༧རྒྱལ་མཆོག་ཡབ་སྲས་གཉིས་སྐུ་གཞོན་དུས་ཀྱི་སྐུ་པར་ཁག་ཅིག
༧རྒྱལ་མཆོག་ཡབ་སྲས་གཉིས་སྐུ་གཞོན་དུས་ཀྱི་སྐུ་པར་ཁག་ཅིག
༧རྒྱལ་མཆོག་ཡབ་སྲས་གཉིས་སྐུ་གཞོན་དུས་ཀྱི་སྐུ་པར་ཁག་ཅིག
༧རྒྱལ་མཆོག་ཡབ་སྲས་གཉིས་སྐུ་གཞོན་དུས་ཀྱི་སྐུ་པར་ཁག་ཅིག
༧རྒྱལ་མཆོག་ཡབ་སྲས་གཉིས་སྐུ་གཞོན་དུས་ཀྱི་སྐུ་པར་ཁག་ཅིག
༧རྒྱལ་མཆོག་ཡབ་སྲས་གཉིས་སྐུ་གཞོན་དུས་ཀྱི་སྐུ་པར་ཁག་ཅིག
༧རྒྱལ་མཆོག་ཡབ་སྲས་གཉིས་སྐུ་གཞོན་དུས་ཀྱི་སྐུ་པར་ཁག་ཅིག
༧རྒྱལ་མཆོག་ཡབ་སྲས་གཉིས་སྐུ་གཞོན་དུས་ཀྱི་སྐུ་པར་ཁག་ཅིག
ང་ཡི་བླ་མ་བློ་བཟང་ཆོས་རྒྱན་རྗེ།། མོས་གུས་སྙིང་ནས་ཡིད་ཀྱིས་གསོལ་བ་འདེབས།། མགོན་ཁྱོད་གང་དུ་བཞུགས་པའི་ཞིང་ཁམས་འདིར།། བདག་སོགས་མྱུར་དུ་འོང་བར་བྱིན་གྱིས་རློབས།།
ཕ་ཁྱོད་ཀྱི་སྐུ་དང་བདག་གི་ལུས།། ཕ་ཁྱོད་ཀྱི་ཐུགས་དང་བདག་གི་ཡིད།།
ཕ་ཁྱོད་ཀྱི་གསུང་དང་བདག་གི་ངག དོན་དབྱེར་མེད་གཅིག་ཏུ་བྱིན་གྱིས་རློབས།།
བདེ་ལྡན་ཞིང་གི་མགོན་པོ་འོད་དཔག་མེད། །
སྲས་ཀྱི་མ྄ཐུ་བོ་འཕགས་མཆོག་སྤྱན་རས་གཟིགས། །
དྲིན་ཆེན་རྩ་བའི་བླ་མའི་སྐུར་བཞེངས་པ། །
རྒྱལ་མཆོག་ཡབ་སྲས་གཉིས་ལ་གསོལ་བ་འདེབས། །
གནམ་ལ་ཉི་མ་ཟླ་བའི་གཟི་སྦྱིན་འབར། །
ས་ལ་རྒྱལ་མཆོག་ཡབ་སྲས་ལྷན་དུ་འཛོམས།
པུར་རྒྱལ་ས་བླའི་དག་པའི་ཞིང་ཁམས་འདིར། །
བཀྲ་ཤིས་རྫོགས་ལྡན་བདེ་དགས་ཁྱབ་པར་ངེས།
རྒྱ་ནག་ཏུ། ༡༩༥༤ ལོར་རྒྱལ་མཆོག་རྣམ་གཉིས་རྒྱ་གར་གྱི་སྲིད་བློན་དམ་པ་ཇོ་ཧར་ལལ་ནེཧ་རུ་དང་ལྷན་རྒྱས་ཞལ་འཛོམས་བྱུང་བ་ངེས་སོ།།
གོང་གི་རྒྱལ་མཆོག་ཡབ་སྲས་ལྷན་དུ་ནེ་རུ་དང་།ཀྲའོ་ཡོད་པ་དེ་ཕྱི་ལོ་༡༩༥༦ལོར་རྒྱ་གར་ཕེབས་དུས་ལྷན་དུ་བསྒྲོན་པའི་སྐུ་དཔར་ཡིན་པ་ཡོད།
