོག་གིས་ཀྱང་ཕོ་བྲང་དེ་མེད་པར་བྱས་པ་རེད།དེ་ནི་གཟི་བརྗིད་དང་ཡར་ཐོན་རེད།
གཙན་ནག་པ་ལགས་དེ་ལ་ཡིད་ཆེས་རྒྱུ་དཀའ་མོ་རེད།ན་རོ་བོན་ཆུང་ཟེར་བ་དེ་རྗེ་མི་ལས་རྣམ་ཐར་རེ་འགའ་ལ་ཡོད་ཀྱང་རེ་འགའ་ལ་མི་འདུག གང་དེར་དེ་ཙམ་ལ་གནས་ལུགས་ཀྱི་ཕུགས་མི་བཅོལ་བར་གཡུང་དྲུང་བོན་གྱི་བསྟན་པའི་གསལ་བྱེད་ཚེ་ལོ་བརྒྱ་བའི་སྟོན་པ་སངས་རྒྱས་གཤེན་རབ་མི་བོའི་མཛད་པ་འཕྲིན་ལས་དང་དེས་གསུངས་བའི་རྒྱལ་བའི་བཀའ་དང་དེ་ལ་རྟེན་པའི་ཚད་ཐུབ་ཀྱི་མཁས་པའི་བཀའ་རྟེན་དག་ལ་གཟིགས་ཞིབ་ལེགས་པོ་བྱས་ན་ད་གཟོད་བོན་པོ་ནང་བ་ཡིན་མིན་དང་བོན་ཆོས་བྱས་ན་ཐར་བ་ཆེན་པོ་ཐོབ་མིན་གྱི་སྐོར་མཁྱེན་རྒྱུ་རེད།དེ་མིན་ངག་སྒྲོས་ཙམ་ལ་མགོ་སྒུར་ནས་བཞུགས་ན་བོན་ཆོས་གཉིས་ཀྱི་ཕྱོགས་ལ་སྒྲུང་རིང་ཐུང་མང་པོ་ཡོད་རྒྱུ་རེད།
མགོན་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ།།
ལྷ་ཀླུ་གཉན་གསུམ་དབང་འདུལ་མཛད་ནས།།
ཐེག་པ་སྣ་ཚོགས་བོད་ལ་འདྲེན་པའི།།
སྟོན་པ་གཤེན་རབ་བཀའ་དྲིན་ཆེའོ།།
ཟླ་བཀྲས་ལས་ངན་ཁ་བཙུམ་།སྐུ་ངོ་འཇུ་ཆེན་ལག་པ་དེ་གོང་ས་མཆོག་གི་ཕྱག་གི་དམ་པོ་འཇུས་ནས་མི་འདི་ངས་ལག་པ་གཡས་པ་ཡིན་ད་ཅེས་གཞུང་སྒེར་སྐྱ་སེར་མང་པོའི་འདུན་སར་ལན་གྲངས་དུ་མ་གསུང་ཡོད་པ་ཁྱོད་རོ་རྣ་འཐེན་འཁྱེར་གྱི་བཀབ་ནས་མ་ཐོས་པར་ཧ་གོ་བ་གྱིས་།ལྷག་པར་སྐུ་གཤེགས་སྐབས་གོང་ས་མཆོག་གི་སྐུ་ཚབ་དང་བཀའ་བློན་རྣམས་པ་སྤྱི་འཐུས་རྣམས་པ་གཞོན་ནུ་དང་བུད་མེད་གཙོས་པའི་ཚོགས་པ་ཁག་རྒྱལ་དབང་ཀ་མ་པ་གཙོས་པའི་བླ་ཆེན་ཁག་འཛོམས་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་གཡོག་ནས་མྱ་ངན་གུས་འདུད་བྱས་པ་ཟླ་བཀྲས་ཁྱོད་རོ་མིག་ཕྲག་དོག་གི་སྒྲིབ་ནས་ཞ་ར་ཆགས་པ་རེད་།སྐུ་ངོ་བྱ་དུར་བཟང་པོ་ཡང་གོང་ས་མཆོག་གི་གསུང་བཞིན་བདེན་པ་དྲང་པོ་དངོས་ཐོག་བདེན་འཚོལ་གནང་མཁན་ཡིན་ཙམ་གཞུང་འབྲེལ་མི་སྣ་ཁག་དང་གོང་ས་མཆོག་འབྲེལ་འདྲིས་དམ་གཙང་ཡོད་བཞིན་པ་རེད་།
བོན་པོ་ཚང་ལ་བཀྲ་ཤིས་བདེ་ལེགས་ཞུ། མེས་པོའི་ཆོས་དང་རིག་གཞུང་བདག་པོ་གནང་གལ་ཆེ། དེང་དུས་བོད་རང་གི་ཆོས་དང་རིག་གཞུང་ངོ་མ་དེ་ཁྱེད་ཚོའི་ལག་ཏུ་ཡོད། དེ་ལ་འཚོ་སྐྱོང་དང་བསྐྱེད་བསྲིང་བྱེད་གལ་ཧ་ཅང་གི་དོན་ཆེན་རེད། ནང་པ་ཡིན་མིན་རྩོད་གྱིན་མ་འདུག ང་ཚོ་རྩོད་མི་དགོས་པར་ཤར་མཐའ་ཅེ་གསལ་རེད། ཕན་ཚུན་ནུས་པ་སྤུང་དང་དགའ་དད་དང་ཡི་རང་ཡོད། ཨེ་གོ་ཀི མྱི་ཞིག་ཡིན་ན་༌༌༌༌༌༌༌༌༌༌
