སྟོང་ཁམས་ཆེན་པོ་འདི་སྟོང་སངས་ངེར་བྱེད་དུས།
ཁྱེད་རང་ཁེར་རྐྱང་གི་སྡུག་གིས་ག་ཚོད་ཅིག་གཟིར་ཡོད་པ་ངས་ཚོད་ཐུག་གི་འདུག
དེ་ནི་ཁྱེད་རང་གི་ཆེད་ལས་དེ་སྒྱུ་རྩལ་བ་ཞིག་ཏུ་གྱུར་དགོས་པའི་རྐྱེན་ཡང་ལོས་ཀྱང་ཡིན།
ཁྱེད་ཀྱི་སྒྱུ་རྩལ་གྱི་ཆ་ཤས་རེར་གྱུར་པའི་སྐྱེ་འགྲོ་ཐམས་ཅད།
ཁྱེད་ཀྱི་སྒྱུ་རྩལ་གྱིས་ཡོངས་སུ་གདུང་བར་བྱས་པའི་དུས་ནས་བཟུང་།
སྒྱུ་རྩལ་པ་ཁྱེད་རང་། རང་གི་སྒྱུ་རྩལ་དག་གི་སྐྱབས་དང་སྐྱོབས་པ་བླ་མེད་དུ་གྱུར།
ཕར་ལ་གསོལ་འདེབས་བྱས་པས་སེམས་ཀྱི་སྡུག་བསྔལ་སེལ་གི་སྒྱུ་རྩལ་ཡ་མཚན།།
དཀར་ནག་ལས་ཀྱི་འབྲས་བུ་བདེ་སྡུག་སོ་སོར་སྨིན་གི་སྒྱུ་རྩལ་འགངས་ཆེན།།
God སྒྱུ་རྩལ་བ་ཞིག་རེད།
ང་God ཡི་སྒྱུ་རྩལ་བརྩམས་ཆོས་ཤིག་རེད།
ཁྱེད་ཀྱིས་ངའི་རང་གཤིས་ལྟ་སྤྱོད་མོས་པ་སོགས་ལ་སྐྱོན་ཞིབ་བྱེད་སྐབས།
དེ་ནི་God ཡི་སྒྱུ་རྩལ་ཞིག་ལ་དཔྱད་ཞིབ་བྱེད་ཀྱིན་པ་ཤེས་པར་གྱིས།
མ་རེད་ཟེར་ཡག་མི་འདུག
སྒྱུ་རྩལ་གྱི་སྒྱུ་རྩལ་མིན་ན་གོ་ལ་ཡོད་ཅོག་རིལ་རིལ་ཡིན་དོན་མེད།
སྒྱུ་རྩལ་གྱི་སྒྱུ་རྩལ་མིན་ན་གོ་ལས་ཉི་མར་བསྐོར་ཐེངས་བརྒྱ་ཡིས་རྐང་གཉིས་རྣམས་སྡོད་དབང་མེད་དོན་ཅི།
སྒྱུ་རྩལ་གྱི་སྒྱུ་རྩལ་མིན་ན་ཁ་གཅིག་དང་མིག་གཉིས་ལས་ལྷག་ག་རེ་བྱས་ནས་མེད་པ་རེད།
གལ་སྲིད་སྒྱུ་རྩལ་གྱི་སྒྱུ་རྩལ་མིན་པར་ཆ་བཞག་ན་ཚད་གཞི་གཅིག་ཁོ་ནར་སྡོད་གི་མ་རེད།
ཡིན་ན་ཡང་རི་དྭགས་གིས་རྩྭ་དང་གཅན་གཟན་གྱིས་ཤ་ཟ་བ་དེ་སྒྱུ་རྩལ་རེད་ཟེར་ན་འགྲིག་གི་མ་རེད།
ཁྱེད་ནི་སྣ་འཛིང་སྣེ་འཛིང་གི་འཇིག་རྟེན་འདི་ལ་གོ་བ་ལེན་བྱེད་ཀྱི་མིའི་རྣམ་རྟོག་གིས་བཞེངས་པའི་བསམ་བློ་ཞིག མིས་རང་ཉིད་ལ་སེམས་གསོ་གཏོང་བྱེད་ཀྱི། དེང་རབས་ཀྱང་རྒྱུགས་ཆེ་བའི་གནའ་སྒྲུང་ཞིག མིས་རང་གི་མ་ཤེས་པའམ་རྨོངས་བ་དེ་སྐུང་བྱེད་ཀྱི་སྙན་ངག་རྙིང་བ་ཞིག མདོར་ན་སྒྱུ་རྩལ་མཁན་དངོས་གནས་དེ་ནི་མི་ཡིན། དེའི་ཡན་ལ་སྒྱུ་རྩལ་མཁན་ཞིག་ཡོད་ན་རང་བྱུང་ངོ་། རྟེན་འབྲེལ་ལོ།