རྒྱ་ཕོ་མགོ་དཀར་དེ་ཡང་སྐབས་དེར་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་སྟངས་དང། བོད་ཀྱི་ཆབ་སྲིད་ལོ་རྒྱུས ལྷག་པར་དུ་སེམས་ཅན་རྒྱ(དཀར་ནག)་གཉིས་བར་གྱི་རྟ་(བོད་)དང་འབྲེལ་བའི་གནས་དོན་དང་མ་འོངས་ཁེ་གྱོང་གི་འཕེལ་ཕྱོགས་སྐོར་སོགས་ཀྱི་ལྟ་རྒྱའང་ཤིན་ཏུ་སྐྱོ་བས་ཁོ་པའང་གཞན་ལྟར་ལས་སླ་པོས་མའོ་དང་ཀྲའུ་ཡི་མགོ་སྐོར་བླུ་འཁྲིད་འོག་ཚུད་པ་རེད་ལ། ༡༩༥༩ ལོར་རྒྱལ་བ་རིན་པོ་ཆེ་རྒྱ་གར་དུ་བྲོས་བྱོལ་དུ་ཕེབས་སྐབས་ཁོ་པ་ངོ་ཚ་སྐྱེངས་ཀྱིས་དགའ་བསུ་མ་ཞུ་རང་ཞུས་ཆགས་པ་རེད། ཇོ་རུ་ནེ་རུ་དེ་དག་གིས་བཟོས་པའི་ནད་འབུ་དེ་དག་ད་ལྟ་སྨིན་བཞིན་ཡོད་ལ། ད་ནི་རྒྱ་ཕོ་མགོ་ནག་དེ་ཚོས་སྔོན་གྱི་དུས་ལྟར་ལག་ཏུ་བོད་པའི་ཁ་བཏགས་བཟུང་ནས་བགད་མོ་ཚེར་ཚེར་གྱིས་དེ་རྒྱ་གར་གྱི་སྐེ་ལ་སྒྲོན་པ་མ་ཡིན་པར། དེ་ལས་ལྡོག་ཏེ་རྒྱ་དཀར་པོ་ཅན་རྣམས་ཁ་ནས་རིན་འཛིན་ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་དབྱངས་སྙན་བླངས་ནས་རྒྱ་ནག་གོང་མ་མཇལ་བར་འགྲོ་རྒྱུ་དེ་ཆགས་པ། འདི་དག་ཚང་མ་ནི་བདག་པོ་སྒོ་ཕྱིར་ཕུད་བཏང་ནས་སྒོ་ཁྱི་བདག་པོར་འགྱུར་པ་དང། རྐུན་མ་ལ་ཇག་པ། གཏམ་ཕ་བཤད་དེ་བུས་བཤད་ཅེས་པའི་རྒྱུ་འབྲས་མེད་པའི་འཇིག་རྟེན་ལས་ཀྱི་དཔེ་མཚོན་ལེགས་ཤོས་ཞིག་མ་རེད་དམ།
ཀླུ་ གླུ་ བླུ་ སླུ་ འདི་དག་གི་སྒྲ་གདངས་མི་འདྲ་བར་འདོན། དོན་དག་ལ་དཔྱད་པར་བྱའོ།།
རྒྱལ་མཆོག་ཡབ་སྲས་ཟེར་ན་འཚམ་པོ་མིན་འདུག ཁོང་རྣམ་པ་གཉིས་ཀྱི་དབར་ལ་ལོ་ཁྱད་ཡང་ཆུང་ཞིང་། བསླབ་པའི་ཐད་ནས་མཐོན་དམན་ཆེན་པོ་མེད་སྟབས། ཡབ་སྲས་ཟེར་ན་ཅུང་མི་བདེ་བ་འདུག རྒྱལ་བ་པཎ་ཆེན་ཟེར་ན་ཇི་འདྲ་རེད།
ཡབ་སྲས་ཟེར་བ་འདི་བླ་མ་གཉིས་ཀྱི་དབར་ལ་ཆོས་འབྲེལ་ཟབ་ཅིང་། དེ་ཡང་རྒན་པ་གཅིག་གིས་གཞོན་པ་གཅིག་ལ་ལོ་མང་པོ་སློབ་མར་སྐྱང་བར་བརྗོད་བཞིན་འདུག་མོད། དཔེར་ན། རྒྱུན་དུ་རྒྱལ་བ་ཡབ་སྲས་གསུམ་ཟེར་ན། ཡབ་དེ་རྗེ་ཙོང་ཁ་པར་གོ་ཞིང་། སྲས་དེ་སློབ་མ་གཙོ་བོ་གཉིས་ཏེ། རྒྱལ་ཚབ་རྗེ་དང་མཁས་གྲུབ་རྗེ་ལ་གོ་བཞིན་འདུག