ཁ་བ་དཀར་པོ་ལགས། མཁས་པ་ཚད་ཐུབ་ཡིན་ན་གཡུང་གྲུང་བོན་གྱི་མཁས་པ་ཡིན་མི་དགོས་ལགས། བཀའ་བསྟན་གྱི་གཞུང་ལུགས་དག་ལ་གསལ་བར་གསུངས་པ་རྣམས་ལ་ངག་སྒྲོས་ཙམ་ལས་ཆ་འཛིན་ས་མེད་ན་ཁྱོད་ལའང་ཆ་འཛིན་བྱ་རྒྱུའི་གཞུང་ལུགས་གང་ཡང་མེད་པར་གྱུར་རོ། བོན་གྱི་བཀའ་བསྟན་དག་ངག་སྒྲོས་མིན་ལ་དེ་མིན་གྱི་བཀའ་བསྟན་དག་ངག་སྒྲོས་སྨྲ་བ་ནི་བླུན་པོ་རང་ལྟ་མཆོག་འཛིན་གྱི་སླད་པ་ཁོ་ན་ལས་རྒྱུ་མཚན་ཡང་དག་ཞིག་མི་སེམས་སོ། རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པ་དང་ན་རོ་བོན་ཆུང་རྫུ་འཕྲུལ་འགྲན་པ་མི་ལའི་རྣམ་མཐར་དུ་གསལ་བ་ཇི་བཞིན་བརྫུ་འཕྲུལ་ཕུག་དང་རྡོ་སྟེང་གི་ཞབས་རྗེས་སོགས་དུས་ད་ལྟ་ཡང་མངོན་སུམ་དུ་མཇལ་རྒྱུ་ཡོད་པས་དེ་དག་ལ་ལུང་རིག་གིས་སྒྲུབ་བྱེད་དགོས་པ་མེད་དོ།
གཡུང་དྲུང་བོན་ཞེས་བཅོས་རོགས།
མཆན༡༤། ཟླ་བཀྲས་ཕུང་རྒན་ལགས། རོ་ཐོག་རྟ་རྒྱུག་ཅེས་པ་དེ་ཡག་པོ་མཐོང་སོང་བ། ཁྱོད་རང་ལ་གནས་ཚུལ་སྡུག་པོ་དེ་འདྲ་མ་ཡོང་བའི་སྨོན་ལམ་ཡོད། ཡིན་ན་ཡང་ཁྱོད་རང་གི་ནང་མི་སྤུན་འཆེད་ཕ་མ་དེ་ཚོ་ཡང་རྟག་པ་དང་བརྟན་པ་ཞིག་ཡིན་རྒྱུ་མ་རེད། སྐབས་དེ་དུས་ཁྱོད་རང་ལ་དམྱལ་བ་གནར་མེད་དུ་ཡོད་པའི་ཁྱོད་རང་གི་སྤུན་འཆེད་སོགས་ཟེར་ནས་མིང་ནས་སྨྲོས་སྟེ་དྲྭ་ཚུགས་སུ་སྡུག་རིགས་སྣ་དགུའི་སྐད་ཆ་སྤེལ་ན། ཁྱེད་ཀྱི་སེམས་ལ་ག་རེ་འཁོར་ས་རེད། ཁྱོད་རང་སྐྱེས་པ་ཕོ་ཞིག་ཡིན་ན་བུ་དང་བུ་ཐོད་པ་གཏུག་ནས་སྐད་ཆ་བཤད་ན་ཡག་པོ་འདུག། ཁྱེད་རང་ཡང་སྐྱོན་གྱི་མ་གོས་སྐུ་མདོག་དཀར་བ་ཞིག་ཡིན་རྒྱུ་མ་རེད་ད། བྱ་དུར་བསོད་བཟང་ཟེར་བ་དེ་ལ་མ་དགའ་བ་དེ་འདྲ་ཞིག་ཡོད་ན་ཐོད་པ་དང་ཐོད་པ་གཏུག་ནས་བཤད་ནུས་ན་སྐྱེས་པ་ཕོ་རེད། དེ་མིན་སྐྱེས་དམན་སྡུག་པོ་དེ་ཚོའི་སྐད་ཆ་འདྲ་ཞིག་འོག་ནས་འཆལ་གཏམ་སྤེལ་ན་དེས་མིང་ལ་མི་ཐབས་ཆག་ཟེར། སྤྱི་དོན་ཁར་ཁུར་ནས་སྒེར་དོན་གླེང་བ་དེས་གསར་སྐྱེས་ཚོ་འགོ་འཁོར་སྲིད་གི་མ་རེད། གྲོངས་བའི་བཀའ་ཟུར་དེ་མི་ཡག་མིན་ཧ་མི་གོ། ཡིན་ན་ཡང་རོ་ཐོག་རྟ་རྒྱུག་དེ་བློར་འབབ་མ་སོང། ཁྱེད་རང་ཁོང་ཁྲོ་ལངས་ཡང་ཐབས་ཤེས་མེད། དེ་ལས་ཆག་སྒོ་མ་ཡོང་གོང་ཁ་ཙུམ་ནས་བསྡད་ན་དགའ་གི་མིན་འགྲོ།
གཙན་ནག་པ་ལགས་ངས་ཚད་ཐུབ་ཀྱི་ཡིག་ཆ་ཡིན་ན་བོན་གྱི་ཡིག་ཆ་ཡིན་དགོས་ཞེས་བཤད་མེད་ཡ་ཁྱེད་ལ་གོ་བ་མ་ལོག། རྗེ་མི་ལ་དང་རྫུ་འཕྲུལ་འགྲན་པའི་ན་རོ་བོན་ཆུང་གལ་ཏེ་ཡོད་ན་དེ་བོན་པོ་ཡིན་པའི་རྒྱུ་མཚན་གང་ཡོད།