རྒྱལ་བ་རིན་པོ་ཆེ་སྐུ་འཕྲེང་འདི་པ་དང་པཎ་ཆེན་སྐུ་འཕྲེང་གོ་མ་གཉིས་ཀྱི་དབར་ལ་ཆོས་འབྲེལ་ཡོད་ཟོ་མིན་འདུག དེར་བརྟེན། ཡབ་སྲས་ལ་གོ་དཀའ་བ་འདུག
ཡག་པོ་འདུག རྒྱལ་མཆོག་རྣམ་གཉིས་ཞེ་ན་གང་འདྲ་འདུག་གམ།
སྐུ་བརྙན་གཉིས་པ་ན། ཅོམ་ལྡན་འདས་ཀྱི་སྐུ་གདུང་རིན་པོ་ཆེ་མཆོད་རྟེན་ཞིག་གི་ནངས་ནས་འཐོན་པ་དེ། ཨིན་ཡུལ་ལ་གདན་འདྲེན་ཞུས་ཏེ། འགྲེམ་སྟོན་ཁང་ཞིག་ཏུ་ཡོད་པ་སླར་རྒྱ་གར་ལ་བྱོན་ནས། ཝཱ་རཱ་ཎ་སཱིའི་ཆོས་འཁོར་གནས་ཀྱི་གཙུག་ལག་ཁང་དུ་བཞུགས། དུས་སྐབས་འགའ་རེར་ཡུལ་གཞན་དུ་བྱིན་རླབས་ཕྱིར་གདན་འདྲེན་ཞུ། དེ་བཞིན་༡༩༥༠ ཡིན་ནམ་སྙམ། གྲོ་མོ་དུང་དཀར་དགོན་དུ་རྒྱལ་བ་རིན་པོ་ཆེ། སྐྱབས་མགོན་ཆེན་པོས་སྐུ་གདུང་རིན་པོ་ཕྱག་ཏུ་བཞེས་ཏེ། བོད་ལྗོངས་སོགས་ཛམ་གླིང་ལ་ཞི་བདེའི་ཕྱིར་དུ་ཐུགས་སྨོན་མཛད་བཞིན་པ་དང་། སྐུའི་གཡས་ཕྱོགས་ན་སིང་གཧ་ལའི་དགེ་སློང་གནས་བརྟན་དགེ་འདུན་བསྲུངས་བཞུགས། གནས་བརྟན་དེ་བདག་གིས་ལན་མང་མཇལ་ནས་བཀའ་མོན་ཞུ་མྱོངས།
ལོ་དེའི་རྗེས་སུ་སྤྱི་ལོ་༡༩༥༡ལོར་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་གདུང་དང་། མཆོག་ཟུང་ཤཱ་རཱིའི་བུ་དང་། མོའུ་གལ་གྱི་བུ་ཡི་སྐུ་གདུང་རིན་པོ་ཆེ་རྣམས་ལ་དྭགས་ཡུལ་དུ་གདན་འདྲེན་ཞུས་པའི་བྱིན་རླབས་ཀྱིས་ཆར་ཆུ་དུས་སུ་འབེབས་ཤིང་ལོ་ཏོག་ཕུན་སུམ་ཚོགས་པ་བྱུང་ཞེས་སྐྱབས་རྗེ་གནས་བརྟན་བ་ཀུ་ལ་རིན་པོ་ཆེའི་ཞབས་ཀྱིས་རང་གི་མཛད་རྣམ་དུ་བྲིས་པ་བཀླགས་སོ།།
སྐུ་སྤར་བཞི་པ་ན། རྒྱལ་རིན་པོ་ཆེ་དང་། པཎ་ཆེན་རིན་པོ་ཆེའི་དབུས་གཙོས་པས་རྒྱ་གར་སྲིད་བློན་ལ་ཐུགས་གཅེས་པས་གཟིགས་བཞིན་པ་དང་། དེའི་ནང་གི་བུད་མེད་དེ་ཤིང་ཅང་ངམ་སོག་མོ་འདྲ་བ་ཞིག་ཏུ་སྣང་ངོ་།།
ཡབ་སྲས་གཉིས་དེ་སུ་ཡིན་
བསྔར་མཇལ་མ་མྱོང་པའི་སྐུ་དཔར་གསར་པ་གཅིག་ཀྱང་མིན་འདུག་།
ཚང་མར་བཀྲིས་བདེ་ལེགས་ཞུ།མུ་མཐུད་ནས་བྲིས་དང་།
དྲ་གྲོགས་རྒད་པོ་སོགས་ལ།
༡༽རྒྱལ་མཆོག་ཡབ་སྲས་ཞེས་པའི་མཚན་བྱང་དེ་ད་ལྟ་གློ་བུར་བསམ་བཏང་དྲན་སྐྱེན་གྱི་སྐུ་ཕྲེང་འདི་གཉིས་ལ་གསར་དུ་བཟོས་པ་ཞིག་མིན་པར་དེ་ནི་ལོ་རྒྱུས་ཡུན་རིང་གི་དོན་སྙིང་ལྡན་པའི་མཚན་ཞིག་རེད།དེ་ཡང་༧གོང་ས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དང་།༧ཀུན་གཟིགས་༧པཎ་ཆེན་རིན་པོ་འོད་དཔག་མེད་ཀྱི་རྣམ་སྤྲུལ་བཞེད་ཅིང་།ཁོང་གཉིས་ཀྱི་བླ་སློབ་བམ་ཡབ་སྲས་ཀྱི་མཚན་དོན་གྱི་ཐོག་མའི་བྱུང་རིམ་ནི་བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོས་བརྩམས་པ་གྲགས་པའི་༼བཀའ་ཆེམས་བཀའའ་འཁོལ་མ༽དང་མཎི་བཀའ་འབུམ་ནང་གསལ་པོ་དང་ཞིབ་རྒྱས་གསུངས་ཡོད།དེ་གཉིས་ཀྱི་ནང་བདེ་བ་ཅན་གྱི་ཞིང་ཁམས་སུ་༧འཕགས་པ་སྤྱས་རས་གཟིགས་དང་༧མགོན་པོ་འོད་དཔག་མེད་གཉིས་བླ་སློབ་ཀྱི་འབྲེལ་ཇི་ལྟར་ཡོད་ཚུལ་དང་།བོད་ཁ་བ་ཅན་གྱི་ཞིང་ཁམས་དེ་སྤྱས་རས་གཟིགས་ཀྱི་གདུལ་ཡིན་ཚུལ།སྤྱན་རས་གཟིགས་ཀྱིས་བོད་ཁ་བ་ཅན་གྱི་དོན་དུ་རྒྱལ་བ་འོད་དཔག་མེད་ཀྱི་དྲུང་ཐུགས་སྐྱེས་ཚུལ་སོགས་ཞིབ་པར་གསལ་ཡོད།
དེ་རྗེས་རྒྱ་གར་བྱང་ཆུབ་སེམས་པ་འཕགས་པ་སྤྱན་རས་གཟིགས་དང་།འོད་དཔག་མེད་རབ་འབྱོར་གཉིས་ལྷན་དུ་བྱོན་ཚུལ།དེ་ནས་བོད་དུ་འོད་དཔག་མེད་དང་སྤྱན་རས་རྣམ་གཉིས་ཀྱི་སྔར་གྱི་བདེ་བ་ཅན་གྱི་དམ་བཅའ་བཞིན་རྒྱལ་དབང་པཎ་ཆེན་གྱི་རྣམ་པར་བྱོན་ཚུལ་བོད་ཀྱི་རྒྱལ་རབས་དང་ཆོས་བྱུང་མང་ཆེ་བའི་ནང་ཡོངས་བསྒྲགས་གསུངས་ཡོད།
༢༽སྲོང་བཙན་སྒམ་པོའི་སྐུ་མང་ཆེ་བར་དབུའི་སྟེང་དུ་རྒྱལ་བ་འོད་དཔག་མེད་ཀྱི་སྐུ་ཆུང་ཆུང་ཞིག་བཞེངས་སྲོལ་ཡོད་པ་དེའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་མཁྱེན་པ་ཡིན་ན་ད་གཟོད་རྒྱལ་བ་ཡབ་སྲས་ཞེས་པའི་དོན་སྙིང་མཁྱེན་ངེས་རེད།
༣༽༧གོང་ས་མཆོག་ལ་ང་ཚོས་མེ་ཏོག་གང་ལ་ཕོག་པའི་ལྷ་བསྐལ་ཞེས་མཚན་བྱང་དེ་ཐོག་མར་ཇི་ལྟར་བྱུང་ཚུལ་གྱི་རྒྱབ་ལྗོངས་མཁྱེན་ན་ད་གཟོད་རྒྱལ་བ་ཡབ་རྒྱས་ཀྱི་དོན་སྙིང་སྟོགས་ངེས་རེད།
༤༽འོ་ན་༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་འོད་དཔག་མེད་རྣམ་སྤྲུལ་ཡིན་པ་ཐེ་ཚོམ་ཡོད་ན་རྒྱལ་མཆོག་ཡབ་སྲས་གཉིས་ཀའི་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་རྣམས་བཀླག་ན་མཁྱེན་ངེས་རེད་ལ་ཡིག་ཆ་མང་ཆེ་བའི་ནང་རྩོད་མེད་ཡོངས་གྲགས་རེད།
༥༽ལར་ས་ང་ཚོ་བོད་པའི་སེར་སྐྱ་གཉིས་ཀར་ཤེས་ཡོན་ཡོད་པ་དང་མེད་པའི་ཁྲོད་དུ་ཞན་ཆ་གཙོ་བོ་ནི་ཆོས་བྱས་ཀྱང་ཆོས་ཀྱི་བྱུང་བའི་ཇི་ལྟར་བརྗོད་པའི་ཆོས་བྱུང་ལ་དོ་སྣང་མེད་པ་དང་།སྐྱ་བ་ཞིག་ཆབ་སྲིད་ལས་ཀ་བྱས་ཚེ་ལོ་རྒྱུས་ལ་དོ་སྣང་མེད་པ་དེ་རེད།རྒྱལ་རབས་ལོ་རྒྱུས་དང་ཆོས་བྱུང་ལ་དོ་སྣང་ཆེ་ཙམ་བྱས་ན་གོང་དུ་དྲ་གྲོགས་རྒད་པོའི་མཆན་པོ་༧དེའི་ནང་གི་གླེན་རྟགས་དེ་འདྲ་ཡོང་མི་སྲིད།།
ལ་དྭགས་འཇམ་དཔལ་ལགས། དབུས་གཙོས་པས་ཞེས་བྱེད་སྒྲ་གསུམ་མཉམ་དུ་སྦྱོར་བའི་དགོས་པ་རྒྱུ་མཚན་ཅི་ལགས།
རེད་དེ་དུས་རྒྱ་དཀར་ནག་གཉིས་ཀས་རྒྱུས་ལོན་བྱས་ཏེ་བོད་རྒྱ་དཀར་ནག་གཉིས་ཀྱི་རྩེ་ཆས་བཟོ་རྒྱུ་ལས་སླ་བོ་ཡོང་བ་དེ་དུས་ཧ་གོ་བ་རེད།
དབུས་གཙོས་པས། འདི་ལ་འགྲེལ་ཐབས། དབུས་གཙང་གཙོ་བོར་གྱུར་པས་མི་མངས་ཡོངས་ཀྱིས་རྒྱབ་སྐྱོར་བྱས་ལྟ་བུའོ། །
རྒྱལ་བ་ཀུན་གྱི་གསང་བ་གསུམ། །
མི་ཡི་གར་དུ་རོལ་བ་ཡི། །
རྒྱལ་བ་ཡབ་སྲས་རྣམ་པ་གཉིས། །
སླར་ཡང་འཛོམས་པའི་སྨོན་ལམ་འདེབས། །
འོད་དཔག་མེད་ཁོང་སངས་རྒྱས་མ་རེད་དམ་ ཀུན་གཟིགས་སྤན་ཆེན་རིན་པོ་ཆེ་ཁོང་སངས་རྒྱས་ཀྱི་རྣམ་སྤྲུལ་རེད་གསུངས་པ་འདི་སྐོར་འགྲེལ་བཤད་ཅིག་གནང་རོགས་། བོད་ཡིག་དང་ཤེས་ཚད་ཞན་པའི་གུས་པའི་ཤེས་འདོད་འདུག་